བླ་མ་ཤིང་བཟའ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བརྩམས་པའི་ ༼ སྒེར་གཅོད་ ༽ ཅེས་པའི་དཔེ་དེབ་དེ་ ༢༠༠༩ ལོའི་ཟླ་ ༩ ནང་དཔར་སྐྲུན་འགྲེམ་སྤེལ་བྱས་ཡོད། དཔེ་དེབ་དེའི་ནང་གི་༼ དྲི་ལན་བདེན་པའི་རང་གཏམ ༽ཞེས་པའི་ནང་། རང་གིས་རང་ལ་དྲི་བ་དང་བོད་ཀྱི་དུས་བབ་ཀྱི་དྲི་བ་དྲི་ལན་སོགས་རྩོམ་ཡིག་ ༢ བསྡུས་ཡོད་ལ། ༼ སྙན་རྩོམ་སེམས་ཀྱི་ངུ་ངག ༽ ཅེས་པའི་ཚན་པའི་ནང་། སེམས་ཀྱི་གསལ་སྣང་དང་དད་པའི་འོད་རླབས། སྐྱོབ་ཐུབ་མེད་པའི་བོད་སོགས་བཅད་རྩོམ་ ༡༤ ། ༼ དེང་རྩོམ་རེ་བའི་ངུ་འབོད ༽ ཅེས་པའི་ནང་། དགོད་བྲོ་བའི་ངའི་མི་ཚེ་དང་དཔའ་བོ་ཚོ་ལོག་འགྲོ། ཉིན་འདི་དག་གི་ཚོར་བ་སོགས་རང་མོས་སྙན་རྩོམ་ ༡༧ ། ༼ འབོད་རྩོམ་ཁྲག་གི་བཞུད་ལམ ༽ ཞེས་པའི་ནང་། སྙན་ངག་པ་དང་བསམ་བློ་བའི་བར་ཐག་དང་བོད་ཀྱི་བླ་སྤྲུལ་དག་གི་འགན། སྤྲུལ་སྐུ། ངའི་སེམས་ཀྱི་གཞན་དབང་གི་མི་ཚེ་སྐྱུར་མོ་སོགས་གོ་བདེ་འབོད་རྩོམ་ ༢༥ བཅས་ཚན་པ་བཞིར་བགོས་ཡོད་ལ། ཁྱོན་བསྡོམས་རྩོམ་ཡིག་ ༥༨ དང་ཤོག་ངོས་ ༡༧༤ ཡོད།
དཔེ་དེབ་འདིའི་ཐོག་མའི་གཏམ་དུ་རྩོམ་པ་པོ་ཉིད་ཀྱིས་རེ་སྐུལ་གྱི་ཚུལ་དུ་བཀོད་དོན། དཔེ་དེབ་འདི་རྩོམ་པ་པོས་དགའ་སྡུག་གི་བསམ་གཞིག་དང་རྨི་ལམ་ཁྲོད་ནས་འགྲེམ་སྟོན་བྱེད་མགོ་བརྩམས་པ་ཡིན། དེང་གི་སྐབས་ལུགས་སྲོལ་ངན་པ་ཞིག་ལ་རྩོམ་དེབ་གཅིག་ལ་གླེང་བརྗོད་ཅིག་ཡོད་ལ། དེ་ནི་ཁྱེད་ལ་བསྟོད་པའི་མེ་ཏོག་གི་ཤིས་ཚིག་ཁོ་ན་ཡིན་པའི་ཚུལ་ལུགས་དག་ལ་ཁོ་བོ་གཞལ་དུ་མེད་ཐལ། སེམས་ངོགས་ནས་ཧར་གྱིས་མཆེད་པའི་དཔེ་དེབ་འདི་ལས་མི་རིགས་ཀྱི་ལས་དབང་དམར་རྗེན་དུ་བཀོད་པའི་སྣང་ཚུལ་ཁྱེད་ཀྱིས་ཇ་ཐུན་གཅིག་ལ་གློག་མི་ཉན། བཟི་ཁ་ཆེ།
ཁྱེད་ཀྱི་རྩོམ་ཡིག་འདི་དག་ཀློག་སྐབས་ཀི་འདེབས་འདོད་ན་ཇ་ཐུངས། སྤྲོ་ལངས་ན་ངལ་གསོས། ངུ་འདོད་ན་དགོད། དེ་ལྟར་ཁྱེད་ལ་མངར་སྐྱུར་གྱི་ཚོར་བ་སྦྱིན་ན་དེ་ནི་དཔེ་དེབ་འདིའི་ཤོག་དུག་གི་མངར་ཁ་ཡིན། དེ་ནི་མི་རིགས་འདིའི་གདོན་གྱིས་ཁྱེད་ཀྱི་སེམས་ཁོང་ཡོངས་སུ་བསླུ་སྲིད་པའི་རྟགས་མཚན་ཡིན་ལ། དེ་ནི་རྩོམ་པ་པོ་དང་ཁྱེད་ཀྱི་ཁ་ཕྱོགས་གཅིག་པའི་མི་རིགས་འདིའི་ལྟ་ཚུལ་ཡང་ཡིན། ཡང་གཅིག་བཤད་ན། དཔེ་དེབ་འདི་མགོ་ནས་མཇུག་བར་ཀློག་ཐེངས་གཅིག་གིས་ཁྱེད་ལ་ཚོར་བ་གང་ཡང་མེད་སྲིད། དེ་ནི་ཁྱེད་དང་བདག་གི་བར་ཐག་ཡིན། གང་ལྟར་དཔེ་དེབ་འདི་དལ་གྱིས་ཀློག་ཅིང་། ཞིབ་ཏུ་སོམས། ཞེས་བཀོད་འདུག
དཔེ་དེབ་འདིའི་རྩོམ་པ་པོ་བླ་མ་ཤིང་བཟའ་རིན་པོ་ཆེའམ། སྨྱུག་མིང་འོད་དཀར་ལགས་ནི་མདོ་སྨད་མཚོ་སྔོན་བོང་སྟག་ནས་སྐུ་འཁྲུངས་པ་དང་། ལོ་དགུ་བཟུང་ས་གནས་སློབ་ཆུང་དུ་ཞུགས་ཤིང་། ལོ་བཅུ་གསུམ་སྟེང་༸གོང་ས་མཆོག་གིས་ཤིང་བཟའ་སྤྲུལ་སྐུར་ངོས་འཛིན་བྱས་ཏེ་མདོ་སྨད་ར་རྒྱ་དགོན་དུ་འདོན་དབྱངས་རྟ་སོགས་ལ་སྦྱངས། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ཏེ་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་དུ་ནང་ཆོས་ལ་སློབ་སྦྱོང་བྱས། ༡༩༩༩ ལོར་༼ ཅང་ཤེས་རྨིག་སྒྲ ༽དུས་དེབ་གསར་འཛུགས་དང་དེའི་སློབ་སྟོན་པའི་འགན་ཁུར། ༢༠༠༤ ལོར་༼ ལྷོ་ཕྱོགས་ཕོ་ཉ/ ༽ཚགས་ཤོག་རྒྱ་བསྐྱེད་ཀྱིས་ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་གསར་འཛུགས་དང་སློབ་སྟོན་པའི་འགན་ཁུར། ༢༠༠༦ ལོར་ཁོང་གི་རྩོམ་དེབ་ཐོག་མ་༼ ལས་དབང་དམར་པོ ༽ པར་སྐྲུན་བྱས།
དེང་གི་ཆར་གཞོན་སྐྱེས་ཀྱི་བླ་མ་ནང་ནས་བོད་མིའི་རྩ་དོན་ཐོག་ཕྱགས་ལས་མངོན་གསལ་དུ་གནང་མཁན་ཀྱི་བླ་མ་ཤིང་བཟའ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཐིང་འདིར་བོད་དོན་དང་འབྲེལ་བའི་དཔེ་དེབ་གཅིག་རྩམས་གནང་བ་དེ་གུས་པས་ཐིང་གཅིག་ཀློག་བརྗེས་བོད་མི་ཞིག་གི་སེམས་ཚོར་ཇི་བཞིན་མེ་ལོང་ངོས་སུ་མཐོང་བའི་ཚོར་སྣང་མངོན་བྱུང་བའི་དེབ་དེས་བོད་དོན་ཐོག་ཕན་ཐོག་ཆེན་པོ་ཡོང་བར་ཤེས་རྟོགས་བྱུང།
དེས་རྐྱེན་གྱིས་གུས་པས་རིན་པོ་ཆེ་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་བ་ལགས།།
རྗེས་སུ་མི་མཐུད་བོད་དོན་ཐོག་ལས་འགུལ་དང་དཔེ་དེབ་སོགས་ཡོད་པ་ཞུ།
བཀྲིས་བདེ་ལེགས།
དྲ་གྲོགས་ཚོ། དཔྱོད་ཤེས་ཀྱི་བློ་མིག་ཅིག་བསྣམས་ཏེ། དྲ་ཁང་དུ་ཕེབས་དགོས་པ་ལས།
ཤ་ཁྲག་གཅིག་པའི་བོད་མི་ནང་ཁུལ་འདི་ལྟར་ཁ་སྟོང་ནང་གི་ཚིག་སྟོང་རྩོད་རྒྱུ་ཞིག་ཡོད་དམ།
རིན་བྲལ་གྱི་དུས་ཚོད་འདི་ལྟར་ཡར་དཀྲུག་མར་དཀྲུག་གི་ཐོག་ལ་གཏོང་ནུས་སམ།
ད་བོད་མི་ཞིག་ཡིན་ན་གནས་འདི་ནས་ཀྱང་མཐུན་སྒྲིལ་གྱི་ལག་རྡང་ཞིག་སྦྲེལ་རྒྱུ་ཡོད་པ་རེད།
ངས་གནས་ཚུལ་འདི་རིགས་ལ་ཐེ་བྱུས་བྱེད་ཀྱི་མེད་ཀྱང་། འདི་ལྟར་མི་བཟོད་པར་སྨྱུག་རྩེ་སྐོར་སྟངས་མ་ནོར་བ་གནང་རོགས་ཞེས་ཞུ་འདོད་བྱུང་།
ད་དུང་འདིར་ཚིག་གི་མཚོན་ཆ་བསྣམས་ཏེ་ཕེབས་ན། བཟོད་བསྲན་གྱི་གོ་ཆ་སྤྲད་དེ་གཏི་མུག་གི་མལ་དུ་ཉལ་རྒྱུ་ལས་མ་འདས།།
ཨ་རིག་རྒད་པོ་རྩག་པ་དགའ།།
རྩག་པ་གོང་གཤམ་ཅན་ལ་དགའ།།
གོང་གཤམ་སྤགས་པ་ཡིན་ན་དགའ།།
གཅན་གཟན་སྤགས་པ་ལྷག་པར་དགའ།།
ལྕགས་གི་རྙི་ཟིག་འཇོག་དགོ་གི།
སྟག་གཅིག་ཟིན་ན་གསོད་དགོ་གི།
བསད་ནས་སྤགས་པ་བཤུ་དགོ་གི།
རྩག་པའི་གོང་བ་རྒྱག་དགོ་གི།
((ནོར་བཅོས།))
མཆན་འདི་ནི་གཞན་ཞིག་གིས་བྲིས་པ་མིན་པར་དུས་བབ་ཚང་གི་ཟིན་བྲིས་པ་སྟག་སྨྱོན་ཡིན་པའི་གསལ་བཤད།
“སྟག་སྨྱོན།
༢༠༠༩/༡༠/༢༡ ཉིན་འདོན་སྤེལ་བྱས། ངས་དྲ་ཁང་འདི་ནང་སྤྱི་འཐུས་བེ་རི་དང་འབའ་སྐལ་། སྨོན་ཕྱིན་དང་བསྟན་འགོན། གསེར་རྟ་ཚུལ་ཁྲིམས་གཉིས་བཅས་པའི་སྤྱི་འཐུས་དྲུག་པོས་འདིས་མིང་སྣ་ཚོགས་སྤྱོད་བཞིན་དྲ་ཁང་ལ་ཡོང་ནས་རང་རང་གི་ཞེ་འཁོན་རྩོད་བཞིན་པ་ཚོད་དཔག་ཐུབ་པ་ཞིག་རེད་ཟེར་དོན་ནི། འདིའི་ནང་དུ་དཀྲུགས་ཤིང་རྒྱག་མཁན་ཚོ་བལྟ་རྒྱ་དང་ཐོས་རྒྱའི་ཀློང་ན་འགྱིང་བསྡད་ཡོད་མཁན་ཤ་སྟག་ཡིན་སྟབས་ངས་མདོ་སྟོད་ཀྱི་རྒད་པོ་ཚོ་རེད་བསམ་གྱི་ཡོད། རང་རེ་ཨམ་ཕྲུག་ཚོ་ལ་སྣང་བ་རྒྱག་པ་ཞིག་དང་རང་མོས་སྙན་ངག་རེ་འབྲི་བ་ལས་ཁོང་ཚོ་དང་འདྲ་བའི་ཡོན་ཏན་ཆེན་པོ་མེད་ཙང་ཡིན། ད་དུང་ཨ་མདོའི་མི་ཟེར་བ་དེ་ཡོན་ཏན་མེད་རུང་བརྒྱ་ཆའི་བརྒྱ་བདེན་སྐྱེས་དྲང་རྒས་ཏག་ཏག་ཡིན་པས་མིང་རྫུན་བཀོལ་ནས་སྡུག་ལས་འདི་འདྲ་མི་བྱེད་ཁོ་ཐག་ཡིན་ལ། ཨ་མདོའི་མི་ཞིག་ཡིན་ན་བདེན་སྐྱེ་དྲང་རྒས་ཤིག་ཡིན་པས་ཁྱབ་ཟེར་ནས་ངས་མཆོག་གསུམ་དཔང་དུ་བཞགས་ནས་མནའ་བསྐྱལ་ཆོག ང་གཏན་ནས་ནོར་མེད་དྲན། ”
མཆན་འདི་ནི་གཞན་ཞིག་གིས་བྲིས་པ་དུས་བབ་ཚང་གི་ཟིན་བྲིས་པ་སྟག་སྨྱོན་མ་ཡིན་པའི་གསལ་བཤད།
“སྟག་སྨྱོན།
༢༠༠༩/༡༠/༢༡ ཉིན་འདོན་སྤེལ་བྱས། ངས་དྲ་ཁང་འདི་ནང་སྤྱི་འཐུས་བེ་རི་དང་འབའ་སྐལ་། སྨོན་ཕྱིན་དང་བསྟན་འགོན། གསེར་རྟ་ཚུལ་ཁྲིམས་གཉིས་བཅས་པའི་སྤྱི་འཐུས་དྲུག་པོས་འདིས་མིང་སྣ་ཚོགས་སྤྱོད་བཞིན་དྲ་ཁང་ལ་ཡོང་ནས་རང་རང་གི་ཞེ་འཁོན་རྩོད་བཞིན་པ་ཚོད་དཔག་ཐུབ་པ་ཞིག་རེད་ཟེར་དོན་ནི། འདིའི་ནང་དུ་དཀྲུགས་ཤིང་རྒྱག་མཁན་ཚོ་བལྟ་རྒྱ་དང་ཐོས་རྒྱའི་ཀློང་ན་འགྱིང་བསྡད་ཡོད་མཁན་ཤ་སྟག་ཡིན་སྟབས་ངས་མདོ་སྟོད་ཀྱི་རྒད་པོ་ཚོ་རེད་བསམ་གྱི་ཡོད། རང་རེ་ཨམ་ཕྲུག་ཚོ་ལ་སྣང་བ་རྒྱག་པ་ཞིག་དང་རང་མོས་སྙན་ངག་རེ་འབྲི་བ་ལས་ཁོང་ཚོ་དང་འདྲ་བའི་ཡོན་ཏན་ཆེན་པོ་མེད་ཙང་ཡིན། ད་དུང་ཨ་མདོའི་མི་ཟེར་བ་དེ་ཡོན་ཏན་མེད་རུང་བརྒྱ་ཆའི་བརྒྱ་བདེན་སྐྱེས་དྲང་རྒས་ཏག་ཏག་ཡིན་པས་མིང་རྫུན་བཀོལ་ནས་སྡུག་ལས་འདི་འདྲ་མི་བྱེད་ཁོ་ཐག་ཡིན་ལ། ཨ་མདོའི་མི་ཞིག་ཡིན་ན་བདེན་སྐྱེ་དྲང་རྒས་ཤིག་ཡིན་པས་ཁྱབ་ཟེར་ནས་ངས་མཆོག་གསུམ་དཔང་དུ་བཞགས་ནས་མནའ་བསྐྱལ་ཆོག ང་གཏན་ནས་ནོར་མེད་དྲན། “
ངས་དྲ་ཁང་འདི་ནང་སྤྱི་འཐུས་བེ་རི་དང་འབའ་སྐལ་། སྨོན་ཕྱིན་དང་བསྟན་འགོན། གསེར་རྟ་ཚུལ་ཁྲིམས་གཉིས་བཅས་པའི་སྤྱི་འཐུས་དྲུག་པོས་འདིས་མིང་སྣ་ཚོགས་སྤྱོད་བཞིན་དྲ་ཁང་ལ་ཡོང་ནས་རང་རང་གི་ཞེ་འཁོན་རྩོད་བཞིན་པ་ཚོད་དཔག་ཐུབ་པ་ཞིག་རེད་ཟེར་དོན་ནི། འདིའི་ནང་དུ་དཀྲུགས་ཤིང་རྒྱག་མཁན་ཚོ་བལྟ་རྒྱ་དང་ཐོས་རྒྱའི་ཀློང་ན་འགྱིང་བསྡད་ཡོད་མཁན་ཤ་སྟག་ཡིན་སྟབས་ངས་མདོ་སྟོད་ཀྱི་རྒད་པོ་ཚོ་རེད་བསམ་གྱི་ཡོད། རང་རེ་ཨམ་ཕྲུག་ཚོ་ལ་སྣང་བ་རྒྱག་པ་ཞིག་དང་རང་མོས་སྙན་ངག་རེ་འབྲི་བ་ལས་ཁོང་ཚོ་དང་འདྲ་བའི་ཡོན་ཏན་ཆེན་པོ་མེད་ཙང་ཡིན། ད་དུང་ཨ་མདོའི་མི་ཟེར་བ་དེ་ཡོན་ཏན་མེད་རུང་བརྒྱ་ཆའི་བརྒྱ་བདེན་སྐྱེས་དྲང་རྒས་ཏག་ཏག་ཡིན་པས་མིང་རྫུན་བཀོལ་ནས་སྡུག་ལས་འདི་འདྲ་མི་བྱེད་ཁོ་ཐག་ཡིན་ལ། ཨ་མདོའི་མི་ཞིག་ཡིན་ན་བདེན་སྐྱེ་དྲང་རྒས་ཤིག་ཡིན་པས་ཁྱབ་ཟེར་ནས་ངས་མཆོག་གསུམ་དཔང་དུ་བཞགས་ནས་མནའ་བསྐྱལ་ཆོག ང་གཏན་ནས་ནོར་མེད་དྲན།
དྲ་ཁང་འདི་ནང་སྤྱི་འཐུས་བེ་རི་དང་འབའ་སྐལ་། སྨོན་ཕྱིན་དང་བསྟན་འགོན། གསེར་རྟ་ཚུལ་ཁྲིམས་གཉིས་བཅས་པའི་སྤྱི་འཐུས་དྲུག་པོས་འདིས་མིང་སྣ་ཚོགས་སྤྱོད་བཞིན་དྲ་ཁང་ལ་ཡོང་ནས་རང་རང་གི་ཞེ་འཁོན་རྩོད་བཞིན་པ་ཚོད་དཔག་ཐུབ་པ་ཞིག་རེད། དྲ་ཁང་ནང་འཇིགས་བསྐུལ་བྱེད་མཁན་དང་གཤེ་དམོད་བྱེད་མཁན་ཡང་མང་ཆེ་བ་སྤྱི་འཐུས་འདི་དྲུག་གམ་ལྔ་བོ་ལ་འབྲེལ་དམ་པོ་ཡོད་པའི་དོགས་པ་ཡོད། འབའ་སྐལ་ཕྲན་བུ་དྲགས་ཙམ་མེད་འགྲོ་དྲན། མ་གཞི་གང་ཤེས། གཤིབ་སའི་ཤུགས་རྐྱེན་ཆེ་གི་རེད།
ནོར་བཅོས། སློབ་དཔོན་ཟེར་བ་ཁྱེད་ལ་གནས་སྟངས་འདིས་འགྲིག་ནས་འདོད་པ་ཁེངས་ཀི་ཡོད་ན་འགྲིག་བཞག ཁྱེད་ཀྱི་རེ་འདོད་བཞིན་གཏམ་ཉོག་གི་ལུང་བ་འདི་འདི་མུར་གནས་པའི་རེ་བ་ཡོད།
སློབ་དཔོན་ཟེར་བ་ཁྱེད་ལ་གནས་སྟངས་འགྲིག་ནས་འདོད་པ་ཁེངས་ཀི་ཡོད་ན་འགྲིག་བཞག ཁྱེད་ཀྱི་རེ་འདོད་བཞིན་གཏམ་ཉོག་གི་ལུང་བ་འདི་འདི་མུར་གནས་པའི་རེ་བ་ཡོད།
གཅིག་བྱས་ན་ཨ་རིག་གིས་སྡང་ཟུག་བྱེད་ས་ང་མིན་ཡང་སྲིད། དེ་ལས་ངའི་སྨྱུག་མིང་རྐུ་སྤྱོད་བྱེད་མཁན་དེ་ཡིན་སྲིད། མ་གཞི་ཉེ་སྔོན་ཞིག་ལ་ཁྱེད་ཀྱིས་མཁས་དབང་ཟམ་གདོང་དང་སྟག་སྨྱོན་ཟེར་བའི་ཟིན་རྩོམ་དེའི་ནང་གི་གླེང་བཞིན་པའི་སྟག་སྨྱོན་ཟེར་བ་དེ་བ་གཞན་ཞིག་རེད། དེ་ནི་དུས་བབ་ཚང་ལ་དྲིས་དང་དུས་ཚོད་དང་དགོས་པ་མཐོང་ནས་གསུང་གི་རེད་བསམ། དེ་མིན་ཚིག་པ་གཡག་ལ་ཟོས་ནས་མགོ་ལྕག་རྟ་ལ་བྲབ་པ་ཡིན་ཉེས་པ་ཡོད་སྲིད།
སྐབས་འདིས་སྟག་སྨྱོན་ཟེར་བ་དཔེ་མིང་ཞིག་ཡིན། དེ་ཡང་སྙིང་སྟོབས་ཆེན་པོ་སྟག་རྒོད་ཅིག་དང་འདྲ་བར་འཇིགས་ཞིམ་མེད་པར་སྨྱོན་པ་ལྟར་བགྲོ་གླེང་གི་གནས་ལ་འཇུག་ཐུབ་པའི་དོན་ཡིན་པ་ལ་ལས། སྨྱོན་པ་ལྟར་སྐད་ཅོར་བརྒྱག་པའི་དོན་མ་རེད། མིང་གཅིག་དོན་གྱིས་རྣམ་གྲངས་མང་པོ་ལ་འགྲོ་གི་རེད།
ཨ་རིག་ངའི་སྒང་ལ་ཞེ་ནད་ཅིག་ཡོད་ཚོད་འདུག་ཀྱང་ང་ལ་མི་གནོད། ང་ལ་མི་རེ་གཉིས་ཀྱིས་མ་བཤད་པའི་ཚིག་ངན་གཅིག་ཀྱང་མེད། མི་ལ་འཁོན་སེམས་འཛིན་རྒྱུ་མང་དྲགས་ན་རང་གི་འཕྲོད་བསྟེན་ལ་གནོད་ཚབས་ཆེ་བས། ཨ་རིག་ཡང་རང་གི་སྙིང་གི་བདེ་ཐང་ཆེད་སེམས་ལྷོད་ཙམ་བྱས་ནས་དྲ་ཁང་ཕེབས་ན་བཟང་གི་རེད། ཁྱེད་རང་གི་ཆེད་དུ།
མཁས་དབང་ཧོར་གཙང་འཇིག་མེད་ལགས་ཀྱིས་གང་ཞིག་གི་མིང་ཟུར་ན་སྨྱོན་ཚིག་ཅན་དག་ལ་ཞིབ་ཏུ་དཔྱད་ན་དོན་གྱི་སྨྱོ་ནད་ཅུང་ཡོད་ཅེས་པ་དེ་ཇི་འདྲའི་བདེན་འང་། དཔེ་གཅན་གཟན་སྨྱོན་པ་ལྟ་བུ
སྟག་སྨྱོན་ཟེར་བ་ལགས་
ཁྱེད་རང་དངོས་གནས་མི་མ་རབ་ཞིག་རེད་་་་་་་་་་་་་་ཁྱེད་གྱི་ཟེར་ན་འཇིག་རྟེན་ཐོག་སྟག་སྨྱོན་ཟེར་བའི་མིང་འདི་ཅིག་ལས་ཡོད་མི་ཆོག་པ་དང་ཅིག་དེ་ཁྱེད་རང་ཡིན་པ་བཤད་པ་དེ་ནི་རྒྱ་ནག་གུང་ཁྲན་གིས་ཀྱང་དེངས་སང་མི་བཤད་པའི་ཚིག་ཅིག་མ་རེད་པས་་་་་་་་་་མང་འབྲི་བ་དང་བཤད་ན་ཕན་གྱི་མ་རེད་རྒྱུ་མཚན་ཅིག་རང་ལས་མེད་ན་དགོས་པ་ཡོད་སྒྲུབ་བྱེད་དུ་ཁྱེད་རང་རང་གི་མཁས་ལེན་བྱེད་རྒྱུ་ལས་མེད་སོང་ནི་རེད་
ལུང་རིག་སོགས་འབྲེལ་ཡོད་དྲ་བདག་ཚོས་བསམ་བློ་ཞིབ་མོ་བཏང་ནས་ཐག་གཅད་གནང་རོགས། དེ་མིན་ཁྱེད་རང་གི་ལས་ཀ་མི་གཞན་གྱི་རྩད་སྤྱད་བྱེད་དུ་བཅུག་ན་ནོར་འཁྲུལ་རེད།
དྲ་གྲོགས་གཡང་མདའ་དགེ་རྒན་ཆེ་མོ་དང་དྲ་འབུ་ཁ་ལྕེ་བདེ་མོ་རྣམས་གཉིས་ཀྱི་གོ་སྒྲིག་མ་དགོས་པ་དབུས་གྲོས་ཚོགས་གཉིས་པ་དུས་བབ་ཁང་དུ་ཕྱོགས་ཞེན་གྱི་ལམ་ནས་སྒྲོལ་གླིང་གང་ཐུབ་གནང་བའི་ཚིག་སྔ་ཕྱི་ཚང་མ་གུས་པས་ཐེངས་ཅིག་བཀླག་པ་ཡིན་་་་་་་་ངོ་མ་ཡིན་བོད་ཟེར་བ་དེ་གནས་དང་མ་གནས་ཀྱི་འཚམ་འདིར་ཅིག་སྒྲིག་གྱི་ནུས་པ་དགོས་པ་དེ་དངོས་ཡོད་ཡིན་པས་བོད་རིགས་སྤུན་ཟླ་འཛིན་པའི་བསམ་བློ་ཞིག་ཁྱེར་ནས་གཏམ་བཤད་ཞིག་གནང་ན་བཟང་བ་མཐོང་་་་་་་་་་་དེ་མིན་རྒྱུ་མཚན་ཞིག་ཡོད་ཟེར་ནས་བཤད་ན་སྨྱོན་པ་རེད་་་་་་་་དེའི་འཇུག་འབྲས་གང་ཞིག་བྱུང་བ་ནི་གསལ་པོ་རེད་ ་་་་་་་ཉིན་འཆར་དབུས་སྤྱི་མཐུས་གྲོས་ཚོགས་ནང་མིག་ཤེས་སྐྱིན་མཁན་གྱི་ཨ་མ་སྒྲོལ་མ་འཚོ་མོ་ཟེར་བའི་སྤྱི་མཐུས་དེའི་གྲོས་འཆར་ལ་བརྟེན་ནས་ཆོལ་ཁའི་དབྱིན་དཀྲུགས་ག་ཚོད་བྱེད་སོང་་་་་་་་གནས་ཚུལ་འདི་དག་ལ་གཟིགས་ནས་གཏམ་བཤད་ཞིག་གནང་རོགས་