མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ལ་སྡང་ཟུག་བྱེད་མཁན་ཚོར་དྲང་བདེན་མེད།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་འདིར་མི་གྲངས་དུང་ཕྱུར་དྲུག་ཅུ་ལྷག་ཡོད། དེ་དག་དུམ་བུ་གསུམ་ལ་བགོས་ན། ཆོས་ཁས་ལེན་མཁན་ཞིག་དང་ཆོས་ལ་སྡང་ཟུག་བྱེད་མཁན་ཞིག ཆོས་ལ་བཏང་སྙོམས་བྱེད་མཁན་ཞིག་བཅས་རིགས་གསུམ་ཡོད། དེ་དག་གསུམ་ཀས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་པ་ཡིན་ལ། སྡུག་བསྔལ་སེལ་ཐབས་དང་བདེ་བ་སྒྲུབ་ཐབས་བྱེད་པའང་གཅིག་མཚུངས་ཡིན། ཞེས་༧གོང་ས་མཆོག་གིས་གསུངས་ཡོད།

 

ཐའེ་ཝན་ནས་ཕེབས་པའི་རྒྱ་རིགས་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་ཇི་ལྟར་གསོལ་བ་བཏབས་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་དགུ་བའི་ཐོག་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་གཙོས་པའི་རྒྱ་ནག་སྐམ་ས་ཆེན་མོ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག དེ་བཞིན། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་སྟོང་ཕྲག་ལྷག་ལ་རྡོ་རྗེ་གཅོད་པ་དང་། བློ་སྦྱོང་དོན་བདུན་མ། རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་བཅས་ཀྱི་གསུང་ཆོས་གནང་མགོ་བཙུགས་ཡོད། ཐེངས་འདིའི་གསུང་ཆོས་དེ་ཕྱི་ཚེས་ ༡༥ ནས་ ༡༨ བར་གྱི་ཉིན་བཞིའི་རིང་གནང་འཆར་ཡོད་པ་དང་། གསུང་ཆོས་ཀྱི་ཉིན་མཐའ་མའི་ཉིན་སྤྱན་རས་གཟིགས་ཀྱི་དབང་གནང་རྒྱུ་ཡིན་འདུག

 

ཉིན་དང་པོའི་གསུང་ཆོས་མགོ་འཛུགས་གནང་སྐབས། ༧གོང་ས་མཆོག་གིས་ཐའེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཕེབས་པའི་རྒྱ་རིགས་ཆོས་ཞུ་བ་ཚོར་དམིགས་བསལ་འཚམས་འདྲི་དང་སྦྲགས་ཏེ། གསུང་ཆོས་མགོ་འཛུགས་ཞུས་དོན། དེ་རིང་འདིར་གཙོ་བོ་ཐའེ་ཝན་ནས་ཕེབས་པའི་རྒྱ་རིགས་ཚོ་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཀྱང་མང་པོ་ཞིག་ཕེབས་ཡོད་ས་རེད། ཁྱེད་ཅག་ཚང་མས་དཀའ་ལས་བརྒྱབས་ནས་ཡོང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ཆོས་འབྲེལ་ཞུ་རྒྱུ་དེ་རྡོ་རྗེ་གཅོད་པ་དང་། བློ་སྦྱོང་དོན་ལྡན་མ། འཇམ་དགོན་བླ་མ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་བཅས་ཡིན། བློ་སྦྱོང་དོན་ལྡན་མ་དེ། ང་རང་གིས་ཞུ་ས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་མདུན་ཡིན། ལམ་གཙོ་རྣམ་གསུམ་སྟག་བྲག་རིན་པོ་ཆེའི་མདུན་ནས་ཞུས་པ་ཡིན་ལ། གླང་རིན་པོ་ཆེའི་མདུན་ནས་ཀྱང་ཞུས་ཡོད། རྡོ་རྗེ་གཅོད་པར་ལུང་རྒྱུན་མ་གཏོགས་ཁྲིད་རྒྱུན་ཡོད་པ་མ་རེད། ལུང་རྒྱུན་བྱང་རྩེའི་ཆོས་རྗེ་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་ཞུས་པ་ཡིན། ཞེས་གསུངས་བྱུང་།

 

༧གོང་ས་མཆོག་གིས་འཛམ་གླིང་གི་ཆོས་ཡོད་དང་ཆོས་མེད་བར་གྱི་ཁྱད་པར་བསྟན་དོན། འཛམ་གླིང་འདིར་མི་གྲངས་དུང་ཕྱུར་དྲུག་ཅུ་ལྷག་ཡོད། དེ་དག་དུམ་བུ་གསུམ་ལ་བགོས་ན། ཆོས་ཁས་ལེན་མཁན་ཞིག་དང་ཆོས་ལ་སྡང་ཟུག་བྱེད་མཁན་ཞིག ཆོས་ལ་བཏང་སྙོམས་བྱེད་མཁན་ཞིག་བཅས་རིགས་གསུམ་ཡོད། དེ་དག་གསུམ་ཀས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་པ་ཡིན་ལ། སྡུག་བསྔལ་སེལ་ཐབས་དང་བདེ་བ་སྒྲུབ་ཐབས་བྱེད་པའང་གཅིག་མཚུངས་ཡིན། འོན་ཀྱང་ཁྱད་པར་གང་ཡོད་ཟེར་ན། ཆོས་དད་ཡོད་མཁན་ཚོས་སྡུག་བསྔལ་སེལ་ཐབས་དང་། བདེ་བ་སྒྲུབ་ཐབས་གཙོ་བོ་ནང་བསམ་བློའི་ཐོག་ནས་སེམས་འདུལ་ཐབས་བྱས་ཏེ། མ་འོངས་པར་བདེ་བ་ཡོང་ཐབས་དང་སྡུག་བསྔལ་ཉུང་དུ་གཏོང་ཐབས་བྱེད་ཀྱིན་ཡོད། ཆོས་ལ་སྡང་ཟུག་བྱེད་མཁན་དང་ཆོས་ལ་བཏང་སྙོམས་བྱེད་མཁན་གཉིས་ཀྱིས་སྡུག་བསྔལ་སེལ་ཐབས་དང་། བདེ་བ་སྒྲུབ་ཐབས་ལུས་ཚོར་གྱི་བདེ་སྡུག་ཁོ་ན་འཛིན་གྱིན་ཡོད། ན་ཚ་དང་དབུལ་འཕོངས། བཀྲེས་ལྟོགས་སོགས་ཀྱི་སྡུག་བསྔལ་སེལ་ཐབས་བྱས་ཏེ། ལྟོ་གོས་གཏམ་གསུམ་གྱི་བདེ་སྐྱིད་གཙོ་བོར་བཟུང་སྟེ་དཔལ་འབྱོར་ལ་བརྟེན་ཏེ་བདེ་བ་སྒྲུབ་ཀྱིན་ཡོད། ཅེས་གསུངས་བྱུང་།

 

ཁོང་གིས་མུ་མཐུད་གསུངས་དོན། དེང་སང་འཛམ་གླིང་གི་དངོས་པོ་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་ཀྱང་། ཕྱིའི་དངོས་པོ་གཅིག་པུས་མིའི་ནང་སེམས་ལ་བདེ་སྐྱིད་སྐྲུན་ཐབས་མེད། མཐུན་རྐྱེན་འཛོམས་པོ་ཞེ་དྲག་ཡོད་ཀྱང་སེམས་ལ་མ་སྐྱིད་པ་ཡོང་གིན་ཡོད། ད་ལྟ་གཞི་ནས་ཆོས་ཁས་ལེན་ཡང་རུང་ལ་མ་ལེན་ཡང་ཆོག སེམས་ལ་ཞི་བདེ་དགོས་པའི་དོ་སྣང་གསར་བ་ཞིག་ཡོང་གིན་ཡོད། ངས་ནམ་རྒྱུན་འདི་ལྟར་དྲན་བསྡད་ཡོད། ཆོས་ཁས་ལེན་མཁན་དང་ཆོས་ལ་སྡང་ཟུག་བྱེད་མཁན། ཆོས་ལ་བཏང་སྙོམས་སུ་ལྟ་མཁན་རིགས་གསུམ་ཡོད་པ་ལས་ཆོས་ལ་སྡང་ཟུག་བྱེད་མཁན་དང་ཆོས་ཁས་ལེན་མཁན་གཉིས་བསྡུར་བ་ཡིན་ན། ཆོས་ལ་སྡང་ཟུག་བྱེད་མཁན་དེ་ཚོ་མཐར་གཏུགས་ན། དྲང་པོ་དང་བདེན་པ་ལ་མཐོང་དེ་ཙམ་ཡོད་པ་མ་རེད། ཆོས་ཁས་ལེན་མཁན་ཚོས་དྲང་བདེན་ལག་ལེན་ཆ་ཚང་བསྟར་མིན་ཇི་ལྟར་ཡང་། ཏན་ཏན་དོ་སྣང་ཞིག་ཡོང་གིན་ཡོད། ཆོས་ལ་སྡང་ཟུག་བྱེད་མཁན་ཚོའི་སེམས་ནང་ཆགས་སྡང་གིས་བཅིངས་ནས་ཡོད་སྟབས། དྲང་བདེན་ལ་དོ་སྣང་ཡོད་པ་མ་རེད། དེར་བརྟེན། ཆོས་ཡོད་མཁན་ཚོར་ཁེ་ཕན་ཆེན་པོ་ཡོད། ཅེས་གསུངས་བྱུང་།

 

ཡང་ཁོང་གིས་ཆོས་ལུགས་ཀྱི་ལྟ་གྲུབ་སྐོར་ནས་གསུངས་དོན། ཆོས་ཟེར་བ་དེ་ལམ་དང་ལུགས་སྲོལ་ལྟ་བུའི་ཐོག་ནས་བྱས་པ་ཡིན་ན་ནོར་འཁྲུལ་རེད། སོ་སོས་ཆོས་ལ་དད་པ་མ་བྱས་པའི་སྔོན་ལ། ཆོས་ལ་དད་པ་བྱས་ན་ཁེ་གང་ཐོབ་པ་དང་། ཆོས་ལ་དད་པ་མ་བྱས་ན་གྱོང་གང་རག་པར་བསམ་བློ་བཏང་སྟེ། ཆོས་ལ་དད་པ་བྱས་ན་ཁེ་ཕན་ཡོད་པ་ངོས་ཟིན་དང་ཡིད་ཆེས་ཡོད་པའི་སྒོ་ནས་ཆོས་བྱས་ན་ཕན་ཐོགས་ཆེན་པོ་ཡོད། ལམ་དང་ལུགས་སྲོལ་ལྟ་བུའི་ཐོག་ནས་ཆོས་བྱས་ན། དེ་ཙམ་ཕན་ཐོགས་ཆུང་། འཛམ་གླིང་འདིར་ཆོས་ལུགས་མང་པོ་ཡོད། དེ་དག་ལས་མང་པོ་ཞིག་ལ་ལྟ་གྲུབ་དམིགས་བསལ་ཡོད་པ་མ་རེད། ལྟ་གྲུབ་ཡོད་པའི་ཆོས་ལུགས་ཕལ་ཆེར་རྒྱ་གར་ནང་ཤུགས་ཆེན་པོ་རེད། རྒྱ་གར་ལ་ལོ་ངོ་སུམ་སྟོང་སྔོན་ཙམ་ནས་ལྟ་གྲུབ་དར་ཡོད། ངས་ཤེས་ཚོད་ལྟར་ན། ཆོས་ལུགས་སྔ་ཤོས་དེ་གྲངས་ཅན་པ་རེད། དེ་ནས་ལོ་གཉིས་སྟོང་དྲུག་བརྒྱའི་མཚམས་ནས་ནང་ཆོས་དང་། དེ་དང་ཆབས་གཅིག་རྗེན་གྱི་ཆོས་ལུགས་དར་བ་རེད། རྗེའོ་ཆོས་ལུགས་དང་པར་ཟིག་གི་ཆོས་ལུགས་ཀྱང་སྔ་བོ་ཞེ་དྲག་རེད། ཅེས་དང་།

 

ཆོས་ལུགས་དེ་དག་ནང་། འཇིག་རྟེན་བཀོད་པ་པོ་འདོད་མཁན་རིགས་གཅིག་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ཞིག་བཅས་གཉིས་ཡོད། ནང་པ་སངས་རྒྱས་པའི་ཆོས་དེ་འཇིག་རྟེན་བཀོད་པ་པོ་མི་འདོད་པའི་གྲས་རེད། སངས་རྒྱས་ཆོས་ལུགས་དང་རྗེན་གྱི་ཆོས་གཉིས་གཅིག་པ་རེད། དེ་ནས་གྲངས་ཅན་ལྷ་གཅིག་པ་དང་ལྷ་མེད་པ་གཉིས་ལས་གྲངས་ཅན་ལྷ་མེད་པས་ཀྱང་འཇིག་རྟེན་བཀོད་པ་པོ་མི་འདོད། འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ནང་དུ་ཕུང་པོ་ལས་དོན་གཞན་པའི་རྟགས་གཅིག་རང་དབང་ཅན་གྱི་བདག་འདོད་མཁན་ཞིག་དང་མི་འདོད་མཁན་ཞིག་བཅས་གཉིས་ཡོད། འཛམ་གླིང་གི་ཆོས་ལུགས་སྤྱི་ཡོངས་ནས་བཤད་ཀྱང་། ཕུང་པོ་ལས་དོན་གཞན་པའི་བདག་འདོད་པ་དང་མི་འདོད་པ་གཉིས་སུ་ཕྱེ་ན། ནང་པ་སངས་རྒྱས་པའི་ཆོས་ལུགས་གཅིག་པུས་བདག་མི་འདོད་པ་རེད། གཞན་པའི་ཆོས་ལུགས་ཚང་མས་ཕུང་པོ་ལས་གཞན་པའི་བདག་འདོད་པ་རེད། ཅེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 8

  1. འབྲོག་རུ་ཆོས་དར། says:
    ལོ་ 16 སྔོན།

    བྱང་ བྱུང་ལ་བཅོས་པ་ཡིན། དགོངས་དག

    Reply
  2. འབྲོག་རུ་ཆོས་དར། says:
    ལོ་ 16 སྔོན།

    ཆོས་ལ་སྡང་ཟུག་བྱེད་མཁན་ཚོར་དྲང་བདེན་མེད། ཅེས་པའི་ཁ་བྱང་དེ་མཐོང་མ་ཐག་ཕྲན་ལ་དོ་སྣང་ཆེན་པོ་བྱང་སོང། ༸གོང་ས་མཆོག་གིས་དེ་འདྲ་ཞིག་གསུངས་ཨེ་ཡོད་ན་བསམ་བྱུང། གལ་ཏེ་གསུངས་ཡོད་ན་མ་ཁྱབ་ཞུ་དགོས་བསམ་ཡོད། ཡིན་ཡང་དེ་འདྲ་གསུངས་མི་འདུག ཕལ་ཆེར་གསར་འགོད་པས་ཐུགས་སྣང་མ་བཞག་པ་ཡིན་ས་རེད། ཆོས་ལ་སྡང་ཟུག་བྱེད་མཁན་དེ་ཚོ་མཐར་གཏུགས་ན། དྲང་པོ་དང་བདེན་པ་ལ་མཐོང་དེ་ཙམ་ཡོད་པ་མ་རེད། ཅེས་གསུངས་འདུག

    Reply
  3. སྐྲ་རིང་མ། says:
    ལོ་ 16 སྔོན།

    ཆོས་ལ་སྡང་ཟུག་བྱེད་མཁན་དེ་ཚོ་ནོར་བ་རེད་ལ། ཕལ་ཆེར་དེ་འདྲ་ཡོད་རྒྱུ་མ་རེད། གལ་སྲིད་དེ་འདྲ་ཡོད་ན། ཆོས་དང་ཆོས་བྱེད་མཁན་གང་ཟག་ལ་དབྱེ་བ་འབྱེད་དགོས་པ་རེད། ཆོས་བེད་སྤྱོད་ལོག་པར་བཏང་མཁན་གྱི་གང་ཟག་དེ་ལ་སྡང་ཟུག་བྱས་ན་མི་འགྲིག་པ་མེད་པ་རེད།

    Reply
  4. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 16 སྔོན།

    སྐྱབས་སུ་མཆི་གོང་ས་མཆོག་ཁོང་ནི་བོད་མི་རིགས་དང་ཡང་དགོས་འགྲོ་བ་སྤྱི་ལ་ཐུགས་འཁུར་བཞེས་ནས་སྐུ་ངལ་སྐྱོན་སྟངས་ལ་རང་བཞིན་གྷྱི་དད་པ་སྐྱེས་པ་མ་ཟད་ཁོང་ནི་དངོས་ཉིད་སྤྱན་རས་གཟིག་ཡིན་ཐག་ཆོད་རེད་

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ༧བླ་མའི་སྐུ་ཚེ་བརྟན་པར་ཤོག མི་རིང་བོད་དུ་ཕེབས་པར་ཤོག བོད་མི་ཆིག་སྒྲིལ་ཡོང་བར་ཤོག བོད་དོན་བོད་མིས་བྱེད་པར་ཤོག

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ལམ་གཙོ་རྣམ་གསུམ་གྱི་ཁྲིད་གླིང་རིན་པོ་ཆེ་དང་། ཁྲི་བྱང་རིན་པོ་ཆེ་གཉིས་ཀ་ལ་ཞུས་ཡིན་གསུངས་སོང་། རྩོམ་སྒྲིག་པ་དང་རྒྱ་མཚོ་གཉིས་ཀས་གླང་རིན་པོ་ཆེ་ཞེས་བྲིས་འདུག
    དག་ཡིག་དགེ་རྒན་གྱིས་ཀྱང་གཟིགས་མི་འདུག

    Reply
  7. GYAMTSO says:
    ལོ་ 16 སྔོན།

    ལམ་གཙོ་རྣམ་གསུམ་གྱི་ཁྲིད་ཞུ་ས་གཅིག་གླང་རིན་པོ་ཆེ་ཡིན་གསུང་མ་སོང་། ཁྲི་བྱང་རིན་པོ་ཆེ་ཡིན་གསུངས་སོང་།

    Reply
  8. བསེ་རུ། says:
    ལོ་ 16 སྔོན།

    འདི་ལྟའི་གསར་འགྱུར་ཐད་གཏོང་གནང་བ་བཀའ་དྲིན་ཆེ།
    འོན་ཀྱང་ཡིག་ནོར་ཁ་ཤས་འདུག
    མ་དག་པ། དག་པ།

    བློ་སྦྱོང་དོན་ལྡན་མ། བློ་སྦྱོང་དོན་བདུན་མ།
    ཆབས་གཅིག ཆབས་ཅིག
    རྟགས་གཅིག་རང་དབང་ཅན། རྟག་གཅིག་རང་དབང་ཅན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese