མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྐྱོང་རག་སྟངས།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

རང་བཙན་དང་རང་སྐྱོང་གང་ཡིན་ཡང་། དེ་འཐོབ་པ་ལ་དོན་ཚན་ལྔ་ངེས་པར་དུ་ཚང་དགོས་པ་རེད་ཟེར།

མདང་དགོང་ཆུ་ཚོད་ལྔ་བའི་སྟེང་རྡ་ས་མེག་གྷན་ས་གནས་སུ་བོད་ཀྱི་རང་སྐྱོང་སྐོར་བགྲོ་གླེང་ཞིག་བསྐོངས་ཚོགས་གནང་ཡོད་པ་དང་།བགྲོ་གླེང་གི་སྐུ་མགྲོན་དུ་ཧ་ཝར་སློབ་གྲྭའི་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ལགས་དང་ཧོང་ཀོང་ཁྲིམས་ལུགས་སློབ་ཆེན་གྱི་མཁས་དབང་མེ་ཁིལ་སེ་ཀྲེ་ཝེ་སེ་གཉིས་གདན་ཞུས་གནང་ཡོད། བགྲོ་གླེང་གོ་སྒྲིག་བྱེད་མཁན་བསྟན་འཛིན་བརྩོན་འགྲུས་ལགས་ཡིན་ལ། བགྲོ་གླེང་གི་བརྗོད་གཞི་ནི། ད་ལྟའི་རྒྱ་ནག་གི་ཁྲིམས་འོག་ནས་ཚད་མཐོའི་རང་སྐྱོང་ཞིག་ཡོང་སྲིད་གི་རེད་དམ། ཅེས་པ་འདི་རེད།

བགྲོ་གླེང་ལ་ཉན་མཁན་མི་གྲངས་བརྒྱ་ལ་ཉེ་བ་ཞིག་འདུག་ཀྱང་མང་ཆེ་བ་ཕྱི་རྒྱལ་བ་རེད། བགྲོ་གླེང་གི་དུས་ཡུན་ལ་སྐར་མ་བཅོ་ལྔ་རེ་མེད་ལ།ཐོག་མར་མཁས་དབང་མེ་ཁིལ་གྱིས་གཏམ་བཤད་གནང་། ཁོས་འདས་པའི་རྒྱ་བོད་བར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་བལྟས་ནས་འབྱུང་འགྱུར་ལམ་དབུ་མའི་སྲིད་བྱུས་དེས་བོད་དོན་ཐག་གཅོད་ཐུབ་རྒྱུ་ཁག་པོ་ཡིན་ལུགས་དང་རྒྱ་གཞུང་ལ་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་ལས་བོད་ཀྱི་བདེན་མཐའ་གསལ་རྒྱུའི་འདོད་པ་མེད་པ་དང་། ཧོང་ཀོང་དང་བོད་གཉིས་ཀྱི་རང་སྐྱོང་གི་འགལ་འབྲེལ་གླེང་ནས་བོད་དོན་ཐག་གཅོད་དཀའ་ལ། མཐའ་དོན་བོད་དོན་ཐག་གཅོད་ལ་ཕན་ཤོས་ནི་བོད་པ་མི་རེ་ངོ་རེས་ཁུར་བླངས་ཏེ་ལས་འགུལ་སྤེལ་རྒྱུ་དེ་ཡིན་པར་གསུངས་སོང་། མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་བོད་རང་བཙན་དང་ལམ་དབུ་མ་གང་ཡིན་རུང་དོན་ཚན་ལྔ་ངེས་པར་དུ་ཚང་དགོས་པ་དང་། དོན་ཚན་དེ་ལྔ་བོ་ནི་། གཅིག མི་མང་གི་ནུས་ཤུགས། གཉིས། སྒོར་མོའི་ནུས་ཤུགས། གསུམ། དམག་དོན་གྱི་ནུས་ཤུགས། བཞི། ཆབ་སྲིད་ཀྱི་ནུས་ཤུགས། ལྔ། ཤེས་ཡོན་གྱི་ནུས་ཤུགས་བཅས་ཡིན་པར་གསུངས། ཁོང་གིས་དོན་ཚན་དེ་དག་གོ་རིམ་ལྡོག་ནས་གསེད་བཀྲོལ་གནང་དོན། ཐོག་མར་ང་ཚོར་སློབ་སྦྱོང་དགོས་པ་དང་། སློབ་སྦྱོང་ཡོད་ན་སྒོར་མོ་ཐོབ་ཀྱིན་ཡོད་པ། སྒོར་མོ་ཐོབ་ན་ཆབ་སྲིད་ཐོབ་ཐུབ་ཀྱིན་ཡོད། ཆབ་སྲིད་ཐོབ་ན་དམག་དོན་ནུས་ཤུགས་ཐོབ་ཐུབ་པ་དང་། དེ་ཐོབ་ན་གཞན་གྱི་རྒྱབ་སྐྱོར་ཐོབ་ཐུབ་ཀྱིན་ཡོད་ལུགས་གསུངས་སོང།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༡ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 8

  1. བདེ་ཆེན། says:
    ལོ་ 17 སྔོན།

    མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་གསུངས་པ་དེ་དག་ལ་དཔྱེ་ཞིབ་བྱས་ན་ཆོག
    ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ཁ་ཡོད་ལག་ཡོད་ཐོག་ནས་བོད་དོན་ལ་ཉིན་མཚན་མེད་པར་བོད་དོན་བདེན་ཐ་གསེལ་ཐབས་ལ་བསམ་བློ་གཏོང་མཁན་དང་། རིག་པ་གསར་པ་འདོན་མཁན་དངོས་ནས་ཉུང་ཉུང་དང་། བློ་སྟོབས་ཅན་འགའ་ཞིག་གི་རིག་པ་གསར་པ་རེར་འདོན་ན་ཡང་། དེ་ལ་དེ་ལས་མང་བའི་འགག་པ་རྒྱབ་མཁན་ཐོན་གྱི་འདུག ངས་བལྟས་ན་བྱ་ཐབས་དེ་དག་ནི་ང་རང་ཚོའི་མཐུན་སྒྲིལ་དང་ ཆིག་སྒྲིལ་གྱི་ནུས་པར་གནོད་གཞི་ལས་ཕན་པ་གང་ཡང་མིན་འདུག དེ་ལས་པ་དཔེར་་་་གྲོས་གཞན་ལ་དྲིས་ ཐག་རང་གིས་གཅོད་ཞེས་པ་ལྟར་ རིག་གསར་ག་ཚོད་ཡོད་ཀྱང་དགའ་བསུ་ཞུས་ཏེ། རང་ཉིད་ཀྱི་ཤེས་རབ་ཀྱི་རལ་གྲིས་ལེགས་ཉེས་དབྱེ་བྱེད་བྱས་ན་མི་འགྲིག་གམ།།

    Reply
  2. GYAMTSO says:
    ལོ་ 17 སྔོན།

    བློ་བཟང་སང་གེ་ལགས།་བཀྲ་ཤིས་བདེ་ལེགས་ཡོད།་་་་་་་་་་་གངས་ཅན་པ་ལ་་ཤ་ཚ་བྱེད་རོགས།

    Reply
  3. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    འཇིག་རྟེན་གྱི་གནད་དོན་ཡོངས་རྫོགས་སྒོར་མོས་ཐག་གཅོད་བྱེད་ཀྱིན་ཡོད་ལ་ཆབ་སྲིད་དང་དམག་དོན་གཉིས་ཀྱིས་ཀྱང་སྒོར་མོའི་དཔངས་རྔམས་ལ་བལྟ་ཡིན་འཆམ་འཁྲབ་ཀྱིན་ཡོད་པ་རེད། བློ་བཟང་སེང་གེ་ལགས་ཀྱི་འཆར་གཞི་དེ་དག་ལས་བོད་པར་མཁོ་བ་ནི་དམག་དོན་ཕུད་པའི་ལྷག་མ་བཞི་པོ་དེ་ཡིན་ཅིང་དེའི་ནང་ནས་ཀྱང་ཤེས་ཡོན་དེ་དེ་འདྲའི་གལ་ཆེན་མ་ཡིན་ནམ།

    དམག་དོན་ཟེར་བ་ནི་བོད་པར་མཚོན་ན་རྒྱལ་ཁ་ལེན་བྱེད་ཀྱི་ཐབས་ལམ་ཞིག་མིན་པར་རང་ཤི་རྒྱག་བྱེད་ཀྱི་ལག་ཆ་ཙམ་ཞིག་ཡིན། འདི་ལ་རྒྱུ་མཚན་དམར་དམར་བརྗེན་བརྗེན་ཞིག་ཤོད་དགོས་མདོག་ཁ་པོ་མ་རེད།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་ལ་རེ་བ་ཡོད་མེད་དེ་ནི་བོད་མི་རིགས་མི་མང་གིས་འགུལ་ཤུགས་ལ་རེག་ལས་པ་ལས་གཞན་གྱི་ཁ་གཡང་ལ་བསྟན་ནས་ལྟོས་པ་མེད།

    Reply
  5. ནད་པ says:
    ལོ་ 17 སྔོན།

    རྒྱལ་ཁབ་གཅིག་ཡོད་པའི་ཡོད་པའི་དབང་དུ་བཏང་ན་གོང་གསལ་དོན་ཚན་ལྔ་དེ་ངེས་པར་དུའང་ཚང་དགོས་ངེས་རེད། འོན་བཏང་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ཐོག་མར་ཡར་ལངས་དགོས་ཚེ་དོན་ཚན་ལྔ་པོ་དེ་བར་ཐག་རིང་པོར་ལུས་ཡོད།

    རྒྱལ་ཁབ་དང་མི་རིགས་གཅིག་ཐོག་མར་འགོ་འཛུགས་བྱེད་ཚང་དགོས་པ་ནི་དང་པོ། དབུ་འཁྲིད་མཁན། གཉིས་པ། ལམ་ཕྱོགས། གསུམ་པ། མི་དམངས། བཞི་པ། ཆིག་སྒྲིལ། ལྔ་པ། འཐབ་རྩོད། དྲུག་པ། རྒྱུན་འཁྱོངས། བདུན་པ། རྒྱལ་ཁ། བཅས་ཡིན་དགོས།

    ངས་དཔེ་མཚོན་གཅིག་བཤད་ན་ནི། ད་ལྟའི་རྒྱ་ནག་དམར་ཤོག་གི་སྟབས་ཆེན་རྒྱལ་ཁབ་འདི་ཕྱོ་ལོ་༡༩༤༩། ༡༠། ༠༡ སྔོན་ལ་དང་པོ། འགོ་འཁྲིད་མཁན་། མའོ་ཙེ་ཏུང་། གཉིས་པ། ལམ་ཕྱོགས། སྤྱི་ཚོགས་རིང་ལུགས། གསུམ་པ། མི་དམངས། བཟོ་ཞིང་དམག བཞི་པ། ཆིག་སྒྲིལ། མི་དམངས་མཐུན་སྒྲིལ། ལྔ་པ། འཐབ་རྩོད། དྲག་པོས་བཅིང་གྲོལ་གཏོང་བ། དྲུག་པ། རྒྱུན་འཁྱོངས། ལོ་མང་མུ་མཐུད་པ། བདུན་པ། རྒྱལ་ཁ། དམར་པའོ་རྒྱལ་ཁབ་དབུ་ཚུགས་པ་བཅས་ཡིན།

    ད་ལྟ་ང་ཚོར་མཚོན་ན་ནི། དང་པོ། དབུ་འཁྲིད་མཁན། ༸ གོང་ས་མཆོག གཉིས་པ། ལམ་ཕྱོགས། འཚེ་བ་མེད་པ། གསུམ་པ། མི་དམངས། ཆོལ་གསུམ་བོད་མི་ཡོངས། བཞི་པ། ཆིག་སྒྲིལ། ཕྱི་ནང་བོད་རིགས་ཡོངས་ཀྱི་མཐུན་སྒྲིལ། ལྔ་པ། འཐབ་རྩོད། ཞི་བའི་གྲོས་མོལ་གྱི་ཁོར་ཡུག དྲུག་པ། རྒྱུན་འཁྱོངས། མུ་མཐུད་དེ་རྒྱུན་འཁྱོངས་བྱེད་པ། བདུན་པ། རྒྱལ་ཁ། བོད་རྒྱལ་ཁབ་དབུ་བརྙེས་ཐུབ་རྒྱུ་བཅསནཡིན་དགོས།

    རགྱལ་ཁབ་དང་མི་རིགས་གཅིག་དབུ་བརྙེས་ཐུབ་པ་དགོས་ན་གནད་དོན་འདི་དག་ངེས་པར་དུའང་ཚང་དགོས་ ཡིན་པའང་ང་ཚོའི་འཐབ་རྩོད་ཀྱི་ལམ་ཕྱོགས་དང་། དམིགས་ཡུལ། མི་དམངས་ཁ་ལོ་བསྒྱུར་སྟངས་བཅས་ཀྱི་ཐད་ལ་ལམ་ཕྱོགས་མ་ནོར་བ་ཞིག་དགོས་རྒྱུ་གཙོ་གནད་དུ་བཟུང་དགོས།

    Reply
  6. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    བློ་གྲོས་རྒྱལ་པོ་ལགས་ཀྱི་བསམ་ཚུལ་དེར་ངོས་ལེན་བྱེད་མ་ཐུབ། ཕྲན་གྱིས་ཀྱང་དེ་སྔོན་ཕྲན་གྱི་ཟིན་བྲིས་ནང་། ང་ཚོས་རང་བཙན་ཇི་ལྟར་ལེན་ནམ། ཞེས་པའི་རྩོམ་ཐུང་ཞིག་བྲིས་ཡོད། ང་ཚོའི་གནས་དོན་དེ་བདེན་པ་ཡིན་ཡང་། དེང་འཛམ་གླིང་ནང་མི་དང་དཔལ་འབྱོར། དམག་དོན་དང་ཤེས་ཡོན་གྱི་སྟོབས་ཤུགས་མེད་ན། སེམས་ཤུགས་དང་ ཆིག་སྒྲིལ་གཅིག་པོས་བདེན་པ་ནམ་ཡང་རྩོད་མི་ཐུབ་ལ། བདེན་པ་རྩོད་ཡུལ་གྱི་ཁོར་ཡུག་ཀྱང་ལྷག་མེད། ང་ཚོའི་འཐབ་རྩོད་དེ་བདེན་པ་ཡིན་པ་མཉམ་སྦྲེལ་རྒྱལ་ཚོགས་ནང་གསལ་གསལ་ཐིང་ཐིང་རེད། འོན་ཀྱང་ང་ཚོར་གོང་གི་ཆ་རྐྱེན་གཞན་མེད་པས་དེ་རིང་བར་ལུས་ཡོད། སེམས་ཤུགས་དང་ཆིག་སྒྲིལ་ཡོད་པའི་དབང་པོ་སྐྱོན་ཅན་གསུམ། ཤིང་སྡོང་ཆེན་པོ་ཞིག་སྟེང་དུ་ནམ་ཡང་འཛེགས་མི་ཐུབ་པ་དང་ཡོངས་སུ་མཚུངས་པ་ཡིན།

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཁོང་གིས་གསུངས་པ་ལྟར་ཡིན་ཚེ་ང་ཚོར་དོན་ཚན་ལྔ་བོ་ཚང་གི་མི་འདུག རང་བཙན་དང་རང་སྐྱོང་གང་ཡང་འཐོབ་ས་མ་རེད། ལྷག་པར་དུ་དམག་དོན་གྱི་ཕྱོགས་ནས་བཤད་ན་ལྡེར་སྡུན་གྱི་ཨང་ ༢༢ གྱི་དམག་སྒར་ཆུང་ཆུང་དེ་ང་ཚོའི་དམག་ཤུགས་ཀྱི་གཞི་རྟེན་ཆགས་དགོས་པ་འདྲ། དཀའ་སེ་འདུག

    Reply
  8. བློ་གྲོས་རྒྱལ་པོ། says:
    ལོ་ 17 སྔོན།

    བློ་བཟང་སེང་གེ་ལགས་ཀྱི་གསུངས་པ་དེ་གང་འདྲ་ཡིན་ནམ། ཆབ་སྲིད་རིག་པའི་གཞུང་ལུགས་ཤིག་གི་སྟེང་ནས་གསུངས་ཀྱི་ཡོད་ཚེ་དེ་དེང་སྐབས་བོད་དོན་ཐག་གཅོད་ཀྱི་དངོས་ཡོད་གནས་སྟངས་དང་འཚམ་གྱི་མི་འདུག སྒེར་གྱི་བསམ་ཚུལ་ཡིན་ཚེ་རིན་ཐང་དེ་ཙམ་མི་འདུག
    བོད་དོན་ནི་བདེན་པ་ཡིན་ལ། ང་ཚོའི་འཐད་རྩོད་ནི་བདེན་པ་རྩོད་པ་དེ་ཡིན་པར་བསམ། དེ་ལ་ཚང་དགོས་པ་ནི་སེམས་ཤུགས་དང་། ཆིག་སྒྲིལ་ཡིན་ནོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese