མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྗང་མདོག་གི་བོད་སྤྱི་ཚོགས།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༡༦༣ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ཕྱི་ཚེས་ ༨ ཉིན་འདི་གའི་རྩོམ་སྒྲིག་པར་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་ཁོར་ཡུག་གི་སྐོར་ནས་བཅར་འདྲི་ཞུ་རྒྱུའི་སྐལ་བ་ཞིག་ཐོབ་སོང་ལ། ཁོང་གི་བཀའ་མོལ་དེ་དག་གི་ཤུགས་ནས་མ་འོངས་པའི་ལྗང་མདོག་གི་བོད་པའི་སྤྱི་ཚོགས་ཤིག་ཀྱང་མཐོང་བྱུང་།

དཔལ་རྒྱལ་བ་ཀརྨ་པ་མཆོག་ནི་ལྗང་མདོག་གི་ཧི་མ་ལ་ཡའི་རི་རྒྱུད་དང་ལྗང་མདོག་གི་བོད་མིའི་སྤྱི་ཚོགས་ཤིག་ལ་ཐུགས་རེ་ཙམ་མིན་པར། དངོས་སུ་འཇིག་རྟེན་འདི་ལྟ་བུ་ཞིག་གི་ཁ་ཕྱོགས་ལ་ཞབས་ཀྱིས་འཆག་མཁན་གྱི་བོད་ཀྱི་བླ་ཆེན་ཐོག་མ་དེ་ཡིན། ཁོར་ཡུག་གི་གནས་སྟངས་ཧ་ལས་པའི་ཉེན་ཚབས་ཆེ་བའི་དུས་སྐབས་ཤིག་ལ། ཁོང་ནི་རྐང་བཙུགས་ནས་འགྲོ་དོན་འདི་ལྟ་བུ་ཞིག་གི་དོན་དུ་བྱོན་པ་ལྟར་སྣང་།

ཁོང་གི་ཐུགས་སུ་གྲྭ་བཙུན་རྣམས་ནི་གཞི་རིམ་མང་ཚོགས་ཀྱི་བསམ་བློའི་བརྒྱུད་སྐུལ་བ་ཡིན་སྟབས། ལས་གཞི་འདི་ནི་ཐོག་མར་དགོན་སྡེ་ཁག་གི་གྲྭ་བཙུན་དག་གིས་སྣེ་འཁྲིད་དགོས་པར་གསུངས། དེ་བས་ཁོང་གིས་ཐོག་མར་བཀའ་བརྒྱུད་པའི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ལས་གཞི་འདིའི་ཐོག་ཐུགས་རེ་ཆེན་པོས་འཁྲིད་ཀྱིན་འདུག་ལ། འདི་ལྟར་ཕྱག་ལེན་ལ་བཀལ་བ་ཡིན་ན། དགོན་གྲྭ་ཚང་གང་དུ་ཡོད་སའི་ཉེ་འཁོར་གྱི་དད་ལྡན་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ལ་རང་བཞིན་གྱིས་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་པའི་ཡིད་ཆེས་ཀྱང་གནང་གིན་འདུག

ཁོང་གིས་དགོན་སྡེ་ཁག་གི་གྲྭ་བཙུན་ཙམ་མིན་པར། རིམ་བཞིན་བོད་མིའི་སྤྱི་ཚོགས་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སྤྱི་ཚོགས་ཁྲོད་ཁོར་ཡུག་སྐོར་ནས་ཟབ་སྦྱོང་དང་། གོ་རྟོགས་སྤེལ་བ། མཉམ་ལས་གནང་རྒྱུ་བཅས་ཀྱི་དགོངས་འཆར་ཡང་གསུངས་སོང་།

དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ད་ལོར་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དོན་ཚན་བརྒྱ་དང་བརྒྱད་ཅན་གྱི་ལག་དེབ་ཅིག་བཏོན་འདུག་ལ། དོན་ཚན་དེ་དག་ནི་བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་ནང་བཏོན་ཡོད་ཅིང་། གཙོ་བོ་བོད་དང་ཧི་མ་ལ་ཡའི་རི་བརྒྱུད་ན་འཚོ་ཞིང་གནས་པའི་དགོན་གྲྭ་ཚང་དང་དེ་དག་གི་མཐའ་འཁོར་དུ་གནས་པའི་སྤྱི་ཚོགས་རྣམས་ལ་དམིགས་འདུག དོན་ཚན་ ༡༠༨ དེ་དག་ནི་བོད་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མང་ཚོགས་ཚོས་ཁོར་ཡུག་དང་འབྲེལ་བའི་ཉིན་རེའི་འཚོ་བ་རོལ་སྟངས་ཡིན་ལ། འཚོ་བ་འདི་ཡང་ཧ་ཅང་གིས་ཞིབ་ཆ་ཆེ་ཞིང་། ཧ་ཅང་གིས་ལག་ལེན་ལ་བདེ་བ་རྐྱང་རེད།

དཔལ་རྒྱལ་བ་ཀརྨ་པ་མཆོག་གིས། བོད་དོན་ལ་ཡང་ཆབ་སྲིད་ཙམ་མིན་པར། ཁོར་ཡུག་གི་སྟེང་ནས་གཟིགས་ཀྱིན་འདུག་ལ། ཁོང་གིས་བོད་ཀྱི་ཁོར་ཡུག་གི་གནད་དོན་འདི་ནི་བོད་པ་ཙམ་མིན་པར་ཨེ་ཤ་ཡའི་མི་རིགས་ཐམས་ཅད་ཀྱི་གནད་དོན་ཞིག་ཡིན་པར་གསུངས་ལ། ཁོང་གིས་ཁོར་ཡུག་གི་ངོས་ནས་བོད་དོན་གྱི་འཁོབས་རྒྱ་ཆེ་རུ་བཏང་སྟེ་བོད་དོན་གྱི་འགན་ནི་ནུབ་ཕྱོགས་ལས་ཀྱང་ཤར་ཕྱོགས་ཨེ་ཤ་ཡའི་མི་རིགས་ལ་ཡོད་པར་བསྟན་བྱུང་།།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༥ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༨ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 14

  1. དམུ་དགེ་རབ་དགའ། says:
    ལོ་ 17 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་པ་མཆོག་ལ་ཞུ་རྒྱུར། ཟླ་འགའི་སྔོན་ལ་དུས་བབ་བོད་ཁུག་ཅེས་དྲ་རྒྱའི་འབྲེལ་མཐུད་ལམ་བུ་ཞིག་སྒོ་འབྱེད་བྱས་ནའང་།་བར་སྐབས་བེད་སྤྱོད་གཏོང་ལངས་མ་བྱུང་བས་སྒོ་བརྒྱབ་འདུགཔས། སླར་ཡང་སྒོ་འབྱེད་གནང་བར་རེ་སྐུལ་ཞུ་རྒྱུ་ལགས་
    ཕྲན་གྱི་མིང་ལ་དམུ་དགེ་རབ་དགའ་རུ་འབོད་ཅིང་ངའི་དྲ་རྒྱའི་ཁ་བྱང་ནི་
    rabgabigla@yahoo.co.in ཡིན

    Reply
  2. རྐང་རྗེན་པ། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པས་ངའི་གསལ་འདེབས་ལ་ཐུགས་སྣང་གིས་ནོར་བ་འགའ་ཞིག་བཅོས་འདུག་པར་ཐུགས་རྗེ་ཆེ་ཞུ། འདི་འདྲས་ཀྱང་བོད་ཀྱི་སྐད་ཡིག་ལ་ཕན་ངེས།
    དྲ་གྲོགས་བསེ་རུས་ཀྱང་མཉམ་ལས་དང་སེམས་ཤུགས་ཀྱི་བཀའ་མོལ་གནང་བས་སེམས་སྤྲོ། གི་དང་གིན་སོགས་ཀྱི་སྦྱོར་ཚུལ་དུས་བབ་ཚང་ལ་ངེས་གཏན་མི་འདུག་པ་འདི་རིམ་པས་ལེགས་བཅོས་གནང་ན་ལེགས་ཀྱང། འདིའི་སྐོར་སྔར་དྲ་གྲོགས་ཚོས་བགྲོ་གླེང་མང་པོ་གནང་ཚར་བས། རེ་ཞིག་འདིའི་སྐོར་བསྐྱར་དུ་བགྲོ་གླེང་ཡོང་བཟོ་མི་འདུག སྔོན་གྱི་བགྲོ་གླེང་དེ་དག་སྐོར་ངས་ལྟ་ཀློག་ཞིབ་ཕྲ་མ་ཐུབ་པས་ཆ་ཚང་ཞིག་ཤེས་ཀྱི་མེད་ཀྱང། གལ་སྲིད་བསྐྱར་དུ་བགྲོ་གླེང་གནང་ན་གང་ཐུབ་ཀྱིས་མཉམ་ཞུགས་བྱེད་རྩིས་ཡོད།

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    ཨ་ག་ལུང་རིགས་ལགས་ཁྱེད་ཀྱི་བསམ་བློ་ལ་རྒྱབ་སྐྱོར་ཡོད། དུས་བབ་ཀྱི་སྤུས་ཚད་ཇེ་ལེགས་སུ་འབད་པར་བཀའ་དྲིན་ཆེ། དུས་བབ་དྲ་ཚིགས་ནི་ངའི་དགེ་རྒན་ལྟ་བུར་ཆགས་ཡོད། འདིའི་བཀའ་དྲིན་ངས་ནམ་མི་བརྗེད་ལོ།

    Reply
  4. བཙན་པོ། says:
    ལོ་ 17 སྔོན།

    རང་གི་མཚང་ཐོག་ལ་ཕོག་ན་སུབ་ན་ཡག་པོ་རེད། ཧ་ཧ་ཧ

    Reply
  5. གངས་གླག says:
    ལོ་ 17 སྔོན།

    ངས་བསམ་པར་ཀརྨ་པ་མཆོག་གིས་འཁོར་ཡུག་གི་གནད་དོ་འདིའི་རྒྱུད་བོད་ཀྱི་ཆབ་དཔལ་རིག་གསུམ་འཛམ་གླིང་ཐོག་ཁྱབ་སྤེལ་གཏོང་ཐབས་ལ་ཐུགས་སྣང་གནང་པ་དེ་ནི་དེང་རབས་ཀྱི་སྤྱི་ཚོགས་འདིའི་ཐོག་ཆེས་ཕན་རླབས་བསྒྲུབ་ཐུབ་པའི་གནས་དོན་ཞིག་ཡིན་པ་མ་ཟད་སྒོས་སུ་བོད་ཀྱི་གནད་དོན་འདི་ཉིད་ལ་ཐུགས་སྣང་གསར་པ་ཞིག་བསྐྲུན་ཐུབ་པའི་རེ་བ་ཞིག་ཀྱང་འདུག་བསམ། འདི་ནི་དངོས་གནས་གནད་ལ་ཕོགས་ཐུབ་པའི་ཆབ་སྲིད་ཀྱི་ལམ་ཕྱོགས་དམིགས་བསལ་ཅན་ཞིག་རེད་སྙམ། ང་ཚོས་ཅིས་ཀྱང་དངོས་དོན་ལ་ངས་ལེན་ཐུབ་པ་དགོས་པ་ལས་ཕྲག་དོག་དང་འཐེན་འཁྱེར་གྱི་གྲིབ་པས་འོག་མི་ལ་སྐྱོན་འཛུགས་ཁོ་ན་བྱེད་ནས་བསྡད་ནས་དུས་ཚོད་འཁྱོལ་པར་བྱེད་མི་རུང་།

    Reply
  6. བསེ་རུ། says:
    ལོ་ 17 སྔོན།

    རྐང་རྗེན་པ་ལགས།
    ཁྱེད་ཀྱིས་ཁོ་བོས་ད་བར་ཞུ་དག་གི་ཁུར་པོ་དེ་འཁུར་གྱི་ཡོད་པ་རྟོགས་པ་དང་།
    ད་རེས་ཞུ་དག་མ་བཏང་བ་དེ་ཡང་གསལ་པོར་མཁྱེན་འདུག དེ་ལྟར་ཐུགས་སྣང་གནང་གིན་ཡོད་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

    ང་ལ་ཐཱུགས་སྣང་བྱུང་བ་མ་རེད། བོད་ཀྱི་སྐད་ཡིག་ལ་ཐུགས་སྣང་བྱུང་བ་ཞིག་རེད། དངོས་གནས་ང་ལ་ཞུ་དག་གཏོང་རོགས་འདི་འདྲའི་རིགས་དགོས་ཀྱི་འདུག ད་དུང་འགྲོ་ཞོར་འདུག་ཞོར་ལ་ཞུ་དག་རེ་གཏོང་ཐུབ་ན། བོད་མི་རིགས་ཀྱི་སྐད་ཡིག་གི་བླ་སྲོག་ལ་ཕན་ངེས་རེད།

    ཀྱིན་དང་གྱིན་དང་གིན་ལྟ་བུ་ནི་དུས་ལྟ་བར་སྦྱོར་རྒྱུའི་ད་ལྟ་བ་སྟོན་བྱེད་ཀྱི་ཚིག་ཅིག་དང་།
    ཀྱི་དང་གྱི་དང་གི་ལྟ་བུ་ནི་སྤྱིར་བཏང་ད་ལྟ་བར་འཇུག་པའི་སྐབས་ཤིག་ཡོད་ཀྱང་། དུས་བབ་ཚང་ལ་དེའི་ས་མཚམས་གསལ་པོ་ཞིག་མི་འདུག་སྙམ་བྱུང་།
    ད་དུང་འབྲེལ་སྒྲའི་ཚབ་ཏུ་གི་བཙན་སྦྱོར་བྱེད་སྟངས་དེའི་རིགས་ལ་སྔར་ནས་བསམ་ཚུལ་མང་པོ་བཤད་ཟིན་ཀྱང་། དགོས་དབང་ཞིག་གིས་སམ་ཡང་ན་རྒྱན་འབྱམས་ཤིག་གི་དབང་གིས་འགྱུར་བ་གཏོང་གི་མི་འདུག ད་དུང་དེའི་ཐོག་ཟིན་མཚམས་གསལ་པོ་ཞིག་དུས་བབ་ཚང་ལ་མི་འདུག དེའི་རྒྱུ་མཚན་ནི་གསར་འགྱུར་གྱི་ཁྲོད་དུ་ཡོད་པའི་གི་སོགས་ཀྱི་ཕྲད་སྦྱོར་སྟངས་ལ་གཟིགས་ན་འགྲིག་གི་རེད།
    ངས་དེ་ཚོའི་སྐོར་མ་བཤད་པ་མིན། བཤད་ཟིན་པ་ཡིན། ཕལ་ཆེར་ངའི་རྒྱུ་མཚན་དེ་དག་ལྟར་སྣང་དུ་སོང་བ་འདྲ།
    རྐང་རྗེན་པ་ལགས། གནས་ཚུལ་དེ་ལྟར་རེད། འདི་ཚོའི་སྐོར་གཟིགས་འདོད་ན། ཁོ་བོའི་ཟིན་བྲིས་སུ་”གི་སྒྲའི་བཙན་འཛུལ་སླེབས་འདུག་”ཅེས་པའི་ནང་མཆན་བུ་དང་། དྲ་གྲོགས་གཞན་གྱི་དགོངས་ཚུལ། རྩོམ་སྒྲིག་སོགས་དང་བགྲོ་གླེང་བྱས་པའི་མཆན་བུ་ཁག་ཀྱང་ཡོད་སྙམ་པས། དེར་གཟིགས་རོགས་གནང་།།

    Reply
  7. ཉི་ཟླའི་མགྲོན་བདག says:
    ལོ་ 17 སྔོན།

    དཔལ་ཀརྨའི་འཁོར་ཡུག་ཕྱོགས་ལ་ཐུགས་འཚུབ་གནང་བ་བཟང་ཀྱང་བོད་དོན་བརྗེད་སོང་བ་བློ་འཚབ་ཡོད།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    རྐང་རྗེན་པར་ཐུགས་རྗེ་ཞུ། བཅོ་དགོས་པ་རྣམས་བཅོས་ཟིན།

    རྐང་རྗེན་པའི་འཕྲོར་བཙན་པོ་འབོད་པ་ཞིག་གིས་མཆན་ཞིག་བཞག་འདུག་པ་བསུབས་པ་ཡིན། གནས་ཚུལ་དང་བསམ་ཚུལ་གང་དུའང་རྒྱུ་མཚན་ངེས་ཅན་མེད་པའི་དཀྲུག་ཤིང་དང་འཐེན་འཁྱེར་གྱི་མཆན་གྱི་རིགས་ལ་སྟངས་འཛིན་ནན་མོ་བྱ་རྒྱུ་ཡིན་པས་དྲ་གྲོགས་ཚོས་ཐུགས་སྣང་ཡོད་པ་ཞུ།

    Reply
  9. རྐང་རྗེན་པ། says:
    ལོ་ 17 སྔོན།

    ཚིག་དང་ཡི་གེ་ནོར་བ་འགའ་བཅོས་དགོས་པའི་གསལ་འདེབས་ཞུ་རྒྱུར།
    ༼བཅར་འདྲི་གནང་རྒྱུའི་སྐལ་བ་ཞིག་ཐོབ་སོང་༽ ཞེས་པ་བོད་སྐད་ཀྱི་བཤད་སྲོལ་དང་འགལ་བས། བཅར་འདྲི་ཞུ་རྒྱུ་ཟེར་དགོས།
    ༼ཧི་མ་ལ་ཡའི་རི་བརྒྱུད་༽ ཅེས་པ་རི་རྒྱུད་དེ་བས་འཕུལ་མ་དག དེ་གོང་འོག་ལན་དུ་མར་འབྱུང་བ་ཀུན་གཅིག་མཚུངས་ཡིན།
    ༼ཞབས་ཀྱིས་ལྕོགས་མཁན་༽ ཞེས་པ་ཞབས་ཀྱིས་འཆག་མཁན་ཡིན།
    ༼འཁྲིད་ཀྱིན་འདུག་༽ དང་ ༼གནང་གི་འདུག༽ ༼གཟིགས་ཀྱིན་འདུག ༽ཅེས་པའི་ཀྱིན་དང་གི་གཉིས་ལ་རྗེས་འཇུག་ན་དགོས་མིན་གྱི་ཁྱད་པར་དེ་རྒྱུ་མཚན་གང་ལ་བརྟེན་ནས་བྱུང་ངམ། འདི་ལྟར་སྦྱར་བས་ཕྲད་འདི་རིགས་སྦྱོར་ཚུལ་ལ་ད་དུང་ངེས་གཏན་གྱི་རང་ལུགས་ཤིག་རྙེད་མེད་པའི་རྣམ་པ་ཞིག་མཐོང་གི་འདུག དོན་དངོས་སུ་དེ་གཉིས་ཀར་རྗེས་འཇུག་ན་སྦྱོར་མི་དགོས་པ་ཡིན།
    ༼མཐའ་འཁོར་ཏུ་༽ ཞེས་པ་མཐའ་འཁོར་དུ་ཡིན།
    མཇུག་ཏུ་༼ཀརྨ་མ་མཆོག་གིས་༽ ཞེེས་མ་ཡིག་བྲིས་པ་འདི་མཛུབ་གནོན་ནོར་བར་ངེས།
    ༼ཁོབས་རྒྱ་ཆེ་རུ་བཏང༽ཞེས་པར་འཁོབས་རྒྱ་ཞེས་འས་འཕུལ་དགོས།
    ནམ་རྒྱུན་དྲ་གྲོགས་བསེ་རུས་ཞུ་དག་གཏོང་བཞིན་པ་ལ་ད་རེས་མ་བཏང་བ་ཅི་ཡིན་ནམ། རྩོམ་སྒྲིག་པའི་གཏམ་འདི་རིགས་ལྷག་པར་གལ་མི་ཆེའམ།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་པ་ཚང་ལ་ཕྲེང་བ་འདྲེན་རྒྱུ་དགའ་བོ་ཡོད་ལ། བརྒྱ་དང་བརྒྱད་འདི་ཡང་བོད་མིའི་ལས་དབང་དང་འཚམ་པོ་ཞིག་ཡོད་པ་ཡིན་དུས། རྒྱལ་བ་ཀརྨ་པ་མཆོག་གིས་དགོངས་བཞེད་འདི་དག་ལམ་ལྷོང་ཡོང་བར་སྨོན་ལམ་འདེབས།

    Reply
  11. བསེ་རུ། says:
    ལོ་ 17 སྔོན།

    བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན།
    བོད་དུ་ཕྱིར་ལོག་བྱས་པའི་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་གཉིས་ལ་ལོ་ངོ་བཅུ་བཞི་ནས་བཅོ་ལྔ་བར་གྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག
    ཁོང་གཉིས་ཀྱི་མཚན་ལ། མིག་དམར་དོན་གྲུབ་དང་། བསྟན་འཛིན་ཆོས་གྲགས་ཞུ་གི་འདུག
    ཞིབ་ཕྲ་བོད་གཞུང་དྲ་རྒྱུར་གཟིགས་རོགས།

    Reply
  12. གཡང་མདའ། says:
    ལོ་ 17 སྔོན།

    དཔལ་རྒྱལ་བ་ཀ་རྨ་པ་ལ་མངོན་པར་བསྟོད་དོ

    Reply
  13. གཡང་མདའ། says:
    ལོ་ 17 སྔོན།

    སྤྱིར་བསམ་བློ་གཏིང་ཟབ་མོ་དང་རྒྱ་ཆེན་པོ་རེད།
    ཡིན་ནའང་ད་ལྟའི་བོད་ཀྱི་གནས་བབས་ལ་ལྟོས་ནས་བཤད་ན་ཁ་ཡོད་ལག་ཡོད་ཀྱིས་རང་རྒྱལ་འདི་སྐྱོབས་ཐབས་ལ་འབད་དགོས་མ་གཏོགས་ཨེ་ཤ་ཡའི་སྤྱི་སོགས་བཤད་ན་བར་ཐགས་རིང་གི་ཡ།

    Reply
  14. བསེ་རུ། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོས། འདི་དང་ལྷན་དུ་༸གོང་ས་མཆོག་གིས་མཛད་པའི་སྣོད་བཅུད་རྟེན་འབྱུང་དང་འབྲེལ་བའི་གདམས་པ་ཚིགས་སུ་བཅད་པ་དེ་ཡང་ཐེངས་ཤིག་བཀླགས་ཏེ་དགོངས་པ་ཞིག་བཞེས་ན། ང་ཚོ་དང་ཁོར་ཡུག་བར་གྱི་རྟེན་འབྱུང་གི་འབྲེལ་ལམ་ལ་ངེས་ཤེས་རྙེད་ངེས་མ་ཟད།
    ༸གོང་ས་མཆོག་གི་འཛམ་གླིང་འདི་ཡི་ཁོར་ཡུག་ལ་ཐུགས་གལ་ཆེན་པོ་ག་ཚོད་ཙམ་གནང་གིན་ཡོད་མེད་ཀྱང་རྟོགས་ངེས་པ་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese