མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་ལ་དགེ་སློང་བསྒྲུབས་པ། ཚྭ་རུ་མའི་ཐབས་མཁས།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཚོགས་པས་ ༢༠༠༩ ལོའི་ཞི་བདེའི་གཟེངས་རྟགས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལ་སྤྲོད་རྒྱུའི་ཡོངས་ཁྱབ་གསལ་སྒྲགས་བྱས་དུས། ངའི་ཁོར་ཡུག་ན་འགྲུལ་བཞིན་པའི་འུ་ཚོའི་བོད་པ་འགས་ཧ་ལས་ཧང་སངས་ཀྱིས་གཞན་དག་གི་མི་ཚེའི་འབད་འབྲས་བརྒྱུད་ནས་འཐོབ་རྒྱུའི་གཟེངས་རྟགས་ཤིག་ཨོ་བྷ་མར་སྲིད་འཛིན་བྱས་ནས་ལོ་ངོ་གཅིག་མ་ཟིན་སྔོན་ནས་ཐོབ་པ་འདི་ཨོ་བྷ་མ་དངོས་གནས་འཇོན་པོ་དང་བསོད་དེ་འདུག་ཟེར་ནས་བཤད་ཀྱིན་འདུག

༼དོན་དངོས་སུ་ཨོ་བྷ་མའི་གཏམ་བཤད་ཁ་ཤས་ཀྱིས་ལས་འཆར་དང་ལངས་ཕྱོགས་གསལ་སྟོན་བྱས་ཡོད་ཁུལ་བསྟན་པ་ཙམ་གྱིས་གཟེངས་རྟགས་ཐོབ་སོང་ཟེར་བ་དེ་རེད༽ ཡིན་ན་ཡང་། ངའི་བསམ་པར་ད་ལྟའི་སྐབས་སུ་ནོ་སྦེལ་གཟེངས་རྟགས་ཚོགས་པ་ཡང་ཆབ་སྲིད་འཁྲབ་སྟོན་པ་ཞིག་ཏུ་གྱུར་ཡོད་པ་རྟོགས་བྱུང་། དངོས་གནས་བྱས་ན། འདི་འདྲའི་ཆབ་སྲིད་འཁྲབ་སྟོན་ནི་དུས་རབས་འདིའི་དགོས་མཁོ་དང་ཡོངས་སུ་མཐུན་ཞིང། རྣམ་དཔྱོད་ལྡན་པའི་རྨད་བྱུང་ཐབས་མཁས་ཀྱི་བྱེད་ཐབས་ཤིག་ཏུ་མཐོང།

གཞན་ཕན་རླབས་ཆེན་གྱི་བྱས་རྗེས་བཞག་ཟིན་མཁན་གྱི་གཟེངས་རྟགས་ཤིག་ཐེངས་འདིར་རླབས་ཆེན་གྱི་བྱས་རྗེས་འཇོག་པ་ལ་མངོན་དུ་ཕྱོགས་པའམ། ཡང་ན་འཇོག་རྒྱུའི་ལས་གཞིའི་འགོ་རྩོམ་མཁན་ལྟ་བུ་ཞིག་ལ་སྤྲད་པ་ནི། གཟེངས་རྟགས་སྤྲོད་ཡུལ་གྱི་འོས་ཆོས་ཀྱི་ཆ་ནས་བལྟས་ན་དམིགས་བསལ་པ་ཞིག་ཏུ་གྱུར་ཡོད་པར་སེམས།

ཕྱོགས་གཞན་ནས་བཤད་ན། ཨ་རིའི་སྲིད་འཛིན་ལ་འདི་ལྟར་གཟེངས་རྟགས་སྤྲད་པ་ནི། ཨ་རིའི་སྲིད་འཛིན་གྱི་ལུས་ངག་ཡིད་གསུམ་གྱི་རང་དབང་གི་ཁོར་ཡུག་ཆུང་དུ་བཏང་བ་ཞིག་གམ། ཡང་ན་ཨ་རིའི་སྲིད་འཛིན་ལ་རྒྱལ་ཁབ་གཅིག་གི་རྡོག་ཁྲེས་ཀྱི་ཐོག་ལ་འཛམ་གླིང་རྒྱལ་སྤྱིའི་རྡོག་ཁྲེས་བསྣན་ནས་འཁུར་དུ་བཅུག་པ་ཞིག་རེད། དེ་མིན་ཨ་རིའི་སྲིད་འཛིན་གྱི་མེ་མདའ་ཚུར་འཕྲོག་ནས་ཕར་ལག་ཏུ་མེ་ཏོག་དཀར་པོ་རྐང་གཅིག་སྤྲད་པ་ཞིག་རེད། མ་ཟད་ལོ་ལྔའི་རིང་ཨ་རིའི་དམག་མི་ཡོངས་རྫོགས་ཀྱི་ལག་གི་མེ་མདའ་འཕྲོག་ཅིང་རྡུལ་ཕྲན་གོ་མཚོན་ཆ་ཚང་སྒམ་ནང་དུ་བཅུག་ནས་སྒོ་ལྕགས་བརྒྱབས་པ་ཞིག་ཀྱང་རེད་སྣམ།

ད་དུང་དཔེ་མཚོན་གཞན་ཞིག་ནས་བཤད་ན། ཐེངས་འདིའི་གཟེངས་རྟགས་ཨ་རིའི་སྲིད་འཛིན་ལ་སྤྲད་པ་ནི། མི་སྐྱ་སྲིད་འཛིན་ཞིག་ལ་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་དགོས་པའི་གྲྭ་པའི་སྡོམ་ཁྲིམས་ལེན་དུ་བཅུགས་པ་ཞིག་ཡིན་ཞིང། གཞན་དོན་དུ་ཉིན་མཚན་དུས་དྲུག་ཏུ་སྨོན་འཇུག་གི་དམ་བཅའ་དྲན་དགོས་པ་དང་དམ་བཅའ་བཞིན་གནས་ཤིང་བསྒྲུབ་དགོས་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་འཛིན་དུ་བཅུག་པ་ཞིག་དང་ཤིན་ཏུ་འདྲ།

དེས་ན་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་རྩིས་མེད་བྱ་མཁན་གྱི་རྒྱལ་ཁབ་ཁག་གི་དབང་སྒྱུར་བྱེད་མཁན་དང་རྒྱལ་ཁབ་ཚོར་ཚོང་འབྲེལ་འགོག་པ་དང། འཇིགས་སྐུལ་གྱི་བཙན་བཀའ་གཏོང་བ། ཕྱོགས་ཡོངས་ནས་གནོན་ཤུགས་སྤྲོད་པ་སོགས་བྱེད་པ་ལས་འདི་ལྟར་ཞི་བདེ་གཟེངས་རྟགས་བརྒྱུད་ནས་དགེ་སློང་བསྒྲུབ་ན། མི་རིང་བར་རྒྱ་ནག་དང་བྱང་ཀོ་རི་ཡ། ཨུ་རུ་སུ་དང་འབར་མ། ཁ་ཆེའི་རྒྱལ་ཁབ་སོགས་དམར་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་ཚོ་ཡང་ང་ཚོའི་༸རྒྱལ་དབང་དོན་གྱི་བདག་པོ་ཇི་བཞིན་འཛམ་གླིང་གི་སྡིངས་ཆའི་སྟེང་ན། ཕྱི་ཚུལ་མི་སྐྱ་རུ་ཡོད་ཀྱང་བསམ་སྤྱོད་དགེ་སློང་གི་སྡོམ་ཁྲིམས་སུ་གནས་པའི་འཛམ་གླིང་ཞི་བདེའི་དགེ་སློང་གསེར་མདོག་ཅན་རེར་འགྱུར་ངེས་ཡིན་པས། མཁས་པའི་བྱེད་ཐབས་འདི་ལྟ་བུ་བརྒྱུད་ནས། ད་དུང་འདི་ལྟར་ལག་ཏུ་གོ་མཚོན་འཛིན་མཁན་དང་ཁ་ནས་འཇིགས་སྐུལ་སྒྲོག་མཁན། སེམས་ལ་རང་རྒྱལ་གཞན་ཕམ་དང་གཅིག་སྡུད་དབང་སྒྱུར་སྤེལ་འདོད་མཁན་གྱི་འཛམ་གླིང་རྒྱལ་ཁབ་འགའི་གང་ཟག་གི་དབང་སྒྱུར་སྟོབས་ཤུགས་སུ་བརྩི་བའི་སྲིད་དབང་སྒེར་གཅོད་པ་ཚོ་ལ་འདི་ལྟར་དུ་དགེ་སློང་བསྒྲུབ་ན། ནམ་ཞིག་འཛམ་གླིང་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དོན་དངོས་དང་མཐུན་པའི་ཞི་བདེ་དང་འཆམ་མཐུན་གྱི་ཉི་མ་གསར་པ་ཞིག་འཆར་ཐུབ་པར་སེམས། རྒྱུ་མཚན་ནི་བྱེད་ཐབས་འདི་ནི། རྐུན་མ་ལ་ཕར་ཅ་ལག་བཅོལ་བཞག་ན་རྐུ་མི་ཐུབ་པའི་ལས་འགུལ་ཞིག་ཡིན་པས་སོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 14

  1. lobsang says:
    ལོ་ 16 སྔོན།

    ཚ་རུ་ཐབས་མཁས་ཟེར་བས། ཨ་རིའི་སྲིད་འཛིན་ལ་དགེ་སློང་བསྒྲུབས་པ་ཟེར་བ་དེ་དཔེ་དོན་གཉིས་མཚུངས་ཀྱི་མི་འདུག་ དགེ་སློང་བསྒྲུབས་བ་ཡིན་ན་ག་རེ་ཡིན་ནི་རེད། སྲིད་འཛིན་ལ་བསྡད་མི་ཆོག་པ་ཡིན་ནམ།

    Reply
  2. lobsang says:
    ལོ་ 16 སྔོན།

    བསམ་འཆར་གང་ཡང་བཤད་རྒྱུ་མེད། དགེ་སློང་དང་དགེ་ཚུལ་གང་བསྒྲུབ་ན་བསྒྲུབ་ཆིག

    Reply
  3. རྨེའུ་དཀོན་རྒྱམ། says:
    ལོ་ 16 སྔོན།

    དྲ་གྲོགས་མེ་འོད་ཀྱིས་ངའི་མཆན་བུར་བསམ་ཚུལ་བཏོན་པ་སྟེ། དགའ་བོ་བྱུང་ལ། རྗེས་ཕྱོགས་ཀྱང་འདི་ལྟར་བསམ་བློ་སྒམ་དཀྱེལ་གྱིས་སྒོ་ནས། རང་གི་ལྟ་ཚུལ་སྲོང་པོར་བརྗོད་དགོས་པ་ནི། དུས་བབ་ཅིག་དང་འགན་ལེན་ཞིག་གི་སྙིང་སྟོབས་མངོན་ཚུལ་རེད་ཨང་། ཐོག་མར་དྲ་གྲོགས་ཉིད་ལ་དོགས་འདྲི་ཁ་ཤས་འགོད་དགོས་བྱུང་། གང་ཡིན་ཟེར་ན།
    དང་པོ། སྙན་ངག་པ་ཡིན་ཚད་བསམ་བློ་པ་ཡིན་པའི་ཁྱབ་པ་རེད་དམ།
    གཉིས་པ། སྙན་ངག་ནི་བསམ་བློའི་བཀག་རྒྱ་མིན་ན། བསམ་གཞིག་བྱེད་སའི་གཞི་ཞིག་ཅི་ཡང་རྙེད་རྒྱུ་མ་རེད། གསུམ་པ། ཚད་མཐོ་བའི་སྙན་ངག་ཅིག་ངོས་འཛིན་བྱེད་རྒྱུ་ཨེ་ཡོད། ཡོད་ན་མིའི་རིགས་ཀྱི་བསམ་བློ་དང་མོས་པ། དགའ་ས་དང་ཁ་ཕྱོགས་ཚང་མ་ཚད་ཐིག་གཅིག་གི་ཁོངས་སུ་སུ་ཞིག་གིས་བསྡུ་ཐུབ།
    བཞི་པ། རང་ཉིད་དགའ་ཕྱོགས་དང་རྒྱུས་མངའ་ཡོད་ཕྱོགས་ལ་གཞན་ཞིག དེར་འཇུག་དགོས་པའི་རྣམ་འགྱུར་བསྟན་པ་ནི། བདེན་པ་དང་འགལ་འགྲོ་བ་ཞིག་མ་རེད་དམ།
    ལྔ་པ། བོད་མི་རིགས་དང་བོད་ཀྱི་རིག་གཞུང་སྙན་ངག་གིས་སྲུང་སྐྱོབ་བྱས་པ་མ་ཡིན་པར། སྙན་ངག་མཁན་དག་གི་སྙིང་སྟོབས་དང་ལྷག་བསམ། ཤེས་རབ་དང་ཐབས་ལམ་སོགས་ཀྱིས་བོད་དང་བོད་ཀྱི་སྙན་ངག་སོགས་ཁྱད་ནོར་རྣམས་སྲུང་འཛིན་བྱས་པ་ཞིག་ཡིན་པ་གསལ་ཐང་ཐང་རེད།

    Reply
  4. མེ་འོད། says:
    ལོ་ 16 སྔོན།

    ངའི་རེ་བ་ལ་ཐབས་མཁས་ལགས་ཀྱིས་སྙན་ངག་གསར་བ་གང་མང་འབྲི་གི་ཡོད་རྒྱུ་རེད་སྙམ་གི དེ་ལྟར་ཡིན་པར་སྨོན།

    Reply
  5. མེ་འོད། says:
    ལོ་ 16 སྔོན།

    ཐབས་མཁས་ལགས་ཀྱི་སྙན་ངག་འབྲི་མཚམས་བཞག་ནས་རྩོམ་ལུས་གཞན་ཞིག་དམིགས་འཛིན་བྱེད་ཀི་ཡོད་ན་ད་བར་ཁྱོད་ཀྱིས་བྲིས་པའི་སྙན་ངག་ཡོད་ཚད་མེ་ལ་བསྲེགས་པ་དང། གསེར་ལྟ་བུའི་དུས་ཚོད་དང་མི་གཤིས་ཀྱང་མེ་ལ་བསྲེགས་པ་མ་ཡིན་ནམ། སྙན་ངག་འབྲི་མཁན་ཚོས་ཤོག་དངུལ་དང་ཐོབ་གོ་གནས་ཀྱི་གནོན་ཤུགས་ཐེག་གི་མེད་དུས་འཆི་བ་ལ་མངོན་པར་ཕྱོགས་ཀི་ཡོད།

    Reply
  6. མེ་འོད། says:
    ལོ་ 16 སྔོན།

    སྙན་ངག་དངརྩོམ་ལུས་གཞནགྱི་རྩོམ་ཡིག་ག་རེ་བྲིས་ཀྱང། བསམ་བློའི་ཟབ་ཚད་ཀྱིས་དེ་ལ་ངེས་པར་ཚད་འཛིན་བྱེད་པ་ཡིན། སྙན་ངག་འབྲི་མཁན་གྱི་བསམ་བློ་ལ་རྒྱང་ཆོད་མེད་པའི་ལྟ་ཚུལ་བཟུང་བ་ཡིན་ན་ཏག་ཏག་ཅིག་བསྡད་མི་འདུག་བསམ་གི། དཀོན་རྒྱམ་ལགས་ལ་བསམ་ཚུལ་འདི་དམིགས་ཀྱིས་བཤད་པ་ཡིན།
    སྙན་ངག་ནི་བསམ་བློའི་བཀག་རྒྱ་ཡིན་པར་འཛིན་མཁན་ཞིག་ཡོད་ན་དེ་ལ་བཀག་རྒྱ་གཞན་ཞིག་ཡོད་ཁོ་ཐག་རེད། རླབས་ཆེ་བའི་སྙན་ངག་ཅིག་ཡིན་ན་ཀློག་མཁན་གྱི་བསམ་བློ་ནི་
    ཆེས་མཐོ་ས་དང་གཏིང་ཟབ་ས། ཁོད་ཡངས་ས་ཞིག་ལ་ཁྲིད་ཁོ་ཐག་རེད།

    Reply
  7. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    བདེ་བོ་སྐུ་ཉིད་གང་ན་ཡོད།

    Reply
  8. བསེ་རུ། says:
    ལོ་ 16 སྔོན།

    ཚྭ་རུ་མའི་ཐབས་མཁས་ལགས།
    སྐུ་ཉིད་བར་སྐབས་ཤིག་མལ་དུ་གཉིད་ཡུར་བ་འདྲ།
    ད་འདི་ལྟར་གཉིད་སད་ཡོང་དུས་སླར་ཡང་མལ་དུ་མ་གཟིམས་རོགས།
    འདི་ལྟར་རང་རང་གི་ལྟ་ཚུལ་ཞིག་ཤོད་ཀྱིན་ཡོད་པ་དེ་ཀློག་པ་པོ་ཡོད་ཚད་ཀྱི་སེམས་ཁམས་དང་མཐུན་དགོས་པ་ཞིག་མ་རེད་སྙམ།།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དངོས་ཡོད་ཀྱི་སྐད་ཆ་རེད།

    Reply
  10. རྨེའུ་དཀོན་རྒྱམ། says:
    ལོ་ 16 སྔོན།

    སྙན་ངག་པ་ཚ་རུ་མ་ཐབས་མཁས་ལགས།
    ཁམས་བཟང་།
    ལོ་ངོ་མང་པོ་ཞིག་གི་རིང་ལ་ང་དང་ང་འདྲ་བ་གཞོན་སྐྱེས་གང་མང་ཞིག་གིས། ཉིད་ཀྱི་སྙན་ངག་གི་བྲོ་བ་དང་བཟི་ཁ། སྙན་ཆ་དང་སྡེབ་ལེགས་སོགས་ཀྱི་ཁྱད་ནུས་ལ། ཉམས་སུ་མྱོང་མཁན་ཞིག་གི་ངོས་ནས་བལྟས་ན། དེ་རིང་ཉིད་ཀྱིས་སྤེལ་བའི་སྤྱི་ཚོགས་དཔྱད་བརྗོད་ཀྱི་ཁོངས་སུ་འདུ་བའི་བསམ་ཕྱོགས་དེས། ཉིད་ཀྱི་ལྟ་ཚུལ་དང་ལངས་ཕྱོགས་ལ་འགྱུར་ལྡོག་ཐེབས་ཡོད་པ་ཕལ་ཆེར་སྔོན་དཔག་ཐུབ་པ་ཞིག་རེད་ལ། མ་འོངས་པ་ཡིན་ནའང་འདི་ལྟའི་ལས་སུ་ཞུགས་ཐུབ་ན། བསམ་བློ་དང་ལྟ་ཚུལ་ལ་རྒྱང་ཆོད་རང་བཞིན་གྱི་འགྱུར་བ་ཅི་བས་འགྲོ་སྲིད་པ་ཡིན་ཙ་ན། དེ་དང་བསྟུན་པའི་ཉིད་ཀྱི་ཕུགས་འདུན་དེ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཚུགས་སུ་འགྲོ་དགོས་པ་ནི། ང་དང་ང་འདྲ་བ་མི་རབས་གསར་པ་མང་པོ་ཞིག་གི་རེ་འདུན་ཡིན་ན་ཐང་།

    Reply
  11. GYAMTSO says:
    ལོ་ 16 སྔོན།

    ཡ་ཡ་ཚ་ཐམས་ཁྱོས་བཤད་ན་དོན་ལ་གནས་པ་ཞིག་རེད།་་་དོན་ངོ་མ་ཁྱེད་རང་གི་དགེ་སློང་བསྒྲུབས་ཡོད་པ་མ་བརྗེད་ད།་
    མིཚོས་བཤད་ན་ཁྱེད་རང་གསོ་སྦྱོང་ལ་འགྲོ་འདོད་མེད་པ་འདྲ།་་
    ཡང་ན་རྒྱུན་དུ་གྲོང་ནང་ལ་འཁྱམ་རྒྱུར་གོམས་གཤིས་སུ་ཆགས་ཡོད་པ་འདྲ།
    བུ་རྒོད་པོ་དགེ་སློང་བསྒྲུབས་ཡོད་པ་གཞན་ལ་ཁ་གཡར།

    Reply
  12. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    འཆར་ཡན་ཡིན་ཡང་གནས་ལུགས་ལ་ཁ་ཐག་ཉེ་ཙམ་ཞིག་དགོས་པ་རེད།
    འདི་ཅུང་ཟད་རང་རིང་དྲགས་ཤིང་གནས་ལུགས་ལ་ཐོད་ཐུག་རྒྱུ་མེད་མཁན་ཞིག་རེད།

    འོན་ཀྱང་བསམ་ཚུལ་འདོན་པའི་རང་དབང་ལ་བརྩི་བཀུར་ཞུ་ཡིན་ཡོད།

    Reply
  13. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཚྭ་རུ་མའི་ཐབས་མཁས་འདི་འཆར་ཡན་རིང་ལུགས་ཀྱི་བསམ་གཞིགས་ལ་མཁས་པ་ལ་དཔེ་རང་རེད། ད་དུང་བསམ་ཚུལ་འདིའི་རིགས་མུ་མཐུད་སྤེལ་བའི་རེ་བ་ཡོད།

    Reply
  14. གཉན་པོ། says:
    ལོ་ 16 སྔོན།

    དོན་ལ་གནས་པའི་སྐད་ཆ་ཞིག་རེད། འདི་འདྲ་བཤད་ན་འགྲིག་གི་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese