མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་སོ་སོའི་རང་སྐྱོང་གི་ངོ་བོ་གཅིག་མཚུངས་མིན།

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་འཇར་མན་གྱི་གསར་འགོད་པའི་དྲི་བའི་ལན་དུ། རྒྱལ་ཁབ་སོ་སོའི་མི་རིགས་གྲུབ་ཚུལ་མི་འདྲ་ཞིང་། ལོ་རྒྱུས་དང་རིག་གནས། སྲོལ་རྒྱུན་བཅས་ཀྱང་འདྲ་མཚུངས་མིན་སྟབས། རང་སྐྱོང་གང་རུང་ལག་བསྟར་བྱེད་པའི་རྒྱལ་ཁབ་དག་གི་དོན་དངོས་ཀྱི་རང་སྐྱོང་ཐབས་ལམ་ཡང་གཅིག་མཚུངས་ཡོང་ཐབས་མེད་སྐོར་བརྗོད་ཡོད།

 

ཟླ་སྔོན་མའི་ཚེས་ ༢༢ ཉིན་འཇར་མན་གྱི་༼ གཙོ་གནད ༽ Focus དུས་དེབ་ཀྱི་གསར་འགོད་པ། གྷོ་ཌེ་ལོན་མོར་མེ་ཊེ་ཁྲི་ Gu Delong more metet ཡིས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་ལ་ཐུག་འཕྲད་བྱས་ཏེ། ཆུ་ཚོད་གཉིས་རིང་བོད་དོན་གཙོས་པའི་ཀྲུང་གོའི་མི་རིགས་ཀྱི་གནད་དོན་སྐོར་ལ་བཅར་འདྲི་ཞུས་ཡོད་པ་དང་། བཅར་འདྲི་མ་བྱས་སྔོན་ལ་ཀྲུའུ་ཝེ་ཆོན་གྱིས་ཐེངས་འདིར་བཅར་འདྲི་བྱས་པའི་ནང་དོན་འཇར་མན་གྱི་གཙོ་གནད་དུས་དེབ་སྟེང་ངེས་པར་དུ་འགོད་དགོས་པའི་ཆ་རྐྱེན་བཏོན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༥ ཉིན་འཇར་མན་གྱི་གཙོ་གནད་དུས་དེབ་སྟེང་ཀྲུའུ་ཝེ་ཆོན་ལ་བཅར་འདྲི་བྱས་པའི་ནང་དོན་བཀོད་ཡོད་པ་དང་། ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གཙོས་པའི་རྒྱ་ཡིག་གི་གསར་ལམ་ཁག་ཏུ་འདྲེན་བཀོད་བྱས་ཤིང་། ཕྱི་ཚེས་ ༡༦ ཉིན་ནས་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་སོགས་སུ་བོད་སྒྱུར་བྱས་ཡོད། བཅར་འདྲིའི་སྐབས་ཀྲུའུ་ཝེ་ཆོན་གྱིས་ངས་བཤད་པའི་སྐད་ཆའི་ནང་དོན་ཁག་ཁྱོད་ཚོས་དུས་དེབ་སྟེང་འགོད་པའི་རེ་བ་ཡོད། རྒྱུ་མཚན་ནི་ངས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གསར་འགོད་པ་མི་ཉུང་བ་ཞིག་མཐོང་བྱུང་། ངས་ཁོང་ཚོ་ལས་ཤེས་རྟོགས་བྱུང་བ་ནི་ཁོང་ཚོར་ཕྱོགས་ལྷུང་གི་ལྟ་བ་ཡོད་པ་རེད། ངས་གླེང་བའི་ནང་དོན་མཐའ་དག་ཁོང་ཚོར་དགོས་མཁོ་མེད་ཚེ། ཁོང་ཚོས་དེའི་རིགས་དུས་དེབ་དང་ཚགས་པར་སྟེང་དུ་སྤེལ་འདོད་མེད་པ་རེད། ཅེས་ནུབ་ཕྱོགས་ཀྱི་གསར་འགོད་པ་ཚོར་སྐྱོན་བརྗོད་ཀྱང་བྱས་ཡོད།

 

སྐབས་དེར་གསར་འགོད་པས། ཀྲུང་གོར་བོད་ལྗོངས་ནི་རང་སྐྱོང་ས་ཁུལ་ཅིག་ཡིན་ཞེས་པ་དེར། ཁྱོད་ཀྱིས་རང་སྐྱོང་བྱ་བའི་མཚན་ཉིད་དེར་ཇི་ལྟར་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་དྲིས་པའི་ལན་དུ་ཀྲུའུ་ཝེ་ཆོན་གྱིས་བརྗོད་དོན། གནད་དོན་འདི་ནི་གཞུང་ལུགས་རང་བཞིན་གྱི་གནད་དོན་ཞིག་དང་ཆབ་སྲིད་རང་བཞིན་གྱི་གནད་དོན་ཞིག་ཡིན་ལ། ལག་ལེན་རང་བཞིན་དྲག་ཆེ་བའི་གནད་དོན་ཞིག་ཀྱང་ཡིན། ཀྲུང་གོ་ནི་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན་ཞིང་། ང་ཚོར་མི་རིགས་ ༥༦ ཡོད་པ་དང་། ང་ཚོས་འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ། ཞི་མཐུན་བཅས་ཀྱི་མི་རིགས་ལས་དོན་གྱི་བྱེད་ཕྱོགས་ཤིག་ལག་བསྟར་བྱེད་བཞིན་ཡོད། མི་རིགས་གྲངས་ཉུང་འདུས་སྡོད་ཁུལ་ནི། མི་རིགས་གྲངས་ཉུང་གིས་ཡུལ་དེའི་མི་གྲངས་ཀྱི་བརྒྱ་ཆ་ངེས་ཅན་ཟིན་ཡོད་པའི་ས་ཁུལ་ཞིག་ཡིན་ཞིང་། དེར་ང་ཚོས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་ཀྱིན་ཡོད། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱིས་རྒྱལ་ཡོངས་ཀྱི་མི་གྲངས་ལས་བརྒྱ་ཆ་ ༨ ལས་བརྒལ་ཡོད་མོད། འོན་ཀྱང་། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་ས་ཁྱོན་གྱིས་ང་ཚོའི་རྒྱལ་ཁོངས་ཡོངས་ཀྱི་བརྒྱ་ཆ་ ༦༤ ཙམ་ཟིན་ཡོད། ཀྲུང་གོའི་མི་རིགས་ཁྱབ་ཚད་ཀྱི་ཁྱད་ཆོས་གཙོ་བོ་ནི། མི་རིགས་སོ་སོ་མཉམ་བསྲེས་འདུས་སྡོད་ཀྱི་ཚད་གཞི་ཅུང་མཐོན་པོར་སླེབས་ཡོད། དཔེར་ན། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་བོད་ལྗོངས་སུ་བོད་རིགས་ལས་གཞན་ད་དུང་མོན་པ་དང་། ལྷོ་པ་རིགས། མན་ཇུ་རིགས། ཁ་ཆེ་རིགས། ཆང་རིགས། རྒྱ་རིགས་སོགས་ཡོད། ཅེས་དང་།

 

སྤྱིར་བཏང་གི་ཞིང་ཆེན་དང་གྲོང་ཁྱེར་དཀྱུས་མ་ཞིག་སྟེ། དཔེར་ན་ང་ཚོ་ད་ལྟ་གནས་ཡོད་པའི་པེ་ཅིན་གྲོང་ཁྱེར་དང་ཀྲུང་གོའི་ཤར་རྒྱུད་ཀྱི་ཞིང་ཆེན་དུའང་མི་རིགས་གྲངས་ཉུང་མཉམ་བསྲེས་འདུས་སྡོད་བྱས་ཡོད་པ་ཤིན་ཏུ་མང་། ཁོང་ཚོས་སྤྱི་དམངས་ཀྱི་ལས་སྒོ་སོ་སོའི་དབང་ཆ་དང་མི་རིགས་གྲངས་ཉུང་ལ་ཐོབ་འོས་པའི་གཟིགས་སྐྱོང་མཐའ་དག་ལོངས་སུ་སྤྱོད་ཀྱིན་ཡོད། རྒྱལ་ཁབ་སོ་སོའི་མི་རིགས་གྲུབ་ཚུལ་མི་འདྲ། ལོ་རྒྱུས་དང་རིག་གནས། སྲོལ་རྒྱུན་བཅས་འདྲ་མཚུངས་མིན་སྟབས། རང་སྐྱོང་གང་རུང་ལག་བསྟར་བྱེད་པའི་རྒྱལ་ཁབ་དག་གི་དོན་དངོས་ཐོག་གི་རང་སྐྱོང་གི་བྱེད་ཐབས་ཀྱང་གཅིག་མཚུངས་ཡིན་མི་སྲིད། རྒྱལ་ཁབ་སོ་སོར་རང་རང་གི་གནས་སྟངས་ལྟར་ལམ་ལུགས་ལག་བསྟར་བྱས་ཏེ། མི་རིགས་ཀྱི་འབྲེལ་བ་ཐག་གཅོད་བྱེད་པའི་དབང་ཆ་ཡོད་ཅིང་། རང་སྐྱོང་། ཞེས་བའི་ཐ་སྙད་འདིའང་དེ་ལས་མ་འདས་ཤིང་། རྒྱལ་ཁབ་སོ་སོས་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་ལྟར་དེར་ངེས་ཤེས་འདྲོང་ཚུལ་ཡང་མི་མཚུངས་ལ།སྲིད་ཇུས་ལག་བསྟར་བྱས་པའི་ནང་དོན་ཡང་གཅིག་མཚུངས་མིན། རང་ཉིད་ཀྱི་ཡོད་ཚད་རྒྱལ་ཁབ་གཞན་ལ་སྦྱོར་བའི་དབང་ཆ་སུ་ལའང་མེད། ཅེས་ལན་འདེབས་བྱས་འདུག

 

ཡང་གསར་འགོད་པས། ང་ཚོས་ཤེས་འདོད་པ་ནི་བོད་ལྗོངས་མི་དམངས་ལ་དབང་ཆ་ཇི་འདྲ་ཞིག་ཡོད་པ་དེ་ཡིན་ཞིང་། ཁོང་ཚོར་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རང་བདག་གིས་ཐག་གཅོད་བྱེད་པའི་དབང་ཚད་གང་དག་ཡོད། ཁ་གསལ་བོའི་ཐོག་ནས་བྱེ་བྲག་གི་དཔེ་འགའ་འཇོག་རོགས། ཞེས་བརྗོད་པའི་ལན་དུ་ཀྲུའུ་ཡིས། བོད་ལྗོངས་ཀྱི་ལས་རིགས་སོ་སོའི་མི་དམངས་ལས་བདམས་ཐོན་བྱུང་བའི་རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་དང་རིམ་པ་སོ་སོའི་སྲིད་གཞུང་གིས་རྩ་ཁྲིམས་གཞིར་བཟུང་གི་རྩ་དོན་འོག་དང་། ཡང་ན། རྩ་ཁྲིམས་ཀྱི་རྩ་དོན་དང་མི་འགལ་བའི་ཆ་རྐྱེན་འོག་ཏུ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་གོང་སྤེལ་བཅས་ཀྱི་ལས་སྒོ་སོ་སོའི་ལས་དོན་མཐའ་དག་གི་དབང་ཆ་ལོངས་སྤྱོད་བྱེད་པའི་དབང་ཆ་ཡོད་ལ། དེ་དང་མཉམ་དུ། ངས་བརྗོད་དགོས་པ་ཞིག་ལ། ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ནི། ཁྱེད་ཀྱི་རྒྱུད་ན་ཆགས་ཡོད་པའི་སླད་མ་འདྲེས་པའི་མི་རིགས་ཐ་དད་པ་ཞིག་གི་རང་བདག་བཅོས་སྐྱོང་དེ་མིན་ཞིང་། ང་ཚོའི་མི་རིགས་ས་ཁོངས་རང་སྐྱོང་ནི། རྒྱལ་ཁབ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་དང་ཡོངས་སུ་མཉམ་གནས་བྱས་ཡོད་པ་ཞིག་ཡིན། ཞེས་དང་།

 

རྒྱལ་ཁབ་ཀྱི་གཅིག་གྱུར་མེད་ན། མི་རིགས་ཀྱི་མཐུན་སྒྲིལ་མེད་པ་དང་། རང་སྐྱོང་གང་རུང་གླེང་ཐབས་བྲལ་བ་དེ་རེད། ལོ་རྒྱུས་ལས་བདེན་དཔང་བྱས་ཡོད་པ་སྟེ། གལ་ཏེ་ང་ཚོའི་རྒྱལ་ཁབ་གཅིག་གྱུར་མིན་པ་དང་། མི་རིགས་ཕན་ཚུན་མཐུན་སྒྲིལ་མེད་ན། ང་ཚོའི་མི་རིགས་ཚང་མར་བཙན་རྒྱལ་རིང་ལུགས་ཀྱི་བརྙས་བཅོས་དང་བཙན་འཛུལ་ཐེབས་སྲིད་ཅིང་། སྐབས་དེར་རང་སྐྱོང་ཟེར་བ་དེ་བརྗོད་ཐབས་མེད་པ་ཞིག་རེད། ངས་འདིར་རང་སྐྱོང་དབང་ཆའི་གནད་དོན་སྐོར་གྱི་དཔེ་འགའ་བཞག་ན། གྲོགས་པོ་ཁ་ཤས་ཤིག་གིས་བོད་རིགས་ཀྱིས་བོད་ལྗོངས་ཀྱི་ལས་བྱེད་ཁྲོད་བསྡུར་ཚད་ག་ཚོད་ཟིན་ཡོད་ཟེར་པ་དང་། ཏཱ་ལའི་བླ་མས་ཀྱང་བོད་ལྗོངས་ཀྱི་བོད་མིའི་ཆབ་སྲིད་གོ་གནས་ཤོར་ཟིན་ཞེས་འུར་རྒྱག་བཞིན་ཡོད། ངས་ཁྱེད་ཚོར་ཁ་གསལ་བོ་བྱས་ཏེ་བརྗོད་ཆོག་པ་ནི། སྐད་ཆ་དེ་ནི་རྫུན་གཏམ་ཁོ་ན་རེད། བོད་ལྗོངས་སུ་བོད་རང་སྐྱོང་ལྗོངས་རིམ་པ་དང་པོའི་ལས་བྱེད་པ་བརྒྱ་ཆ་ ༧༠ ཡན་བོད་རིགས་ཡིན་ཞིང་། ས་ཁུལ་རིམ་པ་དང་པོའི་ལས་བྱེད་པ་བརྒྱ་ཆ་ ༨༠ ཡན་བོད་རིགས་ཡིན་ལ། རྫོང་དང་རྫོང་མན་གྱི་ལས་བྱེད་པ་བརྒྱ་ཆ་ ༩༠ ཡན་བོད་རིགས་ཡིན། ཞེས་དོན་དངོས་དང་མི་མཐུན་པའི་ལན་འདེབས་བྱས་ཡོད།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 8

  1. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ok

    Reply
  2. དགྲ་འདུད། says:
    ལོ་ 16 སྔོན།

    དགྲ་ནག་དམར་ཤོག་གཞུང་གིས་དེ་ལྟར་བྱས་ན། རྒྱ་གར་གྱིས་ཀྱང་བོད་དང་སོག་པོ། ཡུ་གུར་བཅས་ནི་ལོ་རྒྱུས་ཐོག་རངབཙན་རྒྱལ་ཁབ་ཅིག་རེད་ཅེས་ས་ཁྲ་དང་བཅས་དྲང་བཤད་ཁྱབ་བསྒྲགས་བྱས་ན་འགྲིག་གི་རེད། ད་དེ་ལྟར་བྱེད་རན་ལ་ཐོན་འདུག

    Reply
  3. འབྲོག་རུ་ཆོས་དར། says:
    ལོ་ 16 སྔོན།

    ཀྲུའུ་ཝེ་ཆོན་གྱི་དྲིལ་བསྒྲགས་དེ་ནི་ཁོ་རང་གཅིག་པུའི་བསམ་ཚུལ་མ་ཡིན་ཏེ། སྤྱིར་རྒྱ་ནག་གིས་དེ་ལྟར་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད། དེ་ནི་རྒྱ་ནག་གི་ཁ་གཡར་ས་གཙོ་བོ་ཞིག་རེད།

    Reply
  4. རྒྱལ་ཐང་ཡོན་ཏན says:
    ལོ་ 16 སྔོན།

    ཀྲུའུ་ཝེ་ཆོན་གྱིས་དངོས་ཡོད་རྒྱག་འགལ་ཅན་གྱི་རྒྱ་ནག་གིས་འཁྲབ་ཚན་དེ་ནུབ་ཕྱོགས་པ་སྤྱད་དག་ལ་བསྟན་རྒྱུའི་གོ་སྐབས་བཟུང་སྟེ་ལོ་རྒྱུས་ལ་འཁྱོག་བཤད་དང་། དོན་དམ་བོད་རིགས་རྣམས་ལ་སོ་སོའི་ཆོས་རིགས་འཛིན་སྐྱོངས་ཀྱི་དབང་ཆ་ཙམ་ཡང་མེད་པ་ལ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་གོང་སྤེལ་བཅས་ཀྱི་ལས་སྒོ་སོ་སོའི་ལས་དོན་མཐའ་དག་ལོངས་སྤྱོད་བྱེད་པའི་དབང་ཆ་ཡོད་ཟེར་བ་ནི་འཛམ་གླིང་མི་དམངས་ལ་མགོ་བསྐོར་སླུ་བྲིད་བྱས་ཏེ། བོད་དོན་བདེན་པའི་ཐབ་རྩོད་དེ་ཁ་ལོ་གཐན་ཞིག་ཏུ་བསྒྱུར་ཐབས་བྱས་པ་རེད། ཁོ་པའི་རེ་བ་དེ་ནི་རྒྱ་སྐད་ཐོག་་་་ཉིན་མོའི་རྨི་ལམ་་་་་ཟེར་བ་དེ་ལོས་ཡིན།

    Reply
  5. གངས་མཚོ། says:
    ལོ་ 16 སྔོན།

    ༄༅།།རྒྱ་གར་གྱི་མཚམས་སྦྱོར་ཚན་པས་ཀྲུང་གོར་ངོ་རྒོལ་བྱེད་པར་ངན་སྐུལ་བྱས་ཏེ། ཀྲུང་གོའི་དམག་སྡེ་ལ་བཟོ་ལྟ་ཚ་ནན་སྤྲོད་དགོས་ཞེས་འུད་སྒྲོག་བྱས་པ

    ཟླ༡༠ཚེས༢༡ཉིན་པར་དུ་བསྐྲུན་པའི་《རྒྱལ་ཁམས་སྐོར་བའི་དུས་ཚགས》སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཀྲུང་གོའི་བོད་ལྗོངས་ས་ཁུལ་གྱི་དྲིལ་སྒྲོག་དེབ་ཆུང་ཞིག་གི་སྟེང་དུ་ཀསྨིར་ས་ཁུལ་དང་།འབར་མ། ནེ་པ་ལ་སོགས་འདྲ་མཉམ་དུ་བཀོད་པའི་བྱེད་སྟངས་དེས་རྒྱ་གར་གྱི་མཚམས་སྦྱོར་ཚན་པའི་རྫི་གསང་དོད་པོའི་སྲོག་རྩར་ཕོག་ཐུག་བཏང་བ་མ་ཟད། གནས་ཚུལ་དེ་རྒྱ་གར་གྱི་མཚམས་སྦྱོར་ཚན་པས་ཀྲུང་གོས་རྒྱ་གར་ལ་“མནར་གཅོད”བཏང་པའི་བདེན་དཔང་ཞིག་ཏུའང་བརྩི་བཞིན་ཡོད་པ་དང་། ལ་ལས་གནས་ཚུལ་དེ་ཇེ་དྲག་ཏུ་བཏང་སྟེ་དམག་དོན་ཐད་ནས་ཁ་གཏད་འཇལ་དགོས་པའི་ངོས་ནས་གླེང་བཞིན་ཡོད་པ་སྟེ། “རྒྱ་གར་གྱི་དམག་སྡེས་གྲ་སྒྲིག་ལེགས་པོ་བྱས་ཡོད་ཅིང་། མི་འགྱང་བར་ཀྲུང་གོའི་དམག་སྡེ་ལ་བཟོ་ལྟ་ཚ་ནན་ཞིག་སྤྲོད་ངེས་ཡིན་”ཞེས་བརྗོད་ཀྱིན་ཡོད།
    《རྒྱ་གར་གྱི་ཉིན་རེའི་ཚགས་པར》གྱིས་དེབ་ཆུང་དེ་ནི་“ཀྲུང་གོའི་དྲིལ་སྒྲོག་གི་རྒོལ་སྟངས”ཞིག་ཡིན་ཞེས་ཟེར་གྱིན་ཡོད། ཚགས་པར་སྟེང་དུ། ཀྲུང་གོས་ཕ་ཁི་སི་ཐན་ལ་ཉིང་རྡུལ་མཚོན་ཆ་དང་འཕུར་མདའ་བཅས་འདོན་སྤྲོད་བྱས་ནས་རྒྱ་གར་ལ་འགྲན་རྩོད་སློང་བ་དང་། ཁྲ་མའོ་དང་ཀསྨིར་གཉིས་ཕ་ཁི་སི་ཐན་ལ་ཚོད་འཛིན་བྱེད་དུ་འཇུག་འདོད་ཡོད་པ་མ་ཟད། རྒྱ་གར་བ་གད་སྙིགས་ཀྱི་ཁྲོད་དུ་དོར་ནས་ཐབས་རྒྱ་ཇུས་སྟོང་གིས་རྒྱ་གར་ཕམ་པར་རྒྱག་རྩིས་ཡོད་ཅེས་བཀོད་ཡོད་པ་མ་ཟད། རྒྱ་གར་གྱིས་རུ་དམག་བཀོད་སྒྲིག་བྱས་ཚར་བ་དང་། ༡༩༦༢ལོའི་ཕམ་ཁ་དེ་ཡང་བསྐྱར་འབྱུང་བ་དཔེ་མི་སྲིད། ཀྲུང་གོའི་རུ་དམག་ལ་མཚོན་ན་མཉེན་ཆས་ལག་རྩལ་ལ་དབང་བའི་རྒྱ་གར་གྱི་མཁའ་དམག་ཞིག་ལ་ཁ་གཏད་འཇལ་དགོས་པ་རེད།འཐབ་རྩོད་དེ་ནི་བར་སྣང་དང་བར་སྣང་འཕུར་སྐྱོད་ཁྲོད་འགོ་བརྩམ་ནས་མཇུག་རྫོགས་རྒྱུ་ཡིན་ཞེས་བཀོད་ཡོད།
    དྲ་རྒྱའི་དྲ་དམངས་ཀྱིས་རྒྱ་གར་གྱི་མཚམས་སྦྱོར་ཚན་པ་འགས་ངན་སྐུལ་བྱས་པའི་གནས་ཚུལ་དེ་མཐོང་རྗེས་ངར་ཤུགས་ཆེན་པོ་ཞིག་བསླངས་བ་དང་།《རྒྱ་གར་གྱི་སྤྱི་བའི་ཚགས་པར》གྱི་དྲ་བའི་སྟེང་དུ།དྲ་དམངས་ DesiUS ཞེས་པ་ཞིག་གིས་འདི་སྐད། ང་ཚོས་ཀྲུང་གོའི་རང་སྐྱོང་ས་ཁུལ་ལ་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། རྒྱ་གར་གྱིས་བོད་ལྗོངས་དང་ཐེ་ཝན་ལ་ཡང་རྒྱབ་སྐྱོར་བྱེད་དགོས་ཏེ། ལྗར་པན་དང་། ཡུའེ་ནན། སོག་པོ་བཅས་དང་མནའ་འབྲེལ་སྒྲིག་གམ་ཅི་ཞེས་བརྗོད་ཡོད་པ་དང་། གཞན་ཡང་དྲ་དམངསchink_chopperཞེས་པ་ཞིག་གིས་འདི་སྐད། ད་ལྟ་ཀྲུང་གོ་དངངས་འཚུབ་སྐྱེ་བཞིན་ཡོད་པ་ང་ལ་ཡིད་ཆེས་ཡོད། རྒྱུ་མཚན་གང་ཞེ་ན། ཨ་རི་དང་རྒྱ་གར་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ་ཀྲུང་གོར་བསླབ་བྱ་གཏོང་རྒྱུ་ཡིན་ལ། ཀྲུང་གོ་བས་ཨུ་རུ་སིའི་ཕྱོགས་ལ་རེ་བ་བཅིངས་ཐུབ་བམ་ཅི།ཅེས་བཤད་ཡོད་དོ།།

    ཞེས་ཀྲུང་གོ་ཆ་འཕྲིན་ཞེས་པ་ནང་དཀོད་འདུག
    རྒྱ་དཀར་ནག་གཉིས་ཀྱིས་ཕན་ཚུན་སྡིག་ར་བཏང་བ།

    Reply
  6. སློབ་དཔོན་ says:
    ལོ་ 16 སྔོན།

    ok

    Reply
  7. ནོར་བུ་རྒྱལ་མཚན། says:
    ལོ་ 16 སྔོན།

    ཀྲུའུ་ཝེ་ཆོན་གྱིས་ག་དུས་ཡིན་ན་རྒྱ་བོད་གཉིས་འགྲིག་ཡག་གི་བསམ་བློ་རྩ་བ་ཉིད་ནས་བཏང་མྱོང་མེད་ལ་བོད་དོན་དེ་རྒྱ་ནག་གི་ནང་སྲིད་ལ་ཁ་རྒྱུར་ཡག་གི་ཕྱི་རྒྱལ་གི་གསར་འགོད་པ་དག་ལ་བཤད་བཞིན་ཡོད་པ་རེད།

    Reply
  8. ནོར་བུ་རྒྱལ་མཚན། says:
    ལོ་ 16 སྔོན།

    ཀྲུའུ་ཝེ་ཆོན་གྱིས་ག་དུས་ཡིན་ན་རྒྱ་བོད་གཉིས་འགྲིག་ཡག་གི་བསམ་བློ་རྩ་བ་ཉིད་ནས་བཏང་མྱོང་མེད་ལ་བོད་དོན་དེ་རྒྱ་ནག་གི་ནང་སྲིད་ལ་ཁ་རྒྱུར་ཡག་གི་ཕྱི་རྒྱལ་གི་གསར་འགོད་པ་དག་ལ་བཤད་བཞིན་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese