མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་ལྡན་དགོན་ཕྱག་བཏབས་གནང་ནས་ལོ་ ༦༠༠ འཁོར་བ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ས་གླང་ལོའི་བོད་ཟླ་ ༨ ཚེས་ ༣༠ ཉིན་ནི་རྗེ་ཙོང་ཁ་པ་ཆེན་མོས། འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་གནང་ནས་མི་ལོ་ཧྲིལ་བོ་ ༦༠༠ འཁོར་བ་དང་། ལྷ་ལྡན་སྨོན་ལམ་ཆེན་མོ་གསར་འཛུགས་གནང་ནས་མི་ལོ་ཧྲིལ་བོ་ ༦༠༠ འཁོར་བའི་དུས་ཚིགས་ཀྱི་ཉིན་མོ་ཡིན་འདུག

ཕྱི་ཚེས་ ༡༨ སྟེ། བོད་ཟླ་ ༨ པའི་ཚེས་ ༣༠ ཉིན་ནས་བཟུང་ཉིན་གསུམ་རིང་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབས་གནང་ནས་མི་ལོ་ ༦༠༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཆེན་པོ་ཞིག་དགའ་ལྡན་དགོན་པར་ཚུགས་ཡོད་འདུག

མཛད་སྒོ་དེར་བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་ཁག་གི་མཛད་གཙོ་རྣམས་ཀྱང་མཉམ་ཞུགས་བྱས་ཡོད་པ་མ་ཟད། སྟག་རྩེ་རྫོང་དང་། སྟོད་ལུང་བདེ་ཆེན་རྫོང་། འཕན་པོ་ལྷུན་འགྲུབ་རྫོང་། མལ་དྲོ་གུང་དཀར་རྫོང་། ཆུ་ཤུར་རྫོང་སོགས་ཀྱི་ཡུལ་མི་གཙོས་མདོ་སྟོད་སྨད་ཀྱི་མི་མང་སྟོང་ཕྲག་མང་བོ་ཡང་མཛད་སྒོའི་སྟེང་མཉམ་ཞུགས་བྱས་ཡོད་འདུག

འབྲོག་རི་བོ་དགའ་ལྡན་དགོན་པའི་དུས་དྲན་གྱི་མཛད་སྒོའི་ཉིན་མོ་འདིར། མཆོད་མེ་ཁྲི་མཆོད་དང་། ཡོན་ཆབ་ཁྲི་མཆོད། མེ་ཏོག་ཁྲི་མཆོད། གདུག་སྤོས་ཁྲི་མཆོད་སོགས་ཀྱི་ལམ་ནས་དུས་དྲན་དེར་སྲུང་གཙི་བྱས་ཡོད་པ་དང་། དམིགས་བསལ་གྱིས་མི་མང་གིས་དད་གུས་ཆེན་པོའི་ངང་ནས་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཙུགས་ནས་མི་ལོ་ཧྲིལ་བོ་ ༦༠༠ དང་། ལྷ་ལྡན་སྨོན་ལམ་ཆེན་མོ་གསར་འཛུགས་གནང་ནས་མི་ལོ་ ༦༠༠ འཁོར་བར་སྐྱ་སེར་གཉིས་ཀྱིས་སྲུང་གཙི་རྒྱ་ཆེན་པོ་གནང་ཡོད་འདུག

ཐེངས་འདིའི་དུས་དྲན་འདི་དགའ་ལྡན་དགོན་པ་གཅིག་པུ་མ་ཡིན་པར། ལྷ་སའི་གཙུག་ལག་ཁང་དང་ར་མོ་ཆེ། པོ་ཏ་ལ་སོགས་སུའང་མཆོད་འབུལ་གྱི་ལམ་ནས་དུས་དྲན་སྲུང་གཙི་བྱས་ཡོད་འདུག ལྷ་སར་གནས་པའི་བོད་མི་གཙོས་མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོས་ཐེངས་འདིའི་དུས་དྲན་ཐད་ཞལ་འདེབས་ཕོན་ཆེན་པོ་གནང་ནས་བོད་ལ་སྐྱིད་པའི་ཉི་མ་འཆར་བ་དང་། བོད་ཀྱི་༧སྐྱབས་མགོན་གཅིག་པུ་༧གོང་ས་ཆེན་པོ་མཆོག་བོད་ལ་མྱུར་བར་ཕེབས་པའི་གསོལ་འདེབས་དང་སྨོན་ལམ་ཡང་བཏབས་ཡོད་འདུག 

ཉིན་གྲངས་གསུམ་རིང་ས་གནས་ཁག་དང་གནད་ཡོད་ས་ཁུལ་ཁག་ཏུ་རྒྱ་མིའི་ཉེན་རྟོག་པས་སྐོར་སྲུང་དང་དམ་དྲག་ཀྱང་གང་འཚམ་བྱས་ཡོད་འདུག

སྤྱིར་བཏང་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་པ་འདི་ཐོག་མར་རྗེ་བླ་མ་ཙོང་ཁ་པ་ཆེན་མོས་རབ་བྱུང་བཅུ་བདུན་པའི་ས་གླང་ལོ།  ཕྱི་ལོ་ ༡༤༠༩ ལོར་གསར་དུ་ཕྱག་འདེབས་གནང་ཞིང་། ཐོག་མར་དགོན་པ་འདིར་དགེ་འདུན་པའི་ཞལ་གྲངས་ ༥༠༠ ཡས་མས་ཡོད་པར་གྲགས། རྒྱལ་དབང་ལྔ་བ་ཆེན་མོའི་སྐབས་སུ་དགེ་འདུན་པ་ ༡༡༠༠ ལྷག་བྱུང་འདུག  དེའི་རྗེས་ཕྱི་ལོ་ ༡༩༥༩ ལོའི་སྔོན་ལ་དགེ་འདུན་པ་ ༤༤༠༠  ལྷག་ཡོད་ཀྱང་། སྐབས་དེར་བོད་ས་ཡོངས་སུ་རྒྱ་ནག་གི་གཏོར་བཅོམ་འོག་དགེ་འདུན་པ་དང་གྲྭ་ཤག་ལྷ་ཁང་། འདུ་ཁང་སོགས་རྩ་མེད་དུ་བཏང་ཡོད་འདུག
 
ཡང་བོད་ཀྱི་མི་རབས་རྒན་པ་དག་གི་ངག་རྒྱུན་ལ་དགའ་ལྡན་སུམ་སྟོང་སུམ་བརྒྱ། འབྲས་སྤུངས་བདུན་སྟོང་བདུན་བརྒྱ། སེ་ར་ལྔ་སྟོང་ལྔ་བརྒྱ་ཞེས་ནས་བཤད་སྲོལ་ཞིག་ཀྱང་ཡོད། ཡིན་ནའང་། ༡༩༥༩ ལོར་རྒྱ་ནག་གིས་བོད་ཀྱི་དགོན་སྡེ་ཁག་དང་ལྷ་ཁང་སོགས་གཏོར་བཅོམ་བཏང་བའི་རྗེས་ཏེ་ཕྱི་ལོ་ ༡༩༨༠ ལོ་ནས་མི་མང་གིས་ཁྲག་དང་རྣག་བསགས་ནས་དགོན་པ་གཞན་དག་དང་འདྲ་བར་དགའ་ལྡན་དགོན་པ་འདི་མི་མང་གི་འདོད་འདུན་བཞིན་སླར་གསོ་གནང་ནས་ད་ལྟ་དགེ་འདུན་པ་ ༥༠༠ ལྷག་ཅིག་དགོན་སྡེ་འདིར་བཞུགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༣ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 7

  1. བོད་པ་ཚང་། says:
    ལོ་ 17 སྔོན།

    གཅན་བཟོད་རྒྱམ་ལགས་ཀྱིས་གསང་གཏོར་ལགས་ཀྱིས་གསུངས་པར་དགོངས་ཚུལ་བཏོན་གནང་བར་རྒྱབ་སྐྱོར་ཡོད། འོན་ཀྱང་རྗེ་ཙོང་པའི་སྐབས་སུ་གཞུང་ཁག་ཏུ་རྗེ་ཙོང་ཁ་པ་ཆེན་པོ་ཞེས་པའི་ཐ་སྙད་སྤྱོད་པ་ལས་ཆེན་མོ་ཞེས་མོ་སྒྲ་སྦྱར་བ་ཅུང་མི་བདེ།

    Reply
  2. དུག་གསུམ་ཁེངས་པ། says:
    ལོ་ 17 སྔོན།

    མྱུར་བ་མྱུར་བར་ཁ་བའི་ལྗོངས་སུ་སྲུང་བརྩི་ཞུ་རྒྱུའུ་རེ་འདུན་དང་སྨོན་ལམ་ཞུ།

    Reply
  3. ནོར་བུ་གླིང་ཁ། says:
    ལོ་ 17 སྔོན།

    དགའ་ལྡན་དགོན་པར་མཛད་སྒོ་དེ་ཡང་སྙིང་ཅི་ཞིག་གི་ཆེད་དུ་ཡིན་ན།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    དྲ་གྲོགས་གསང་གཏོར་ལགས། སྤྱིར་ཆེན་མོ་དང་ཆེན་པོའི་ཁྱད་པར་ནི། ཆེན་པོ། བོང་ཚོད་ཅེ་ཆུང་སྟེ། རི་པོ་ཁང་པ་སོགས་ལ་ཆེན་པོ། ནང་དོན་གཏིང་ཟབ་ཅིང་རྒྱ་ཆེ་བར་ཆེན་མོ་སྟེ། ལམ་རིམ་ཆེན་མོ། སྤྱོད་འཇུག་ཆེན་མོ་ལྟ་བུ།
    ཡང་བུ་ལ་ཆེན་པོ་དང་བུ་མོ་ལ་ཆེན་མོ་ཟེར་པས་ངེས་པ་རང་མི་དགོས་ཏེ། སློབ་དཔོན་ཆེན་མོ། དགེ་རྒན་ཆེན་མོ། ཐ་ན་མ་བྱན་ཆེན་མོ། ཕྱག་མཛོད་ཆེན་མོ། དམག་སྤྱི་ཆེན་མོ། ཆེན་མོ་ལགས་ལྟ་བུ་ང་བར་ང་ཚོས་ཐ་སྙད་སྦྱར་བསྡད་པ་མང་ཆེ་བ་ཕོ་རེད་འདུག
    སྤྱིར་ཉིད་ཀྱིས་གསུངས་པ་འཐད་མིན་ངས་མི་ཤེས། འོན་ཀྱང་བདག་གི་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོ་ཟེར་བ་ལན་མང་ཐོས་མྱོང་། ཐ་སྙད་འདི་འཇུག་མི་འཇུག་བོད་ཀྱི་མཁས་གྲུབ་དག་གི་རྣམ་ཐར་ན་ཧ་ཅང་མང་། དགོངས་པ་མ་ཚོམས་ལགས།

    Reply
  5. གསང་གཏོར། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ལགས། རྗེ་ཙོང་ཁ་པ་བུ་རེད་བུ་མོ་རེད་དམ། གང་ཡིན་ཟེར་ན་རྗེ་ཙོང་ཁ་པ་ཆེན་པོ་ཟེར་བ་མ་གཏོགས་ཆེན་མོ་ཟེར་བ་ད་བར་གོ་ཐོས་མ་བྱུང༌། གཅིག་བྱས་ན་ང་རང་མཐོང་རྒྱ་ཆུང་བས་རྐྱེན་ཡིན་གྱི་རེད།

    Reply
  6. བསེ་རུ། says:
    ལོ་ 17 སྔོན།

    http://tb.chinatibetnews.com
    དྲ་གྲོགས་དང་། རྒྱ་ཆེའི་ཀློག་པ་པོ་ཚོ།
    རྒྱ་མིས་གསར་འགྱུར་བརྒྱུད་ལམ་འདིའི་ཐོག་༸གོང་ས་མཆོག་ལ་མཚན་སྨད་བྱེད་པ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་རྫུན་སྒྲོག་བྱེད་ཀྱི་འདུག མཚམས་མཚམས་སུ་དྲ་འབྲེལ་དེའི་ཐོག་ལ་ཐུགས་སྣང་དགོས་གལ་ཆེ།།

    Reply
  7. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    རི་བོ་དགེ་ལྡན་པའི་དུས་ཆེན་འདིས་སྟེང་ལ་བདག་གི་ལྷག་བསམ་རྣམ་དག་གིས་
    འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese