མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དྲ་ཐོག་གི་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༢ ཉིན་ལྗང་རླུང་ཚགས་པར་གྱི་རྩོམ་སྒྲིག་པ་དང་འདི་ག་བོད་ཀྱི་དུས་བབ་ཟིན་བྲིས་པ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། སང་ཉིན་ཕྱི་ཚེས་ ༡༧ ཉིན་སྤྱི་ནོར་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་ཕུལ་བའི་དུས་ཆེན་དང་བསྟུན་ཏེ། དུས་བབ་ཟིན་བྲིས་ནང་གི་ཀ་ཆེན་བཞི་དང་སེང་ཆེན་བཞི་ཡི་གོ་སྒྲིག་འོག༼ གྲྭ་སྨྱོན་བསྟན་རབ་ཀྱི་སྦྲ་རྒན་ནག་ལྡང་ ༽(https://tibettimes.net/blogs.php?id=64) ཞེས་པའི་ནང་། དྲ་གྲོགས་ཡོངས་ལ་རང་མོས་བགྲོ་གླེང་གི་སྡིངས་ཆ་ཞིག་བསྐྲུན་རྒྱུ་ཡིན་པ་དང་། ཉིན་དེར་བགྲོ་གླེང་ལ་ཞུགས་མཁན་ཡོངས་ཀྱིས་བགྲོ་གླེང་བྱས་པའི་ཟིན་ཐོ་རྣམས་ལྗང་རླུང་ཚགས་པར་དང་ཅོང་བརྡ་ཚགས་པར་གཉིས་ནང་འགོད་འཆར་ཡོད་འདུག

ལྗང་རླུང་གི་རྩོམ་སྒྲིག་པ་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱི་གསལ་བསྒྲགས་ནང་བཀོད་དོན། སྤྱི་ནོར༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གསེར་གྱི་རྟགས་མ་བཞེས་པའི་ཉིན་མོ་སྟེ། སྤྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡༧ ཉིན་བོད་ཀྱི་དུས་བབ་དྲ་བའི་ཟིན་བྲིས་སྦྲ་རྒན་ནག་ལྡང་ནང་དུ་རང་མོས་བགྲོ་གླེང་ཞིག་གོ་སྒྲིག་ཞུ་བཞིན་ཡོད་ལ། གོ་སྒྲིག་པ་དུས་བབ་ཟིན་བྲིས་ནང་གི་ཀ་ཆེན་བཞི་དང་། སེང་ཆེན་བཞི་རུ་བསྒྲགས་པའི་མིང་ཐོག་ནས་བཀོད་སྒྲིག་ཞུ་བཞིན་ཡོད། བགྲོ་གླེང་འདིའི་བརྗོད་བྱ་ལ་དམིགས་བསལ་གྱི་ངོས་བཟུང་ཅི་ཡང་མེད། ཉིན་འདིའི་བགྲོ་གླེང་ཟིན་བྲིས་རྣམས་ལྗང་རླུང་ཚོགས་པས་གཙོ་གཉེར་གནང་བའི་ལྗང་རླུང་གསར་འཕྲིན་དང་། ཕོ་ཉ་སྨྱུག་ཚོགས་ཀྱིས་གཙོ་གཉེར་གནང་བའི་ཅོང་བརྡ་ཚགས་པར་གཉིས་ཀྱི་སྟེང་འགོད་ཐབས་ལ་འབད་རྒྱུ་ཡིན། ཡིན་ནའང་། ང་ཚོའི་དམིགས་འབེན་གཙོ་བོ་ཞིག་སྟེ་དྲ་གྲོགས་ཚོའི་མཐུན་སྒྲིལ་ལ་གུས་བརྩི་གནང་ནས་ཉིན་འདིར་ཐལ་ཆ་ཅན་གྱི་མཆན་བྱུང་ན་ཐད་ཀར་གསུབ་རྒྱུ་ཡིན།  བགྲོ་གླེང་དངོས་གཞིའི་ཉིན་གྱི་ལས་རིམ་གཤམ་དུ་ཟུར་བཀོད་བྱས་པ་ལྟར་ཡིན་ལ། བཀྲ་ཤིས་པའི་ཉིན་མོ་འདིར་དྲ་གྲོགས་ཚང་མ་འཛུལ་ཞུགས་གནང་བའི་འབོད་སྐུལ་ནན་མོ་ཞུ་རྒྱུ་ཡིན། ཞེས་དང་།

འཚོགས་ཡུལ།             སྦྲ་རྒན་ནག་ལྡང་།
དུས་ཚོད།                  རྒྱ་གར་ནས་སྔ་དྲོ། ༩།༣༠ ནས་ཕྱི་དྲོ། ༦།༠༠
གཙོ་འགན་པ།            སེང་ཆེན་བཞི་དང་ཀ་ཆེན་བཞི།
འབྲེལ་བ་ཞུ་ཡུལ།          9882330506/      9816201183/   9916442227
                            tenrap2006@yahoo.com

སྤྱི་ལོ་༢༠༠༩ ཟླ༡༠ཚེས༡༧ཉིན་གྱི་དྲ་ཐོག་རང་མོས་བགྲོ་གླེང་གི་ལས་རིམ།
དང་པོ།     སྔ་དྲོ་༩།༣༠སྟེང་དྲ་གྲོགས་ཚང་མ་སྦྲ་རྒན་ནག་ལྡང་ནང་དུ་ལྷན་འཛོམས་གནང་རྒྱུ།
གཉིས་པ།    སྔ་དྲོ༩།༣༥ སྟེང་ཀ་ཆེན་ཨ་ཁུ་བོན་རྒྱ་ནས་བགྲོ་གླེང་གི་དམིགས་ཡུལ་སྐོར་ལ་གཏམ་བཤད་ཟིན་བྲིས་སྤེལ་རྒྱུ།
གསུམ་པ།    སྔ་དྲོ༩།༤༠ སྟེང་ནས་སེང་ཆེན་ལྷ་ཆབ་ལགས་ནས་བགྲོ་གླེང་དབུ་འཛུགས་ཀྱི་གཏམ་བཤད་ཟིན་བྲིས་སྤེལ་རྒྱུ།
བཞི་བ།     སེང་ཆེན་ཨ་རིག་དགེ་མཐོང་དང་། ཀ་ཆེན་ཨ་ཁུ་བོན་རྒྱ་གཉིས་ནས་ཞོགས་ཇ་འདེགས་འབུལ་ཞུ་རྒྱུ་།(གསོལ་ཇའི་དོད་དུ་ཟས་རིགས་ཀྱི་པར་རིས་དང་། དེ་མཚུངས་སྙན་ངག་དང་བཞད་གར་རྩོམ་རིག་སྤེལ་རྒྱུ)
ལྔ་བ།      ཆུ་ཚོད་༩།༤༠སྟེང་སེང་ཆེན་ཟ་ལེ་ཡིས་དབུ་བརྩམས་སྟེ་བགྲོ་གླེང་དངོས་གཞི་ལ་ཞུགས་རྒྱུ་དང་། སེང་ཆེན་ལྷ་ཆབ་དང་ཀ་ཆེན་བོན་རྒྱ་གཉིས་ནས་གཙོ་སྐྱོང་གནང་རྒྱུ།
དྲུག་པ།     ཆུ་ཚོད་༡༠།༤༠ནས་༡༠།༥༠བར་སྐར་མ་བཅུའི་རིང་བར་གསེང་དང་། ཀ་ཆེན་མེ་དང་སེང་ཆེན་གསར་བརྗེ་སྐྱབས་གཉིས་ནས་བར་གསེང་གསོལ་ཇ་འདེགས་འབུལ་ཞུ་རྒྱུ།
བདུན་པ།    ཆུད་ཚོད་༡༠།༥༠སྟེང་ཀ་ཆེན་མེ་ཡིས་དབུ་བརྩམས་སྟེ་བགྲོ་གླེང་དངོས་གཞི་ལ་ཞུགས་རྒྱུ་དང་། ཀ་ཆེན་སྤོབས་པ་དང་སེང་ཆེན་དགེ་མཐོང་གཉིས་ཀྱིས་གཙོ་སྐྱོང་བ་གནང་རྒྱུ།
བརྒྱད་པ།     ཆུ་ཚོད༡༢་སྟེང་སེང་ཆེན་ཟ་ལེ་ཡིས་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུ།
ཆུ་ཚོད༡༢།༣༠ ནས་༢།༠༠བར་དུ་བར་གསེང་ཡིན།
དགུ་བ།      ཆུ་ཚོད།༢།༠༠ སྟེང་སེང་ཆེན་ལྷ་ཆབ་ནས་མགོ་བརྩམས་སྟེ་བགྲོ་གླེང་དངོས་སུ་དབུ་འཛུགས་ཞུ་རྒྱུ་དང་། སེང་ཆེན་ཟ་ལེ་དང་ཀ་ཆེན་བློ་རྒྱམ་གཉིས་ནས་གཙོ་སྐྱོང་བ་གནང་རྒྱུ།
བཅུ་བ།     ཆུ་ཚོད༣།༢༠ནས་༣།༣༠བར་བར་གསེང་དང་། ཀ་ཆེན་བློ་རྒྱམ་དང་ཀ་ཆེན་སྤོབས་པ་གཉིས་ནས་བར་གསེང་གསོལ་ཇ་འདེགས་འབུལ་ཞུ་རྒྱུ།
བཅུ་གཅིག  ཆུ་ཚོད་༣།༣༠ སྟེང་ཀ་ཆེན་བློ་རྒྱམ་གྱིས་དབུ་བ྆རྩམས་སྟེ་བགྲོ་གླེང་ལ་ཞུགས་རྒྱུ་དང་། སེང་ཆེན་གསར་བརྗེ་དང་སེང་ཆེན་དགེ་མཐོང་གཉིས་ནས་གཙོ་སྐྱོང་བ་གནང་རྒྱུ།
བཅུ་གཉིས།  ལྔ་དང་ཕྱེད་ཀའི་སྟེང་སེང་ཆེན་ཟ་ལེ་མཇུག་སྡོམ་གཏམ་བཤད་ཟིན་བྲིས་སྤེལ་རྒྱུ་དང་།
ཆུ་ཚོད༦།༤༠། སྟེང་ཀ་ཆེན་ཨ་ཁུ་བོན་རྒྱས་ཐུགས་རྗེ་ཆེ་ཞུ་བའི་ཟིན་བྲིས་སྤེལ་རྒྱུ། ཞེས་གསལ་འདུག

མཇུག་དུ་ཁོང་གིས་གསལ་བཤད་ཅིག་གནང་དོན། ད་ལྟའི་གནས་སྐབས་སུ་ང་རང་ཉིད་ཟིན་བྲིས་སྟེང་ལ་མང་པོ་ཞུགས་ཐུབ་ཀྱིན་མེད་ནའང་། དུས་བབ་དྲ་བ་འདིར་དྲ་གྲོགས་ཇེ་མང་དང་མཐུན་འབྲེལ་ཇེ་ཟབ་ལ་འགྲོ་གྱིན་ཡོད་པའི་སྣང་བ་ཞིག་ཕྱོགས་སྣ་སྒོར་མོ་ནས་སྤྲོད་ཀྱིན་འདུག་ལ། དེ་དང་མཉམ་དུ་དང་པོ་ང་མཐོ་ང་བརྗིད་དང་། ཁྱོད་རྒན་མོ་རྩོག་རབས། ཁྱོད་ཀྱི་ལག་པ་རིང་རབས་སོགས་ཀྱི་མཆན་བུ་དག་ཡང་ད་ལྟ་ཤུལ་མེད་རྗེས་མེད་དུ་འགྲོ་གྱིན་པ་དང་། ཆེས་དཔེ་ལེགས་ཅན་གྱི་ཟིན་བྲིས་པ་སྐོར་ཞིག་ཕྱིར་འཛུལ་ཞུགས་གནང་བ་སོགས་ནི། ང་ཚོའི་ཟིན་བྲིས་ར་བ་འདི་སྤུས་ཀ་ཇེ་ལེགས་སུ་སོང་བའི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན་ལ། ང་ཚོས་མུ་མཐུད་ནས་མཐུན་སྒྲིལ་ཇེ་དམ་དང་ཡར་རྒྱས་ཀྱི་ཕྱོགས་ལ་འབད་བརྩོན་བྱེད་དགོས་པ་ཞིག་ལ་བསམ་བློ་བཏང་ནས་ཆེས་སེམས་ཐག་ཉེ་བའི་དྲ་གྲོགས་ལྷ་ཆབ་དང་། ཟ་ལེ། དགེ་མཐོང་བཅས་ལ་ཁ་པར་བཏང་ནས་བགྲོ་གླེང་ལས་གཞི་འདི་བཀོད་སྒྲིག་བྱས་པ་ཡིན། ང་ཚོས་འདི་ལ་བགྲོ་གླེང་ཞེས་མིང་བཏགས་ཡོད་ནའང་དོན་དངོས་སུ་ང་ཚོས་དྲ་གྲོགས་རང་རང་གི་སེམས་གཏིང་གི་གཏམ་དམར་རྗེན་མ་དེ་སྙིང་ཉེ་བའི་དྲ་གྲོགས་ཚོར་བཤད་རྒྱུ་དང་། དེ་དང་འབྲེལ་ནས་ང་ཚོས་རང་གི་སྤྱི་ཚོགས་འདིའི་གནའ་སྔ་མོའི་དུས་ཀྱི་ཆོས་བརྒྱུད་ཕན་ཚུན་དང་ཆོལ་ཚན་ལུང་ཚན་གྱི་ནད་རྙིང་དག་གཏིང་བརྗེད་ཀྱིས་མཐུན་སྒྲིལ་དང་དྲང་བདེན་གྱི་ཕྱོགས་སུ་གོམ་པ་གཅིག་གཉིས་རེ་སྤོ་ཐུབ་ན་ཅི་མ་རུང་དང་། དྲ་བའི་རིག་གནས་འདི་ཡང་ཅུང་འཐུས་སྒོ་ཚང་བ་ཞིག་བྱུང་ན་སོགས་ཀྱི་ཆེད་དུ་གཟས་ཡོད། ཅེས་བཀོད་འདུག

མཆན། 23

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    དྲ་གྲོགས་དབྱངས་ཅན་རོལ་བའི་འོ་མཚོ་ལགས། བགྲོ་གླེང་གནང་ཡུལ་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱི་ཟིན་བྲིས་ནང་རེད། ཁ་བྱང་། ༽(https://tibettimes.net/wordpress/blogs.php?id=64) འདི་རེད།

    Reply
  2. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 13 སྔོན།

    ཁྱེད་ཚོ་བགྲོ་གླིང་གང་ན་བྱེད་ཀྱི་ཡོདང་ཡང་གཞུགས་འདོད་ཡོད་ཀྱང་ཁྱེད་ཚོ་རྙེད་མ་སོང་ལམ་སྟོན་ཞིག་གནོང་དང

    Reply
  3. བསེ་རུ། says:
    ལོ་ 13 སྔོན།

    དེ་རིང་བགྲོ་གླེང་འགོ་འཛུགས་བྱས་ཟིན་པ་རེད།
    ད་ལྟ་གཙོ་སྐྱོང་བ་ཚོས་བགྲོ་གླེང་གི་བརྗོད་གཞི་འདི་དང་དེ་ཞེས་གསལ་ཁ་མེད་སྟབས།
    སྐུ་མགྲོན་སུམ་ཅུ་སོ་བདུན་ཕེབས་ཚར་འདུག་ཀྱང་བགྲོ་གླེང་ཁ་ཕྱོགས་གསལ་པོ་ཞིག་ཆགས་མི་འདུག

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    གོང་དུ་རྒན་བློ་བཟང་དཔའ་ལྡན་ལགས་ཀྱིས་བཤད་པ་ལྟར། ཉིན་འདིར་རྩེད་མཚར་གྱི་རིགས་མི་བཤད་རྒྱུ་དང་། ད་དུང་ཕན་ཚུན་ལ་གུས་བཀུར་དང་དཀྱེལ་ཡངས་བྱེད་རྒྱུ་མཁྱེན།

    Reply
  5. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    གནས་ལུགས་ཀྱི་རྒྱབ་ལྗོངས་བཙལ་ཏེ་དྲང་བདེན་གྱི་བགྲོ་གླེང་བྱེད་རྒྱའི་རེ་སྐུལ་ནན་གྱིས་ཞུ་བ་ལགས།

    Reply
  6. ཨུ་ཚུགས་ཅན། says:
    ལོ་ 13 སྔོན།

    ཟུར་ཉན་བྱེད་ཏུ་ཡོང་ཁོ་ཐག་ཡིན། གཡག་རྒན་ར་ཤོར་སོང་ཁ་ཟིག་རེད།
    ད་མིན་རྐང་ཐང་ཡིན་ན་ར་ཐོན་གི་འཇུག་ཡ

    Reply
  7. མདའ་ཚན་ཚེ་རིང་། says:
    ལོ་ 13 སྔོན།

    ལས་གཞི་འདི་བཀོད་སྒྲིག་བྱེད་མཁན་རྣམ་པ་ཚོར་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ང་ཡང་ཟུར་ཉན་དུ་ཡོང་ཆོག་པ་བྱོས།

    Reply
  9. phonya says:
    ལོ་ 13 སྔོན།

    སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཡོད། འོན་ཀྱང་གུས་པའི་རེ་བ་ཆེ་ཤོས་ལ་ཕྱོགས་རེས་དང་འཐེན་འཁྱེར་གྱི་བགྲོ་གླེང་མི་གནང་བར་ཞུ།

    Reply
  10. བསེ་རུ། says:
    ལོ་ 13 སྔོན།

    དྲ་གྲོགས་ཚང་མར་རེ་བ་གཅིག་ཡོད་པ་ནི།
    ཚང་མས་གཏམ་སྙན་གྲགས་དང་ཐོབ་དང་གོ་སའི་ཆེད་དུ་མ་ཡིན་པར།
    དོན་དམ་གྱི་གཟུར་གནས་མི་ཡི་སྐད་ཆ་རེ་གླེང་བའི་རེ་བ་ཞུ།
    ང་ཡང་བཅར་ཐུབ་མིན་མི་ཤེས། བཅར་འདོད་ཀྱི་འདོད་པ་རླུང་ལྟར་འཚུབ་ཀྱང་། གཞན་དབང་ལྕགས་ཀྱུའི་ཞགས་པས་ཟིན་བཞིན་འདུག
    ད་དུང་ཀློག་པ་པོ་ཚོར་ཞུ་རྒྱུར་སུ་ཞིག་གིས་ཅི་ཞིག་གི་ཆེད་དུ་གཏམ་གླེང་ཇི་ལྟར་བྱེད་མིན་དང་ཅིའི་ཕྱིར་བྱེད་མིན་སོགས་ལ་དཔྱོད་ཤེས་ཀྱི་བློ་མིག་རེ་ཐོགས་ཏེ་གཟིགས་རོགས།།

    Reply
  11. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 13 སྔོན།

    ཨ་རོགས་ད་དུང་ཞུས་ཡ་ཞིག་ལ་མཉམ་གཞུགས་བྱ་ས་གོང་གི་ཁ་སྦྱང་སྒང་ཡོང་ན་བཞུགས་ཐུག་གི་རེད་པས་

    Reply
  12. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 13 སྔོན།

    ད་དོན་ཆེན་རེད་བགྲོ་གླིང་གོ་སྒྲིག་པ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད་སང་ཉིན་ང་རང་ཡང་བཞུགས་ཐུག་པ་བྱ་རྒྱུ་དེ་དོན་དགོངས་འཇགས་འཚལ།་

    Reply
  13. དབང་ལྡན་མཚོ་མོ། says:
    ལོ་ 13 སྔོན།

    ད་ག་རུ་བྱས་

    Reply
  14. དབང་ལྡན་མཚོ་མོ། says:
    ལོ་ 13 སྔོན།

    ཨ་ཁ་ད་རུ་བྱས་དགོས་པ་རེད་སེང་ཉིན་༸གོང་ས་མཆོག་ནས་གསུངས་ཆོས་གནང་གི་ཡོད་པ་རེད།
    ངོ་ནས་དྲ་ཐོག་གི་ཚོགས་འདུས་ལ་ཞུགས་འདོད་ཡོད་ལ་ད་བསམ་བློ་དགོས་བྱུང་།

    Reply
  15. བློ་བཟང་ཆོས་འཕེལ། says:
    ལོ་ 13 སྔོན།

    རྣམ་པ་གསར་བའི་ལས་གཞི་འདི་གཉེར་མཁན་ལ་ལེགས་གསོལ་དང་འཚམས་འདྲི་ཡོད།

    Reply
  16. གཡང་མདའ། says:
    ལོ་ 13 སྔོན།

    འི

    Reply
  17. གཡང་མདའ། says:
    ལོ་ 13 སྔོན།

    འི

    Reply
  18. གཡང་མདའ། says:
    ལོ་ 13 སྔོན།

    གལ་ཆེ་ནང་གིས་དོན་ཆེན་འདི་ཚང་མའི་ཡིད་ལ་གཟབ་རོགས་གནང་། སང་ཉིན་དྲ་གྲོགས་མང་པོ་ཕེབས་པར་སྙིང་ཐག་པ་ནས་དགའ་བསུ་ཡོད།

    Reply
  19. བློ་བཟང་དཔལ་ལྡན། says:
    ལོ་ 13 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཡིནའང་རྩེད་མཚར་དང་དོན་མེད་བཤད་པ་ཉུང་ཉུང་བྱེད་རྒྱུ་དང་། མ་འོངས་པའི་མི་རབས་ཕྱི་མ་རྣམས་ལ་ཡ་རབས་ཀྱི་མིག་དཔེ་དང་། ལྷག་པར་དུ་དྲ་བའི་ཁ་ཕྱོགས་ལེགས་ལམ་ལ་འགྲོ་ཐུབ་པ་ཞིག་གནང་རྒྱུ་རེ་བ་ཆེ། ལས་དོན་ལམ་འགྲོ་ཡོང་བའི་སྨོན་ལམ་བཅས།

    Reply
  20. གཉན་པོ། says:
    ལོ་ 13 སྔོན།

    རྩོམ་སྒྲིག་པ་ལགས་དགའ་བསུ་ཡིད་ཀྱི་གཏིང་ནས་བྱེད་ཀི་ཡོད། ཁོམ་པ་བྱུང་ཚེ་བགྲོ་གླེང་འདིར་མཉམ་ཞུགས་བྱེད་ངེས་ཡིན།

    Reply
  21. གཉན་པོ། says:
    ལོ་ 13 སྔོན།

    རྩོམ་སྒྲིག་པ་ལགས་དགའ་བསུ་ཡིད་ཀྱི་གཏིང་ནས་བྱེད་ཀི་ཡོད། ཁོམ་པ་བྱུང་ཚེ་བགྲོ་གླེང་འདིར་མཉམ་ཞུགས་བྱེད་ངེས་ཡིན།

    Reply
  22. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    བགྲོ་གླེང་གཙོ་སྐྱོང་བ་ཨ་ཁུ་བོན་རྒྱ་ལགས། ང་ཡང་ཐེངས་འདིའི་བགྲོ་གླེང་ལ་ཆེད་དུ་གདན་ཞུའི་སྐུ་མགྲོན་ཁོངས་སུ་མ་ཚུད་ཀྱང་། ཟུར་ཉན་པ་དང་། བསམ་ཚུལ་སྤེལ་མཁན་གྱི་གྲས་སུ་ཞུགས་རྒྱུར་བཀའ་འཁྲོལ་ཡོང་བ་ཞུ།

    Reply
  23. ལྷ་ཆབ་སྦྱིན་པ། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམས་ཀྱིས་དོན་ཆེན་དུ་དགོངས་ནས་སྦྲ་རྒན་ནག་ལྡང་མའི་ནང་དུ་ཡོང་རྒྱུ་མ་བརྗེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist