ཕྱི་ཚེས་ ༡༥ ཉིན་ནས་བཟུང་༧གོང་ས་མཆོག་གིས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱི་གསོལ་འདེབས་ལྟར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་ ༤ རིང་རྡོ་རྗེ་གཅོད་པ་དང་། བློ་སྦྱོང་དོན་བདུན་མ། རྗེ་ཙོང་ཁ་བའི་ལམ་གཙོ་རྣམ་གསུམ་བཅས་ཀྱི་གསུང་ཆོས་གནང་མགོ་བཙུགས་ཡོད་པ་རེད། ཉིན་མཐའ་མ་སྟེ། ཕྱི་ཚེས་ ༡༨ ཉིན་༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་དབང་གནང་རྒྱུ་རེད།
དེ་བཞིན་སྐུ་སྒེར་ཡིག་ཚང་གི་ལས་རིམ་གོ་སྒྲིག་ལྟར་ན། ཕྱི་ཚེས་ ༢༠ ནས་ ༢༢ བར་དུ་༧གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་དད་ལྡན་པ་སྐོར་ཞིག་གི་གསོལ་འདེབས་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེན་པ་བཞིའི་སྐོར་གྱི་གསུང་ཆོས་གནང་གཏན་འཁེལ་ཡོད་པ་རེད།
ཚུལ་ཁྲིམས་གཙང་ཞིང་འདུལ་བའི་ཆོ་ག་ཤེས།
ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་།
ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ།
དུས་སུ་འདོམས་པ་དེ་ཉིད་བླ་མར་བསྔགས།
དྲ་གྲོགས་ནད་པ་ལགས། གསོལ་འདེབས་འདིའི་ཚིག་རྐང་མཐའ་མ་དེ་འདི་འདྲ་ཞིག་མིན་ནམ་སྙམ། དགེ་མཚན་སྲིད་ཞིའི་རྩེ་མོར་རྒྱས་གྱུར་ཅིག །
དེ་མཐུས་རྫོགས་ལྡན་སྐལ་བཟང་ནམ་མཁའི་སྒོ། །ལུས་ཅན་ངལ་གསོའི་དཔྱིད་དུ་རྟག་གྲོལ་ཞིང་། །ཐུབ་བསྟན་ཕྱོགས་དུས་ཀུན་ཏུ་རབ་དར་བའི། །རྒྱལ་མཚན་སྲིད་ཞིའི་རྩེ་མོར་རྒྱལ་གྱུར་ཅིག །
ལས་བྱེད་ཐབས་ཆག་ཅིག་བྱས་པ་ནས་བཟུང་༸རྒྱལ་བའི་གསུང་ཆོས་ལ་འགྲོ་བའི་སྐལ་བ་རྩ་ནས་ཡལ་སོང་། ཡིད་སྐྱོ་བ་ཞིག་རེད།