མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་ནས་རིག་གཞུང་ལ་བརྩེ་བ་ཡོང་བའི་ཐབས་ལམ་འཚོལ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

ང་མཐོ་སློབ་འགྲིམ་མཁན་འགའ་རེར་ཐུག་སྐབས། མཐོ་སློབ་ནང་བོད་པའི་སྐོར་ལ་སྐད་ཆ་བཤད་ན། གུ་དོག་པོ་དང་བསམ་བློ་གཏོང་མི་ཤེས་པ། ཐང་པོ་མེད་པ། ཕལ་ཆེར་ཀླད་པར་སྐྱོན་ཤོར་ཡོད་པ་ལྟ་བུར་ངོས་འཛིན་བྱེད་ཀྱིན་འདུག་ཟེར། དེ་ནི་སོ་སོའི་རིག་གཞུང་དང་མི་རིགས་ལ་བརྩེ་དུང་ཟབ་མོ་ཞིག་མེད་པའི་སྐྱོན་རེད། ཅེས་དཔལ་རྒྱལ་བ་༧ཀརྨ་པ་མཆོག་གིས་གསུངས་ཡོད།

 

དེ་རིང་ཞོགས་པ་རི་བོ་ཧི་མ་ལ་ཡའི་རི་བརྒྱུད་རྒྱ་གར་བྱང་ཤར་རྡོ་ལ་རྡར་གྱི་རི་རྩེར་ཉི་རྩེ་ཕོག་པ་དང་ཆབས་གཅིག ངྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་ལོ་ཡི་བགྲང་བྱ་ ༤༩ འཁོར་བའི་མཛད་སྒོ་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་རྩེད་ཐང་ནས་གཟབ་རྒྱས་ངང་ཚོགས་ཡོད་ལ། ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ཐོག སློབ་ཕྲུག་ཡོངས་རྩེད་ཐང་ལ་ཚང་འཛོམས་ཀྱིས་སྐུ་མགྲོན་རྣམ་པར་ཕེབས་བསུ་ཞུས་ཡོད། ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་། དཔལ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་རུ་ཕྲེང་སྒྲིག་པའི་སློབ་ཕྲུག་དག་གི་རྔ་རོལ་གྱི་རམ་འདེགས་ཁྲོད་ཆིབས་བསྒྱུར་བསྐྱངས་ཡོད།

 

སྐབས་དེར་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་མཆོག་ནས་ཁྱིམ་སྡེའི་ལས་བསྡོམས་སྙན་སྒྲོན་ཞུས་དོན། ངྷ་སྟེང་བོད་ཕྲུག་ཁྱིམ་སྡེ་འདི་ཉིད་ཕྱི་ལོ་ ༡༩༦༠ ཟླ་ ༥ ཚེས་ ༡༧ ཉིན་བཙན་བྱོལ་བོད་མིའི་བུ་བཅོལ་ཁང་གི་མིང་ཐོག་ནས་དབུ་འཛུགས་གནང་ཡོད་ལ། ཐོག་མ་ལམ་བཟོ་བ་ཁག་ཅིག་གི་བུ་ཕྲུག་ ༥༡ ཙམ་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་གིས་ཐུགས་འགན་བཞེས་ཤིང་འགྲོ་གྲོན་སྐུ་སྒེར་ནས་བཏང་ཡོད། ༡༩༦༤ ལོར་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་ཉིད་སྐུ་ཚེ་མ་ཟིན་སྟབས། གཅུང་མོ་བཀའ་ཟུར་རྗེ་བཙན་པད་མ་མཆོག་གིས་མཇུག་སྐྱོང་གནང་ཡོད། ༡༩༧༡ ལོར་བོད་ཕྲུག་ཁྱིམ་སྡེར་མིང་སྒྱུར་གྱིས་ཁྲིམས་མཐུན་དེབ་སྐྱེལ་བྱས། ཞེས་བོད་ཕྲུག་ཁྱིམ་སྡེ་ཡི་བྱུང་རབས་ངོ་སྤྲོད་བྱས་བྱུང་།

 

ཁོང་གིས་མུ་མཐུད་དུ་ཕྱི་ལོ་ ༢༠༠༩ ལོའི་སློབ་ཕྲུག་གི་ཡིག་རྒྱུགས་སྐོར་ངོ་སྤྲོད་གནང་དོན། བོད་ཁྱིམ་སློབ་ཁག་ནང་འཛིན་རིམ་བཅུ་བའི་ཡིག་རྩལ་གཏོང་མཁན་སློབ་ཕྲུག་ ༧༥༡ བྱུང་ཡོད་ལ། ཡིག་ཚད་འཁྱོལ་བ་ ༦༡༣ ། ཡང་བསྐྱར་གཏོང་དགོས་པ་ ༡༣༧ ། མ་འཕྲོད་པ་ ༡ ། ཡིག་ཚད་འཕྲོད་པའི་བརྒྱ་ཆ་ ༨༡ ། ༦༢ ཙམ་ཟིན་ཡོད། འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་ཚད་གཏོང་མཁན་ནང་། ཚན་རིག་ཐོག་སློབ་མ་ ༡༠༣ དང་འབྱུང་རིག་ཐོག་ ༢༡༢ ། ཚོང་འབྲེལ་ཐོག་ ༡༨༥ ། ཁྱོན་བསྡོམས་ ༥༠༠ སློབ་མ་ཙམ་བྱུང་ཡོད། དེ་དག་ལས་ཚན་རིག་ཡིག་གི་རྒྱུགས་འཕྲོད་པ་སློབ་མ་ ༩༥ དང་འབྱུང་རིག་ ༢༡༢ ། ཚོང་འབྲེལ་ ༡༧༨ བཅས་ཁྱོན་བསྡོམས་ ༤༨༥ འདུག ཡིག་རྒྱུགས་བསྐྱར་དུ་གཏོང་དགོས་པ་ཚན་རིག་ཐོག་སློབ་མ་ ༦ དང་། འབྱུང་རིག་ཐོག་མེད། ཚོང་འབྲེལ་ཐོག་ ༧ བཅས་ཁྱོན་བསྡོམས་སློབ་མ་ ༡༣ འདུག ཡིག་རྒྱུགས་མ་འཕྲོད་པ་ཚན་རིག་ནང་སློབ་མ་ ༢ དང་། འབྱུང་རིག་དང་ཚོང་འབྲེལ་ཐོག་མེད། ཡིག་ཚད་འཕྲོད་པའི་བརྒྱ་ཆ་ཚན་རིག་ཐོག་ ༩༢ ། ༢༣ དང་། འབྱུང་རིག་ཐོག་བརྒྱ་ཆ་ ༡༠༠ ། ཚོང་འབྲེལ་ཐོག་བརྒྱ་ཆ་ ༩༦ ། ༢༡ བཅས་ཁྱོན་བསྡོམས་བརྒྱ་ཆ་ ༩༧ ཙམ་ཟིན་ཡོད། ཅེས་ངོ་སྤྲོད་གནང་བྱུང་།

 

བོད་ཕྲུག་ཁྱིམ་སྡེ་ཡི་ད་ལྟའི་གྲུབ་ཆ་ངོ་སྤྲོད་གནང་དོན། ལོ་འདིར་གསར་དུ་སློབ་འཇུག་བྱས་པའི་སློབ་མ། རྒྱ་བལ་འབྲུག་གསུམ་ནས་གཏན་སློབ་ནང་གསར་འཇུག་བྱས་པ་ ༥༣༤ དང་བོད་ནས་འབྱོར་བ་ ༡༠༩ ཡོད་ལ། ཁྱོན་བསྡོམས་ ༦༤༣ ཙམ་ཡོད། གཏན་སློབ་ཀྱི་སློབ་མ་ ༩༥༨༠ དང་ཉིན་སློབ་ཀྱི་སློབ་མ་ ༡༧༠༣ ཡོད་ལ། མཐོ་རིམ་སློབ་གཉེར་བ་ ༡༦༤༡ དང་། ལག་ཤེས་སློབ་མ་ ༦༢༢ ། ཆུ་གློག་སྡེ་ཚན་ཁོངས་སུ་སློབ་མ་ ༡༦༣༠ བཅས་ཡོད། ལས་བྱེད་གྲངས་ ༡༣༥༩ དང་འཕྲལ་སེལ་ལས་བྱེད་ ༡༦༠ ཡོད་ལ། བགྲེས་ཡོལ་བ་ ༡༧༨ བཅས་མི་འབོར་ཁྱོན་བསྡོམས་ ༡༧༡༧༣  ཙམ་ཡོད། ཕྱི་ལོ་ ༡༩༦༠ ནས་ད་བར་གཏན་སློབ་ཁག་ནང་སློབ་འཇུག་བྱས་པ་ ༣༦༩༧༥ དང་། ཉིན་སློག་ཁག་ནང་སློབ་འཇུག་བྱས་པ་ ༨༤༥༨ བཅས་ཁྱོན་བསྡོམས་ ༤༥༤༣༣ ཙམ་བྱུང་ཡོད། ཅེས་དང་།

 

སྔར་ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ད་ལོའི་ཕྱི་ཟླ་ ༣ ཚེས་ ༣༡ བར་དངུལ་གྱི་བྱུང་སོང་རྩིས་ཁྲ། བྱུང་ཧིན་སྒོར་ས་ཡ་སུམ་བརྒྱ་ ༣༣༩༩༢༤༤༦༧ ། ༦༠ དང་འཆར་གཞིའི་ཐོག་ཧིན་སྒོར་ས་ཡ་ཉིས་བརྒྱ་ ༢༢༣༤༥༥༣༣༨ ། ༡༥ བཅས་ཁྱོན་བསྡོམས་ཧིན་སྒོར་ས་ཡ་ལྔ་བརྒྱ་ ༥༦༣༣༧༩༨༠༥ ། ༡༥ ཙམ་ཆགས་ཡོད། སོང་རྒྱུན་འགྲོན་ཐོག་ཧིན་སྒོར་ས་ཡ་སུམ་བརྒྱ་བཅོ་བརྒྱད་ ༣༡༨༧༡༨༡༦༢ ། ༦  དང་འཆར་གཞིའི་ཐོག་ཧིན་སྒོར་ས་ཡ་ཉིས་བརྒྱ་ཉེར་བདུན་ ༢༢༧༧༨༧༥༧༠ ། ༥༨ བཅས་ཁྱོན་བསྡོམས་ཧིན་སྒོར་ས་ཡ་ལྔ་བརྒྱ་ ༥༤༦༥༠༧༣༣༢ ། ༦༧ ལ་སླེབས་ཡོད། བྷེན་ལོར་མཐོ་སློབ་དེ་ ༢༠༠༩ ཟླ་ ༢ ཚེས་ ༡༩ ཉིན་༼ ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ ༽ ཞེས་༧གོང་ས་མཆོག་གིས་མཚན་གནང་བ་མ་ཟད། ད་ལྟ་དགེ་རྒན་འོས་སྦྱོང་གནང་མུས་ཡིན་ལ། ལོ་རྗེས་མ་ནས་སློབ་ཚན་གཞན་རྣམས་ཀྱང་མགོ་འཛུགས་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།

 

དེའི་རྗེས་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱོང་གནང་དོན། ཚང་མས་མཁྱེན་གསལ་ལྟར་ཤེས་ཡོན་ཟེར་བ་དེ་གལ་ཆེན་པོ་རེད། ཤེས་ཡོན་མེད་ན། བསམ་བློའི་ནང་འཁོར་བསྡད་པ་གང་ཞིག་ལག་ལེན་བསྟར་ཐུབ་རྒྱུ་ཁག་པོ་རེད། ཤེས་ཡོན་བསླབ་པར་སློབ་གྲྭ་དང་དགེ་རྒན། མཐུན་རྐྱེན་སོགས་འཛོམས་དགོས། བོད་ཕྲུག་ཁྱིམ་སྡེར་མཚོན་ན་དེ་དག་འཛོམས་ཡོད། སློབ་གྲྭ་གཞན་ལས་འབུར་དུ་ཐོན་པ་ཞིག་ཆགས་ཡོད། ཉེ་ཆར་ངྷ་ཤོད་སློབ་གྲྭའི་མཛད་སྒོའི་ཉིན། ངྷ་ཤོད་སློབ་གྲྭ་རང་སྐྱ་ཐུབ་པ་ཞིག་ཆགས་ཡོད། ཅེས་བཀའ་ཁྲི་མཆོག་གིས་གསུངས་སོང་། ང་རང་གི་བསམ་ཚུལ་ཞུས་ན། དབུས་བོད་ཕྲུག་ཁྱིམ་སྡེ་ཡི་འཛིན་སྐྱོང་བྱེད་སྟངས་དང་སློབ་ཕྲུག་སྐྱོང་སྟངས་ལ་བསམ་བློ་བཏང་ན། རྒྱལ་ཁབ་རང་བཙན་ཡོད་པ་ཞིག་གིས་ཀྱང་བསྒྲུབ་དཀའ་བ་ཞིག་འགྲུབ་ཡོད། སློབ་ཕྲུག་ཆ་རྐྱེན་ཡོད་མེད་གཉིད་ཀ་སློབ་སྦྱོང་གཅིག་གྱུར་དང་། འགྲོ་སྟངས་གཅིག་མཚུངས། སྒྲིག་གཞི་འདྲ་མཉམ་གྱི་ཐོག་སྐྱོད་ཀྱིན་ཡོད། ཅེས་དང་། སློབ་ཕྲུག་ཚོའི་ངོས་ནས་ཀྱང་དབུ་བཞུགས་ལས་བྱེད་དང་དགེ་རྒན་རྣམ་པ། སློབ་གྲོགས་ཕན་ཚུན་བར་བཅས་ལ་བརྩི་བཀུར་བཟང་པོ་དང་། ངང་རྒྱུད་རིང་པོ། བཟོད་བསྲན་ཆེན་པོ། ཧུར་བརྩོན་ཡག་པོ་བྱ་དགོས། ལྷག་པར་དུ་ད་ལྟའི་བོད་པའི་ཛ་དྲག་གི་གནས་སྟངས་ལ་གཞིགས་ཏེ། སྔར་ལས་ལྷག་པར་སློབ་སྦྱོང་ལ་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།

 

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྒྱ་རི་སྒྲོལ་མ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་གནང་དོན། སློབ་ཕྲུག་རྣམས་ཀྱིས་ད་ལྟ་དང་། མ་འོངས་པ་བཅས་སུ་སྤྱི་ཚོགས་ཞབས་ཞུའི་ལས་འགན་རང་སྐྱ་འཕེར་བ་བྱ་ཐུབ་པའི་རིགས་གཅིག་རྐང་འཛིན་པ་གང་མང་འཐོན་ཐུབ་རྒྱུར། ཕྱོགས་ཚང་མའི་ཐོག་ནས་དགོངས་བཞེས་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན། སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་གོང་འཕེལ་ཡོང་མིན་དེ་དགེ་རྒན་རྣམ་པའི་ཤེས་ཚད་དང་ཉམས་མྱོང་། སློབ་ཁྲིད་བྱེད་ཕྱོགས། ལྷག་བསམ། སེམས་ཤུགས་བཅས་ལ་ཐུག་ཡོད་སྟབས། དགེ་རྒན་གནས་ཚད་དྲག་གྲས་རིགས་མུ་མཐུད་བོད་ཕྲུག་ཁྱིམ་སྡེ་ནང་། ཞབས་ཞུ་རྒྱུན་གནས་ཐུབ་ཐབས་སུ་འཛིན་སྐྱོང་གིས་ཀྱང་། དུས་ནས་དུས་སུ་དམིགས་བསལ་མཐུན་འགྱུར་གཟིགས་སྐྱོང་གནང་རྒྱུ་གལ་ཆེན་རེད། ཅེས་དང་། རང་རེའི་སྤྱི་ཚོགས་ནང་མྱོས་རྫས་ལ་ངན་གོམ་ལང་ཤོར་དུ་ཕྱིན་པ་གང་འཚམ་ཡོང་གིན་ཡོད་སྟབས། སློབ་གྲྭ་ཁག་ནང་མྱོས་རྫས་བེད་སྤྱོད་བྱེད་མཁན་ཁྱབ་བརྡལ་དུ་སོང་ཚེ། བྱིས་པའི་ཤེས་ཡོན་དང་འཕྲོད་བསྟེན། ཐ་ན་མི་ཚེ་གང་བོ་ཆུད་ཟོས་སུ་འགྲོ་ཉེན་ཆེ་སྟབས། དེ་རིགས་སྔོན་འགོག་གི་སྒྲིག་ཁྲིམས་དམ་དྲག་གང་ལེགས་གནང་གལ་ཆེ། ཞེས་གསུངས་སོང་།

 

མཇུག་མཐར་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་༧ཀརྨ་པ་མཆོག་གིས་ལམ་སྟོན་བཀའ་སློབ་གནང་དོན། དེ་རིང་འདིར་སློབ་གྲོགས་ཚོའི་མདུན་ནས་ལམ་སྟོན་ཡིན་མདོག་མདོག་གི་སྐད་ཆ་བཤད་རྒྱུའི་འཇོན་ཐང་དང་སྤོབས་པ་མི་འདུག་མོད། དུས་རྒྱུན་སོ་སོ་བོད་པའི་བླ་ཆེན་གྱི་མིང་འཁུར་མཁན་ཞིག་ཡིན་པའི་ཆ་ནས། ཕྱོགས་མང་པོ་ཞིག་ནས་བོད་དང་བོད་ཀྱི་མ་འོངས་པའི་སྐོར་ལ་བསམ་འཆར་འདོན་མཁན་དང་། རེ་བ་སྐྱོན་མཁན་མང་པོ་ཞིག་ཡོང་བསྡད་ཡོད་སྟབས། དེ་རིང་འདིར་ཁོ་རང་ཚོའི་ཚབ་བྱས་ཏེ། གནས་ཚུལ་ཁ་ཤས་བརྒྱུད་བསྒྲགས་བྱས་ན། སློབ་ཕྲུག་ཚོ་དང་མི་མང་ལ་ཕན་ཐོགས་ཅུང་རེ་ཐོགས་སྲིད་པའི་རེ་བ་ཞུ་བཞིན་ཡོད། ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་པའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱ་རྒྱུ་དེ་བོད་མི་ཚང་མའི་འགན་འཁུར་ཆགས་ཡོད། ཕ་ཡུལ་བོད་དུ་འཚོ་བ་སྐྱེལ་མཁན་ཡིན་ན་འདྲ་ལ། ཕྱི་རྒྱལ་ལུང་པར་ཚར་ལོངས་བྱུང་མཁན་ཡིན་ནའང་འདྲ། བོད་མི་ཚང་མའི་འདུན་པ་གཅིག་གྱུར་ཡོང་དགོས། གང་ཡིན་ཟེར་ན། བོད་མི་ཟེར་བ་དེ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་མཁན་དང་། བོད་ཀྱི་རིག་གཞུང་དེ་བོད་མིའི་བླ་སྲོག་ཆགས་ཡོད། དེ་གཉིས་ལ་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་བཟང་པོ་ཡོད།

 

ང་ཚོས་ངེས་པར་དུ་དུས་ཚོད་དམ་འཛིན་བྱས་ཏེ། སློབ་སྦྱོང་གི་གོམ་འགྲོས་ཇེ་མགྱོགས་དང་། འབད་བརྩོན་ཇེ་ཆེར་བཏང་ཏེ་བོད་ཀྱི་རིག་གཞུང་གི་སྙིང་བཅུད་སྲུང་སྐྱོབ་བྱ་དགོས། དེ་དང་མཉམ་དུ་དེང་དུས་ཀྱི་སློབ་སྦྱོང་ལའང་དོ་སྣང་ཆེན་པོ་བྱ་དགོས། སློབ་སྦྱོང་བྱས་པ་ཙམ་དུ་མ་ཟད་ནུས་པ་ཐོན་པ་ཞིག་དང་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་ཐུབ་མཁན་ཞིག་ཡིན་དགོས་སྟབས། ངེས་པར་དུ་ཆེད་ལས་རིགས་ལ་གདམ་ཀ་བྱས་ཏེ་སློབ་སྦྱོང་བྱ་དགོས། དེ་ལྟར་བྱུང་བ་ཡིན་ན་འཛམ་གླིང་གི་སྟིངས་ཆར་ལངས་ཏེ། འཛམ་གླིང་དང་མཉམ་དུ་བོད་ཀྱི་རིག་གཞུང་ལོངས་སུ་སྤྱོད་ཐུབ་པ་དང་སློབ་སྦྱོང་བྱ་ཐུབ་པ་ཞིག་ཆགས་ཡོད། བོད་མི་ཚོ་འཛམ་གླིང་ཐོག་གསོན་པ་ཙམ་གྱིས་མི་ཆོག་པར་གསོན་པར་བཟི་བརྗིད་ལྡན་པ་ཞིག་དང་། དོན་སྙིང་ལྡན་པ་ཞིག་ཡོང་རྒྱུ་གལ་ཆེན་པོ་ཡིན།

 

ད་བར་༧རྒྱལ་བ་རིན་པོ་ཆེའི་ལམ་སྟོན་འོག་བོད་རིགས་ཚང་མས་ལྷག་བསམ་སྟོབས་ཤུགས་ཆིག་སྒྲིལ་བྱས་ཤིང་། ལྷག་པར་དུ་བོད་ནང་གི་བོད་མི་ཚོས་འཆི་བ་སྲོག་ལ་མ་འཛེམས་པར་བོད་པའི་བདེན་དོན་ཆེད་ལས་འགུལ་སྤེལ་གྱིན་ཡོད། བཙན་བྱོལ་ནང་ཡོད་པ་ཚོར་རང་དབང་ཆེ་པོ་དང་གོ་སྐབས་མང་པོ་ཡོད་སྟབས། ང་ཚོ་མི་རེ་ངོ་རེ་ནས་འགན་འཁུར་ལེན་དགོས། ཁྱེད་ཅག་སློབ་ཕྲུག་ཚོའི་ངོས་ནས་ཀྱང་། སོ་སོ་མི་སྒེར་གྱི་ངོ་ནས་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་ལས་ཀ་གང་བསྒྲུབ་ཐུབ་ཀྱིན་འདུག ཁས་ལེན་དམ་བཅའ་ཅི་ཞིག་བྱ་ཐུབ་ཀྱིན་འདུག དེ་ལ་བསམ་བློ་གཏོང་དགོས་པ་དང་སེམས་ཕུགས་སུ་འཛིན་དགོས་པ་གལ་ཆེན་རེད། ཐ་ན་བོད་པའི་དཔེ་དེབ་ཅིག་ཧུར་བརྩོན་གྱིས་བཀླགས་ཏེ། ངས་འདི་ལ་བབ་ཆགས་ཆེན་པོ་ཞིག་འཇོག་རྒྱུ་ཡིན་སྙམ་པའི་དམ་བཅའ་འཇོག་ཐུབ་ནའང་ཡག་པོ་རེད།

 

བོད་པའི་ཆོས་དང་རིག་ཞུང་ཐོག་འབད་བརྩོན་བྱེད་པ་དེ་ཁ་ཙམ་ཚིག་ཙམ་དང་། གཞན་གྱི་རྗེས་སུ་ཧོལ་རྒྱུག་ཙམ་ལས་སོ་སོའི་སེམས་པའི་གཏིང་ལ་འགུལ་སྐྱོད་དང་ཚོར་སྣང་གང་ཡང་མེད་མཁན། ལྷག་པར་དུ་ང་མཐོ་སློབ་འགྲིམ་མཁན་འགའ་རེར་ཐུག་སྐབས། མཐོ་སློབ་ནང་བོད་པའི་སྐོར་ལ་སྐད་ཆ་བཤད་ན། གུ་དོག་པོ་དང་བསམ་བློ་གཏོང་མི་ཤེས་མཁན། ཐང་པོ་མེད་པ། ཕལ་ཆེར་ཀླད་པར་སྐྱོན་ཤོར་ཡོད་པ་ལྟ་བུར་ངོས་འཛིན་བྱེད་ཀྱིན་འདུག་ཟེར། དེ་ནི་སོ་སོའི་རིག་གཞུང་དང་མི་རིགས་ལ་བརྩེ་དུང་ཟབ་མོ་ཞིག་མེད་པའི་སྐྱོན་རེད། སོ་སོས་དོ་སྣང་བྱས་མ་བྱས་དང་ཉམས་མྱོང་བསགས་མ་བསགས་ལ་རག་ལས་ཡོད་སྟབས། ཚང་མས་ཉི་མ་དེ་རིང་ནས་མགོ་བཙུགས་ཏེ་བོད་པའི་ཆོས་དང་རིག་གཞུང་། མི་རིགས་བཅས་པའི་ཆེད་དུ་སེམས་ལ་བག་ཆགས་མཐུག་པོ་ཞིག་དང་བརྩེ་བ་ཟབ་མོ་ཞིག་ཡོང་བའི་ཐབས་ལམ་འཚོལ་རོགས་གནོངས། ཞེས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 13

  1. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    ཁྱེད་ནི་གངས་ལྗོངས་ནས་ས་མཐའ་འདིར་ཕེབས་པའི་གདོང་དམར་བ་རྣམས་ཀྱི་མ་འོངས་པའི་མདུན་སྐྱོད་བྱེད་པའི་ལམ་མཁན་ཞིག་ཏུ་གྱུར་བའི་ངའི་སྙིང་དབུས་ནས་སྨོན་མདུན་ཞུ།།

    Reply
  2. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    གསར་འགྱུར་འདི་བམ་ཀློག་ཅིག་ཞུས་པ་ཡིན། གཤམ་གྱི་འདི་ཚོ་ནོར་འདུག དེ་ཚོ་སུ་ལ་འགན་ཡོད་པ་དེས་དག་བཅོས་ཤིག་གནང་རོགས།

    རི་བརྒྱུད། རི་རྒྱུད།
    ཆབས་གཅིག ཆབས་ཅིག
    རྗེ་བཙན་པདྨ། རྗེ་བཙུན་པདྨ།
    བཅུ་བ། བཅུ་པ།
    རྒྱུན་འགྲོན། རྒྱུན་གྲོན།
    རང་སྐྱ་ཐུབ། རང་རྐྱ་ཐུབ།
    གཉིད་ཀ གཉིས་ཀ
    རང་སྐྱ་འཕེར། རང་རྐྱ་འཕེར།
    ངན་གོམ། ངན་གོམས།
    འགན་འཁུར་ཆགས་ཡོད། འགན་ཁུར་ཆགས་ཡོད།
    ཚར་ལོངས། འཚར་ལོངས།
    བཏང་ཏེ། བཏང་སྟེ།
    སྟིངས་ཆ། སྡིངས་ཆ།
    བཟི་བརྗིད། གཟི་བརྗིད།
    ཆེ་པོ། ཆེན་པོ།
    ངོ་ནས། ངོས་ནས།

    Reply
  3. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    བོད་ཁྱིམ་སློབ་གྲྭ་བརྙན་པ་མཐོང་དུས་བཀྲ་ཤིས་བདེ་ལེགས་ཞུས་འདོད་ཞིག་རང་བཞིན་སྐྱེས་སོང་དེ་ནི་སློབ་ཕྲུག་རྣམས་ཀྱི་ང་ལ་སྤྲད་པའི་དུང་སེམས་ཀྱི་འཚོར་བ་རྐྱེན་པོ་ཞིག་རེད་་་་་་་་་་་་་་་་་་་་་་་་་་དེའིི་རྗེས་ན་སྤེན་པ་ཚེ་རིང་གི་སྐོར་ཞིག་གླེང་སོང་དེ་དངོས་ཉིད་དོན་ཆེན་རེད་འདུུག་་རྩོམ་སྒྲིག་པས་དངོས་ཉིད་འགྲེལ་བཤད་ཞིག་གནང་ཐུབ་ན་ཡག་གི།

    Reply
  4. མེ་འོད། says:
    ལོ་ 16 སྔོན།

    ལོ་སྔོན་མའི་མཛད་སྒོའི་སྟེང་གི་༸གོང་ས་མཆོག་གི་ཤེས་ཡོན་དང་འབྲེལ་བའི་གསུང་བཤད་དེས་གནམ་ས་གཅིག་་ཏུ་བསྒུལ་་བ་རེད།
    ད་ལོ་སྐད་ཆ་རིང་མོ་འགག་དྲུད་ནས་བུད་ད་ཡ།

    Reply
  5. ངག་དབང་། says:
    ལོ་ 16 སྔོན།

    རྒྱལ་བ་ཀརྨ་པ་ཁྱེད་ལ་རེ་ཡང་རེ་སྟེ་བྱུང་ཡང་བྱུང་། ད་དུང་ཡང་བོད་མི་རིགས་ཀྱི་ཆེད་དུ་ཐུགས་རྗེ་རེ་མ་ཆུང་། ཞེས་གསོལ་བ་འདེབས་པ་ལགས་སོ།།

    Reply
  6. བདེ་ཆེན་ལྷུན་གྲུབ། says:
    ལོ་ 16 སྔོན།

    འོན་ཀྱང་བོད་པའི་སློབ་གྲྭ་ནས་ཐཽན་མཁན་རྣམས་ཀྱིས་བོད་ཡིག་ཐོག་ཏུ་གློག་ཀླད་དང་གང་གི་འཐད་ནས་རང་སྐྱ་འཕེར་བ་ཞིག་ད་ལྟ་བར་ཕྲན་གྱིས་མ་མཐོང་། དེ་དག་རྒྱུ་མཚན་གང་ལ་བརྟེན་ནས་ཡིན་ནམ།

    Reply
  7. བདེ་ཆེན་ལྷུན་གྲུབ། says:
    ལོ་ 16 སྔོན།

    རྒྱལ་བ་ཀརྨ་པ་མཆཽག་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། བཀའ་སློབ་དེ་འདྲ་ལ་རིན་ཐང་བྲལ། ད་དུང་བོད་རིགས་ཀྱི་དོན་དུ་དེ་འདྲ་རྒྱུན་སྐྱོངས་ཡོང་བར་ཞུ།

    Reply
  8. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    རྒྱལ་བ་དམ་པ་རྣམ་པས་གསུངས་བར་གྲངས་ཀྱི་མི་ཟིན་མོད། གསུངས་ཚར་དུས་འོག་གི་དགེ་རྒན་དང་ཕ་མ་ཚོ་མི་རིགས་ལ་ལྷག་བསམ་མེད་པས། བོད་ཡིག་དགེ་རྒན་གྱི་སྡེ་ཁག་ལ་འགྱུར་བ་གསར་བ་ཞིག་མ་གཏང་བར་དུ་ཁ་བཤད་ཆུ་ཡི་དབུ་བ་ཡིན་རེད།

    Reply
  9. སློབ་དཔོན་ says:
    ལོ་ 16 སྔོན།

    ནོར་བཅོས་་་་་་་་་་་་་་་་་་་་་་་་་་་གནས་ཚུལ་ཆེ་པོ་མི་ལྷག་པའི་ཆད་དུ་

    Reply
  10. སློབ་དཔོན་ says:
    ལོ་ 16 སྔོན།

    དུས་བབ་ཟིན་བྲིས་ཀྱི་རྩོམ་སྒྲིག་པ་ལགས་གོང་གི་གསར་ནང་འགྱུར་བསྐོང་དོན་་་་་་་(་དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྒྱ་རི་སྒྲོལ་མ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་གནང་དོན)་་་་་་་་་ཅེས་པའི་ནང་དོན་ལ་སྤྱི་ཚོགས་ནང་ཁ་གསལ་མེད་པའི་ལོ་རྒྱུས་དཔེ་ན་མི་འགའ་རེའི་ཚོགས་གཙ་སྤིན་པ་ཚེ་རིང་ཀྱིས་རང་ཉིད་སྐབས་བཅུ་བཞི་པའི་ཚོགས་གཙོ་འོས་འདེབས་བྱུང་བའི་ཉིན་དང་པོ་ནས་གཟུང་གྲོས་ཚོགས་ནང་བཀྲ་མི་ཤིས་པའི་བརྩོད་རྙོག་འགོ་རྩམ་པ་དང་མཐའ་ཉེར་སྔོན་གྲོས་ཚོགས་འཇུག་སྒྲིག་མ་ཐུབ་པའི་བར་རང་སྐྱོན་ལ་ངོས་ལེན་དང་འགྱོད་སེམས་ཀྱི་བསམ་བློ་གསར་པ་ཞིག་གི་འོག་བོད་གཞུང་ལ་དེ་རིང་ཐུགས་བསམ་རྒྱ་ཆེར་བཞེད་ཏེ་བཟང་སྤྱོད་ཐོག་བོད་མི་མང་སྤྱི་མཐུས་ཚོགས་གཙོ་ལས་ཐོག་དགོང་པ་ཞུས་པ་རེད་ཟེར་་་་་་་་་ཡང་འགའ་རེའི་ཉེར་སྔོན་གྲོས་ཚོགས་འཇུག་སྒྲིག་མ་ཐུབ་པའི་གནད་དོན་༧གོང་ས་མཆོག་ལ་ཞུ་མ་ནུས་པར་དགོངས་པ་རང་ཞུ་གནང་འདུག་ཟེར་བ་སོགས་བདེན་པ་ཡིན་མིན་མི་ཤེས་ཏེ་གོང་ཏུ་ཁྱེད་རྩོམ་སྒྲིག་པའི་གནས་ཚུལ་བསྐོད་པ་གཉིས་སྒྲིག་ཏེ་གནས་ཆེ་པོ་མི་ཡོང་བའི་ཆད་དུ་་དོགས་འཆར་ཙམ་ཡིན་་་་་་་་་་་་་མ་གཞི་འདི་དང་དེ་འདྲ་མང་པོ་ཞིག་བཤད་ནོ་མི་གང་མང་ཞིག་འདུག་པས་་་་་་ཁྱེད་རྩོམ་སྒྲིག་པས་གསལ་བཤད་ཐུང་ངུ་ཞིག་ཡོད་པ་ཞུ་

    Reply
  11. བོད་ཀྱི་སྦག་སྦག says:
    ལོ་ 16 སྔོན།

    དེ་རིང་ནས་བཟུང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བརྒྱུད་ལ་འགྱུར་བ་ཞིག་གཏོང་རོགས། ཐེངས་མང་པོར་འདི་ལྟར་བྲིས་སོང་།
    ཡིག་ཚད་འཁྱོལ་དགོས་པ་མ་རེད་ཡིག་ཚད་ལོང་དགོས་པ་རེད། འཁྱོལ་དགོས་པ་ནི་མཐའ་འཁྱོལ་དགོས་པ་རེད་སྙམ། གཞན་བཅུ་ཕྲག་ཁ་ཤས་ཡོད་ཚོད་འདུག
    སྤྱིར་གཟིགས་དང་། བོད་ནང་གི་དྲ་རྒྱ་ཁག་ལའང་ཡིག་ནོར་དང་གཏག་ནོར་མང་ནའང་འདི་ལྟར་སོང་ཚེ་ལེགས་པོ་མི་འདུག་སྙམ་པའི་ཀུན་སློང་ལས།

    Reply
  12. བོད་ཀྱི་སྦག་སྦག says:
    ལོ་ 16 སྔོན།

    དེ་རིང་ནས་བཟུང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བརྒྱུད་ལ་འགྱུར་བ་ཞིག་གཏོང་རོགས། ཐེངས་མང་པོར་འདི་ལྟར་བྲིས་སོང་།
    ཡིག་ཚད་འཁྱོལ་དགོས་པ་མ་རེད་ཡིག་ཚད་ལོང་དགོས་པ་རེད། འཁྱོལ་དགོས་པ་ནི་མཐའ་འཁྱོལ་དགོས་པ་རེད་སྙམ། གཞན་བཅུ་ཕྲག་ཁ་ཤས་ཡོད་ཚོད་འདུག
    སྤྱིར་གཟིགས་དང་། བོད་ནང་གི་དྲ་རྒྱ་ཁག་ལའང་ཡིག་ནོར་དང་གཏག་ནོར་མང་ནའང་འདི་ལྟར་སོང་ཚེ་ལེགས་པོ་མི་འདུག་སྙམ་པའི་ཀུན་སློང་ལས།

    Reply
  13. བསེ་རུ། says:
    ལོ་ 16 སྔོན།

    བཀྲ་ཤིས་པའི་གཏམ་བཟང་འདི་འདྲ་ཞིག་ཐོན་འདུག

    གསར་འགྱུར་དུ་གསལ་བ་ལྟར་ན།

    ཐེངས་འདིར་རྩོམ་སྒྲིག་གནང་རྒྱུའི《བོད་ཡིག་གི་ཚིག་མཛོད་ཆེན་མོ》ཞེས་བྱ་བ་འདིའི་ནང་དུ་ཕལ་ཆེར་ཐ་སྙད་ཁྲི༡༥དང་ཡི་གེ་ཁྲི༢༥༠༠བསྡུ་རྒྱུ་དང་། གཞན་ཡང་ཚིག་གྲུབ་དང་ཤེས་བྱ་སྣ་འཛོམས་ཞོར་དུ་བསྡུ་རྒྱུ་དང་། ཁྱོན་བསྡོམས་དཔེ་དེབ༣༠ཙམ་རྩོམ་སྒྲིག་གནང་རྒྱུའི་འཆར་གཞི་ཡོད། བྱེ་བྲག་གི་ནང་དོན་ལ།བཟོ་རིག་པ་དང་། བོད་སྨན་གསོ་རིག སྒྲ་རིག་པ། ནང་དོན་རིག་པ། སྡེབ་སྦྱོར་རིག་པ། ཟློས་གར་རིག་པ། ཆབ་སྲིད། མཚན་ཉིད། ཁྲིམས་ལུགས། དཔལ་འབྱོར། ལོ་རྒྱུས། ས་རྒྱུས། དམངས་སྲོལ། བཟོ་ལས། དངོས་ལུགས། རྫས་འགྱུར། རྩིས་འཁོར། གསོ་རིག སྐྱེ་དངོས། ཞར་བྱུང་སོགས་དཔེ་དེབ་སོ་སོ་འདུས་ཡོད། ཐོག་མར་དེབ་བགོས་ནས་དཔེ་སྐྲུན་གནང་རྩིས་དང་རྗེས་སུ་ཕྱོགས་གཅིག་ཏུ་བསྡོམས་ནས་པར་བསྐྲུན་གནང་རྩིས་ཡོད།འཆར་གཞི་ལྟར་ན་ཚིག་མཛོད་དེ་ལོ་ལྔའི་ནང་དུ་ཡོངས་སུ་འགྲུབ་འབྱུང་རྒྱུ་ཡིན་པ་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese