མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཇལ་རྒྱུ་མིན་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཨ་རི་དང་ཁེ་ན་ཌའི་གཟིགས་སྐོར་གྲུབ་སྟེ་ཕྱིར་བཞུགས་སྒར་དུ་ཞབས་སོར་བཀོད་ཡོད། ཡིན་ཡང་ཨོ་སི་ཊོ་ལི་ཡའི་སྲིད་བློན་གྱིས་ལོ་མཇུག་འདིར་༧གོང་ས་མཆོག་ཡུལ་དེར་ཆིབས་སྒྱུར་བསྐྱང་སྐབས་ཁོང་གིས་མཇལ་འཕྲད་གནང་རྒྱུ་མིན་ལུགས་སྲིད་བློན་གྱི་མགྲིན་ཚབ་པ་ཞིག་གིས་བཤད་ཡོད་འདུག

ཨོ་སི་ཊོ་ལི་ཡའི་བོད་ཚོགས་ཀྱི་ངོས་ནས་འབྱུང་འགྱུར་གྱི་ཟླ་གཉིས་ཀྱི་རིང་འདིར་ལས་འགུལ་སྤེལ་ཏེ་སྲིད་བློན་ ཁེ་ཝིན་ རུ་ཌི་ ལགས་ཀྱི་དགོངས་ཚུལ་ལ་འགྱུར་བ་གཏོང་རྒྱུར་འབད་བརྩོན་གནང་གི་ཡིན་ཟེར་ལ། ཁོང་ཚོའི་ལས་འགུལ་དེའི་ཐོག་མའི་གོམ་པ་སྤོ་ས་ནི་ Facebook དྲ་གནས་ཡིན་ལ། ལས་འགུལ་གྱི་འབོད་ཚིག་ནི། ༼སྲིད་བློན་ ཁེ་ཝིན་ རུ་ཌི་ ལགས་༧གོང་ས་ཏཱ་ལའི་བླ་མར་མཇལ་དགོས་ཡོད།༽ ཅེས་པ་དེ་ཡིན་ཟེར། འོན་ཀྱང་དྲ་ཐོག་འདི་ནས་འབོད་ཚིག་འདི་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་ངོ་མ་ཞིག་འཐོབ་དགོས་ན་ཉུང་མཐར་མི་འབོར་ ༡༠༠༠༠ དགོས་པར་བཤད་ལ། ད་ལྟའི་ཆར་དྲ་གནས་དེའི་སྟེང་གི་ཁོང་ཚོའི་ཚོགས་ཁག་དེར་མི་འབོར་སྟོང་ཕྲག་འགའ་མ་གཏོགས་མེད་ཚུལ་ཨོ་སི་ཊོ་ལི་ཡའི་བོད་ཚོགས་ཀྱི་ལས་འགུལ་འབྲེལ་མཐུད་པ་སྐུ་ཞབས་ སི་མོན་ བྷུ་ར་ཌུ་ཞོ་ ཡིས་བཤད་འདུག

ཤེས་གསལ་ལ། སྲིད་བློན་ཁེ་ཝིན་ རུ་ཌི་ ལགས་སྲིད་བློན་ལ་བཞུགས་པ་ནས་ད་བར་དུ་སྲིད་འཛིན་ཧུའུ་ཅིན་ཐའོ་མཉམ་དུ་ཐེངས་ལྔར་ཐུག་མྱོང་བ་མ་ཟད། ལོ་མཇུག་འདིར་ཐེངས་གཉིས་ལ་ཐུག་འཕྲད་གནང་རྩིས་ཡོད་པ་རེད། ཡིན་ཡང་། ཕྱི་ཟླ་ ༤ པའི་ནང་ཁོང་གིས་པེ་ཅིན་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཐུགས་འཚབ་ཡོད་སྐོར་གསུངས་པར་མ་ལྟོས་པར། ཁོང་སྲིད་བློན་ལ་བཞུགས་པ་ནས་ད་བར་དུ་༧གོང་ས་མཆོག་ལ་ཐེངས་གཅིག་ཀྱང་མཇལ་མྱོང་ཡོད་མི་འདུག

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༧ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༡ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 6

  1. ལི་ཐང་བཤད་སྒྲུབ says:
    ལོ་ 17 སྔོན།

    དངོས་འབྲེལ་བོད་དོན་ཕྱག་ལས་གནང་མཁན་ཞིག་གི་ངོས་ནས་ལྟས་ན་ད་བར་ལས་དོན་འདི་འགྲིག་མི་འདུག་བསམ་པ་ཞིག་མཐོ་བཀའ་བློན་ནས་བོད་རིགས་སུ་ཞིག་གིས་ལྷག་བསམ་ལྡན་པའི་ཕྱག་ལས་གནང་བར་ཡོང་དོན་མེད་་་་་འོན་ཀྱང་ད་བར་མ་འགྲིག་པ་སོགས་སྐྱོན་ཆ་གང་ཞིག་ཡོད་པ་དེ་ནི་བོད་རིགས་སྤྱི་དམངས་ནས་བོད་དོན་ཐོག་འགན་གཉམ་ལེན་མེད་པ་དེ་རང་རེད་་་་་ད་བར་དངུལ་གྱི་རོགས་རམ་སོགས་ལེན་དུས་དོ་སྣང་ཆེན་པོའི་དགའ་སྒྲུབ་གྱི་རྣམས་བཞག་ཇི་རྩམ་མང་པོ་ཞིག་ཡོད་པ་ནི་ཉེར་བའི་གནས་ཚུལ་ལ་གཟིགས་ན་ཤེས་ཀྱི་རེད་

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ངས་འདི་ལྟར་མགོ་སེར་མི་ཉུང་བ་ཞིག་ལ་བཤད་མྱོང་ཡོད། ཁོང་ཚོས་རྒྱ་ནག་རྒྱལ་ཁབ་ནི་ཐོན་བསྐྱེད་བྱེད་ས་ཡག་ཤོས་དང་ཚོང་ཁེ་ལེན་ས་ཡག་ཤོས་དེ་ཆགས་ཡོད་སྟབས། གཞུང་སྒེར་མི་ཉུང་བ་ཞིག་གིས་རྒྱ་ནག་སྲིད་གཞུང་ལ་སྔ་གཞུག་བར་གསུམ་དུ་བསྟུན་ཤེས་བྱེད་པ་དང་ཚོང་འགྲེལ། རང་གི་རྒྱལ་ཁབ་དུ་བཟོ་གྲྭ་འཛུགས་པ་ལས་རྒྱ་ནག་ནས་བཟོ་གྲུ་བཙུགས་དེ་ཁེ་ཕོག་ཁོ་ན་ཟ་རྒྱུར་རྔམ་བཞིན་ཡོད་པ་འདི་ནི་རང་གི་རྒྱལ་ཁབ་ཀྱི་དར་རྒུད་དང་རང་གི་མི་རིགས་ལ་འགན་མ་བླངས་པ་ཞིག་རེད་ཅེས་བཤད་པ་ཡིན། དེ་དུས་ཁོང་ཚོ་ཁ་ཤས་ཤིག་ཧ་ལས་ལས་ངང་ཁྱེད་རང་རྒྱ་ནག་ལ་མི་དགའ་བ་ངེད་ཅག་གིས་ཤེས་ཀྱི་ཡོད་ཟེར་མཁན་འདུག དེ་དུས་ངས་ཁོང་ཚོ་ལ་ང་རང་རྒྱ་ནག་མི་མང་ལ་དངོས་ནས་དགའ་བོ་ཡོད་ལ། རང་ཉིད་སྒེར་ལ་རྒྱ་མི་གྲོགས་པོ་རེ་ཟུང་ཡོད་མྱོང་བ་ཞིག་ཡིན། ངས་བསམ་པ་དེ་ནི་ཁྱེད་ཅག་གིས་ཤེས་འདོད་ཡོད་ན། རང་རང་གི་རྒྱལ་ཁབ་ཁག་དུ་ལས་ཤོར་ཇེ་མང་དུ་འགྲོ་བ་དང་། དཀའ་ངལ་ཆེ་ཆེར་འགྲོ་བ་དེ་དག་ནི་རང་གི་རྒྱལ་ཁབ་ཀྱི་ཕྱུག་བདག་དག་གིས་ཁེ་ས་ནས་བཟོས་དེ་ཕྱིར་རང་གི་རྒྱལ་ཁབ་ནང་དུ་འགྲེམ་བཞིན་ཡོད་སྟབས། ལས་མི་དེ་དག་ལ་ལས་སྐྱུར་གྱི་དཀའ་ངལ་བྱུང་གི་ཡོད་པ་རེད་ལ། རྒྱལ་ཁབ་ཀྱི་དངོས་ནས་ཀྱང་རང་གི་རྒྱལ་ཁབ་ཀྱི་མི་སྣ་ཆེད་ལས་པ་དག་བེད་སྤྱད་དེ་ཁང་བ་སོགས་འཛུགས་བསྐྲུན་ཤུགས་ཆེན་བྱེད་པ་ལས་ལྡོག་ནས་རྒྱ་ནག་གི་གོང་ཚད་དམའ་པའི་ལག་ཤེས་དག་གདན་འདྲེན་བྱེད་པ་སོགས་ལ་བརྟེན་ནས། མུ་མཐུད་དུ་རང་གི་རྒྱལ་ཁབ་ཀྱི་ནང་གི་རང་གི་མི་རིགས་ལས་མེད་དུ་ཆགས་བཞིན་ཡོད་པ་རེད། ནམ་ཞིག་རང་གི་རྒྱལ་ཁབ་ཀྱི་ཟ་བསྡོད་འགྲོ་གསུམ་ཚང་མ་གཞན་མི་ཁོ་ནའི་བཟོ་དགོས་པ་ཆགས་དུས། ད་གཟོད་གཞན་མི་དེ་དག་གི་གདོང་གི་དཀར་ནག་འཚོ་དགོས་པ་ལས་མེད་པ་རེད་ཅེས་བཤད་པ་ཡིན།

    དེ་ལྟར་དུ་དེང་སང་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ཕྱུག་བདག་མི་ཉུང་བ་ཞིག་གིས་རང་རང་གི་སྲིད་སྟེགས་ཀྱི་སྐབས་ཀྱི་ཁེ་བཟང་ལ་ལྟ་བ་ལས་མི་རིགས་ཤིག་གི་ཆགས་འཇིག་ལ་འགན་ལེན་མ་ཐེགས་པའི་སྟབས་ཀྱི་གནས་ཚུལ་འདི་དག་བྱུང་གི་ཡོད་པ་རེད་ལ། མ་འོངས་པར་འདི་ལྟར་སོང་དུས་རྒྱ་ནག་རྒྱལ་ཁབ་ནི་དོན་དངོས་ཐོག་དབལ་འབྱོར་གྱི་ཡང་རྩེ་ཆགས་ནས་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཅིས་ཀྱང་མངོན་གསལ་དོད་པོས་འབྲེལ་བ་མི་བྱེད་ཐབས་མེད་པ་ཞིག་ཆགས་སྲིད་ལ། དེ་དུས་རྒྱ་ནག་སྲིད་གཞུང་གིས་གང་བཤད་ལ་མི་ཉན་རང་ཉན་ཆགས་སྲིད་པ་ཞིག་རེད། དེ་དུས་འཛམ་གླིང་འདི་ལ་རེ་བ་ཡོད་པ་དེ་ནས་རེ་བ་མེད་པར་ཆགས་པ་རེད་ཅེས་བཤད་ན་འགྲིག་གི་ཡོད།

    ད་ནི་ཨོ་བྷ་མ་ཡིས་མཚོན་པའི་རྒྱལ་ཁབ་ཀྱི་སྲིད་འཛིན་དག་གིས་༧གོང་ས་མཆོག་ལ་མཇལ་འཕྲད་མི་བྱེད་པའི་སྐད་ཆ་བཤད་རྒྱུའི་མགོ་བཙུགས་པ་དེ་ནི་བོད་མི་རིགས་ལ་བསམ་བློ་གཏོང་ཁོམས་མི་འདུག་ཟེར་ནས་བརྡ་སྟོན་བཞིན་ཡོད་པ་རེད་ཟེར་ན་འགྲིག ད་ནི་བོད་པ་དག་གིས་བསམ་བློ་ཞིབ་མོ་གཏོང་བ་ལས་མི་འགྲིག་པར། བསམ་འཕོད་པ་ནས་བཤད་འཕོད་པ། བཤད་འཕོད་པ་ནས་སྒྲུབ་འཕོད་པ་དེ་ལག་ལེན་དངོས་ན་འཇུག་རན་ཡིན་པས་བརྡ་ཞིག་སྤྲོད་ཀྱི་འདུག

    Reply
  3. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    ད་སྐབས་ཨོ་སི་ཊོ་ལི་ཡའི་དམག་དོན་དང་དཔལ་འབྱོར་སྟོབས་ཤུགས་གང་གིས་ཐད་ནས་ཀྱང་རྒྱ་ནག་ལ་ཁ་གཏད་མི་ཆོག་པར་མ་ཟད། དཔལ་འབྱོར་གྱི་འོངས་འབབ་70% རྒྱ་ནག་ལ་བསྟེན་ཡོད་ལ། དེའི་ཕྱིར་ཨོ་སི་ཊོ་ལི་ཡའི་སྲིད་བློན་ཁེ་ཝིན་རུ་ཌི་ནས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ཡིས་བཀའ་གསུང་གང་འདྲ་ཞིག་བསྩལ་ན་དེ་ལས་བརྒལ་མི་ཕོད། སྲིད་བློན་ཁེ་ཝིན་རུ་ཌི་ནི། འགྲོ་བ་མི་ཐོབ་ཐང་དང་། འཁོར་ཡུག་སྲུང་སྐྱོབ། འཛམ་གླིང་ཞི་བདེ་སོགས་རྒྱ་ཆེ་སར་དོར་སྣང་སྤྲད་མཁན་ཞིག་གཞི་ནས་མིན་ལ། ཁོ་རང་ནི་མིག་ཐག་ཧ་ཅང་ཐུང་བའི་དཔལ་འབྱོར་གྱི་སྲོག་ཆགས་ཙམ་ཞིག་ཡིན། དེས་ན་བོད་པ་ཚོས་ཁོ་ལ་འབོད་བསྐུལ་ཅི་ལྟར་བྱས་ཀྱང་འབྲས་བུ་མཐོང་མི་སྲིད་ལགས།

    Reply
  4. ཐོག་རྒོད། says:
    ལོ་ 17 སྔོན།

    ཉོན་མོངས་གདོན་གྱིས་སྨྱོས་པའི་རླངས་སྤྱོད་ཀྱིས།།
    རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ།།
    མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིག།
    ཡོངས་ཐོབ་བྱམས་བརྩེ་མཛའ་བའི་དཔལ་ལ་སྦྱོེར།།

    Reply
  5. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 17 སྔོན།

    གལ་སྲིད་༧གོང་ས་མཆོག་ལ་མཇལ་ཕྲད་བྱས་ནའང་གྲུབ་འབྲས་དང་དམིགས་གསལ་བོད་པའི་བདེ་སྡུག་ལ་བསམ་བློ་གཏོང་མཁན་ཞིག་མིན་མཇལ་ཕྲད་ལ་ཕན་ཐོག་མེད་ལ་ད་དུང་ཁོང་རང་ཚོ་ལ་ཆབ་སྲིད་བེད་སྤྱོད་གཏོང་རྒྱུ་ཞིག་བྱས་པ་ངེས་པ་མེད་

    Reply
  6. འབྲོག་རུ་ཆོས་དར། says:
    ལོ་ 17 སྔོན།

    ༼ང་ལ་སྲིད་བློན་ ཀེ་ཝན་ རུ་ཌི་ ལགས་༧གོང་ས་ཏཱ་ལའི་བླ་མར་མཇལ་དགོས་ཡོད།༽

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese