མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ནང་ཆོས་བསྒྲུབ་ན་བོད་དོན་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁྱེད་ཅག་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡུན་རིང་གནས་ཆེད་སྨོན་ལམ་རྒྱག་གིན་ཡོད་ན། དེ་ནི་བོད་དོན་ཆགས་ཀྱིན་ཡོད། བོད་ཀྱི་རང་སྲིད་རང་སྐྱོང་དེ་ནང་ཆོས་དང་འབྲེལ་ནས་ཡོད་སྟབས། བོད་ལ་རང་སྲིད་རང་སྐྱོང་མ་ཐོབ་པ་ཡིན་ན། ནང་ཆོས་དེའང་གནས་ཁག་པོ་རེད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

 

སྤྱི་ནོར་ ༧གོང་ས་མཆོག་གིས་ཐེངས་འདིར་ཕྱི་ཚེས་ ༡༥ ཉིན་ནས་མགོ་འཛུགས་ཀྱིས་ཐའེ་ཝན་གཙོས་པའི་རྒྱ་ནག་སྐམ་ས་ཆེན་མོ་བཅས་ཀྱི་རྒྱ་རིགས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ཀྱི་སེར་སྐྱ་མི་མང་བཅས་ལ་རྡོ་རྗེ་གཅོད་པ་དང་། བློ་སྦྱོང་དོན་བདུན་མ། རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་བཅས་ཀྱི་གསུང་ཆོས་དང་། ཕྱི་ཚེས་ ༡༨ ཉིན་སྤྱན་རས་གཟིགས་ཀྱི་དབང་བཅས་གྲུབ་རྗེས་རྒྱ་རིགས་ཆོས་ཞུ་པ་ཚོར་དམིགས་བསལ་མཇལ་ཁ་ཞིག་གནང་ཡོད། སྐབས་དེར་ཁོང་གིས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གཞུང། ཆབ་སྲིད་བཅས་ཀྱི་ཐད་བཀའ་སློབ་གནང་ཡོད་ལ། སྤྱིར་ཆབ་སྲིད་དང་བོད་ཀྱི་གནད་དོན་གཉིས་མཉམ་བསྲེས་བྱ་མ་རུང་ཞིང་། ཆབ་སྲིད་ལ་སྲིད་དོན་ཚོགས་པའི་འགྲོ་ལུགས་ཤིག་ཡོད་པས་དེར་ཆོས་ལུགས་པས་ཐེ་བྱུས་བྱས་ན་འགྲིག་གི་མ་རེད། འོན་ཀྱང་། བོད་ཀྱི་གནད་དོན་ནི་ནང་ཆོས་དང་འབྲེལ་བསྡད་ཡོད་སྐོར་བཅས་གསུངས་ཡོད།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། ལོ་བཅོ་ལྔ་ནས་ཉི་ཤུའི་གོང་ཞིག་ལ་ང་རང་ཧྥ་རན་སིའི་ནང་ཆོས་ལ་དད་པ་བྱེད་མཁན་འགར་ཐུག་རྒྱུ་བྱུང་། ཁོང་ཚོས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དད་པ་དང་ཉམས་ལེན་བྱ་འདོད་ཡོད་མོད། ཆབ་སྲིད་ལ་དོ་སྣང་མེད་ཟེར། ངས་ཁོང་ཚོར་ལྡོག་ཕྱོགས་ནས་དྲི་བ་བཏང་བ་ཡིན། ཁྱོད་ཚོས་དང་པོ་ནས་སྨོན་ལམ་འདི་ལྟར་བརྒྱབས་ན་གང་འདྲ་ཡོང་། ད་ལྟ་བོད་ཀྱི་ནང་བསྟན་ཉམས་བཞིན་ཡོད། ཁྱེད་ཅག་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡུན་རིང་གནས་ཆེད་སྨོན་ལམ་རྒྱག་གིན་ཡོད་ན། དེ་ནི་བོད་དོན་ཆགས་ཀྱིན་ཡོད། བོད་ཀྱི་རང་སྲིད་རང་སྐྱོང་དེ་ནང་ཆོས་དང་འབྲེལ་ནས་ཡོད་སྟབས། བོད་ལ་རང་སྲིད་རང་སྐྱོང་མ་ཐོབ་པ་ཡིན་ན། ནང་ཆོས་དེའང་གནས་ཁག་པོ་རེད་ཅེས་ལབ་པ་ཡིན། ཞེས་ཐའེ་ཝན་གཙོས་པའི་རྒྱ་རིགས་ཆོས་ཞུ་བ་ཚོར་དམིགས་ཏེ་གསུངས་ཡོད།

མཆན། 25

  1. getse ngodup from .be says:
    ལོ་ 12 སྔོན།

               ( རོགས་སྐྱོར་གནང་བ་ )

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་ར་ཉག་དགོན་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  2. Trinle G. says:
    ལོ་ 12 སྔོན།

    དམ་ཆོས་སྒྲུབ་པ་བོད་དོན་ཡིན་པ་༧གོང་ས་སྐྱབས་མགོན་ཆེན་པོའི་གསུངས་པ་དེ་བཞིན་བོད་ཀྱི་བདེ་དོན་དང་ཆོས་རིགས་སྲུང་སྐྱོབས་ལ་དགོངས་ཏེ་གསུང་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་མ་གཏོགས་བོད་ཀྱི་ཆབ་སྲིད་དེ་གཅིག་པུ་བོད་དོན་དང་ཆབ་སྲིད་དེ་དམ་ཆོས་རྒྱུད་དེ་བྱ་དགོས་གསུང་པ་ནི་མིན་སྙམས། དེར་རྟེན་བོད་ཀྱི་ཆོས་རིགས་རྩ་ཆེན་དེ་སྲུང་སྐྱོབས་བྱ་རྒྱུའི་ཐད་ལས་འགུལ་སྤེལ་བ་དག་འཛམ་གླིང་ཞི་བདེའི་ཆ་རྐྱེན་དུའང་བསྒྲུབ་ཐུབ་ལ་བོད་དོན་ཞེས་པ་བོད་ཀྱི་བདེ་དོན་ཡང་དེར་འདུས་ཡོད་། བོད་དོན་ཞེས་པ་ཆབ་སྲིད་གཅིག་པུ་ལ་བསམ་བློ་གཏོང་རྒྱུ་ཐལ་ཆ་ཆེ་བ་མིན་ནམ་སྙམས། སྤྱིར་གཏང་ཆབ་སྲིད་དགོས་ལ་དེའང་ནང་པ་གཅིག་གི་བསམ་བློའི་གཞིར་གཟུང་བྱས་ན་ཆབ་སྲིད་ནི་རང་དོན་སློས་གཏང་གིས་གཞན་ཕན་སྒྲུབ་པའི་ཐབས་ལམ་གཏན་འབེབས་བྱས་པ་ཞིག་ཡིན་ཅིང་དེ་ནི་གཞན་གནོད་གཞི་བཅས་སྤོང་རྒྱུ་དང་གཞན་ཕན་གཞི་བཅས་སྒྲུབ་རྒྱུའང་མ་འདུས་མེད་དམ་སྙམས། འོན་ཀྱང་ཆབ་སྲིད་ཀྱི་ལས་འགུལ་གཏང་མཁན་སོ་སོའི་སྐྱེ་བོ་ཤ་སྟག་ལ་སོང་རང་དོན་བློས་གཏང་གིས་གཞན་ཕན་ཁོ་ནའི་ཆབ་སྲིད་དེ་ཕལ་ཆེར་བརྩལ་ན་རྙེད་དཀའ་བའི་གནས་སུ་གྱུར་སྐབས་བོད་ཀྱི་ཆབས་སྲིད་ཞེས་པའང་ཕལ་ཆེར་འཛམ་གླིང་གཞན་གྱི་ཆབ་སྲིད་དང་འདྲ་མཉམ་ཆག་དུས་དེའི་རིགས་ཀྱི་ཆབས་སྲིད་ནི་སྐབས་རེ་ཆོས་དང་རྒྱབ་འགལ་དུ་གྱུར་པ་མང་དག་མཐོང་བས་དེར་རྟེན་དབྱེ་འབྱེད་ལེགས་པར་གནང་དགོས།

    Reply
  3. བཀྲ་ཤིས། says:
    ལོ་ 13 སྔོན།

    ནང་པས་ཐུན་མོང་མཡིནཔའི་བཤད་བྱ་གཙོ་བོ་ནི་མ་གྱུར་མཐའ་དག་བདེ་བ་དང་ལྡན་དགོས་པ་དེ་ཡིན་ལ།
    དེ་ཡང་གོང་དུ་༧སྤྱི་ནོར་གོང་ས་སྐབས་མགོན་ཆེན་པོས་ཇི་ལྟར་གསུང་པ་བཞིན་བོད་དམ་ནང་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་འདི་ཡུན་རིང་མ་གནས་པ་ཡིན་ན།
    སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་ཞིག་ཡོང་ཐབས་མེད་པ་གསལ་བོ་རེད།
    རྒན་པ་ལ་གུས་ཞབས་དང་། གཞོན་པ་ལ་བྱམས་སྐྱོང་བྱེད་དགོས་པའི་སློབ་བྱ་བཟང་པོ་འདི། མཐོ་དཔོན་པོ་དང་དམའ་སྤྲང་པོ་ཐམས་ཅད་ལ་མེད་དུ་མི་རུང་བའི་ཤེས་བྱ་གལ་ཆེན་ཞིག་རེད།
    དེ་མེད་པ་ཡིན་ན་་མི་བསད་ཁྲག་སྦྱོར་གྱི་དུས་ལས་ནམ་ཡང་འདའ་མི་སྲིད།
    ནང་མི་ཅིག་ཆ་མཚོནའང་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་མི་ཐུབ་མཐོང་གསལ་རེད། དེ་འདྲ་ཡིན་དུས་ང་ཚོ་ཚང་མས། ༧་གོང་ས་ཡིད་བཞིན་ནོར་བུའི་བཀའ་ཇི་བཞིན་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་འགྲིགས་ལ་ཤུག་སྣོན་རྒྱག་དགོས་པ་མ་ཟད།
    རང་ཉིད་ཀྱི་བདེ་ཐང་རང་ཉིད་ཀྱིས་རྩིགས་སུ་འཛིན་རྒྱུ་སེམས་ནས་བོར་མི་རུང་།

    Reply
  4. རྒྱུད་བཞིའི་མྱུ་གུ། says:
    ལོ་ 13 སྔོན།

    ༄༅་་་་ན་མོ་་་་བླ་མ་ལ་ཕྱག་འཚལ་ལོ་་༸གོང་ས་མཆོག་སྐུ་ཚེ་་ཡུན་དུ་བརྟན་དགོས་ན་བོད་མི་ཡོངས་ཀྱི་༸ཁོང་་གི་བཀའ་ལ་བརྩི་བསྐུར་ངེས་པར་དུ་ཞུ་དགོས་ས་ོསོས་ཉིན་རེའི་ལས་ཆེ་ཆུང་ཡོངས་ལ་དུས་ཚོད་གང་འཁྱོལ་མ་གནང་བར་སྤུས་ཚད་ཅན་བྱ་རྒྱུ་དེ་གལ་ཆེ་ཤོས་ཡིན་སྐྱིད་པའི་ཉི་མ་ཤར་རྒྱུ་དོགས་པ་མི་དགོས་བོད་རྒྱལོ

    Reply
  5. དུག་ཚེར། says:
    ལོ་ 13 སྔོན།

    དམ་ཆོས་རྣལ་མ་ཞིག་སྒྲུབ་པ་བོད་དོན་ཡིན་པ་ཁོ་བོས་མི་འདོད་ཁི། བོད་དོན་སྒྲུབ་པ་མི་རིགས་ཀྱི་བྱ་གཞག་ཡིན་པས། མི་རིགས་ཀྱི་འཚོ་གནས་ལ་ནང་ཆོས་ཀྱིས་དགོས་མཁོ་སྐོང་མི་ཐུབ་སྙམ

    Reply
  6. གཡང་མདའ། says:
    ལོ་ 13 སྔོན།

    ཡང་གཅིག་བཤད་ན།
    གོང་ས་མཆོག་གི་བཀའ་སློབ་ལས། ནང་ཆོས་བསྒྲུབ་ན་བོད་དོན་ཡིན། ཞེས་པ་ནི་བདེན་པ་ལོས་ཡིན། ནང་ཆོས་བསྒྲུབ་ན་སེམས་ཅན་ཐམས་ཅད་ཀྱི་དོན ཡིན་པས་བོད་དོན་སྨོས་མ་དགོས། བོད་དོན་སྒྲུབ་ཐབས་ཞི་དྲག་སོ་སོ་དང་འདྲེས་མ་བཅས་གསུམ་མཆིས་པ་ལས་ཐབས་ལམ་གཅིག་རེད།

    Reply
  7. འདྲེ་རིག་ལྡན། says:
    ལོ་ 13 སྔོན།

    ཨ་་་་ ཨོ། འུ་འུན།

    Reply
  8. ནོར་བུ་གླིང་ཁ། says:
    ལོ་ 13 སྔོན།

    ང་ཚོ་ལ་ནང་བུའི་ཆོས་འདི་ད་དུང་མི་མཐུད་དུ་གནས་དགོས་པ་མ་ཟད་ཉམས་ལེན་མཁན་གྱི་དམ་པ་ག་ཚོད་མང་ན་བོད་དོན་གཅིག་པོ་མིན་པར་འཛམ་གླིང་གི་སྟེང་དུ་ཕན་རླབས་ཆེན་པོ་ཡོད་པ་མིག་མཐོང་ལག་ཟིན་རེད།

    Reply
  9. གནས་ཚང་། says:
    ལོ་ 13 སྔོན།

    བོད་དོན་ནང་ཆོས་མ་ཡིན་པར་ཐལ། མི་གསོད་ཁྲག་སྦྱོར་མཚམས་ཆད་མ་མྱོང་བའི་ཕྱིར། དེར་ཐལ། དེའི་ཕྱིར། ༢༠༠༨ཆོས་ཅན། དེ་ལྟ་མིན་ན། ཕ་དང་མ་ཡང་བསད་བྱ་ལ་འཇུག་དགོས་པའི་ཕྱིར།

    གོང་གསལ་གྱི་དྲི་བ་འདི་ནང་ཆོས་ཤེས་ཟེར་མཁན་ཚོར་ཆེད་དུ་ཕུལ་བ་ཡིན།

    Reply
  10. ཁྲི་དར་མ་ཨུ་དུམ་བཙད་པོ། says:
    ལོ་ 13 སྔོན།

    སངས་རྒྱས་པའི་ཆོས་ལུགས་འདི་ཁྲི་སྲོང་ལྡེའུ་བཙན་གྱིས་ཡོད་ཚད་འདིའི་ཕྱོགས་སུ་བཏང་སྟེ་དར་སྤེལ་བྱས་སོང་། དམག་གི་འགྲོ་སོང་དང་མཐའི་རྒྱལ་ཕྲན་མང་པོ་མངའ་འོག་ཏུ་བསྡུ་ཐབས་ལ་འབད་བརྩོན་མ་བྱས་པ་རེད། ཁོང་སྒོམ་རྒྱབ་ནས་བཞུགས་ཤིང་གྲུབ་པ་ཐོབ་པ་རེད་ཟེར། གང་ལྟར་ཡང་དམག་གི་ནུས་པ་ནི་ཉམས་སོང་། སེམས་ཅན་ཐམས་ཅད་ཕ་མ་རེད་ཟེར་ནས་དམག་གི་བྱ་བ་རྣམས་འཕྲོ་བཞག་པ་རེད།

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ངས་བསམ་ཚུལ་ཞིག་ཞུ་འདོད་བྱུང་། ༸གོང་ས་མཆོག་གིས་ཅི་གསུངས་མགོ་ལ་འཇོག་ཆོག་ཆོག་དང་། བསམ་གདོང་བླ་མས་ཅི་གསུངས་གཡུག་རྐྱང་བྱེད་པ་དངོས་གནས་གནས་ལུགས་ཤིག་མ་རེད་ཟེར་བ་བདེན་པ་རེད། འོན་ཀྱང་བོད་དོན་རྣལ་མ་བསྒྲུབས་ཚེ་དམ་ཆོས་ཡིན་པ་དང་། དམ་ཆོས་གཤའ་མ་ཞིག་བསྒྲུབས་ནའང་བོད་དོན་རེད་ཟེར་བ་ནི་དེ་བས་ཀྱང་གནས་”གནས་ལུགས་”ཤིག་ག་ན་ཡིན། འདི་ལྟར་བསམས་པ་ཞིག་ནི་བླ་མ་དང་གོང་མ་ཚོས་དགོངས་གཞི་མ་གཏོགས་པ་ལས། དམ་ཆོས་གཤའ་མ་བསྒྲུབས་ཚེ་བོད་དོན་ཡིན་མིན་དང་བོད་དོན་རྣལ་མ་ཞིག་བསྒྲུབས་ཚེ་དམ་ཆོས་ཡིན་མིན་ལག་པ་བྲང་ལ་བཞག་ནས་ཅུང་ཙམ་བསམས་ཚེ་མི་ཤེས་རྒྱུ་ཅང་མི་འདུག་སྙམ།
    གནས་ལུགས་ཟེར་བ་ནི་འགྲེལ་བཤད་བྱ་མི་དགོས་པར་ཚང་མས་ཤེས་ཀྱི་ཡོད་ཟེར་གི་རེད། དེས་ན་བླ་མས་གསུངས་བྱུང་། མཁས་པས་བྲིས་སོང་ཟེར་ནས་བྱ་བརྒྱ་རྡོ་གཅིག་གིས་དཀྲོགས་པ་བཞིན་གཅིག་མཇུག་གཉིས་མཐུད་ཀྱིས་ཞོགས་ལངས་ནས་དེའི་རྗེས་སུ་འབྲངས་རྐྱང་བྱས་ན་དོན་གྱི་གནས་ལུགས་ཟེར་བ་དེ་ན་ཡོད་དམ། ངས་བསམས་ན་དེ་ལྟར་མ་ཡིན་པའི་མཇུག་འབྲས་སུ་དེ་རིང་གི་འཛམ་གླིང་འདི་དང་འདིའི་ནང་གི་བསམ་བློའི་ཤེས་ཚད་དང་ཕྱི་དངོས་པོའི་འབྱོར་ཕྱུག་འདི་འདྲ་བྱུང་བ་རེད་སྙམ།
    འདི་ལྟར་བསམ་ནས་བཤད་ན། ཁྱོད་ནི་ལོག་ལྟའོ། དོལ་ཕྲུག་གོ རྒྱའི་སོ་བའོ། བླ་མའི་གསུངས་མི་བརྩི། མཁས་པའི་རྗེས་མི་འབྲངས། གྲོགས་ལ་མི་མཐུན། གཉེན་ལ་མི་ཉེས་སོགས་དམོད་ཚིག་ཅི་ཙམ་མི་ཟློའང་།
    བླ་མས་ཅི་གསུངས་པ་དང་མཁས་པས་གང་བཤད་པ་རྣམས་ནི་དེ་དེ་བཞིན་ནོ་ཟེར་དགོས་ན། འོ་ན་མགོན་པོ་ཀླུ་སྒྲུབ་དང་ཨརྱ་དེ་ཝ་དགེ་སློབ་ཟུང་གིས་རྩོད་པ་གནང་བའི་སྐབས་སུ། ཨརྱ་དེ་ཝས་སློབ་དཔོན་གྱི་དབུ་ཐོག་ལྷམ་གྱིས་འཁོར་གསུམ་བསྐོར་བའི་ལོ་རྒྱུས་ཀྱི་བྱུང་བ་འདིས་ཨརྱ་དེ་ཝས་ནི་གླེན་ཅིང་བླུན་པ། སློབ་དཔོན་ལ་མི་གུས་པ། གསུངས་མི་བརྩི་མཁན། ཅི་ཡང་མི་ཤེས་ཤིང་གང་ཡང་མི་འཇོན་པའི་བླུན་པོི་གླང་འདྲ་ཞིག་ཡིན་པར་སུ་ཞིག་འདོད་ནུས་སམ། བདེན་པ་དང་གནས་ལུགས་ཅུང་ཙམ་ཡང་མེད་པར་སློབ་དཔོན་ཀླུ་སྒྲུབ་ལ་འཁོར་གསུམ་བསྐོར་བ་རེད་དམ་ཞེས་སྒྲུང་འདི་འདྲ་ཞིག་གིས་མཇུག་བསྡུས་པ་ཡིན།
    སྤྱིར་ཡིག་ཕྲེང་འགའ་བྲིས་ཐེངས་རེར་གསལ་བཤད་བྱེད་དགོས་དོན་ཅི་ཡོད་དེ་མེད་མོད། མི་ལ་ལ་ཞིག་ནམ་རྒྱུན་ཚིག་ཟིན་རེ་ལ་འཇུ་རྒྱུར་དགའ་བའམ་གོམས་འདུག་པས་ངས་འདིར་བཤད་པ་ནི་བླ་མར་མི་གུས། མཁས་པར་མི་བརྩི་ཞེས་པའི་དོན་མིན་པར། རང་ངོས་ནས་གནས་ལུགས་གང་དེར་ལྟ་སྟངས་ཤིག་དང་ཡང་ན་གནས་དེ་མཐོང་བར་འབོད་བརྩོན་གནང་དགོས་ཞེས་པ་དང་། རྒྱ་གར་གྱི་ལྟ་གྲུབ་མཁས་པ་རྣམས་ནས་རང་རེའི་བོད་ཀྱི་མཁས་པ་གནམ་གྱིས་ས་བཀའ་པ་ལྟ་བུ་རྣམས་ཀྱིས་ཀྱང་རང་རང་གིས་དཀའ་སྤྱད་སྡུག་རུས་ཀྱིས་གནས་ལུགས་མཐོང་བར་འབད་བརྩོན་གནང་འབྲས་སུ། ས་དགེ་བཀའ་རྙིང་བོད་པོ་བཅས་ཆོས་ཕྱོགས་ཀྱི་གྲུབ་མཐའ་རེ་དང་། གཞན་སྒྲ་རྩིས་ཟློས་གར་སྙན་ངག་ལ་སོགས་པའི་རིག་པའི་གནས་རྣམས་ལ་འཇུག་སྟངས་རེ་ཡོད་འདི་ཚོའང་རང་རེའི་རིག་གནས་ཀྱི་རྒྱན་དུ་གྱུར་མི་འདུག་དམ། དེ་ཙམ་ཡིན། ཚིག་རེ་ཟུང་དཀྱོག་ལ་འཁྱེར་ཏེ་བཀའ་བཀྱོན་མི་གནང་བར་ཞུ།

    Reply
  12. གཡང་མདའ། says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ་ལགས།
    ༸གོང་ས་མཆོག་གི་བཀའ་སློབ་འདི་བཞིན་ཐམས་ཅད་གྱིས་ལེགས་སོའི་བསམ་ཚུལ་བྲིས་པ་འདི་བཀུར་འོས་པ་ཞིག་ཡིན་མོད། བཀའ་སློབ་འདི་ཚད་གཞི་གང་འདྲ་ཞིག་གི་ཐོག་ནས་གསུངས་པ་ཡིན་མིན་ལ་བསམ་ཚུལ་མ་བྱུང་པ་ནི་ཡ་མཚར་ཞིག་རེད།

    Reply
  13. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 13 སྔོན།

    གནས་ལུགས་ལ་བལྟ་སྟངས་འདི་འདྲ་ཞིག་མ་རེད།

    Reply
  14. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 13 སྔོན།

    ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཀུན་ནས་གཅིག་པ་རང་ཡིན་པའི་གནད་དོན་གཅིག་གི་ཐད་༸གོང་ས་མཆོག་དང་འབྲེལ་ཡོང་དུས་མགོ་འཇོག་འཇོག་བྱས། ཟམ་གདོང་བླ་མ་དང་འབྲེལ་ཡོང་དུས་མགོ་འཕྲེད་གཡུག་བྱེད་རྒྱུ་འདི་ཡག་པོ་མ་རེད།

    Reply
  15. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    ལྷོ་ཕྲུག་སྣ་བོ་ཆེ་ལགས།
    ཕྱོགས་གཅིག་ནས་བསམ་བློ་བཏང་ན།
    ང་ཚོའི་གནས་བབ་ལ་དཔྱད་གླེང་བྱེད་པའི་མི་སྣ་འདི་ཚོའི་གཤིས་ཀ་དང་བསམ་བློའི་གནས་བབ་འདི་ཡག་པོ་རེད།

    Reply
  16. བསེ་རུ། says:
    ལོ་ 13 སྔོན།

    ཕྱོགས་གཞན་ཞིག་ནས་བཤད་ན།
    བོད་ཀྱི་རྩ་དོན་ལྷག་བསམ་རྣམ་དག་གིས་བསྒྲུབ་པ་ཡིན་ན། དེ་ནི་དམ་ཆོས་རྣལ་མ་བསྒྲུབས་པར་བརྩི་ཆོག་པ་ཞིག་མ་ཡིན་ནམ།།

    Reply
  17. རྒྱལ་ཐང་ཡོན་ཏན says:
    ལོ་ 13 སྔོན།

    ཁྱེད་ཀྱི་ཞལ་གསུངས་འོ་ཐིག་རེ་རེས་ཀྱང་འགྲོ་བའི་ཚ་གདུང་ཞི་བར་བྱེད།
    ཁྱོད་སྐུ་འགྲོ་བའི་མགོན་དུ་སྲིད་མཐའི་བར་མི་ནུབ་བརྟན་པའི་སྨོན་ལམ་འདེབས།།

    Reply
  18. ནོར་བུ་གླིང་ཁ། says:
    ལོ་ 13 སྔོན།

    བདེན་ནོ་ལྷོ་ཕྲུག་སྣ་ཆེ་བདེན།།
    སྣ་ཆེ་བའི་མི་དེ་ཆེ་རབས་ཟེར།།
    དེ་བདེན་ན་ཁྱོད་ལ་བཟང་ཞིག་འདུག །
    སྨན་བུ་མོ་མི་དགའ་རང་དབང་མེད།།

    Reply
  19. ནད་པ says:
    ལོ་ 13 སྔོན།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱིས། །འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་པར་ཤོག །

    རྒྱལ་བའི་ཡོངས་འཛིན་མཆོག་གི་གསུང་།

    Reply
  20. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 13 སྔོན།

    བོད་པའི་རང་སྲིད་རང་སྐྱོང་ནང་ཆོས་དང་འབྲེལ་ནས་ཡོད་པ་གསུངས་ཡོད།

    འོན་ཀྱང་ང་ཚོའི་བཀའ་ཁྲི་མཆོག་གིས་བཀའ་མོལ་འདི་འདྲ་ཞིག་གནང་བ་ཡིན་ན་ཁ་ཐུག་གི་གནད་དོན་མ་གཏོགས་རྒྱང་རིང་གི་གནས་བབ་ལ་བསམ་བློ་གཏོང་མི་མྱོང་བའི་གསར་བུ་འགས་དཔེ་མི་སྲིད་པ་ཞིག་ཡིན་པའི་འུར་དྲིལ་བསྒྲག་རྒྱུར་ཐེ་ཚོམ་ཅི་ཡང་མེད།

    དེ་སྔོན་བོད་བརྒྱུད་ནང་བསྟན་ཉམས་བརླག་ཏུ་སོང་ཚེ་བོད་དོན་ཡང་རང་བཞིན་གྱིས་ཤི་འགྲོ་བ་དང་བོད་པའི་འཐབ་རྩོད་འདི་ནང་བསྟན་དང་འབྲེལ་བའི་རིག་གཞུང་སྲུང་སྐྱོབ་ཀྱི་གནད་དོན་འབྲེལ་ཡོད་པའི་བཀའ་མོལ་ཞིག་གསུངས་པར་བཀའ་ཁྲིར་རྒོལ་མཁན་མང་དག་ཅིག་བྱུང་སོང་།

    འོན་ཀྱང་ད་ལན་བཀའ་མོལ་འདི་༸གོང་ས་མཆོག་གིས་གསུངས་པ་ཡིན་སྟབས་ཕལ་ཆེར་དེ་སྔོན་བཀའ་ཁྲིར་རྒོལ་མཁན་དེ་ཚོས་ཀྱང་རང་རང་ས་ནས་འཐད་རབས་དང་ཡིན་རབས་ཀྱི་གནས་ལུགས་རེ་ཤོད་ཀྱིན་ལག་ཟུང་སྙིང་ཁར་སྦྱར་རྒྱུ་ཤོད་མི་དགོས།

    ང་ཚོའི་གནས་བབ་ལ་དཔྱད་གླེང་བྱེད་པའི་མི་སྣ་འདི་ཚོའི་གཤིས་ཀ་དང་བསམ་བློའི་གནས་བབ་འདི་འདྲ་ཞིག་ཡིན་ནམ།

    Reply
  21. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    བདེན་པ་རེད། ང་ཚོ་བོད་པས་བསྟན་པ་འཛིན་པ་ནང་བཞིན་ཁག་པོ་རེད། བོད་བརྒྱུད་ནང་བསྟན་རྒྱུན་རིང་གནས་མིན་བོད་ཀྱི་གནས་སྟངས་དང་འབྲེལ་བ་ཆེན་པོ་ཡོད། གལ་ཏེ་བོད་ཀྱི་ནང་བསྟན་ལ་དད་པ་དང་ཡིད་ཆེས་ཡོད་ན་བོད་ཀྱི་བཀའ་རྙོག་ལ་ཐེ་བྱུས་བྱེད་དགོས་པ་སྨོས་མེད་རེད། ནང་པ་སངས་རྒྱས་པའི་དགེ་སློང་རྣམ་དག་ཞིག་གིས་བོད་དོན་ཆེད་ཉིན་མཚན་ཀུན་ཏུ་སྐུ་ལས་བསྐྱོན་དོན་ཡང་དེ་རེད།
    ༸འཕགས་མཆོག་སྤྱན་རས་གཟིགས་སྐུ་ཚེ་བརྟན་ཅིང་། མཛད་འཕྲིན་རྒྱས་པའི་སྨོན་འདུན་བཅས།

    Reply
  22. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ༸གོང་ས་མཆོག་གི་མཛད་འཕྲིན་འཛམ་གླིང་གར་སར་རྒྱས་ན་བོད་དོན་ཟེར་བ་ནི། གངས་ཅན་བོད་པའི་བསམ་དོན།། བོད་དོན་ནི་རྒྱལ་ཁམས་བསྐོར་ནས་འགྲུབ་ཡོང་།། ཟེར་བ་བཞིན་རེད། འཛམ་གླིང་གི་མི་དམངས་ཀྱིས་དོ་སྣང་ཅི་ཙམ་སྤྲད་དང་སྤྲོད་བཞིན་པའང་མགོན་པོ་གང་གི་སྐུ་དྲིན་མ་རེད་ཟེར་སྲོལ་ཆེ་ཡོད། གཙོ་བོ་ཁོང་གི་སྐུ་ཚེ་རིང་དུ་བརྟན་རྒྱུ་དེ་རེད།

    Reply
  23. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    ནང་ཆོས་ནི་བོད་དང་འབྲལ་ཐབས་གཏན་ནས་མེད་པར་འདོད། བོད་ཀྱི་སྐད་དང་རིགས་གཞུང་ད་དུང་ལ་ཁའི་ཉི་མ་ལྟ་བུ་ཞིག་ལྷག་ཡོད་པ་འདི་ནང་ཆོས་ཀྱི་བཀའ་དྲིན་ཉག་གཅིག་རེད་ལ་༸གོང་ས་མཆོག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐོང་ཆེན་དང་གདེང་འཇོག་བྱས་དང་བྱ་བཞིན་པ་འདི་ཡང་ནང་ཆོས་ཀྱི་བཀའ་དྲིན་རེད། གལ་སྲིད་ནང་ཆོས་མེད་ན་ང་ཚོརཁོང་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་དུས་རབས་འདིར་བྱུང་སྲིད་ཀྱི་མ་རེད་ཁོང་གི་་རླབས་ཆེ་བའི་མཛད་རྗེས་དག་ནང་ཆོས་ཉམས་ལེན་བྱས་ནས་བྱུང་དང་དེ་མིན་རྒྱལ་བ་པན་ཆེནརིན་པོ་ཆེ་མཆོག་དང་ཨ་ལག་གོང་ཐང་ཚང་དོར་ཞི་ཚང་སོགས་བླ་ཆེན་གང་མང་པོས་རྒྱལ་ནང་ནས་བོད་ཀྱི་རིགས་གཞུང་ལ་བླ་ན་མེད་པའི་ཕྱག་རྗེས་གྲངས་ལས་འདས་པ་མཛད་ཡོད་པ་ཡང་ནང་ཆོས་ཀྱི་ཉམས་ལེན་ཟབ་པའི་འབྲས་བུ་རེད། ང་ཚོ་ལ་ནང་བུའི་ཆོས་འདི་ད་དུང་མི་མཐུད་དུ་གནས་དགོས་པ་མ་ཟད་ཉམས་ལེན་མཁན་གྱི་དམ་པ་ག་ཚོད་མང་ན་བོད་དོན་གཅིག་པོ་མིན་པར་འཛམ་གླིང་གི་སྟེང་དུ་ཕན་རླབས་ཆེན་པོ་ཡོད་པ་མིག་མཐོང་ལག་ཟིན་རེད། མདོར་བསྡུས་ནང་ཆོས་ཀྱི་བསྟན་པ་མ་ནུབ་ན་ང་ཚོའི་མི་རིགས་འདི་གསོན་ཐུབ་པའི་རེ་བ་ཡོད་རེད་མ་གཏོགས་ནང་ཆོས་ཉམས་ལེན་བྱེད་མཁན་མེད་ཚར་དུས། ང་ཚོ་གོ་ལ་འདིའི་སྒང་ནས་ཡལ་རན་པར་འདོད།

    Reply
  24. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    ༧འཛམ་གླིང་སྤྱི་ནོར་འདི་ཉིད་ཀྱི་བདག་པོ་ད་ལྟ་བོད་པ་ཡིན་ཡང་། དོན་དངོས་ཐོག་བོད་པ་རང་གིས་བདག་པོ་བྱེད་ཐུབ་ཀྱི་མེད་པ་འདྲ། ༧སྤྱི་ནོར་མཆོག་གི་སྐུ་ཚེ་བརྟན་པར་ཤོག

    Reply
  25. ནོར་བུ་གླིང་ཁ། says:
    ལོ་ 13 སྔོན།

    ཁྱེད་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist