མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དུས་སྟོན་དང་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

ལྗང་རླུང་རྩོམ་སྒྲིག་པ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༡༠ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེགས་རྟགས་ཕུལ་བའི་ཉིན་མོ་དང་བསྟུན་ཏེ། འདི་ག་བོད་ཀྱི་དུས་བབ་དྲ་རྒྱའི་ཟིན་བྲིས་ཚན་པར། དྲ་ཐོག་རང་མོས་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་ལ། སྔ་དྲོའི་ཆུ་ཚོད་ ༡༠ ནས་བགྲོ་གླེང་དངོས་སུ་མགོ་འཛུགས་ཀྱིས་དགོང་མོའི་ཆུ་ཚོད་ ༡༠ བར་རྒྱལ་ཁབ་འདྲ་མིན་གྱི་དྲ་གྲོགས་ ༧༥ ཙམ་གྱིས་བགྲོ་གླེང་འདིའི་ཆ་ཤས་བླངས་ཏེ། བརྗོད་གཞིའི་རྩོམ་ཡིག་ ༣ གྱི་ཐོག་བསམ་ཚུལ་ཁག་ཆིག་སྟོང་བདུན་ ༡༠༠༧ ཙམ་སྤེལ་ཏེ་དྲ་ངོས་ ༧༠ ལས་བརྒལ་ཡོད།

 

ཐེངས་འདིའི་རང་མོས་བགྲོ་གླེང་གནང་ཡུལ་གཙོ་བོ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱི་ཟིན་བྲིས། ༼ གྲྭ་སྨྱོན་བསྟན་རབ་ཀྱི་སྦྲ་རྒན་ནག་ལྡང་ ༽(https://tibettimes.net/blogs.php?id=64) དང་། ལྷ་ཆབ་སྤྱིན་པའི་ཟིན་བྲིས་༼ ཕ་གཞིས། ༽ (https://tibettimes.net/blogs.php?id=74 ) གཉིས་ཡིན་ཞིང་། བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ཕྱི་ཚེས་ ༡༢ ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན། ཐེངས་འདིར་བགྲོ་གླེང་ལ་ཞུགས་མཁན་དག་གི་ཟིན་ཐོ་རྣམས་ལྗང་རླུང་ཚགས་པར་དང་། ཅོང་བརྡ་ཚགས་པར་གཉིས་ནང་འགོད་འཆར་ཡོད་སྐོར་བཀོད་འདུག དྲ་ཐོག་བགྲོ་གླེང་ལ་ཞུགས་མཁན་དྲ་གྲོགས་ཡོངས་ཧ་ཅང་ཐུགས་ཉེ་བོ་བྱུང་ཡོད་པ་མ་ཟད། མ་འོངས་པར་ཡང་བརྗོད་གཞི་འདྲ་མིན་ཐོག འདི་ལྟ་བའི་བགྲོ་གླེང་གོ་སྒྲིག་གནང་གལ་ཆེ་བའི་དགོངས་ཚུལ་ཡང་བྱུང་ཡོད།

 

བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་བགྲོ་གླེང་མགོ་འཛུགས་གཏམ་བཤད་ནང་བཀོད་དོན། བོད་བཙན་པོའི་དུས་རབས་མཇུག་སྒྲིལ་བ་ནས་ད་ལྟའི་བར་གྱི་ང་ཚོའི་ལོ་རྒྱུས་ཡིག་ཚང་གི་ཉིན་སྲིབ་བརྒྱུད་ན་ཆོས་ལུགས་ཕན་ཚུན་བར་གྱི་དགོས་མེད་རྙོག་ཟིང་དང་། སྒེར་ནད་རྨོངས་མུན་གྱི་འཁྲུག་ཟིང་སྐྱུག་བྲོ་བ་ཇི་འདྲའི་མང་པོ་ཞིག་བྱུང་ཡོད་ཨཱང་། ལྷག་པར་ཁ་སང་དེ་རིང་གི་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ལ་བལྟས་ན་རྩོམ་པ་པོ་ཚོས་རང་ཚུགས་བརྟན་པོ་བཟུང་ནས་(མིག་བར་གྱི་གདོང་བ་དང་ཆུ་དཀྱིལ་གྱི་ཕ་བོང་)བྱས་ཏེ་དོན་དངོས་ཀྱི་བདེན་པ་དང་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་རྒྱུ་ནི་ཇི་འདྲའི་གལ་ཆེན་པོ་ཞིག་རེད། ཅེས་དང་།

 

མི་རིགས་གཞན་དང་གཞན་གྱི་ཤེས་ཡོན་པར་དཔེ་བླངས་ནས་བལྟས་ནའང་། འཛམ་གླིང་དམག་ཆེན་གྱི་སྐབས་དག་ལའང་གོ་ལའི་ཤར་ནུབ་ཀྱིས་ཚན་རིག་པ་དང་རླབས་ཆེན་རྩོམ་པ་པོ་དག་གིས་ཕན་ཚུན་བསམ་བློ་བརྗེ་རེས་དང་མཐུན་སྒྲིལ་གྱི་ཕྱོགས་ལ་འབད་བརྩོན་གྱིས་ཤེས་ཡོན་པ་ཞིག་གི་མཐའི་ཆ་རྐྱེན་མི་སྡེའི་སྤྱི་ཚོགས་ལ་སེམས་ཁྲལ་ཆེན་མོ་དང་། བརྩེ་བ་དང་། དུངས་ཀ། འཁོན་སྡང་། ཁེ་གྲགས། གོམས་གཤིས་བཅས་ཀྱི་གདོང་ལ་ལངས་ཏེ་དོན་དངོས་ཀྱི་བདེན་པ་སྐྱོང་ཐུབ་ཡོད་པ་རེད། ང་ཚོ་དྲ་གྲོགས་ཚང་མས་དེ་ལྟར་བསམ་བློ་བཏང་ནས་མ་མཐའ་ཡང་རང་གི་སྤྱི་ཚོགས་ཕུང་དཀྲུག་གི་ལག་ཆར་མ་གྱུར་བ་ཞིག་ལ་ཅིས་ཀྱང་འབད་དགོས་ལ་གཟབ་གཟབ་གནང་དགོས་པར་མཐོང་། བགྲོ་གླེང་འདི་བརྒྱུད་སྟེ་ཟིན་བྲིས་ར་བ་འདིའི་བཟང་སྤྱོད་ཀྱི་གྲངས་ཀ་བཟང་ཕྱོགས་སུ་འཕེལ་བར་ངེད་སེང་ཆེན་བཞི་དང་ཀ་ཆེན་བཞིས་རེ་བ་ཆེན་པོ་བཅངས་ཡོད། ཅེས་བཀོད་འདུག

མཆན། 28

  1. ཆོས་བཟང་། says:
    ལོ་ 13 སྔོན།

    དྲ་གྲོགས་ལྷན་རྒྱས་ལགས།
    བོད་ཀྱི་དུས་བབ་ཀྱི་དྲ་རྒྱའི་མདུན་ངོས་ཐོག་
    ཆབ་སྲིད་ཐབས་བྱུས་ཐོག་སྤྱི་འཐུས་ནང་ཁུལ་ལྷན་ཚོགས།
    ཞེས་པའི་འགོ་བརྗོད་འོག་དྲ་གྲོགས་ཚོའི་བགྲོ་གླེང་ནང་དྲ་དཔོན་གཟེར་བ་དེས་ཡི་གེ་ཞིག་བྲིས་འདུག་པ་གཤམ་གསལ་ལྟར།

    དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་
    ཁྱེད་ཀྱི་མ་མཐོང་བ་ནས་ནོར་བ་དང་ཆད་པ་ཡིན་མི་ཤེས་གང་ལྟར་གནད་དོན་གཞན་ཞིག་མེད་ན་གོང་ཏུ་བསྐོད་པའི་ཚིག་འདི་བདེ་པོ་ཞིག་མི་འདུག་གཤམ་ཏུ་གཟིགས་རོགས་
    ཧོང་ཀོང་ནས་ཕེབས་པའི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་མེ་ཁེལ་ཌེ་བེ་སི་ Michael. Davis མཆོག བློ་བཟང་སེངྒེ་།་་་་་་་་་་་་་་་་་རྩོམ་སྒྲིག་པ་མཆོག་ལ་གནད་དོན་གཞན་ཞིག་མེད་ན་འདི་འདྲ་ནོར་བཅོས་སུ་་་་་་་་་་་་་་་་
    ཧོང་ཀོང་ནས་ཕེབས་པའི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་མེ་ཁེལ་ཌེ་བེ་སི་ Michael. Davis མཆོག་དང་ཨ་རེའི་ནས་ཕེབས་པའི་ཁྲིམས་ལུགས་མཁས་དབང་ བློ་བཟང་སེངྒེ་རྣམས་གཉིས་ཅེས་འབྲི་ན་དངོས་ཡོད་དང་མཐུན་ལ་གོ་དོན་ཡོད་པ་ཞིག་མཐོང།
    ཞེས་བྲིས་འདུག

    དྲ་དཔོན་ཟེར་བ་འདི་ལ་དེ་རིང་ཡིག་ནོར་ཉུང་པ་དང་།ཟབ་སྦྱོང་དེའི་ཆ་རྒྱུས་ཡོད་ལུགས་སྐུ་ངོས་མདོ་སྟོད་རྫུན་མ་ཟབ་སྦྱོང་ལ་ཡོད་པ་སོགས་གང་ལ་བལྟས་ན་དྲ་དཔོན་འདི་ཁམས་རྫུན་སྐུ་ངོས་གསེར་རྟ་ཚུལ་ཁྲིམས་པ་ཡིན་ངེས་འདུག།

    ཡིན་པ་དེ་རེད་ཅེས་མ་བཤད་ན་འགྲིགས་ཐབས་ཡོད་པ་མ་རེད།

    འོན་ཀྱང་དྲ་གྲོགས་དཀར་ཁྲི་བཙན་སོགས་དགོངས་པ་མ་ཚོམས་ཞུ།

    Reply
  2. ཆོས་བཟང་། says:
    ལོ་ 13 སྔོན།

    དྲ་གྲོགས་ལྷན་རྒྱས་ལགས།
    བོད་ཀྱི་དུས་བབ་ཀྱི་དྲ་རྒྱའི་མདུན་ངོས་ཐོག་
    ཆབ་སྲིད་ཐབས་བྱུས་ཐོག་སྤྱི་འཐུས་ནང་ཁུལ་ལྷན་ཚོགས།
    ཞེས་པའི་འགོ་བརྗོད་འོག་དྲ་གྲོགས་ཚོའི་བགྲོ་གླེང་ནང་དྲ་དཔོན་གཟེར་བ་དེས་ཡི་གེ་ཞིག་བྲིས་འདུག་པ་གཤམ་གསལ་ལྟར།

    དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་
    ཁྱེད་ཀྱི་མ་མཐོང་བ་ནས་ནོར་བ་དང་ཆད་པ་ཡིན་མི་ཤེས་གང་ལྟར་གནད་དོན་གཞན་ཞིག་མེད་ན་གོང་ཏུ་བསྐོད་པའི་ཚིག་འདི་བདེ་པོ་ཞིག་མི་འདུག་གཤམ་ཏུ་གཟིགས་རོགས་
    ཧོང་ཀོང་ནས་ཕེབས་པའི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་མེ་ཁེལ་ཌེ་བེ་སི་ Michael. Davis མཆོག བློ་བཟང་སེངྒེ་།་་་་་་་་་་་་་་་་་རྩོམ་སྒྲིག་པ་མཆོག་ལ་གནད་དོན་གཞན་ཞིག་མེད་ན་འདི་འདྲ་ནོར་བཅོས་སུ་་་་་་་་་་་་་་་་
    ཧོང་ཀོང་ནས་ཕེབས་པའི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་མེ་ཁེལ་ཌེ་བེ་སི་ Michael. Davis མཆོག་དང་ཨ་རེའི་ནས་ཕེབས་པའི་ཁྲིམས་ལུགས་མཁས་དབང་ བློ་བཟང་སེངྒེ་རྣམས་གཉིས་ཅེས་འབྲི་ན་དངོས་ཡོད་དང་མཐུན་ལ་གོ་དོན་ཡོད་པ་ཞིག་མཐོང།

    དྲ་དཔོན་ཟེར་བ་འདི་ལ་དེ་རིང་ཡིག་ནོར་ཉུང་པ་དང་།ཟབ་སྦྱོང་དེའི་ཆ་རྒྱུས་ཡོད་ལུགས་སོགས་གང་ལ་བལྟས་ན་དྲ་དཔོན་འདི་ཁཥས་རྫུན་སྐུ་ངོས་གསེར་རྟ་ཚུལ་ཁྲིམས་པ་ཡིན་ངེས་འདུག།
    ཡིན་པ་དེ་རེད་ཅེས་མ་བཤད་ན་འགྲིགས་ཐབས་ཡོད་པ་མ་རེད།

    འོན་ཀྱང་དྲ་གྲོགས་དཀར་ཁྲི་བཙན་སོགས་དགོངས་པ་མ་ཚོམས་ཞུ།

    Reply
  3. ཆོས་བཟང་། says:
    ལོ་ 13 སྔོན།

    དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་
    ཁྱེད་ཀྱི་མ་མཐོང་བ་ནས་ནོར་བ་དང་ཆད་པ་ཡིན་མི་ཤེས་གང་ལྟར་གནད་དོན་གཞན་ཞིག་མེད་ན་གོང་ཏུ་བསྐོད་པའི་ཚིག་འདི་བདེ་པོ་ཞིག་མི་འདུག་གཤམ་ཏུ་གཟིགས་རོགས་
    ཧོང་ཀོང་ནས་ཕེབས་པའི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་མེ་ཁེལ་ཌེ་བེ་སི་ Michael. Davis མཆོག བློ་བཟང་སེངྒེ་།་་་་་་་་་་་་་་་་་རྩོམ་སྒྲིག་པ་མཆོག་ལ་གནད་དོན་གཞན་ཞིག་མེད་ན་འདི་འདྲ་ནོར་བཅོས་སུ་་་་་་་་་་་་་་་་
    ཧོང་ཀོང་ནས་ཕེབས་པའི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་མེ་ཁེལ་ཌེ་བེ་སི་ Michael. Davis མཆོག་དང་ཨ་རེའི་ནས་ཕེབས་པའི་ཁྲིམས་ལུགས་མཁས་དབང་ བློ་བཟང་སེངྒེ་རྣམས་གཉིས་ཅེས་འབྲི་ན་དངོས་ཡོད་དང་མཐུན་ལ་གོ་དོན་ཡོད་པ་ཞིག་མཐོང།

    ངས་བཤད་པ་ལྟར་དྲ་དཔོན་ཟེར་བ་འདི་ལ་ཟབ་སྦྱོང་དེའི་ཆ་རྒྱུས་ཡོད་ལུགས་སོགས་ལ་བལྟས་ན་དྲ་དཔོན་འདི་གསེར་རྟ་ཚུལ་ཁྲིམས་ཡིན་ངེས་འདུག།

    འོན་ཀྱང་དཀར་ཁྲི་བཙན་སོགས་དགོངས་པ་མ་ཚོམས་ཞུ་བཞིན་ཡོད།

    Reply
  4. ཆོས་བཟང་། says:
    ལོ་ 13 སྔོན།

    དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་
    ཁྱེད་ཀྱི་མ་མཐོང་བ་ནས་ནོར་བ་དང་ཆད་པ་ཡིན་མི་ཤེས་གང་ལྟར་གནད་དོན་གཞན་ཞིག་མེད་ན་གོང་ཏུ་བསྐོད་པའི་ཚིག་འདི་བདེ་པོ་ཞིག་མི་འདུག་གཤམ་ཏུ་གཟིགས་རོགས་
    ཧོང་ཀོང་ནས་ཕེབས་པའི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་མེ་ཁེལ་ཌེ་བེ་སི་ Michael. Davis མཆོག བློ་བཟང་སེངྒེ་།་་་་་་་་་་་་་་་་་རྩོམ་སྒྲིག་པ་མཆོག་ལ་གནད་དོན་གཞན་ཞིག་མེད་ན་འདི་འདྲ་ནོར་བཅོས་སུ་་་་་་་་་་་་་་་་
    ཧོང་ཀོང་ནས་ཕེབས་པའི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་མེ་ཁེལ་ཌེ་བེ་སི་ Michael. Davis མཆོག་དང་ཨ་རེའི་ནས་ཕེབས་པའི་ཁྲིམས་ལུགས་མཁས་དབང་ བློ་བཟང་སེངྒེ་རྣམས་གཉིས་ཅེས་འབྲི་ན་དངོས་ཡོད་དང་མཐུན་ལ་གོ་དོན་ཡོད་པ་ཞིག་མཐོང།

    ངས་བཤད་པ་ལྟར་དྲ་དཔོན་ཟེར་བ་འདི་ལ་ཟབ་སྦྱོང་དེའི་ཆ་རྒྱུས་ཡོད་ལུགས་སོགས་ལ་བལྟས་ན་དྲ་དཔོན་འདི་གསེར་རྟ་ཚུལ་ཁྲིམས་ཡིན་ངེས་འདུག།

    འོན་ཀྱང་དཀར་ཁྲི་བཙན་སོགས་དགོངས་པ་མ་ཚོམས་ཞུ་བཞིན་ཡོད།

    Reply
  5. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    ༄༅ ། ། དྲ་གྲོགས་ཕན་ཚུན་རྒྱུས་ལོན་དང་མཛའ་འབྲེལ་གཏིང་ཟབ། ཉམས་མྱོང་སྤེལ་རིས། གནས་ཚུལ་བརྗེ་ལེན་བཅས་ཀྱི་ཆེད་དུ་གསར་འགོད་པའི་འབོད་སྐུལ་ཞུས་དོན་ལྟར། དྲ་གྲོགས་ཚོས་སོ་སོ་ངོ་སྤྲོད་དང་སྦྲགས་འབྲེལ་གཏུགས་ཁ་བྱང་མཁོ་སྤྲོད་གནང་མཁན་ ༢༥ ཙམ་བྱུང་ཡོད།

    ༼ དྲ་གྲོགས་རྣམ་པའི་འབྲེལ་གཏུགས་ཞུ་ཡུལ་ཁ་བྱང་། ༽
    ༡ ༼ རྩེ་སྐར། ༽
    ཁོ་བོ་རྩེ་ཁོག་འགར་རྩེ་ནས་ཡིན།
    འགར་ཚེ་རྒྱལ། རྩེ་སྐར།
    ངྷ་ས་ནོར་གླིང་ན་ཡོད།
    ལས་གནས་ནོར་ལྡེ་རྩོམ་སྒྲིག་པ་ཡིན།
    ངའི་ཁ་པར་ཨང་གྲངས ༩༨༡༦༡༦༨༩༡༨ ཡིན།
    གློག་འཕྲིན་ཁ་བྱང་ lo_rab@yahoo.co.in ཡང་ན gartsek@yahoo.com ཡིན།

    ༢ ༼ དོན་འགྲུབ་བཀྲ་ཤིས། ༽
    མིང་། དོན་འགྲུབ་བཀྲ་ཤིས།
    སྡོད་གནས། ངྷ་རམ་ས་ལ།
    ལས་གནས། གསར་འགོད་པ།
    ཁ་པར། ༩༤༡༨༧༩༧༥༠༣
    ཡིག་སྒམ། dunduptashi@yahoo.co.in

    ༣ ༼ བོན་རྒྱ་བསྟན་འཛིན་རབ་རྒྱས། ༽
    ད་ནི་ངས་ཀྱང་རང་ཉིད་ངོ་སྤྲོད་བྱེད་རྒྱུ་ཡིན། དངོས་མིང་བོན་རྒྱ་བསྟན་འཛིན་རབ་རྒྱས།
    སྨྱུག་མིང་། བཙན་རྒོལ་རིན་པོ་ཆེ། གངས་འོད། འོད། སོགས་ཡོད།
    ད་ལྟ། རྡ་སར་ཡོད།
    གློག་འཕྲིན་ཨང་། tenrap2006@yahoo.com
    ཁ་པར། 09882330506
    བཅས་ཡིན་ལགས།

    ༤ ༼ ཡོན་ཏན། ༽
    རང་ཉིད་ངོ་སྤྲོད་ཞུ་རྒྱུར་་་་མིང་་་རྒྱལ་ཐང་ཡོན་ཏན།
    ད་ལྟའི་སྡོད་གནས་་་་རྒྱ་གར་ལྷོ་ཕྱོགས་མོན་གྷོར།
    མྱུར་འཕྲིན་་་་་་་l.yonten@yahoo.com
    ཁ་པར་ཨང་གྲངས་་་་༠༩༨༤༥༣༨༧༨༨༨

    ༥ ༼ འབའ་པ་སྐལ་བཟང་འཕྲིན་ལས། ༽
    རིག་འབྱུང་དོན་བཀྲ་ལགས
    མིང་ སྐལ་བཟང་འཕྲིན་ལས
    སློབ་གཉེར་བ་
    སྡོད་གནས ལྷོ་ཕྱོགས་ འབྲས་སྤུངས་བློ་གསལ་གླིང་
    གློག་འཕྲིན klsangtrinley2007@yahoo.co.in

    ༦ ༼ སྦྲ་ནག་པ་རོལ་དབྱངས། ༽
    ངའི་དངོས་མིང་ལ་དགེ་འདུན་ཡོན་ཏན་དང་།
    པུར་མིང་ལ་སྦྲ་ནག་པ་རོལ་དབྱངས་དང་། དཔའ་རིའི་ཟླ་གཞོན་ཟེར།
    སྡོད་གནས་ལྷོ་ཕྱོགས་དགའ་ལྡན།
    QQ.ཨང་གྲངས། ༡༠༤༢༠༠༥༦༨༣

    ༧ ༼ དབུས་ཕྲུག་ཚེ་རིང་། ༽
    རང་ཉིད་ངོ་སྤྲོད། སྐྱེ་ཡུལ་དབུས།
    ཞིང་གྲོང་གི་བུ་ཕྲུག
    སྐྱེས་དུས་རིག་གསར་གྱི་མཇུག
    སྡོད་གནས་རྡ་ས།
    ལས་གནས་དགེ་རྒན་དང་གཞན།
    དངོས་མིང་ཚེ་རིང།
    རྒྱུན་སྤྱོད། དབུས་ཕྲུག་ཚེ་རིང།
    པིར་མིང་། སྐྱ་མདའ།
    འབྲེལ་མཐུད། yarlunggyutsal@gmail.com 9418937673

    ༨ ༼ བྲག་འགོ་དཀོན་མཆོག་དར་རྒྱས། ༽
    ཁོ་བོའི་མིང་ལ་དཀོན་མཆོག་དར་རྒྱས། ཟིན་བྲིས་མིང་༼ རྒྱུས་མེད་པའི་མི་ཡུལ་འདིར་སྐྱིད་སྣང་མེད། ༽ཟེར་བ་དང་། འཚར་ལོང་བྱུང་ཡུལ་བོད་ཤར་ཕྱོགས་བྲག་འགོ
    སྐྱེས་ཚེས་་་༡༩༨༢་་ལོར།
    མྱུར་འཕྲིན་ཁ་བྱང་kunchok145@yahoo.comབཅས་ཡིན།

    ༩ ༼ ལྷ་ཆབ་སྦྱིན་པ། ༽
    དངོས་མིང་ལྷ་ཆབ་སྦྱིན་པ།
    མིང་གཞན་གྲི་གུག
    ཁ་པར་་༩༨༡༦༢༠༡༡༨༣
    སྡོད་གནས། རྡ་སའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཁང་།
    ལས་ཀ ཆབ་སྲིད་བཙོན་པའི་ལོ་རྒྱུས་རྩོམ་སྒྲིག་པ།
    གནས་བབ། གྲྭ་ལོག

    ༡༠ ༼ འབྲོག་རུ་ཆོས་གྲགས། ༽
    ངའི་མིང་ལ་འབྲོག་རུ་ཆོས་གྲགས་ཟེར།
    པུར་མིང་ལ་དུས་ཀྱི་ཕོ་ཉ་ཟེར།
    ལས་རིགས། སྐད་ཡིག་ཚགས་པར་གྱི་རྩོམ་སྒྲིག་པ།
    སྡོད་གནས། དྷ་རམ་ས་ལ།
    ཁ་པར་ཨང་གྲངས། 9805344789
    གློག་འཕྲིན་ choedak_2008yahoo.com/choedak007gmail.com

    ༡༡ ༼ ཆུ་སྐྱེས་སྒྲོལ་མ། ༽
    མིང། ཆུ་སྐྱེས་སྒྲོལ་མ།
    ལས་རིགས། གསར་འགོད་པ།
    སྡོད་གནས། རྡ་ས་ནོར་གླིང་།
    མྱུར་འཕྲིན། chokeydolma@yahoo.co.in
    ལག་འཁྱེར་ཁ་པར་ཨང་གྲངས། ༩༤༡༨༣༩༠༣༨༢

    ༡༢ ༼ གཉའ་མདང་ཕོ་ཉ། ༽
    དངོས་མིང་། འཆམ་ར་དྲི་མེད་རྒྱལ་མཚན།
    སྐྱེས་ཡུལ། བོད་ཤར་ཕྱོགས་སྡེ་དགེ
    སྐྱེས་ལོ་ ༡༩༧༩
    ད་ལྟའི་སྡོད་གནས་བཞུགས་སྒར་རྡ་ས།
    ལག་ཁྱེར་ཁ་པར་ཨང་་་་་་་་་་༩༨༨༢༤༢༣༥༥༩
    མྱུར་འཕྲིན་ཁ་བྱུང་་་་་drimeyg@yahoo.com

    ༡༣ ༼ སྐར་ཁྲི་བཙན། ༽
    དངོས་མིང་སྐར་མ་ཁྲི་བཙན
    དྲ་མིང་སྐར་ཁྲི་བཙན།
    སྡོད་གནས་བལ་ཡུལ
    ཁ་པར་ཨང་གྲངས ༩༨༠༣༡༨༦༡༥༥
    གློག་འཕྲིན་ཁ་བྱང་འཕྲོ་བརླགས་འགྲོ་སོང་།
    QQཨང་གྲངས། ༨༥༩༩༠༦༡༥

    ༡༤ ༼ གངས་ཅན། ༽
    བདག་གི་སྡོད་གནས་རྡ་ས།
    ཡིག་སྒམ། gangcheng07@yahoo.com

    ༡༥ ༼ གངས་རྡེའུ། ༽
    ངའི་མིང་ལ་བློ་བཟང་དཔལ་ལྡན་ཟེར།
    པུར་མིང་གངས་རྡེའུ་དང་།
    སྐྱེས་ཡུལ། རྨ་རྒྱལ་གངས་རིའི་ཉེ་འདབས།
    སྐྱེས་ཚེས། དགུན་གཞུང་གྲང་ངར་ཆེ་དུས་ཤིག་ཡིན།
    ད་ལྟའི་སྡོད་གནས་ལྷོ་ཕྱོགས་སེར་བྱེས་བྱ་བྲལ་ཁམས་ཚན་གྱི་སྒོ་རྟགས་85ཡིན།
    མྱུར་འཕྲིན་palden_1977@yahoo.com
    ཁ་པར་9972575198ཡིན།

    ༡༦ ༼ བསེ་རུ། ༽
    དངོས་མིང་། ངག་དབང་རྡོ་རྗེ།
    སྨྱུག་མིང་། བསེ་རུ།
    ལས་གནས། དགེ་རྒན།
    དམིགས་བསལ། ཆབ་སྲིད་བཙོན་ཟུར་ཞིག
    ཟིན་བྲིས་དྲ་བྱང་། https://tibettimes.net/wordpress/blogs.php?id=63
    ཁ་པར་ཨང་གྲངས། 9418562627
    འདུག་གནས། དབེན་པའི་ནགས་ཁྲོད།

    ༡༧ ༼ མེ ༽
    དངོས་མིང་། མཁྱེན་རབ་རྒྱ་མཚོ།
    སྙུག་མིང་། ཤིས་ཚང་ལྗང་མྱུག མེ།
    ད་ལྟའི་སྡོད་གནས། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་།
    གློག་འཕྲིན་ཁ་བྱང་། shitsangwa@yahoo.com tibetboy@live.com
    ཁ་པར་ཨང་། ༠༠༩༡་་་༩༩༤༥༥༣༧༥༣༣

    ༡༨ ༼ ཡོན་བྷེ། ༽
    ཕྲན་གྱི་མིང་ལ་ཡོན་བྷེའམ་ཡོན་ཏན་རྒྱ་མཚོ་ཟེར།
    ད་ལྟའི་སྡོད་གནས་ཀིརྟིའི་བྱེས་པ་གྲྭ་ཚང་ཡིན།
    ལས་གནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་མ།
    རང་ལོ་ཉེར་ལྔ།
    ལག་འཛིན་ཁ་པར་ཨང་གྲངས་། 9418834807
    མྱུར་འཕྲིན་ཁ་བྱང༌། yonbay@yahoo.com

    ༡༩ ༼ གཅན་བཟོད་རྒྱམ། ༽
    ང་རང་རྡ་སར་བསྡད་ཡོད། འཕྲིན་བྱང་དང་ཁ་པར་ཨང་། ssopa23@yahoo.com.hk
    ཁ་པར་ཨང་། 9816352383 ཡིན།
    ནམ་འབྲེལ་བ་བྱས་ན་ཆོག
    ༢༠ ༼ གཉའ་འབྲོང་ཐུ་བུ། ༽
    དངོས་མིང་། འཇམ་དབྱངས་རྣམ་གྲོལ།
    སྨྱུག་མིང་། གཉའ་འབྲོང་ཐུ་བུ།
    ཕ་ཡུལ། ཨ་མདོ་ཆབ་ཆ།
    སྡོད་གནས། སེར་བྱེས་མཁས་སྙན་གྲྭ་ཚང་།
    ལས་རིགས། ལྗང་རླུང་རྩོམ་སྒྲིག་པ།
    འཛིན་གྲྭ ཕར་ཕྱིན།
    གློག་འཕྲིན་ཨང་། dongthe61@yahoo.in
    ལག་འཁྱེར་ཁ་པར། 99456503813 – 9741748128
    ༢༡ ༼ ཟ་ལེ་རྒྱལ། ༽
    ང་རང་ད་ལྟ་ཧྥ་རན་སིར་བསྡད་ཡོད།
    ཁ་པར་ཨང་གྲངས་༠༠ ༣༣ ༦༦ ༠༢༢ ༥༨ ༥༨ ཡིན།
    མྱུར་འཕྲིན་ཁ་བྱང་། loephel@hotmail.com

    ༢༢ ༼ རྨེའུ་དཀོན་རྒྱམ། ༽
    ངའི་དངོས་མིང་། རྨེའུ་དཀོན་རྒྱམ།
    ལག་འཛིན་ཁ་པར་ཨང་གྲངས། ༠༠༩༨ ༩༨༡༦༣༥༦༧༦༦
    ད་ལྟའི་སྡོད་གནས། རྡ་ས།
    གློག་འཕྲིན་ཁ་བྱང་། lamp_editor@yahoo.com
    ལས་རིགས། རྩོམ་སྒྲིག་པ།

    ༢༣ ༼ སེར་བློ་བཟང་རྒྱ་མཚོ། ༽
    ངའི་དངོས་མིང་ལ་བློ་བཟང་རྒྱ་མཚོ་དང་།
    ད་ལྟ། སེར་བྱེས་གྲྭ་ཚང་དུ་དབུ་མ་ལོ་རིམ་གསུམ་པ།
    ཁ་པར་ཨང། ༠༠༩༡༩༨༤༥༦༦༤༦༨༢
    གློག་འཕྲིན་ཁ་བྱང་། http://www.logyam4@yahoo.com

    ༢༤ ༼ ཨ་རིག་དགེ་མཐོང་། ༽
    ཕྲན་ལ་ཨ་རིག་དགེ་མཐོང་དང་། སྨྱུག་མིང་ལ་ཨ་ཁུ་རྒྱ་བོ། ཨ་ཚེ་འབར་ཡང་ཟེར།
    ལས་གནས་མདོ་སྨད་སྤེལ་ཀོབ་ས་རྒྱུན་ཚོགས་གཙོ་དང་གསར་འགོད་པ་ཡིན།
    མྱུར་འཕྲིན་ཁ་བྱང་། arikgethong@yahoo.in
    ཁ་པར་ཨང་གྲངས་ ༩༩༡༦༤༤༢༢༢༧ ཡིན།

    ༢༥ ༼ རིག་འབྱུང་དོན་གྲུབ་བཀྲ་ཤིས། ༽
    སྐྱེས་མིང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
    སྙུག་མིང་། སྐར་ཆེན།
    སྡོད་གནས། ཨ་རི།
    ཆེད་ལས། དཔལ་འབྱོར་རིག་པ།
    འབྲེལ་གཏུགས་གློག་འཕྲིན། dhondup_tashi2001@yahoo.co.in
    Skype: karchentibet
    ཁ་པར་ཨང་གྲངས། 001-9105689732
    དབྱིན་ཡིག་དྲ་རྒྱའི་འབྲེལ་ཐག། http://www.tibetwrites.org/?Tete-a-tete-with-Woeser

    Reply
  6. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    ༄༅ ། ། ཐེངས་འདིའི་རང་མོས་བགྲོ་གླེང་ལ་བསྐྱར་ཞིབ་བྱས་པའི་གྲུབ་འབྲས་ལྟར་ན། ཞོགས་པའི་ཆུ་ཚོད་ ༡༠ ནས་དགོང་མོའི་ཆུ་ཚོད་ ༡༠ བར་ཁྱོན་བསྡོམས་ཚོགས་ཞུགས་སྐུ་མགྲོན་ ༨༠ དང་། བརྗོད་གཞིའི་རྩོམ་ཡིག་གསུམ་གྱི་ཐད། བསམ་ཚུལ་གྲངས་ ༡༠༡༧ སྤེལ་ཡོད་པ་དང་། ཉིན་གཅིག་རིང་དྲ་ངོས་ ༧༠ ལས་བརྒལ་ཏེ་ཟིན་ཐོ་གསར་བ་བསྐྲུན་ཡོད།

    ༼ དྲ་ཐོག་རང་མོས་བགྲོ་གླེང་ལ་ཞུགས་མཁན་སྐུ་མགྲོན་རྣམ་པའི་མཚན་གཞུང་། ༽
    ༡ བོད། ཤ་ཁྲག་རུས་གསུམ།
    ༢ ཟ་ལེ་རྒྱལ།
    ༣ ལྷ་ཆབ་སྤྱིན་པ།
    ༤ མི་ནག་ཚང་ལུང་རིགས་རྒྱལ།
    ༥ རྒྱ་རགས།
    ༦ བསེ་རུ།
    ༧ སྤོབས་པ་མཐའ་ཡས།
    ༨ ཨ་མྱེ།
    ༩ ཨ་རིག་འགྱུར་མེད།
    ༡༠ རྨེའུ་དཀོན་རྒྱམ།
    ༡༡ གཅན་བཟོད་རྒྱམ།
    ༡༢ དོན་འགྲུབ་བཀྲ་ཤིས།
    ༡༣ ཨུ་ཚུགས་ཅན།
    ༡༤ རས་པ།
    ༡༥ མེ་འོད།
    ༡༦ རི་བོང་།
    ༡༧ དགྲ་འདུལ།
    ༡༨ འདྲེ་རིག་ལྡན།
    ༡༩ སྦྲ་ནག་པ་རོལ་དབྱངས།
    ༢༠ རིག་འབྱུང་དོན་གྲུབ་བཀྲ་ཤིས།
    ༢༡ གངས་རི་སྐྱབས།
    ༢༢ འབྲོག་རུ་ཆོས་གྲགས།
    ༢༣ ཆུ་སྐྱེས་སྒྲོལ་མ།
    ༢༤ བསྟན་འཛིན་ཚེ་དཔག
    ༢༥ ཨ་རིག་དགེ་མཐོང་།
    ༢༦ གངས་རིའི་གླིང་བུ།
    ༢༧ ཉི་ཟླའི་མགྲོན་བདག
    ༢༨ གངས་ཅན།
    ༢༩ བཙན་པོའི་བུ།
    ༣༠ ཡོན་ཏན།
    ༣༡ གཉན་མདང་ཕོ་ཉ།
    ༣༢ ཁ་བ་དཀར་པོ།
    ༣༣ སྒྲོལ་མ།
    ༣༤ མི་འཁྱམ།
    ༣༥ སྨྲ་བརྗོད་རང་དབང་།
    ༣༦ རྫ་སྲས་བདེ་ཆེན།
    ༣༧ དབུས་ཕྲུག་ཚེ་རིང་།
    ༣༨ སྐར་ཁྲི་བཙན།
    ༣༩ འབའ་པ་སྐལ་བཟང་འཕྲིན་ལས།
    ༤༠ ཁ་བའི་བུ་མོ།
    ༤༡ ང་རང་རྐྱ་བ།
    ༤༢ བོད་ཀྱི་སྦག་སྦག
    ༤༣ མིག་གསུམ་པ།
    ༤༤ གཉན་པོ།
    ༤༥ བཤད་སྒྲུབ།
    ༤༦ བོན་རྒྱ་བསྟན་འཛིན་རབ་རྒྱས།
    ༤༧ སྡོང་བུ།
    ༤༨ མེ།
    ༤༩ རྩེ་སྐར།
    ༥༠ ཚེ་རིང་།
    ༥༡ སྨོན་ལམ་མཐར་ཕྱིན།
    ༥༢ རི་སྦྱང་སྔོན་མོ།
    ༥༣ ཀུན་དཀའ་བདེ་ཆེན།
    ༥༤ རྐང་རྗེན་པ།
    ༥༥ གནམ་ལྕགས།
    ༥༦ གཉའ་འབྲོང་ཐུ་བུ།
    ༥༧ གསེར་ལྷོ་བློ་བཟང་རྒྱ་མཚོ།
    ༥༨ ལྷོ་ཕྲུག་སྣ་བོ་ཆེ།
    ༥༩ གསར་བརྗེ་སྐྱབས།
    ༦༠ ཡོན་བྷེ།
    ༦༡ ན་རོ།
    ༦༢ གཡང་མདའ།
    ༦༣ བྲག་མགོ་དཀོན་མཆོག་དར་རྒྱས།
    ༦༤ ཉི་མ་མཚོ།
    ༦༥ དབང་ལྡན་མཚོ་མོ།
    ༦༦ ཀླུ་རྕེད།
    ༦༧ གངས་རྡེའུ།
    ༦༨ གསེར་རྟ་ཚུལ་ཁྲིམས་འོད་ཟེར།
    ༦༩ སྨྱུག་རྒོད།
    ༧༠ བཀྲ་ཤིས།
    ༧༡ བདེ་ཆེན་སྒྲོལ་མ།
    ༧༢ འཁྱམ་པོ་རྟོག་ལྡན།
    ༧༣ རྒྱལ་ཐང་ཡོན་ཏན།
    ༧༤ དབྱངས་བཅན་རོལ་བའི་འོ་མཚོ།
    ༧༥ ཀླུ།
    ༧༦ ནམ་མཁའ་བསྟན་འཛིན།
    ༧༧ འབུར་ཐོ།
    ༧༨ སྨྱུག་སྡོང་།
    ༧༩ ཨ་བྱམས་རྒྱལ།
    ༨༠ དུག་ཚེར།
    ༼ སྙིང་ཉེ་བའི་དྲ་གྲོགས་ཡོངས་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། ༽

    Reply
  7. གྲགས་པ་རྒྱ་མཚོ། says:
    ལོ་ 13 སྔོན།

    བསེ་རུ་ལགས་ཁྱོད་རང་ག་པར་བཞུགས་ཡོད་དམ། བློ་ལྡན་གྱིས་བྲིས་པའི་ཨ་ཧོ་ཞིག་པ་རྩོམ་ཡིག་དེ། དག་བཅོས་གནང་བར་ཞུ། བརྗོད་བྱ་གང་ཡིན་རྟོགས་ཐུབ་ཀྱི་མི་འདུག

    Reply
  8. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 13 སྔོན།

    དེ་ལྟ་བུའི་བགྲོ་གླེང་ཡང་ཡང་བྱ་ཐུབ་ན་བཟང་། འོན་ཀྱང་བརྗོད་གཞི་གཏན་འཁེལ་པ་བཟོ་ནས་ཉིན་ཤས་སྔོན་ས་གསལ་བསྒྲགས་བྱ་དགོས་ཀྱི་འདུག

    Reply
  9. སྨོན་ལམ་མཐར་ཕྱིན། says:
    ལོ་ 13 སྔོན།

    ནོར། གོང་དུ་ངསར་འགྱུར་ནང་
    བཅོས། གོང་དུ་གསར་འགྱུར་ནང་

    Reply
  10. སྨོན་ལམ་མཐར་ཕྱིན། says:
    ལོ་ 13 སྔོན།

    གསར་འགོད་པ་ལགས། གོང་དུ་ངསར་འགྱུར་ནང་《ལྗང་རླུང་རྩོམ་སྒྲིག་པ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༡༠ ཉིན་》ཞེས་པ་དེ་ནོར་བ་རེད།

    Reply
  11. སྨྱུག་སྡོང་། says:
    ལོ་ 13 སྔོན།

    བགྲོ་གླེང་གི་གཙོ་སྐྱོང་བ་དང་ཚོགས་མི་ཚང་མ་ལ་སྙིང་ཐག་པ་ནས་འཚམས་འདྲི་དང་དགའ་བསུ་ཞུ་རྒྱུ་ཡིན། མུ་མཐུད་ནས་དེ་འདྲའི་བགྲོ་གླེང་གནང་རྒྱུ་དང་ཚོགས་ཞུགས་གནང་རྒྱུའི་འབོད་སྐུར་ཞུ་གི་ཡོད།
    འོན་ཀྱང་བཀྲ་ཤིས་པའི་འོ་མའི་རྒྱ་མཚོའི་ནང་དུ་དྲ་དཔོན་ཟེར་བས་ཐོག་དང་པོར་རྙོག་ཁྲའི་ཁྲག་དམར་བཏབ་འདུག་པར་བལྟས་ན་ཁོ་བོར་བགྲོ་གླེང་འདི་དང་། ཡང་ན་དྲ་རྒྱ་འདི། ཡང་བརྗོད་གཞི་འདི་ལ་ཕྲག་དོག་གམ་སྙིང་ནད་ཅིག་ཡོད་འདྲ།

    Reply
  12. བློ་ལྡན། says:
    ལོ་ 13 སྔོན།

    ཨ་ཧོ། ་བོད་ཀྱི་ཤེས་རིག་གི་མཁའ་དབུགས་འདི་འདྲའི་གྲྭ་བ་གྲྭ་ལོག་འགའ་ཞིག་གིས་གླེང་དགོས་པར་ཐུག་པ་འདི་ཇི་འདྲས་སྐྱོ་ནི་ཞིག་རེད།
    འདི་ཚོའོ་ཁ་གདུག་ཅི་འདྲའི་རྫོབ། འདི་ཚོའི་བསམ་བློ་ཅི་འདྲའི་བཙོག
    ད་ནི་འུ་ཚང་གི་ཡོད་ཚད་ནུབ་པའི་དུས་ཡིན་པ་འདྲ། ལྷག་གྲྭ་ཁྱི་འདི་ཚོས་གླེང་རྒྱུ་ཅི་ཡང་མ་རྙེད་ པར་རྒྱལ་བ་དོན་གྱི་བདག་པོ་ཚོང་རྫས་ལ་བཤམས་ཁུལ་བྱས་ཏེ་ཉ་ཉོག་ཡོད་ཚད་བསྲེས་འདུག འདི་ནི་མ་གཞི་ནས་གྲྭ་བ་དང་གྲྭ་ལོག་གི་རིག་གནས་ཐོན་རྫས་རང་རེད། ག

    Reply
  13. བསེ་རུ། says:
    ལོ་ 13 སྔོན།

    གཡང་མདའ་ལགས།
    ང་རང་གསུང་ཆོས་ཞུ་བར་བཅར་སྟབས། དྲ་ངོས་སུ་བཅར་ཐབས་བྲལ། དེའི་རིང་ཡིག་ནོར་ཁག་ལ་ཞུ་དག་གཏོང་ཐབས་མ་བྱུང་ཡང་སྐུ་ཉིད་ཀྱིས་འདིར་ཡིག་ནོར་གང་གཟིགས་པ་དེ་ཟུར་འདོན་དང་དག་བཅོས་གནང་འདུག་པས།
    བཀའ་དྲིན་ཆེ། འདི་ནི་གངས་ཅན་པའི་སྐད་ཡིག་ལ་བཅངས་པའི་བརྩེ་སེམས་ཤིག་ལ་ཁོ་བོས་འདོད།།

    Reply
  14. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 13 སྔོན།

    ཐེངས་དེའི་བགྲོ་གླེ་གཙོ་སྐྱོང་བ་དང་ཚོགས་མི་བཅས་ཚང་མས་གསར་གཏོད་ཀྱི་ལམ་ཆེན་ཞིག་བཙུགས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ།
    ད་དུང་མུ་མཐུད་བརྗོད་གཞི་འདྲ་མིན་གྱི་ཐོག་དེ་ལྟར་གནང་རོགས་ཞེས་ཞུ་འདོད་བྱུང་།
    ཐུགས་རྗེ་ཆེ།

    Reply
  15. གཡང་མདའ། says:
    ལོ་ 13 སྔོན།

    འགྱོན་ཐང་། འབྱོན་ཐང་། དཔའ་ངོམ།དཔའ་ངོམས། ཁྲིམས་སྟུག། ཁྲིམས་གཏུགས།མགོ་ནས་འཇུག་བར།མགོ་ནས་མཇུག་བར།རང་གཤེས། རང་གཤིས།གནད་ལུགས། གནས་ལུགས།

    Reply
  16. གཡང་མདའ། says:
    ལོ་ 13 སྔོན།

    དྲ་གྲོགས་དྲ་དཔོན་ལགས།
    ཡིག་ནོར་མང་པོ་འདུག་དག་བཅོས་བྱེད་རྒྱུ་ཡིན། འདུན་བསྐྱོད། མདུན་བསྐྱོད། མི་སྐྱུས་མ། མི་དཀྱུས་མ། བརྩད་རྙོག། རྩོད་རྙོག། དངོན་གནས། དངོས་གནས། སྐྱར་གསོ། བསྐྱར་གསོ། རྫུས་མ། རྫུན་མ། འཁྲིག་འཛིན། མཁྲེགས་འཛིན། ཨུ་ཚུད། ཨུ་ཚུགས། ཁོང་སུ་གཏོགས། ཁོངས་སུ་གཏོགས།མཁྱིན་པ། མཁྱེན་པ།

    Reply
  17. དྲ་དཔོན་ says:
    ལོ་ 13 སྔོན།

    འདི་ན་ཕེབས་པའི་དྲ་གྲོགས་ཨ་མདོ་བ་ཆོས་བཟང་སོགས་ལ་གསལ་བཤད་ཅིག་ཞུ་རྒྱུ་ཡོད་་་་གོང་ཏུ་དྲ་གྲོགས་སྐར་ཁྲི་བཙན་གྱི་གསུངས་པ་བཞིན་ང་ནི་བོད་ཀྱི་བང་ཆེན་རྩམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་མིན་་་་་་་་་་་དྲ་གྲོགས་འགའ་རེའི་ཆོལ་ཁའི་སྐད་ཆ་ཞིག་འདྲེས་ནས་གསུངས་འདུག་པས་ངའི་རེ་བར་བཟོད་སེམས་གནང་རོགསཞུ་་་་་བོད་ཁམས་སྤྱི་དང་མཐའ་ན་སོ་སོ་ལ་བདེ་སྐྱེད་དགོས་ན་གཅིག་སྒྲིག་ནི་བདེ་སྐྱེད་ཀྱི་འབྱུང་རྩ་ཡིན་པ་ཤེས་དགོས་པས་་་་གོང་ཏུ་ངས་བྲིས་པའི་ནང་དོན་དེར་རྩ་བས་ཚུལ་ཁྲིམས་འོད་ཟེར་ཁོང་སྐུ་ཉིད་ལ་བཏང་བའི་ཡིག་གེ་ཞིག་ལས་གནད་ལུག་གཞན་འདྲེས་པའི་ནང་དོན་ཞིག་མིན་དེ་ཡང་ཁྱེད་རྣམས་པས་འཐེན་ཁྱེར་མེད་པ་དྲང་པོའི་ལམ་ནས་གཟིགས་ན་ཡིག་ནོར་གང་ཞིག་ཡོད་ན་ཡང་ཤེས་དགོས་པའི་གནས་ལུགས་མང་པོ་ཡོད་འདས་ཟིན་པའི་བོད་ཀྱི་སྐུ་ངོས་དང་ད་ལྟའི་སྐུ་ངོས་གཉིས་ཀྱི་བར་ཁྱེད་པ་ནམ་ཡང་མ་བྱུང་ན་་་་་་་་་་་བོད་ཀྱི་རྩ་དོན་རང་བཙན་དང་དབུ་མའི་ལམ་ཟེར་བ་དེར་རྨི་ལམ་ནང་གི་རྨི་ལམ་རེད་་་་་་་་་་་་གནས་སྟངས་འདི་འདྲ་ལ་བརྟེན་ནས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ཇུས་སྔར་ལས་ཇེ་དམ་གྱི་འགྱུར་བ་གང་མང་ཞིག་སོང་ཡོད་པ་མཁྱིན་དགོས་ངེས་རེད་་ད་བར་ངས་བོད་མིའི་སྤྱི་ཚོགས་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་མ་བཟོ་ན་དགའ་ཚུལ་བཤད་མྱོང་བ་ལས་དོན་དམ་པར་སོ་སོ་སྐྱེ་བོ་ཞིག་གི་ངོས་ནས་ཉོས་མོང་མ་སྤང་ན་དེའི་དབང་གི་ཉེས་པ་ཡོང་བ་ལ་དགག་པ་རྒྱབ་ཐབ་བྲེལ་བས་དེ་འདྲ་ནམ་ཡང་ཞུ་གི་མེད་་་་འོན་ཀྱང་ང་རང་འཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དགེ་མཚན་ལ་བསམ་ཞིབ་དགོས་ལ་ཕན་གནོད་ལ་དེ་བས་བསམ་བློ་བཏང་དགོས་་་་་་་་་་ཚན་མའི་རིགས་ལམ་ཁྲོད་དུ་ཡོད་པ་བཞིན་སྤྱི་ཡི་སྟོང་བ་ངེས་ན་བྱེ་བྲག་གི་སྟོང་བ་ངེས་པས་ཁྱབ་པས་་་་ནམ་ཞིག་བོད་གཞུང་ལ་མ་འགྲིག་པ་འདྲ་བྱུང་ན་་་་་་་་སྡ་ས་ཡོད་པའི་དབུས་གཙང་རྒྱུན་ལས་དང་་་་་་་་་ཨ་མདོའི་རྒྱུན་ལས་་་་་ཁམས་པའི་རྒྱུན་ལས་སོགས་ལ་བདེ་སྐྱེད་གྱི་ཉི་མ་ནུབ་ནས་ཤར་ན་མ་རྟོགས་་དུས་དེ་ནས་འཇུག་སྒྲིག་ངེས་རེད་་་་་་་་བོད་རིགས་རྣམས་ལ་རང་གཤེས་ངན་པ་ཞིག་ཡོད་པ་དེ་བོད་པ་ཞིག་གི་མ་འགྲིག་པ་གང་ཞིག་བྱུང་ན་གྲོས་འཆར་དང་འབྲེལ་མོའི་ལམ་ནས་གསལ་ཐབས་མེད་པ་དཔའ་ངོམ་དང་ཁྲིམས་སྟུག་གྱི་མགོ་ནས་འཇུག་བར་དོན་ཆུང་ལ་དོན་ཆགས་པ་ཐེངས་རེ་གཉིས་མིན་་་ངས་དུས་རྒྱུན་བཤད་གྱི་ཡོད་་་་་ཨ་མདོ་བ་འཚོ་ལ་འགྱོན་ཐང་ཡོད་ན་དེ་སྔོན་བལ་ཡུལ་དབུས་སྣེ་ལེན་ཁང་ཏུ་བོད་ཨ་མདོ་མི་བཟང་ཞིག་སྐྱབས་བཅོལ་དུ་འབྱོར་ནས་ཉིན་གྲངས་འགའ་རྗེས་སུ་བལ་དམག་གི་གཙན་དབང་ཁོ་ནས་རྒྱ་ནག་ལ་རྩིས་སྤྲོད་དེ་མཐར་དམར་གསོདབཏང་འདུག་པས་་་་་་་གནས་ཚུལ་དེ་འཚོ་མ་གོ་མདོག་མདོག་བྱེད་ན་ཡག་པོ་མ་རེད་་་་་་་་དེ་བཞིན་དབུས་པ་དང་ཁམས་པ་འཚོའི་ཀྱང་གནས་ཚུལ་དེ་འདྲ་དང་གནས་སྟངས་དེ་འདྲ་ཐུབ་དུས་་་་་་་་བོད་གཞུང་ལ་ཞུས་ན་གང་དགའ་ཟེར་གྱི་འདུག་པ་ལས་མཐའ་ན་སྡ་སའི་་་་་་རྒྱ་གར་ཁ་ལོ་བ་འཚོ་ལ་ཁ་གཏད་བཅར་ནུས་པ་དང་ཐུབ་མཁན་མེད་པ་དྲང་མོ་ཡིན་་་་་་་་་་་་་་་་་་་་་་་་་་་ད་ཡོད་མདོག་བྱེད་ན་གནོད་པ་ལས་ཕན་ཐོག་མི་འདུག་

    Reply
  18. ཐུབ་བསྟན། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམ་ལ་དུས་བཟང་ཁྱད་པར་ཅན་གྱི་བགྲོ་གླེང་གི་གོ་སྐབས་འདི་བཟུང་ནས་འཚམས་འདྲི་དང་གོ་སྒྲིག་པ་ཁོང་ལ་ཡང་བཀའ་དྲིན་ཆེ་ཞུ།

    འདི་ལྟ་བུའི་སྐལ་བཟང་དུས་བཟང་གི་སྐབས་འདིར་ཡང་གོང་དུ་དྲ་དཔོན་ཟེར་བ་ཞིག་གི་སྤྱི་ཚོགས་འཆར་གཏམ་ཁུངས་མེད་སྤེལ་འདི་ག་འདྲ་འདུག།

    སོ་སོའི་སྣང་བ་མ་སོང་པ་དེ་ཚོ་ལ་སྐྱོན་འཛུགས་བྱེད་རྒྱུ་ཁོ་ན་ལས་མི་ངན་འདི་རིགས་ལ་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་བསམ་བློ་གང་ཡང་ཡོད་པ་མ་རེད།

    ཤེས་འཇོན་ལྷག་བསམ་དང་དྲང་ཚུགས་ལྡན་པ་སྐུ་ཞབས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་གི་རྐང་པ་ནས་མར་དྲ་དཔོན་ཟེར་བའི་མི་ངན་འདིས་འཐེན་སྟངས་ལ་ང་ཚོས་ཞིབ་ཏུ་ལྟོས་དང།རང་ཉིད་ལ་ཤེས་ཡོན་གང་ཡོད་གོང་གི་ཡིག་སྐྱོན་གཡག་འདྲ་བས་གང་བསྡད་པ་འདི་རེད།

    ངས་གོ་སྐབས་འདི་བརྒྱུད་ནས་སྐུ་ཞབས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་ལ་འཚམས་འདྲི་བཅས།རང་རེའི་སྤྱི་ཚོགས་གང་འདྲ་ཡིན་མིན་སྐུ་ཉིད་ཀྱིས་མཁྱེན་བཞིན་པ་རེད།གོང་གི་ཁུངས་མེད་ཀྱི་འཆལ་གཏམ་དེའི་རིགས་ལ་སྣང་མེད་ཀྱིས་སྐུ་ཉིད་ཀྱིས་མུ་མཐུད་ད་སྔོན་ལྟར་ཉམས་ཐག་ལ་རོགས་ཕན་དང།རླབས་ཆེན་གྱི་ཕྱག་ལས་གནང་བར་མཁྱེན། ཞེས་སྙིང་ཐག་པ་ནས་རེ་བསྐུལ་ཞུ་བཞིན་ཡོད།

    སྐབས་དོན་དང་མ་འབྲེལ་བའི་གོང་གི་དྲ་དཔོན་ཟེར་བའི་སྐྱོན་འཛུགས་དེ་ཚོ་ངོ་ཚ་མེད་པའི་འཆལ་གཏམ་རང་རེད།
    དྲ་ཚོགས་ང་ཚོའི་སྤྱི་ཚོགས་འདི་འདྲ་རེད་ཨཱ།

    Reply
  19. ཆོས་བཟང་། says:
    ལོ་ 13 སྔོན།

    དྲ་གྲོགས་Gyamtsoལགས།
    ངས་གསེར་རྟ་ཚུལ་ཁྲིམས་ཕ་ཡུལ་ནས་དགོས་སྐོས་རེད་ཞུས་མེད།
    དགེ་སྐོས་རེད་འདུག་ཞུས་པ་ཡིན།
    སྐབས་དེར་ཁོང་དགེ་སློང་ཡང་ཡིན་འདུག
    སྤྱི་ཟླ་གསུམ་པའི་གྲོས་ཚོགས་ཀྱི་ཆེད་དུ་དགེ་སྐོས་སོགས་དགོས་ཐག་ཆོད་རེད།ཚུལ་ཁྲིམས་ལགས་ཀྱི་གཟུགས་སྟོབས་ཀྱིས་འགྲིག་འདུག།སྤྱི་འཐུས་ཚང་མ་ཞེད་ས་ཞིག་དགོས་ངེས་རེད།

    Reply
  20. ཆོས་བཟང་། says:
    ལོ་ 13 སྔོན།

    དེ་ཧ་ཅང་ཧག་པོ་རེད།
    ཡིན་ན་ཡང་གྲྭ་བ་བྱེད་དགོས་པ་རེད།

    Reply
  21. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    གོང་གི་དྲ་དཔོན་གསེར་རྟ་ཚུལ་ཁྲིམས་ཡིན་རྒྱུ་མ་རེད། ཡིག་ནོར་མང་ནོ་ལྟ་ན་མ་རེད།

    Reply
  22. GYAMTSO says:
    ལོ་ 13 སྔོན།

    ཧ་ཅང་གཏམ་བཟང་རེད་ད།་་་་གསེར་རྟ་ཚུལ་ཁྲིམས་འདི།་་་་་་ཕ་ཡུལ་ནས་དགོས་སྐོས་བྱས་མྱོང་ཡོད་ན་སྤྱི་ཟླ་གསུམ་པའི་གྲོས་ཚོགས་སྐབས་སུ་ཁོ་དམིགས་བསལ་གྱི་དགོ་སྐོས་ལ་བཞག་ན་ཕལ་ཆེར་ཡག་པོ་ཡོང་གི་མ་རེད་དམ།་

    Reply
  23. གྲགས་པ་རྒྱ་མཚོ། says:
    ལོ་ 13 སྔོན།

    བགྲོ་གླེང་དེར་ཕྲན་ཞུགས་འདོད་ཧ་ཅང་ཆེ་ཡང་བགྲོ་གླེང་གནང་ཡུལ་མ་ཤེས་པར་ལྷག་སོང་། འོན་ཀྱང་འགྱོད་པ་བྱེད་ན་ཕན་ཐུབ་མི་འདུག ཆོས་བཟང་ལགས་གོང་གི་དྲྭ་དཔོན་ཟེར་བ་དེ་གསེར་རྟ་ཚུལ་ཁྲིམས་མ་ཡིན་པ་ཡི་གེ་བྲིས་སྟངས་ལ་ཧ་གོ་ངེས། གསེར་རྟ་ཚུལ་ཁྲིམས་ཀྱི་བྲིས་པའི་ཡི་གེ་གཞན་ལ་གཟིགས་དང་འདི་གཉིས་ཀྱི་ཕྲད་དང་རྣམ་དབྱེ་དག་ཆ་སོགས་གང་གི་འཐད་ནས་འདྲ་བ་མི་འདུག གཞན་པ་དཀྲུག་ཤིག་རྒྱབ་མཁན་ཞིག་ཡིན་པ་ཐག་ཆོད། ཆོས་བཟང་ཁྱོད་རང་གིས་དེ་ལ་ཐེ་ཇུས་བྱེད་དགོས་དོན་གང་ཡོད་གཡོགས་ཤོག དེ་ལས་སྐབས་བབས་ཀྱི་བརྗོད་གཞིར་ཕེབས་ན་ལེགས།

    Reply
  24. ཆོས་བཟང་། says:
    ལོ་ 13 སྔོན།

    དྲ་གྲོགས་བོན་རྒྱ་བསྟན་འཛིན་རབ་རྒྱས་གཙོས་ཚུལ་མཐུན་གྱིས་བགྲོ་གླེང་ནང་ཞུགས་མཁན་ཚང་མར་སྙིང་ནས་ཐུགས་རྗེ་ཆེ་ཞུ།
    རེ་ཟུང་གིས་དུས་བཟང་འདིར་ཡང་འབྲེལ་མེད་དོན་གཞན་གྱི་དཀྲུགས་གཏམ་སྤེལ་བཞིན་འདུག།
    དཔེར་ན་གོང་གི་དྲ་དཔོན་ཟེར་བ་ལྟ་བུ་འདི་རེད།
    ཁོས་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ཐོག་ཧ་ཅང་སྡེང་པོ་བྱེད་ཀྱི་འདུག
    དྲ་དཔོན་ཟེར་བ་འདི་ཡིན་པ་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་པ་ཆོལ་ལོག་ལྟ་ལོག་གྲྭ་ལོག་གསེར་རྟ་ཚུལ་ཁྲིམས་ཟེར་བའི་ཁམས་པ་རྫུན་མ་བརྒྱག་པ་དེ་རེད།

    དེ་སྔོན་ཕ་ཡུལ་དུ་ཡོད་སྐབས་ཁོ་རང་མགོ་ལོག་གསེར་རྟ་དགོན་པའི་དགེ་སྐོས་བྱེད་མྱོང་ཡོད་འདུག་པས་དགེ་སྐོས་ཀྱི་ལག་འཁྱེར་ཡོད་ས་རེད།

    རྒྱ་གར་དུ་འབྱོར་རྗེས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་དང།

    ཀིརྟི་རིན་པོ་ཆེ་སོགས་བླ་ཆེན་མང་པོ་དབུ་སྐོར་བཏང་སྟེ།ཞལ་འདེབས་གང་མང་བསྡུ་རབས་བྱས་འདུག།

    Reply
  25. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    དྲ་ཐོག་གི་བགྲོ་གླེང་བཀོད་སྒྲིག་བྱེད་མཁན་རྣམས་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
    ང་ཚོ་ས་ཐག་རིང་ཡང་སེམས་ཐག་ཉེ་བོ་ཡིན། མདང་དགོང་ཁྱེད་ཚོའི་མཉམ་དུ་བགྲོ་གླེང་ཡག་པོ་ཞིག་བྱེད་ཐུབ་སོང་།
    དེ་ལ་ད་དུང་ཡང་སྤྲོ་ནས་ཡོད། སེམས་ཀྱི་ཟབ་ས་ཞིག་ན་སྤྲོ་སྣང་དེ་མ་ཡལ་བར་ཡོད།
    ངེད་ཀྱི་བསམ་ཚུལ་ལ། མ་འོངས་བར་དྲ་ཐོག་ནས་བགྲོ་གླེང་དེ་འདྲའི་རིགས་བཀོད་སྒྲིག་བྱེད་ན།
    ཁྱིམ་ཚང་སློབ་གསོའམ་བྱིས་བའི་སློབ་གསོའི་སྐོར་གཅིག་དང་ཡང་ན་བོད་རིགས་བུད་མེད་ཚོའི་གནས་སྟངས་ཀྱི་སྐོར་གཉིས་ཀྱི་གང་རུང་ཞིག་ལ་བགྲོ་གླེང་བྱེད་ཐུབ་ན་ཧ་ཅང་ཡག་གི་འདོད།
    བཀོད་སྒྲིག་བྱེད་མཁན་དེ་ཡང་རབ་བྱུང་ན་། དྲ་ཐོག་གི་བུད་མེད་ཟིན་བྲིས་བ་ཚོས་འགན་ལེན་ཐུབ་ན་ཡག་པོ་འདུག དེ་ཙམ་ཡིན།

    Reply
  26. དྲ་དཔོན་ says:
    ལོ་ 13 སྔོན།

    ནོར་བཅོས་་་་་་་་་་་གདན་ཆེན་པོ་་་་་་ཟེར་བ་་་་་་་་་གདན་ས་ཆེན་པའི་ནང་་བཅོས་རོགས་ཞུ་

    Reply
  27. དྲ་དཔོན་ says:
    ལོ་ 13 སྔོན།

    དངོས་གནས་དེ་ཡག་པོ་འདུག་ཡར་རྒྱས་ཀྱི་ཁ་ཕྱོགས་གསར་པ་ཞིག་ལམ་སྟོན་གནང་བ་རེད་ལ་དེ་ནི་དེངས་རབས་དང་མཐུན་པའི་བོད་མི་རིགས་ཀྱི་སྐད་ཡིག་གི་ཚེ་སྲོག་ལ་མགོན་སྐྱབས་བྱེད་པ་ཡིན་པས་དེ་ཡོད་དྲ་གྲོགས་ཡོངས་ལ་འཚམས་འདྲི་ཞུ་བ་དང་ཉིན་དེར་ང་རང་ལས་དོན་ཞིག་གིས་བྲེལ་བས་ངོ་སྐྱར་ཐུབ་མ་སོང་བས་དགོངས་དག་ཞུ་་་་་་་་་འོན་ཀྱང་མ་འོངས་པ་ཡིན་ན་ཡང་དྲ་གྲོགས་ཁྱེད་རྣམས་པས་དགེ་མཚན་ཆེ་གཟིགས་གྱི་འདུན་བསྐྱོད་གྱི་གོམ་ཁ་ག་འདྲ་ཞིག་གི་ངོར་བརྒྱུར་དགོས་མིན་གྱི་ཐུགས་ཞིབ་གནང་རོགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡
    གཤམ་ཏུ་དེ་སྔོན་ངའི་གྲོགས་པོ་རྙིང་པ་ཚུལ་ཁྲིམས་འོད་ཟེར་ལགས་སུ་ཕུལབའི་གཏམ་ཡིག་ཞིག་བསྐོད་འདོད་བྱུང་དྲ་གྲོགས་རྣམས་ཀྱི་དགོས་པ་དང་རྒྱུ་མཚན་ཞིག་གཟིགས་ན་ཐེངས་གཅིག་ཀློག་རོགས་ཞུ་་་་འོན་ཀྱང་འདི་ནི་ང་རང་གཉིས་སྒེར་གྱི་བཏང་ཡིག་ཙམ་ལས་ཕྱོགས་གཞན་གྱི་རྣམས་པ་འདྲེས་མེད་ཅེས་ཞུ་རྒྱུ་ཡིན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    ཚུལ་ཁྲིམས་འོད་ཟེར་ལགས་
    སྐུ་ཉིད་བོད་རིགས་གཙང་མ་ཞིག་ཡིན་ན་ང་རང་གི་ལྟ་སྟངས་ལ་ཁམས་དང་ཨ་མདོ་གང་གི་ཁོང་སུ་ཡིན་མིན་ལ་ཁྱད་པ་གང་ཡང་མ་མཐོང་་་་་སྤྱི་ཡི་ཆ་ནས་རང་ཉིད་ལ་མཚོན་ན་ཤེས་འགྱོན་གང་ཡང་མེད་ཀྱང་དུས་རྒྱུན་ཏུ་བོད་སྤྱི་དོན་ལ་བསམ་ཞིབ་གནང་མཁན་ཞིག་ཁུལ་ཡིན་་་་་་་་དེ་ནི་ཁྱེད་ཀྱི་མཁྱིན་གསལ་རེད་་་་་་་་དེ་འདྲ་ཡིན་དུས་གདན་ཆེན་པོའི་ནང་གཉམ་གཤིག་བྱེད་མྱོང་ལ་ཕར་ཚུལ་ཐུགས་རྒྱུས་ཡོད་པའི་གྲོགས་པོ་ངས་དེ་རིང་འདིར་གཏམ་བཤད་ཚིག་ཅིག་གཉིས་ཞིག་ཞུས་འདོད་བྱུང་་་་་་་དེ་ཡང་རང་གིས་དངོས་སུ་མཐོང་ཐོས་བྱུང་བའི་འདས་ཟིན་པའི་ཁྱེད་ཀྱི་ལག་རྗེས་ཆེན་པོ་རེ་རེ་བཞིན་བརྗོད་འདོད་མེད་ཀྱང་ངའི་རེ་བ་ལ་སོ་སོ་རང་ཉིད་བོད་རིགས་ཡིན་པའི་འདུ་ཤེས་ཞིག་ཡོད་ན་དང་པོ་རང་སྐྱོན་རང་གི་ཤེས་ནས་སྔར་བྱེས་ལ་འགྱོད་སེམས་དང་མ་འོངས་གྲ་བ་ཚུལ་མཐུན་ཞིག་ཁག་པོ་རེད་ཏེ་བོད་མི་སྐྱུས་མ་གཞན་དང་འདྲ་བར་མཐའ་ན་རྐུ་མི་བྱེད་རྒྱུ་སོགས་བོད་བསྟན་པ་ཆབ་སྲིད་གྱི་ལམ་ལ་གནོད་པའི་ལས་དོན་མ་རྩམ་ན་བཟང་་་་་་་་་་དེ་ཡང་ཁྱེད་རང་ལོ་མང་སྔོན་ནས་འཇམ་དབྱངས་དགོན་ཆོས་ལ་འགྲོ་སྐབས་ངའི་ངོ་ཤེས་རྙིང་པ་ཞིག་རེད་་་་སྐབས་དེར་ཁྱེད་ཀྱི་ཨུ་ཚུད་གྱི་རྟག་གསལ་རྫོགས་རྒྱུ་མེད་པ་ཞིག་བཏང་བཞིན་འདུག་པ་དང་གོ་རྒྱུ་མེད་པའམ་སྐབས་དོན་འབྲེལ་མེད་གླིང་བཞིན་པའི་དམ་བཅའ་བཞག་པ་ཡང་མཐོང་སོང་་་་་་་་་་་་མ་ཚད་ང་གཉིང་བརྩོད་རྡ་སྒྲིག་ཐེངས་རེ་གཉིས་མིན་་་་་དེ་འདྲ་སོང་ཙང་ཁྱེད་རང་གཞུང་ཆེན་སྦྱང་མཁན་འདྲ་བའི་རིགས་ལམ་མེད་པ་ནི་སོ་སོ་རང་ཉིད་ཀྱི་གོ་དགོས་ཚོད་ཡིན་་་མ་གཞི་ཁྱོད་ཀྱི་དྲིན་སོས་ན་དེ་དུས་མི་མང་པོའི་ཁྱེད་ལ་སྨད་ཚིག་ག་ཚོད་བགྲང་སོང་་་་་་་དགོངས་དག་འདི་ནི་མི་དགོས་པའི་གཏམ་ཞིག་རེད་ཟེར་ན་ཆོག་་་་་་་་་་་་རྒྱུ་མཙན་ནི་ད་ཁྱེད་རང་ཆོལ་ཁའི་བརྩོད་རྙོག་གྱི་ཤེས་ཡོན་ལག་ཁྱེར་འོག་དབུས་བོད་མི་མང་སྤྱི་མཐུས་འོས་འདེབས་བྱུང་བ་ཞིག་ཡིན་པས་་་ནང་ཆོས་སློབ་གཉེར་བྱེད་མཁན་དེ་སྔོན་གྲ་བ་ཨུ་ཚུག་ཅན་དེ་ད་འཆར་དབུས་གྲོས་ཚོགས་ནང་དུ་ཆོལ་ཁའི་བརྩོད་རྙོག་སྒུག་བཞིན་པའི་སྐུ་ངོ་འབྲོག་སྐད་ལས་མི་ཤེས་པའི་སྤྱི་མཐུས་སམ་ཡང་ན་འཁྲིག་འཛིན་གྱི་ལྟ་བ་ཡོད་ལ་ཤེས་འགྱོན་བྲེལ་བའི་སྐུ་ངོ་ཞིག་རེད་་་་་་འདི་དངོས་ཡོད་ཡིན་་་་་་་དེ་སྔོན་མོན་གྷོ་མི་མང་རྣམས་རྒྱ་གར་་གྱི་གྲོང་ཆེར་begalorསོགས་སུ་འགྲོ་དུས་སྐུ་ངོས་ཚུལ་ཁྲིམས་འོད་ཟེར་ཁྱེད་རང་ཕེབས་པ་འདྲ་་་་་་་་་་་ཁྱེད་ཀྱི་གོ་ཡོད་མེད་མི་ཤེས་སྐབས་དེར་ལས་འགུལ་གོ་སྒྲིག་ཞུས་མཁན་ནས་གསུངས་དོན་དངོས་གནས་ཤེས་ཡོན་མེད་མཁན་མི་འདི་འདྲ་འོས་ཕན་ན་་་་་་་་་་་བོད་རིགས་མི་མང་ལ་ཕན་ཐོག་ག་རེ་འདུག་་་་་་་་་་་་་ད་དུང་རྒྱ་གར་དཔོན་པོ་དེ་འདྲ་འདིར་་ཕེབས་ན་ཁོང་བོད་མི་མང་སྤྱི་མཐུས་རེད་ཟེར་ན་ངོ་འཚར་པོ་འདུག་་དེ་འདྲ་མ་ཟེར་ན་འགྲིག་གི་མ་རེད་ཅེས་བཤད་གྱི་འདུག་་་་་་་་་་་མ་གཞི་དབྱིན་སྐད་གཅིག་པོ་མ་ཤེས་ན་འགྲིག་གི་རེད་དེ་་་འཛམ་གླིང་ཆེན་པོ་འདིའི་སྒང་གི་སྐད་རིགས་དམའ་ཤོས་གཅིག་ཏེ་འབྲོག་སྐད་ལས་སྐད་རིགས་གཞན་ཤེས་གྱི་མེད་པ་དངོས་ཡོད་རེད་པ་་་་་་་་དྲང་མོ་བཤད་ན་ཁྱོད་ལ་ཐུགས་ཁག་མེད་དེང་སྐབས་བོད་མི་རྣམས་ཀྱི་བཀའ་བློན་ཁྲི་པ་གལ་ཆེན་རྩི་བ་ལས་སྤྱི་མཐུས་ཧ་ལམ་ཁྱི་ཞིག་འོས་འདེབས་བྱུང་ན་འགྲིག་པའི་བཟོ་འདྲ་ཞིག་མཐོང་ནས་འོས་རླུག་གྱི་འདུག་་་་་་་་་དེ་ནི་ཁྱེད་རང་ཆེས་སྐད་གྲགས་ཡོད་པའི་སྐབས་བཅུ་བཞི་པའི་སྤྱི་མཐུས་ཞིག་ཡིན་པའི་ཆ་ནས་སྐབས་དེར་གྲོས་འཆར་འདོན་མཁན་གྱི་དཔུང་སྒྲིག་གྱི་རྣམས་པར་ག་འདྲས་ཞིག་འོག་ནས་དམིགས་ཡུལ་གང་ཞིག་གི་ཆད་དུ་གྲོས་འཆར་དེ་ལྟོན་པ་དང་དགག་སྒྲུབ་གནང་མཁན་གྱི་དབུས་སྤྱི་མཐུས་རྣམས་ཀྱི་གཏམ་བཤད་ག་འདྲ་བྱེད་སོང་ཁྱེད་རང་ཡང་ག་འདྲ་བྱེད་ནས་སུའི་ཕྱོགས་སུ་ལང་ཡོད་་་་་ཁྱེད་རང་གཙོའི་དབུས་སྤྱི་མཐུས་རྣམས་ཀྱི་ནད་རྙིང་སྐྱར་གསོ་བྱེད་པ་ལས་ལམ་འགྲོན་གྱི་གྲོས་འཆར་དེའི་དམིགས་ཡུལ་གསལ་ཤོས་ཞིག་དབུས་གཙངསྐུ་ངོས་ཆེན་པོ་སྤྱི་མཐུས་ཟླ་བ་ཚེ་རེང་ལགས་ཀྱི་གསུངས་སོང་ཁྱེད་ཀྱི་དེ་དུས་དབུས་སྐད་མ་མཁྱིན་པ་ཡིན་ན་དགོངས་དག་ཞུ་རྒྱུ་ཡིན་འོན་ཀྱང་སོ་སོ་གྲ་ཆས་གྱོན་མཁན་ཞིག་ཡིན་དུས་དྲང་པོ་དང་བདེན་པ་ཟེར་བ་དེ་བྱེད་དགོས་པ་ཞིག་རེད་་་་་་་་མ་གཞི་མི་འགའ་རེའི་ཟེར་ན་རྡ་རམ་ས་ལའི་བོད་གཞུང་ལས་བྱེད་མང་ཤོས་དབུས་གཙང་གྱི་ཁོངས་ནས་ཡིན་དུས་སྤྱི་མཐུས་མང་པོ་ཞིག་ལ་དེ་རེང་འདིར་དཀའ་ངལ་རེད་་་་སོ་སོ་རང་ཉིད་ཀྱི་ངོས་ནས་བཤད་ན་རྒྱུ་དང་གོ་གནས་མི་དགོས་མཁན་སུ་ཡོད་ཟེར་་་་་དེ་བདེན་པ་རེད་་་་་འོན་ཀྱང་ཁྱེད་རང་གྲ་པ་རྫུས་མ་དེ་འདྲ་ཞིག་མིན་ན་སྟོན་པས་གསུངས་པའི་འདོད་ཆུང་ཆོག་ཤེས་དངོན་གནས་དེ་བསམ་མི་ཐུབ་ན་ཡང་དེང་སྐབས་གླིང་བཞིན་པའི་གྲ་པ་གྲ་ཀྱང་གྱི་རྣམས་པ་ལྟོན་དེ་དྲང་བདེན་གྱི་གཏམ་བཤད་ཅིག་མི་བྱེད་ན་ཐབ་སྐྱོ་པོ་རེད་་་་་་་མ་ཚད་གོང་གི་གནས་ཚུལ་དེ་བདེན་ན་སྐབས་དེར་ཨ་མདོའི་སྤྱི་མཐུས་བསྟན་འཛིན་མགོན་པོའི་གང་བཤད་པ་དེ་ཁྱེད་གྱི་གོ་ཡོད་ཤག་རེད་་་་བུ་ཕྲུག་ཡོད་པའི་ཕ་རྒན་ཞིག་གི་དེ་འདྲ་གསུངས་ནུས་དུས་་་་་ཁྱེད་རང་དངོས་གནས་སྐབས་བཅུ་བཞི་པའི་སྤྱི་མཐུས་ཐབས་སྐྱོ་ཤོས་དེ་རེད་་་་་་་་་་གལ་ཏེ་ཁྱེད་རང་ཟུར་ཉེས་པ་མི་ལྷག་བསམ་ཅན་ཞིག་ཡིན་ན་ཡང་དྲང་བདེན་གྱི་ལམ་ནས་རང་གི་གང་མཐོང་བ་ཐོས་པ་དེར་སྤྱི་ཚོགས་ཐོག་འགྲེལ་བཤད་ཞིག་དགོས་པ་རེད་་་་

    Reply
  28. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    ང་ཚོའི་བགྲོ་གླེང་ཟེར་བའི་མིང་འདི་ལ་ཁྱེད་ཀྱིས་གདེངས་འཇོགས་གནང་བ་དང་། ལྷག་པར་དུ་མདུན་ངོས་ཀྱི་དྲ་ཐོག་ཏུ་བཀོད་པ་ངས་ང་ཚོ་བཀོད་སྒྲིག་ཚོགས་མི་བརྒྱད་ཀྱི་ཚབ་བྱས་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། དྲ་གྲོགས་ཀུན་གྱིས་དེ་རིང་ཀུ་ཡངས་དཀྱེལ་ཡངས་བྱས་ནས་རང་རང་གི་ལྟ་ཚུལ་བཏོན་པ་ཤིན་ཏུ་ལེགས་སོ།
    ཁ་བྲོ་བཀྲ་ཤིས་ཀྱི་ངང་ནས་བགྲོ་གླེང་གྲོལ་བ་བཟང་ངོ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist