མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མའི་ངར་སློང་གི་ཁྱད་ཆོས། འཇིགས་མེད་བློ་གྲོས།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

ཨོ་བྷ་མར་རྒྱལ་སྤྱིའི་གཞོན་སྐྱེས་ལ་སེམས་ངར་སློང་བའི་ཁྱད་ཆོས་མང་།

ངས་འདིར་སྤྲོ་སྣང་སློང་བའི་གནས་ཚུལ་གཉིས་དཀྱུས་གཅིག་ལ་བཤད་རྒྱུ་ཡིན། ད་ལན་ཨོ་བྷ་མ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་གཏན་འཁེལ་བའི་གནད་དོན་དེ་གཅིག་ཡིན། སྤྱི་ཚོགས་ནང་གསར་འགྱུར་འདི་ཧོབ་སྟེ་ཐོན་པ་དང་མང་པོ་ཞིག་འདྲོག་འགོ་ལངས་གྲབས་བྱེད་ཀྱིན་འདུག ཞིབ་ཚགས་ཀྱིས་བསམ་ན་སྤྲོ་སྣང་དང་སེམས་ངར་སྐྱེ་དགོས་པའི་གནད་དོན་ཞིག་ལས་འདྲོག་འགོ་ལངས་དགོས་པའི་གནད་དོན་ཞིག་ཕལ་ཆེར་མེད་ངེས་ཡིན།   འོན་ཀྱང་ཨ་རིའི་དམག་དོན་གོ་ལག་ཀྱི་བཟོ་གྲྭ་ཆེན་པོ་དེ་ཚོའི་འབྱོར་བདག་གྲོད་ལུག་པའི་རིགས་ལ་གནས་ཚུལ་འདི་ཁོང་ཁྲོ་སློང་རྐྱེན་ཞིག་ཏུ་གྱུར་ངེས་གཏན་རེད། གང་ཡིན་ཟེར་ན་སྲིད་འཛིན་སྔོན་མ་རྣམས་ཀྱི་སྲིད་འཛིན་ལས་ཐོག་སྐབས་རྒྱུན་སྲོལ་ལྟར་ཁ་ཐག་རིང་སའི་ལུང་པ་ཞིག་ཏུ་བསྙད་འདོགས་ཀྱི་རྒྱུ་རྐྱེན་སྙིང་རྗེ་པོ་དེ་འདྲ་བཙལ་ནས་དམག་འཁྲུགས་རེ་སློང་སྲོལ་ཡོད་པ་ལྟར་ད་ལན་ཨོ་བྷ་མས་ཞི་བདེའི་དེད་དཔོན་གྱི་མིང་བྱང་འདིའི་འོག་ནས་གཡུལ་འགྱེད་ཀྱི་འུར་ཟིང་ཞིག་སློང་དཀའ་བ་ཡིན་སྟབས་ཁོང་ཚོའི་ཚོང་ལས་ཀྱི་འགྲོ་སྒོ་ཞིག་འདི་ལྟར་འཇམ་ཐིང་ཐིང་གིས་སྒོ་བརྒྱབ་དགོས་པར་གྱུར་པས་རེད།

དེ་བཞིན་ཨོ་བྷ་མ་རང་ཉིད་དང་ཕོ་བྲང་དཀར་པོའི་ལས་སྣེ་བ་མང་དག་ཅིག་ཀྱང་ཨི་རག་དང་ཨབ་གྷན་གྱི་དམག་ཐབས་ཐད་བྱ་དཀའ་བྱེད་གཏད་ཀྱི་དཀའ་ཁག་ཅིག་གི་ནང་ལྷུངས་སུ་བཅུག་ཡོད་པར་ངོས་འཛིན་བྱས་ཆོག ལས་དོན་གྱི་གྲུབ་འབྲས་ཀྱི་ཕྱོགས་ནས་བཤད་ན་ཨོ་བྷ་མར་ཞི་བདེའི་དེད་དཔོན་གྱི་མཚན་བྱང་འདི་སྔ་དྲགས་ཐག་ཆོད་པ་དངོས་ཡོད་ཡིན། འོན་ཀྱང་གྲུབ་འབྲས་ཀྱི་གནད་དོན་དེ་ལས་འབྱུང་འགྱུར་གྱི་ཁོ་པའི་གོམ་འགྲོས་བསྟེན་སྟངས་དེ་གལ་ཆེ་བ་ཡིན་སྟབས་ད་ལན་གྱི་གཟེངས་རྟགས་འདིར་འཇིག་རྟེན་ཞི་བདེར་འཁྲིད་པའི་ཁྱད་ནུས་ལྡན་ལ། ད་ལན་གྱི་གཟེངས་རྟགས་འདིར་ཁོར་ཡུག་དྭངས་གཙང་བཟོ་བའི་ཁྱད་ནུས་ལྡན་ཡོད། སྡོམ་ཚིག་གིས་བཤད་ན་ཞི་བདེའི་དེད་དཔོན་གྱི་མཚན་བྱང་འདིས་ཨོ་བྷ་མའི་ལས་དོན་གང་ལ་ཡང་སྟངས་འཛིན་བྱེད་ངེས་ཡིན་ཅིང་ཨོ་བྷ་མས་ཀྱང་མིང་བྱང་འདི་གདོང་ལ་བཏགས་ནས་རྒྱལ་སྤྱིའི་མི་མང་གི་མིག་མདུན་ནས་ངོ་ཚ་ཉོ་ངེས་ཀྱི་ལས་དོན་ཞིག་བསྒྲུབ་ཐུབ་ཀྱི་མ་རེད།

བཤད་སྟངས་དང་ལས་སྟངས་འགའ་རེས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡོ་འཁྱོམ་གཏོང་བའི་ནུས་ཤུགས་ཡོད་མཁན་གྱི་མི་སྣ་ཞིག་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་གུས་བཀུར་གྱི་ལམ་ནས་འདི་ལྟར་དམ་ལ་བཏགས་ཤིང་། ཁོང་ཚོའི་རྣམ་དཔྱོད་ཀྱི་ཐབས་འཕྲུལ་འདིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཆར་སྣང་གསར་པ་ཞིག་དང་ཁོར་ཡུག་གསར་པ་ཞིག་བསྐྲུན་འགོ་བརྩམས་པར་ངོས་འཛིན་བྱེད་ཆོག

དུས་རབས་ཉི་ཤུ་པ་དེ་ཧིཌ་ལར་དང་སི་ཏ་ལན།   མའོ་ཙེ་ཏུང་སོགས་ཀྱི་སྣེ་འཁྲིད་འོག་ཏུ་ཤོར་ཏེ་འཇིག་རྟེན་གྱི་མི་རྣམས་ཀྱིས་ལྷ་སྒྲུང་དང་ཆོས་ལུགས་ཀྱི་གསུང་རབ་ཏུ་འཁོད་པའི་དམྱལ་བའི་སྡུག་བསྔལ་དྲག་པོ་དེ་རང་གི་ལུས་སེམས་ཀྱི་ཚོར་བ་ངོ་མས་དངོས་སུ་མྱངས་ཤིང་།  དུས་རབས་ཀྱི་དགུན་ཟླ་གྲང་མོ་འདིའི་ངར་ཟིལ་ད་ལྟ་ཡང་ཡལ་མེད།

འོན་ཀྱང་དུས་རབས་ཉེར་གཅིག་པ་འདིའི་སྣེ་འཁྲིད་པའི་གྲལ་ཏུ་ད་ལྟའི་ཨོ་བྷ་མ་ཁོང་གིས་ཤུངས་རྐྱེན་ཆེས་ཆེ་བའི་གནས་བབ་ཀྱི་ཐོག་ནས་འགྲེངས་ཡོད་ཅིང་དུས་རབས་འདི་ཉིད་ཁ་ཕྱོགས་གང་དུ་འགྱུར་མིན་ཡང་ཁོང་ཚོའི་བསམ་སྟངས་དང་ལས་སྟངས་ལ་རག་ལས་པ་རེད།  

འཛམ་གླིང་ཤར་ནུབ་ཀྱི་འབྱུང་འགྱུར་གྱི་ཁ་ལོ་སྐོར་མཁན་གཞོན་ནུ་ཁྲི་ཁྲག་མང་པོའི་སེམས་ཁོང་དུ་ཐེངས་འདིའི་ཨོ་བྷ་མའི་གཟེངས་རྟགས་འདིས་རྒྱལ་སྤྱིའི་ནང་དོན་དམ་གྱི་ཆབ་སྲིད་པ་ཞིག་གི་གནས་བབ་གསར་པ་ཞིག་དང་ཆབ་དཔལ་རིག་གསུམ་གྱི་ལས་དོན་ཐད་ཀྱི་རིན་ཐང་གསར་པ་ཞིག་ངོས་འཛིན་བྱེད་མགོ་བརྩམས་ཡོད་པར་ཚོད་དཔག་བྱེད་ཐུབ།

འདིས་དུས་རབས་ཉེར་གཅིག་པའི་ཁ་ཕྱོགས་ཕུག་བསམ་ལྡན་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་རླབས་ཆེན་བྱས་ཡོད།
དེར་བརྟེན་ང་ཚོས་འདྲོགས་འགོ་ལངས་རྒྱུའི་ཚབ་ལ་དགའ་སྤྲོའི་ཐལ་མོ་བརྡེབ་དགོས་པ་མ་ཡིན་ནམ།   

གནས་ཚུལ་གཉིས་པ་དེ་ང་ཚོའི་བོད་རིགས་གཞོན་སྐྱེས་བློ་བཟང་སེང་གེ་ཉིས་སྟོང་བཅུ་གཅིག་ལོའི་བཀའ་ཁྲིར་བསླེབ་རྒྱུའི་རེ་བ་ཡོད་པ་འདི་ཡིན། ང་ཚོ་རྟེན་འབྲེལ་ལ་གལ་ཆེར་བརྩི་བའི་རྒྱུན་སྲོལ་ཡོད་པའི་མི་རིགས་ཤིག་ཡིན་པའི་ཆ་ནས་བཤད་ན་ཨོ་བྷ་མ་དང་བློ་བཟང་སེང་གེར་སློབ་སྦྱོང་བྱེད་ཡུལ་དང་ཆེད་ལས་ཀྱི་ངོ་བོ། གཤིས་ཀའི་འཁྱེར་ཕྱོགས་སོགས་ཆ་གང་ཐད་ནས་འདྲ་བའི་ཆ་ཧ་ཅང་མང་སྟབས་ཨོ་བྷ་མའི་རླུང་རྟའི་འཕུར་ཤུལ་ནས་ཁོང་གི་རླུང་རྟ་དང་སྙན་གྲགས་ཀྱང་མཉམ་གཅིག་ཏུ་རྒྱས་རྒྱུའི་རྟེན་འབྲེལ་ཡོད་པར་བརྩི་ཆོག

ཉིས་སྟོང་བཅུ་གཅིག་ནི་མི་རབས་རྙིང་པ་དང་གསར་པའི་དབར་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་རྩིས་ལེན་གྱི་དུས་སྐབས་ཡིན།

ཉིས་སྟོང་བཅུ་གཅིག་ནི་མི་རབས་གསར་པས་བོད་པའི་གནད་དོན་རྒྱལ་སྤྱིའི་ཐོག་གསོན་པོར་རྒྱུན་ཉར་ཐུབ་མིན་ཐད་ཚོད་ལྟ་ཐེངས་ཤིག་བྱེད་རྒྱུའི་གོ་སྐབས་ཡིན།

ཉིས་སྟོང་བཅུ་གཅིག་ནི་རང་གི་སྲོལ་རྒྱུན་རིག་གཞུང་དང་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ཐོག་ནས་ཁ་ཐག་ཇེ་རིང་དུ་འགྲོ་བའི་མི་རབས་གསར་པས་ཕ་མེས་ཀྱི་གོམས་སྲོལ་རྒྱུན་ཉར་ཐུབ་མིན་ཐད་ཚོད་ལྟ་ཐེངས་གཅིག་བྱེད་པའི་དུས་སྐབས་ཤིག་ཡིན།
ཉིས་སྟོང་བཅུ་གཅིག་ནི་རྒྱ་གཞུང་གིས་ང་ཚོའི་མི་རབས་རྒན་པ་རྫོགས་ཤུལ་ནས་བོད་པའི་གནས་ཚུལ་ཡལ་འགྲོ་ཟེར་བའི་དམའ་འབེབ་ལ་ལན་འདེབས་ཚ་པོ་ཞིག་བརྒྱག་རྒྱུའི་དུས་སྐབས་ཡིན།

ཉིས་སྟོང་བཅུ་གཅིག་ནི་སྲོལ་རྒྱུན་གྱི་ལྟ་སྟངས་དང་འབྲེལ་བའི་ཆབ་དཔལ་རིག་གསུམ་གྱི་ལམ་སྲོལ་ལ་ཏོག་ཙམ་མགོ་གནོན་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་བཙན་བྱོལ་གཞུང་ངོས་ལེན་ཡོང་བའི་ལས་དོན་ཤུགས་ཆེར་སྤེལ་རྒྱུའི་དུས་སྐབས་ཡིན།

ཉིས་སྟོང་བཅུ་གཅིག་ནི་ངེས་གཏན་མེད་པའི་རྒྱ་གར་ནང་གི་གཞིས་ཆགས་ཁག་སྲ་བརྟན་རྒྱུན་གནས་ཟེར་བའི་མཁྲེགས་འཛིན་དེ་ལྷོད་དུ་བཏང་ནས་ཨ་རིའམ་དེ་མིན་གྱི་ཡོ་རོབ་ཀྱི་ཡུལ་གྲུ་ཞིག་ཏུ་བོད་པའི་ངོ་བོ་རྒྱུན་སྲུང་ཐུབ་ཆེད་གཞིས་ཆགས་སམ་བོད་པའི་གྲོང་སྡེ་ཞིག་གསར་བསྐྲུན་བྱེད་པའི་ལས་དོན་ཤུགས་ཆེར་སྤེལ་རྒྱུའི་དུས་སྐབས་ཡིན།
 
ཉིས་སྟོང་བཅུ་གཅིག་ནི་ཨ་སྒོར་དང་ཡོ་སྒོར་གསོག་མཁན་རྣམ་པས་ཀྱང་རང་གི་ལས་དུས་ལས་དགོངས་པ་ཞུས་ཏེ་འོས་ཤོག་བླུག་ཏུ་འགྲོ་རྒྱུའི་དུས་སྐབས་ཡིན།

ཉིས་སྟོང་བཅུ་གཅིག་ནི་རི་ཁྲོད་ཀྱི་སྒོམ་ཆེན་པ་རྣམ་པས་ཀྱང་ཡུད་ཙམ་ཏིང་འཛིན་ལས་བཞེངས་ཏེ་འོས་ཤོག་བླུག་ཏུ་ཕེབས་རྒྱུའི་དུས་སྐབས་ཡིན།

ཉིས་སྟོང་བཅུ་གཅིག་ནས་བཅོ་ལྔའི་བར་གྱི་དུས་ཡུན་ནང་རང་རེའི་སྲོལ་རྒྱུན་རིག་གཞུང་ལ་རེག་དུག་གི་ནད་གཞི་འགོས་རྒྱུའི་ཉེན་ཚབས་ཤིག་མེད་སྟབས་ཐེངས་དེའི་བཀའ་ཁྲིར་རང་གི་རིག་གཞུང་ལ་རྒྱུས་མངའ་ཡོད་པ་དང་བོད་ཡིག་ཤེས་མཁན་ཞིག་དགོས་པ་ཞེས་པའི་བློ་ཐུང་གི་ཁྱད་ཆོས་དེ་ཚོ་ཚང་དགོས་པའི་མཁྲེགས་འཛིན་མ་བྱེད་རོགས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༡༡
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 8

  1. ཐིག་ཤིང་། says:
    ལོ་ 16 སྔོན།

    བཀླགས་ཟིན་མོད་བསམ་ཚུལ་བཤད་ཤེས་མ་སོང་།

    Reply
  2. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    བསེ་རུ་ལགས། གཞི་རིམ་མང་ཚོགས་ཁྲོད་སྔར་རྒྱུན་དང་མི་འདྲ་བར་ཉིས་སྟོང་བཅུ་གཅིག་ལ་དོ་སྣང་ཧ་ཅང་ཆེན་པོ་འདུག

    འོན་ཀྱང་སྟབས་ཉེས་པ་ཞིག་ལ་ཁོང་ཚོ་ཕལ་ཆེར་ཞིག་དང་ལྷག་དོན་དད་ཞེན་དང་ཡིད་ཆེས་ཀྱི་རྗེས་སུ་འཇུག་པའི་རྒན་རབས་མང་དག་ཅིག་གིས་ཟམ་གདོང་བླ་མ་ཁྲི་ཐོག་ནས་གཞོལ་མི་རུང་བའི་ཨུ་ཚུགས་བྱེད་ཀྱིན་འདུག འདི་ནི་ཁོང་ཚོ་སྤྱི་དོན་ལ་བློ་མི་དཀར་བའི་རྒྱུ་མཚན་གྱིས་མ་ཡིན་པར་ཁོང་ཚོས་དུས་རབས་ཀྱི་འགྱུར་འགྲོས་དང་ཕུགས་རྒྱང་རིང་བའི་གནད་དོན་ལ་བསམ་གཞིག་བྱེད་མ་ཐུབ་པས་རེད།

    འོན་ཀྱང་ཁོང་ཚོས་མ་མཐའ་ཡང་ཟམ་གདོང་བླ་མར་སྙིང་རྗེ་ཞིག་སྒོམ་ཐུབ་ཀྱི་མེད་པ་འདིར་ང་ཡ་མཚན་སྐྱེ་ཡིན་ཡོད།

    Reply
  3. རི་བོང། says:
    ལོ་ 16 སྔོན།

    བཀླགས་ཟིན་མོད་འདིའི་སྐོར་ལ་བསམ་ཚུལ་བཤད་ཤེས་མ་སོང་།

    Reply
  4. རུ་དམ་ལུང་གི་བུ། says:
    ལོ་ 16 སྔོན།

    གཅིག ད་རེས་ཀྱི་ཞི་བདེའི་གཟེངས་རྟགས་དེས་ཁ་ཆེའི་རྒྱལ་ཁབ་ཀྱི་མི་མང་པོ་ཞིག་ཨ་རིའི་དམག་གིས་མི་བསོད་པར་ཚེ་ཐར་འགྲོ་སྲིད་ཀྱང་། ཁོ་ཚོས་ས་ཆ་མང་པོ་ཞིག་ལ་ཟེང་འཁྲུགས་དང་འགེགས་རྫས་སོགས་ཀྱིས་མི་དེ་ལས་མང་བ་ཞིག་ལ་ཉེན་ཁ་ཇེ་ཆེར་འགྲོ་སྲིད།
    གཉིས། གུང་ཁྲན་ཏང་ལ་ཁ་བཏད་བཅག་མཁན་ཨ་རི་ཡིན་ཀྱང་། དེ་ཡི་སྣེ་ཁྲིད་དེ་ཞི་བདེའི་དེད་དཔོན་ཞིག་ལ་བསྒྱུར་ན། གུང་ཁྲན་ཏང་རྒྱ་ཡན་དུ་བཏང་བ་མ་ཡིན་ནམ།

    Reply
  5. གསེར་རྟ་ཆོས་དབྱིངས། says:
    ལོ་ 16 སྔོན།

    འཇིགས་མེད་བློ་གྲོས་བསམ་ཚུལ་ལ་རྗེས་སུ་ཡི་རང་ཡོད།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བཀླགས་ཟིན་པ་ཡིན། བསམ་ཚུལ་འདི་བཞིན་དུ་རང་ནུས་གང་ཡོད་འདོད་མཁན་གྱི་བོད་མིས་གྲངས་ཀ་ཇེ་མང་དུ་འགྲོ་བར་ཤོག

    བསེ་རུ་ལགས། བོད་དུ་ཕྱིར་ལོག་བྱས་པའི་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་འདི་གཉིས་བོད་དུ་ག་དུས་ལོག་མིན་དང་། གནས་ཚུལ་གང་ཞིག་ལ་ཁག་བཞག་ནས་དེ་འདྲའི་ལོ་ཡུན་མང་བོ་ཞིག་ལ་རྒྱའི་བཙོན་འོག་དུ་ཁྲིམས་ཐག་བཅད་མིན་སོགས་ཁ་གསལ་བོ་ཞིག་ཞུ་རྒྱུ་ཡོད་ན་སྤུན་ཟླ་ཚང་མས་གང་ས་ནས་འདྲ་དཔར་སོགས་ཐབས་ཤེས་འཐེན་ནས་གང་སར་ཆབ་བསྒྲགས་ཤུགས་ཆེར་བྱེད་ཆོག་གི་རེད་ལགས།

    Reply
  7. བསེ་རུ། says:
    ལོ་ 16 སྔོན།

    བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན།
    བོད་དུ་ཕྱིར་ལོག་བྱས་པའི་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་གཉིས་ལ་ལོ་ངོ་བཅུ་བཞི་ནས་བཅོ་ལྔ་བར་གྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག
    ཁོང་གཉིས་ཀྱི་མཚན་ལ། མིག་དམར་དོན་གྲུབ་དང་། བསྟན་འཛིན་ཆོས་གྲགས་ཞུ་གི་འདུག
    ཞིབ་ཕྲ་བོད་གཞུང་དྲ་རྒྱུར་གཟིགས་རོགས།

    Reply
  8. བསེ་རུ། says:
    ལོ་ 16 སྔོན།

    འཇིགས་མེད་བློ་གྲོས་ལགས། འདི་ལྟར་འཆར་ཡན་དང་བསྲེས་པའི་ལུང་བསྟན་དེ་མངོན་གྱུར་ཡོང་མིན་ནི་བོད་མི་མང་གི་རྣམ་དཔྱོད་ལ་རག་ལས་པ་ཞིག་རེད། ང་ཚོས་ཉིས་སྟོང་བཅུ་གཅིག་གི་ལོ་ཞེས་ཁ་ན་ན་དྲ་ཐོག་ནས་བཤད་ཀྱང་། གཞི་རིམ་མང་ཚོགས་ཁྲོད་ལྟ་ཚུལ་འདི་ཚོ་ཁྱབ་ཚད་ག་ཚོད་ཙམ་ཟིན་མིན་ཟུར་བལྟས་ལེབ་མཐོང་རེད། འོན་ཀྱང་ང་ཚོས་འདི་ལྟར་དབུགས་རིང་ཞིག་གཏོང་ཞོར་ད་དུང་གཡོ་འགུལ་གཏོང་དགོས་པ་ཞིག་རེད།

    ཞལ་འདེབས་ཀྱི་ཚུལ་དུ།

    ཕུག་བསམ། ཕུགས་བསམ།
    དམག་འཁྲུགས། དམག་འཁྲུག
    གོ་ལག་ཀྱི་བཟོ་གྲྭ གོ་ལག་གི་བཟོ་གྲྭ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese