མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སེར་མོ་བ་ཆོས་འཆད་མཁན་ཚོ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

འཇམ་དབྱངས་བསྟན་འཛིན་ཤཱསྟྲི། སན་ཀྲ་ཕི།

དེང་སང་འཛམ་གླིང་གི་ཕྱོགས་གང་སར་བོད་ཀྱི་སེར་མོ་བས་ཆོས་འཆད་མཁན་ཤིན་ཏུ་མང་ལ། གལ་སྲིད་ཕྱི་གླིང་བ་ཞིག་ལ་ཁྱེད་རང་གིས། ངའི་ལུང་པ་བོད་ཞེས་བརྗོད་ན། ཁོང་གིས་ཁྱེད་རང་ལ་བླ་མ་ཞིག་གི་མཚན་ནས་སྨྲོས་ཏེ་བླ་་དེ་ངོ་ཨེ་ཤེས། ཁོང་ངའི་དགེ་རྒན་ཡིན། ཞེས་བརྗོད་ངེས། གལ་སྲིད་ཕྱི་རྒྱལ་བ་དེ་ཚོ་དང་ཏོག་ཙམ་གླེང་མོལ་བྱས་ན། ཁོང་ས་དགེ་བཀའ་རྙིང་བོད་ལྔ་གང་རུང་ཞིག་ཏུ་གཏོགས་པའི་ནང་པའམ་བོན་པོ་ཡིན་བརྗོད་དེ་རང་ཉིད་ཀྱི་བླ་མའི་ཆོས་བརྒྱུད་ལ་ཆེ་བསྟོད་ངང་དད་པ་ཆེ་མདོག་བྱེད་པ་ལས། ཁོང་ཚོས་ཉམས་ལེན་བྱེད་པའི་ནང་པའི་ཆོས་དེ་བཞིན་བོད་ནང་ཇི་ལྟར་དར་ཚུལ་དང་། བོད་ཀྱི་འདས་པའི་ཆོས་རྒྱལ་དང་སྐད་གཉིས་སྨྲ་བ་ཚོས་དཀའ་ཚེགས་ཀྱིས་སྐྱེ་འགྲོ་ཡོངས་ལ་ཕན་པའི་ནང་ཆོས་དེ་ཇི་ལྟར་ཉར་ཚགས་གནང་ཚུལ་སོགས་ཤེས་མཁན་ཤིན་ཏུ་ཉུང་ཉུང་རེད་འདུག དུས་ད་ལྟའང་ནང་ཆོས་ཞིག་འཛམ་གླིང་ནང་དར་བཞིན་ཡོད་ནའང་སངས་རྒྱས་ཀྱི་བཀའ་ཚང་ལ་མ་ནོར་བ་སྟོན་མཁན་ཆ་ཚང་བ་ཞིག་ནི་བོད་སྐད་ནང་ཡོད་པའི་ནང་ཆོས་དེ་ཡིན་པ་ཤེས་མཁན་དེ་བས་དཀོན། ཡིན་ནའང་རང་ཉིད་ཆོད་བརྒྱུད་གང་གི་ཁོངས་སུ་གཏོགས་མིན་ཐད་ཁོང་ཚོས་ཉིན་ཏུ་དང་དོད་བྱེད། ངས་བསམ་གཞིགས་ཤིག་བྱས་ན། ཁོང་ཚོའི་དགེ་རྒན་སེར་མོ་བ་ཚོས་སོ་སོའི་ཆོས་བརྒྱུད་དྲིལ་བསྒྲགས་ཁོ་ན་ལས། བོད་ཀྱི་རྒྱལ་ཁབ་དེའི་འདས་པ་དང་། ད་ལྟ་གཞན་གྱི་བཙན་འཛུལ་དབང་བསྒྱུར་ལ་བརྟེན་ནས་བོད་ནང་རྒྱལ་བསྟན་མི་རིགས་རིག་གཞུང་བཅས་པ་ཆག་འཇིག་གི་མཚམས་སུ་སླེབས་ཡོད་པ་གཏན་ནས་གསུང་གི་མེད་པ་འདྲ།
ངས་ནུབ་ཕྱོགས་སུ་བོད་མི་ནང་ཆོས་འཆད་མཁན་གྱི་སེར་མོ་བ་ཚོར་ཐུགས་སྐུལ་ཞིག་ཞུས་ན། ཁྱེད་རྣམ་པར་བླ་མའང་ཡང་ན། དགེ་བཤེས་ཀྱི་མཚན་ཞིག་ཐོགས་པ་དེ་གང་ནས་བྱུང་ངམ། བོད་ཅེས་པའི་ཡུལ་དེའི་ནང་བསྟན་ནས་བྱུང་ངམ། ཁྱེད་རྣམ་པར་ནང་ཆོས་ཀྱི་ཤེས་ཡོན་གྱ་ནོམ་པ་དེ་ཡང་གང་ནས་བྱུང་ངམ། བོད་ཀྱི་བླ་མ་དགེ་བའི་བཤེས་གཉེན་ཚོའི་དྲུང་ནས་དཔེ་ཁྲིད་སོགས་ལ་སྐུ་ཡོན་གང་ཡང་ཕུལ་མ་དགོས་པའི་ཐོག་ནས་བྱུང་བ་མ་ཡིན་ནམ། ད་ལྟ་ཁོང་རྣམ་པའི་སྐུ་དྲིན་གསབ་ཆེད་ཁོང་ཚོའི་རིང་ནས་སྙིང་དུ་བརྣག་པའི་རང་ཡུལ་ཆོས་ལྡན་གྱི་ཞིང་དེ་ལེན་པའི་ཆེད་དུ་འབད་བརྩོན་ཅི་ནས་ཀྱང་གནང་མི་དགོས་སམ། བོད་ཀྱི་ནང་བསྟན་དེ་བཞིན་རྒྱ་དམར་ཇག་ཚོགས་བོད་དུ་མ་བསླེབས་པའི་གོང་མེད་ས་ནས་ཡོད་པ་དང་། ཡོད་ས་ནས་གོང་འཕེལ་དུ་ཕྱིན་སའི་ཡུལ་དེའི་ད་ལྟའི་གནས་སྟངས་གང་འདྲ་ཆགས་ཡོད་དམ། ང་ཚོ་བོད་ནས་བྲོས་བྱོལ་སྐབས་ད་ཆ་བོད་ནང་ནང་ཆོས་བསླབ་པ་སློབ་གཉེར་བྱེད་མི་ཐུབ་ཅིང་། ཕྱི་རྒྱལ་ནས་བོད་རང་དབང་ཐོབ་ཐབས་ཤིག་བྱས་ཏེ་གང་མགྱོགས་བོད་དུ་ལོག་ཡོང་ནས་བོད་ཀྱི་རིག་གཞུང་སླར་གསོ་བྱེད་ཀྱི་ཡིན་པའི་དམ་བཅའ་ཞིག་བཞག་པ་ཐུགས་ནས་ཡལ་ཚར་རམ། བོད་ལ་རང་དབང་མེད་ན་ནང་ཆོས་དེ་བཞིན་གཞན་དབང་སྟབས་བསྟུན་ཁོ་ན་ལས་སོ་སོའི་རང་ཡུལ་ལྟར་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་འདོད་བློ་ཁེངས་པ་ཞིག་བྱེད་མི་ཐུབ་པ་མི་མཁྱེན་ནམ། རྒྱུ་མཚན་དེས་ན་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ཇི་འདྲ་ཞིག་ཡོད་མེད་གཞན་ལ་གསལ་བཤད་དང་རྒྱབ་སྐྱོར་འཚོལ་ཐབས་གནང་མི་དགོས་སམ། དེ་ནི་ཆོས་དགེ་ཚོའི་སྐབས་བབ་གྱི་ལས་འགན་གལ་བོ་ཆེ་ཞིག་མ་ཡིན་ནམ། བོད་ཀྱི་བདེ་སྡུག་གཏམ་དེ་༧གོང་ས་མཆོག་མ་གཏོགས་ཁྱེད་རྣམ་པས་གསུང་མི་ཆོག་པ་ཞིག་གཏན་ནས་མ་རེད་ལ། སུས་ཀྱང་ཁྱེད་རྣམ་པར་བཀག་འགོག་མི་ཐུབཔ་བོད་མི་ཚང་མས་ཁས་ལེན་བྱེད་ཐུབ།

ངས་ནུབ་ཕྱོགས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་བོན་བཅས་ཀྱི་བླ་མ་དགེ་བཤེས་ཆོས་འཆད་མཁན་ཡོངས་ལ་འབོད་བསྐུལ་ཞིག་ཞུ་རྒྱུར། ཁྱེད་རྣམ་པའི་དགེ་ཕྲུག་རྣམས་ལ་དེང་སང་འཛམ་གླིང་ནང་ལ་དར་ཁྱབ་ཆེ་བའི་འཛམ་གླིང་གི་གཅེས་ནོར་ནང་ཆོས་དེ་བཞིན་བོད་ལ་རང་དབང་ཡོད་དུས་བོད་མི་ཚོས་ཉར་ཚགས་བྱས་ཏེ་འཛམ་གླིང་ཡོངས་ལ་ཕན་པའི་བྱ་བ་རླབས་ཆེན་ཞིག་བསྒྲུབས་ཡོད་པ་དང་། རྒྱ་དམར་བོད་དུ་བསླེབས་ནས་བོད་ནང་གི་བསླབ་པ་སློབ་གཉེར་བྱེད་སའི་བསྟི་གནས་དགོན་པ་དྲུག་སྟོང་བརྒལ་བ་རྩ་གཏོར་དང་། ནང་ཆོས་ཀྱི་སྒྲུབ་པ་ཉམས་ལེན་བྱེད་མཁན་གྲངས་ལས་འདས་པ་དམར་གསོད་བཏང་བ། བོད་པ་རང་ཉིད་ལ་རང་དབང་གི་ལུང་པ་ཞིག་མེད་ན་ནང་ཆོས་སྒྲུབ་པ་ཉམས་ལེན་བྱེད་པར་དཀའ་ངལ་ཤིན་ཏུ་ཆེ་བ། བོད་ལ་རང་དབང་བྱུང་ན་དེ་སྔ་རྒྱ་དམར་གྱིས་གཏོར་བཤིག་བཏང་ཟིན་པ་དེ་ཚོ་ང་ཚོས་སླར་གསོ་དང་སླར་ཡང་སངས་རྒྱས་ཀྱི་བསྟན་པའི་ཉི་མ་ཤར་ཏེ་འཛམ་གླིང་ཡོངས་ལ་ཕན་བདེ་རླབས་ཆེ་བསྒྲུབ་ཐུབ་རྒྱུ་སོགས་ཆོས་བཤད་ཀྱི་མཇུག་ཏུ་མདོར་བསྡུས་ཤིག་གསུངས་རོགས། མདོར་ན། ནང་ཆོས་ལ་དོ་སྣང་ཆེ་བའི་ནུབ་ཕྱོགས་པ་ཚོས་ཀྱང་ཁོང་ཚོར་མཁོ་བའི་ནང་ཆོས་ཀྱི་འབྱུང་ཁུངས་བོད་ཀྱི་སྣོད་བཅུད་གཉིས་ཀར་རྒྱ་དམར་གྱིས་གཏོར་བཤིག་གཏོང་བཞིན་པ་དེར་ཁ་གཏད་གཅོག་པའི་ཆེད་དུ་བོད་མི་ཚོ་དང་མཉམ་དུ་ཕྱར་གྲུ་མཉམ་འདེགས་བྱེད་དགོས་པའི་ཁ་ཏ་སློབ་གསོ་དང་གོ་སྐོན་བློ་འགུག དངོས་ཡོད་ཀྱི་གནས་ཚུལ་ངོ་སྤྲོད་གནང་རོགས་ཞེས་སོར་བཅུའི་འདབ་མ་སྙིང་ཁར་བཀོད་ནས་རེ་བསྐུལ་དང་ཆབས་ཅིག་འབོད་བསྐུལ་ཡང་ནན་པོ་ཞུ་བཞིན་ཡོད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 36

  1. འཇམ་དབྱངས་ཤཱསྟྲཱི། says:
    ལོ་ 16 སྔོན།

    བལྟ་ཚོད་བྱས་པ་ཡིན།་་་ངའི་བལྟ་ཚོད།་་་་་་་་་་་

    Reply
  2. jamyang says:
    ལོ་ 16 སྔོན།

    ཚང་མ་ལ་བཀྲིས་བདེ་ལེགས།་་་་ད་དུང་བསམ་འཆར་མང་ཙམ་འདོན་རོགས།

    Reply
  3. GYAMTSO says:
    ལོ་ 16 སྔོན།

    grl svkjir djf;apoe kfji vkjrj; a

    dfnjdhrt kldfj aou l;ka ;fjr48dlf ld f9jfj fjodkmf;lf adj ld
    fjkuoirldkn dfoei7rdlkjfioru7;of aopidl; oiuerkl;o dbf

    djklfopitd;lfju9tud jgaby9a[t-q8ty paigu78 oi g opi7to;jgpb auyhg
    dfkgjifu;lfkgj[gu8ldfkjgsoiuyn9rt8unsfog nu9y7 iruw9br bklfjtgb

    Reply
  4. ནད་པ says:
    ལོ་ 16 སྔོན།

    ཆོས་དཔེ་པདྨ་བཀའ་ཐང་། །ལན་ཅིག་ང་ལ་གཡར་རོགས། །ང་ལ་ཆོས་བསྐལ་ཡོད་མེད། །བཀའ་ཐང་ནང་ནས་གསལ་ཡོང་། །ཆོས་དཔེ་པདྨ་བཀའ་ཐང་། །ཕྱི་གླིང་ཚོ་ལ་གཡར་རོགས། །མགོ་སེར་ཆོས་བསྐལ་ཡོད་མེད། །བཀའ་ཐང་ནང་ནས་གསལ་ཡོང་། །ཆོས་དཔེ་པདྨ་བཀའ་ཐང་། །ཕྱི་རྒྱལ་བུ་མོར་གཡར་རོགས། །བུ་མོར་ཆོས་བསྐལ་ཡོད་མེད། །བཀའ་ཐང་ནང་ནས་གསལ་ཡོང་། །ཆོས་དཔེ་པདྨ་བཀའ་ཐང་། །འཛམ་གླིང་གང་སར་གཡར་རོགས། །ནང་ཆོས་ཇི་ཙམ་དར་མིན། །བཀའ་ཐང་ནང་ནས་གསལ་ཡོང་། །

    Reply
  5. བཙན་པོའི་བུ། says:
    ལོ་ 16 སྔོན།

    དབྱིན་མིང་ཅན། ཁྱོད་ཀྱིས་ཧི་མ་ལ་ཡའི་ཡིག་གཟུགས་ཀྱང་གློག་ཀླད་དུ་འཇུག་མ་ཤེས་པ་དེས། ང་ལ་དམིགས་བསལ་ཀྱིས་ཚོར་བ་འདི་འདྲ་ཞིག་སྟེར་སོང་།

    བོད་ཕྱི་ནང་ཚང་མས་ཧི་མ་ལ་ཡའི་ཡིག་གཟུགས་བེད་སྤྱོད་བྱེད་དགོས་པའི་རེ་བ་བཏོན་ནས་ཕལ་ཆེར་མི་ལོ་ཧྲིལ་བོ་གསུམ་ཙམ་ཕྱིན་འདུག དེ་ལྟར་བྱེད་དགོས་པར་དགེ་མཚན་ཆེ་ལ་ངལ་བ་བྱེད་མི་དགོས་པའི་ལས་ཀ་ཞིག་རེད། འོན་ཀྱང་། ཁྱེད་ལྟར་ན་ད་དུང་དེ་ཕྱོགས་ལ་དོ་སྣང་ཙམ་ཡང་བྱས་མི་འདུག གནས་སྟངས་འདིས་ང་ཚོ་ལ་ཅི་ཞིག་ར་སྤྲོད་བྱས་སོང་ཟེར་ན། དབྱིན་ཡང་ཅན་ཁྱོད་ཀྱིས། གཅིག་གྱུར་ཅེས་དེའི་གོ་དོན་ལ་ད་དུང་བསམ་བློ་ཙམ་ཡང་བཏང་མེད་ཚོད།

    Reply
  6. jamyang says:
    ལོ་ 16 སྔོན།

    Miyod la,
    Thank you very much for your help.How i can write comment in the tibetan font next time? Tashi delek and good luck for you.

    Reply
  7. མེ་འོད། says:
    ལོ་ 16 སྔོན།

    ངས་འདི་ནས་ཀྱང་གོང་གི་ལྷག་པ་ཚེ་རིང་ལགས་ཀྱི་རྩོམ་ཡིག་ཀློག་ཐུབ་པར་བཟོས་པ་ཡིན།
    མཁྱེན་རྒྱ་ཡངས་པའི་དྲ་གྲོགས་ཡོངས་ལ་གུས་པ་དང་སྦྲགས་བཀྲིས་བདེ་ལེགས་ཞུའོ།།

    Reply
  8. མེ་འོད། says:
    ལོ་ 16 སྔོན།

    ངས་འཇམ་དབྱངས་ལགས་ཀྱི་རྩོམ་ཡིག་གི་ཡིག་གཟུགས་ལེགས་བསྒྱུར་བྱས་པས་ཀློག་མཁན་རྣམས་ཀྱི་ཡིད་འཚིམ་པར་སྨོན། དྲྭ་གྲོགས་རྣམས་ནས་ལེགས་ཉེས་ཀྱི་བསམ་འཆར་གནང་བ་སྙིང་ཐག་པ་ནས་བཀྲིན་ཆེ། རྗེས་སུ་ཡི་རངས་ཡོད། ང་ཚོ་བོད་ཡིག་བྲིས་མཁན་མང་དུ་འགྲོ་བཞིན་འདུག་པས་ང་ཤིན་ཏུ་ནས་དགའ་ཚོར་ཆེ།
    ངས་གོང་དུ་ཞུས་པ་དེ་སེར་མོ་བ་ཚང་མ་ལ་ཞུ་ཡི་མེད།
    གལ་སྲིད་ཁྱེད་ཀྱིས་རྩོམ་དེ་མགོ་ནས་མཇུག་བར་ཡག་པོ་བྱས་གཟིགས་ན་མཁྱེན་ཐུབ། ཁ་ཤས་ཀྱིས་མགོ་བརྗོད་གཟིགས་མ་ཐག་རྩོད་པ་རྒྱགས་བཞིན་འདུག
    ངས་ནུབ་ཕྱོགས་སུ་བཞུགས་པའི་བོད་མི་ནང་ཆོས་སློབ་འཁྲིད་གནང་མཁན་ཚོར་ཆོས་བཤད་ཀྱི་མཇུག་ཏུ་བོད་ཀྱི་གནས་སྟངས་ཏོག་ཙམ་གསུངས་རོགས་གནང་ཞེས་འབོད་བསྐུལ་ཞུ་བཞིན་ཡོད།
    ངས་རྩོམ་ཡིག་དངོས་ཀྱི་ནང་མགོ་བརྗོད་ཀྱི་འོག་ཏུ། ཨ་སྒོར་བྱུང་ན་རང་ཡུལ་མི་དྲན་པའི། བླ་མ་དགེ་བཤེས་རྣམས་ལ་ཅི་ཡང་མཁོ། རང་ཡུལ་དོན་དུ་རང་སྲོག་དོར་མཛད་པའི། བླ་མ་དགེ་བཤེས་རྣམས་ལ་གུས་པས་འདུད།
    ཞེས་ཚང་མ་ལ་རྒྱུགས་པ་ལེབ་རྡུངས་མི་འགྲོ་བའི་ཆེད་བྲིས་ཡོད་ཀྱང་དྲྭ་སྟེང་རྩོམ་ཡིག་ནང་འཁོད་མི་འདུག་པས་ཁྱེད་རྣམས་པར་དགོངས་སེལ་ཞུ། དཎནཕྲཎརྣཐྲ
    ༢༠༠༩ཋ༡༠ཋ༢༦ ཉིན་འདོན་སྤེལ་བྱས། དྲྭ་གྲོགས་རྣམས་ནས་ལེགས་ཉེས་ཀྱི་བསམ་འཆར་གནང་བ་སྙིང་ཐག་པ་ནས་བཀྲིན་ཆེ། རྗེས་སུ་ཡི་རངས་ཡོད།
    ང་ཚོ་བོད་ཡིག་བྲིས་མཁན་མང་དུ་འགྲོ་བཞིན་འདུག་པས་ང་ཤིན་ཏུ་ནས་དགའ་ཚོར་ཆེ། ངས་གོང་དུ་ཞུས་པ་དེ་སེར་མོ་བ་ཚང་མ་ལ་ཞུ་ཡི་མེད། གལ་སྲིད་ཁྱེད་ཀྱིས་རྩོམ་དེ་མགོ་ནས་མཇུག་བར་ཡག་པོ་བྱས་གཟིགས་ན་མཁྱེན་ཐུབ། ཁ་ཤས་ཀྱིས་མགོ་བརྗོད་གཟིགས་མ་ཐག་རྩོད་པ་རྒྱགས་བཞིན་འདུག ངས་ནུབ་ཕྱོགས་སུ་བཞུགས་པའི་བོད་མི་ནང་ཆོས་སློབ་འཁྲིད་གནང་མཁན་ཚོར་ཆོས་བཤད་ཀྱི་མཇུག་ཏུ་བོད་ཀྱི་གནས་སྟངས་ཏོག་ཙམ་གསུངས་རོགས་གནང་ཞེས་འབོད་བསྐུལ་ཞུ་བཞིན་ཡོད། ད་དུང་རྩོམ་ཡིག་དེར་ཐེངས་གཅིག་གཟིགས་དང༌། གསལ་པོ་མཁྱེན་ཐུབ།
    ངས་རྩོམ་ཡིག་དངོས་ཀྱི་ནང་མགོ་བརྗོད་ཀྱི་འོག་ཏུ།
    ཨ་སྒོར་བྱུང་ན་རང་ཡུལ་མི་དྲན་པའི། བླ་མ་དགེ་བཤེས་རྣམས་ལ་ཅི་ཡང་མཁོ།
    རང་ཡུལ་དོན་དུ་རང་སྲོག་དོར་མཛད་པའི། བླ་མ་དགེ་བཤེས་རྣམས་ལ་གུས་པས་འདུད།
    ཞེས་ཚང་མ་ལ་རྒྱུགས་པ་ལེབ་རྡུངས་མི་འགྲོ་བའི་ཆེད་བྲིས་ཡོད་ཀྱང་དྲྭ་སྟེང་རྩོམ་ཡིག་ནང་འཁོད་མི་འདུག་པས་ཁྱེད་རྣམས་པར་དགོངས་སེལ་ཞུ།

    Reply
  9. lhakpa tsering says:
    ལོ་ 16 སྔོན།

    ¤Eïm-M-»PÅ-qºÛ-i-IôGÅ-»ôPÅ-¾-GÝÅ-q-hP-£GÅ-z=ÛÅ-zhï-¾ïGÅ-ŸÝºôüü

    Reply
  10. གངས་ཅན། says:
    ལོ་ 16 སྔོན།

    ཁོ་ཡི་གསུངས་པ་དེ་ཆབ་སྲིད་གཅིག་པུ་མ་རེད། སློབ་བརྒྱུད་རྣམས་ཀྱི་སེམས་སུ་ཆོས་བརྒྱུད་འཐེན་འཁྱེར་གྱི་བག་ཆགས་འཇོག་གི་འདུག་ཟེར་བ་དེ་རེད། རིས་མེད་ཀྱི་བསམ་བློ་བསྐྲུན་པ་ལས་ཕྱོགས་རིས་ཅན་དང་ཕྲག་དོག་ཅན་གྱི་སློབ་མ་བསྐྲུན་ན་རྗེས་མ་སྤྱི་ཚོགས་ནང་ཆོས་ལུགས་ཀྱི་འཐེན་འཁྱེར་ཡོང་གི་རེད་ཟེར་བ་དེ་རེད།

    Reply
  11. བློ་བཟང་ཆོས་འཕེལ། says:
    ལོ་ 16 སྔོན།

    འཇམ་དབྱངས་ལགས། བསམ་ཚུལ་གྱི་ཁ་ཕྱོགས་དང་རེ་འབོད་ལ་ཡི་རང་ཡོད་ཀྱང་། དད་པ་དང་ཚོར་སྣང་ཙམ་གཞིར་བཞག་ནས་རྩོམ་ཡིག་བྲིས་ན་དངོས་བདེན་མིན་པའི་གནས་ཚུལ་འབྱུང་གི་ཡོད།

    Reply
  12. སྨྱུག་སྡོང་། says:
    ལོ་ 16 སྔོན།

    འཇམ་དབྱངས་ལགས་ཀྱིས་བཤད་པ་འདྲ་བོ་རེད། འོན་ཀྱང་ཆོས་བཤད་ཀྱི་འགན་གཙོ་བོ་ཕར་རོལ་པོའི་སེམས་རྒྱུད་ཆོས་ཕྱོགས་སུ་འཁྲིད་རྒྱུ་དེ་རེད།
    དེ་འདྲ་སོང་ཙང་ཆབ་སྲིད་ནང་དཀྲུག་དཀྲུག་བཏང་སྡད་ན་ཆོས་ཡང་དག་ཅིག་ཆགས་ཁག་པོ་མིན་ནམ།
    ཡང་དགུ་བཅུ་གོ་གྲངས་ནང་དགའ་ལྡན་དུ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་བཀའ་སློབ་ནང་ཆོས་པས་སྲིད་ལ་ཐེ་ཇུས་མ་བྱེད་གསུངས་ཡོད་པ་རེད།

    Reply
  13. jamyang says:
    ལོ་ 16 སྔོན།

    iÔ-IôGÅ-n¤Å-mÅ-¾ïGÅ-ZïÅ-ˆÛ-zŤ-ºV¼-GmP-z-ljÛP-fG-q-mÅ-z=Ûm-Vïü XïÅ-ÅÞ-»Û-¼PÅ-»ôhü
    P-±ô-zôh-»ÛG-ƒÛÅ-¤Dm-¤P-hÝ-ºIô-zŸÛm-ºhÝG-qÅ-P-ÁÛm-bà-mÅ-hGº-±ô¼-Vïü PÅ-GôP-hÝ-ŸÝÅ-q-hï-Åï¼-¤ô-z-±P-¤-¾-ŸÝ-»Û-¤ïhü G¾-ÆÛh-Eïh-ˆÛÅ-¯ô¤-hï-¤Gô-mÅ-¤WâG-z¼-»G-qô-‚Å-G¸ÛGÅ-m-¤Eïm-fÞzü D-ÁÅ-ˆÛÅ-¤Gô-zXôh-G¸ÛGÅ-¤-fG-¯ôh-q-MGÅ-zŸÛm-ºhÝG PÅ-mÝz-xôGÅ-ÅÞ-zŸÝGÅ-qºÛ-zôh-¤Û-mP-VôÅ-ÇÀôz-ºFÛh-GmP-¤Dm-±ô¼-VôÅ-zÁh-ˆÛ-¤WâG-bà-zôh-ˆÛ-GmÅ-ÇePÅ-bôG-®¤-GÅÞPÅ-¼ôGÅ-GmP-ŸïÅ-ºzôh-zÇ+ݾ-ŸÝ-zŸÛm-»ôhü h-hÝP-¯ô¤-»ÛG-hï¼-fïPÅ-GTÛG-G¸ÛGÅ-hP.ü Gž-qô-¤Eïm-fÞzü
    PÅ-¯ô¤-»ÛG-hPôÅ-ˆÛ-mP-¤Gô-zXôh-ˆÛ-ºôG-bàü
    Í-ÇKô¼-‚ãP-m-¼P-»Þ¾-¤Û-im-qºÛü „À-¤-hGï-zÁïÅ-n¤Å-¾-TÛ-»P-¤Dôü
    ¼P-»Þ¾-hôm-hÝ-¼P-ÆôG-hô¼-¤²h-qºÛü „À-¤-hGï-zÁïÅ-n¤Å-¾-GÝÅ-qÅ-ºhÝhü
    ŸïÅ-±P-¤-¾-MãGÅ-q-¾ïz-lÝPÅ-¤Û-ºIô-zºÛ-Vïh-ƒÛÅ-»ôh-ˆP-iÔ-ÇeïP-¯ô¤-»ÛG-mP-ºDôh-¤Û-ºhÝG-qÅ-Eïh-n¤Å-q¼-hGôPÅ-Åï¾-ŸÝü

    Reply
  14. jamyang says:
    ལོ་ 16 སྔོན།

    iÔ-IôGÅ-n¤Å-mÅ-¾ïGÅ-ZïÅ-ˆÛ-zŤ-ºV¼-GmP-z-ljÛP-fG-q-mÅ-z=Ûm-Vïü XïÅ-ÅÞ-»Û-¼PÅ-»ôhü P-±ô-zôh-»ÛG-ƒÛÅ-¤Dm-¤P-hÝ-ºIô-zŸÛm-ºhÝG-qÅ-P-ÁÛm-bà-mÅ-hGº-±ô¼-Vïü
    PÅ-GôP-hÝ-ŸÝÅ-q-hï-Åï¼-¤ô-z-±P-¤-¾-ŸÝ-»Û-¤ïhü
    G¾-ÆÛh-Eïh-ˆÛÅ-¯ô¤-hï-¤Gô-mÅ-¤WâG-z¼-»G-qô-‚Å-G¸ÛGÅ-m-¤Eïm-fÞzü D-ÁÅ-ˆÛÅ-¤Gô-zXôh-G¸ÛGÅ-¤-fG-¯ôh-q-MGÅ-zŸÛm-ºhÝG
    PÅ-mÝz-xôGÅ-ÅÞ-zŸÝGÅ-qºÛ-zôh-¤Û-mP-VôÅ-ÇÀôz-ºFÛh-GmP-¤Dm-±ô¼-VôÅ-zÁh-ˆÛ-¤WâG-bà-zôh-ˆÛ-GmÅ-ÇePÅ-bôG-®¤-GÅÞPÅ-¼ôGÅ-GmP-ŸïÅ-ºzôh-zÇ+ݾ-ŸÝ-zŸÛm-»ôhü
    PÅ-¯ô¤-»ÛG-hPôÅ-ˆÛ-mP-¤Gô-zXôh-ˆÛ-ºôG-bàü Í-ÇKô¼-‚ãP-m-¼P-»Þ¾-¤Û-im-qºÛü „À-¤-hGï-zÁïÅ-n¤Å-¾-TÛ-»P-¤Dôü ¼P-»Þ¾-hôm-hÝ-¼P-ÆôG-hô¼-¤²h-qºÛü „À-¤-hGï-zÁïÅ-n¤Å-¾-GÝÅ-qÅ-ºhÝhü
    ŸïÅ-±P-¤-¾-MãGÅ-q-¾ïz-lÝPÅ-¤Û-ºIô-zºÛ-Vïh-ƒÛÅ-»ôh-ˆP-iÔ-ÇeïP-¯ô¤-»ÛG-mP-ºDôh-¤Û-ºhÝG-qÅ-Eïh-n¤Å-q¼-hGôPÅ-Åï¾-ŸÝü

    Reply
  15. གངས་གླག says:
    ལོ་ 16 སྔོན།

    སོ་སོས་གང་བྱས་མ་བལྟོས་པར།།
    ཆོས་སྨྲ་བ་ལ་ཀུར་པ་བརྒྱབ།།
    དོན་དམ་ཆོས་ཀྱི་དྲིན་དེ་དང།།
    སེར་མོའི་དྲིན་དང་ཁྱད་ཅི་ཡོད།།
    མགོ་རྨོངས་ཞར་ར་ཁ་ཤས་ཀྱིས།།
    མ་ཤེས་ཤེས་མདོག་བྱས་ཚུལ་གྱིས།།
    སྤྱི་ཚོགས་འགོ་རྟིང་མེད་པར་བཀྲུག།
    མ་བཟོད་སེམས་ཀྱིས་འདི་ཤོར་བས།།
    དགོངས་འགལ་ཏན་ནས་མེད་པར་ཤོར།།

    Reply
  16. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    འཇམ་དབྱངས་ལགས་དེ་དག་རྩེད་མོ་ཡིན། མ་འོངས་པར་གསུང་ན་འདི་འདྲ་མ་ཡིན་པར་གང་ཟག་དེའི་མིང་ཐད་ཀར་གསུང་ན་ཡག་པོ་འདུག སེར་མོ་བ་ཡོངས་ལ་གསུང་ན་ཕན་ལས་གནོད་ཚབས་ཆེ་བ་འདུག ཁག་ཅིག་གིས་རང་སྲོག་བཏང་ཟིན་ཡོད།

    Reply
  17. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    འཇམ་དབྱངས་བསྟན་འཛིན་ལགས་གཟིགས་དང་། ད་ལྟ་དྷ་སར་ཟས་བཅད་ངོ་རྒོལ་ནང་དུ་ཞུགས་མཁན་ཆོས་འཆད་སེར་མོ་བ་རྐྱང་རེད་འདུག ཁྱེད་འདྲ་བ་གང་ཟག་ལྷག་བསམ་ཅན་དེ་དག་མི་མངོན་པའི་ལྷ་ཡུལ་དུ་ལྷའི་དབང་པོ་བརྒྱ་བྱིན་ལ་བོད་པའི་སྐོར་ཞུ་རུ་ཕྱིན་པ་རེད་དམ། དེ་དག་ལ་ཁྱོད་ཀྱིས་བཀའ་སློབ་གནང་རོགས།

    Reply
  18. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    སེར་མོ་བ་ཚོར་ཆོས་བཤད་མི་ཆོག་པའི་བཀའ་ཁྱབ་བཏང་ན་ལེགས།
    དེ་དུས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཆོས་བཤད་མཁན་བོད་པའི་སེར་མོ་བ་རྣམས་ལ་སྟངས་འཛིན་ཆེན་པོ་བྱེད་བཞིན་འདུག་པར་ཐོས། རྒྱ་ནག་དང་མཉམ་འབྲེལ་གནང་ན་ནུས་ཤུགས་ཆེན་པོ་ཐོན་སྲིད། ད་གཟོད་ཁྱོད་རང་གཅིག་པུས་ཆོས་བཤད་དེ་བོད་དོན་ཁྱབ་བསྒྲགས་གནང་ན་ལེགས།

    Reply
  19. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    བླ་མ་ཚོས་ནང་ཆོས་མ་བཤད་ན་སུས་བཤད་ཀྱི་རེད། ཕྱི་རྒྱལ་ཁག་ཏུ་བོད་བརྒྱུང་ནང་བསྟན་དེ་ཇི་ཙམ་ངོ་སྤྲོད་ཐུབ་པ་དེ་ཙམ་གྱིས་བོད་དོན་རང་བཞིན་གྱིས་ཁྱབ་བསྒྲགས་འགྲོ་བཞིན་པ་སྨོས་མེད་ཐོག་དེང་སང་བོདཀྱི་རྩ་དོན་དེ་ཆོས་བྱེད་དགེ་འདུན་པ་ཚོ་གཅིག་པུས་འགན་ཡིན་པའི་ཟོ་འདྲ་བོ་ཆགས་འདུག་པ་འདིའི་ཐད་ཀུན་གྱིས་ཐུགས་བསམ་བཞེས་ན་བཟང་གི། དེ་ལས་ནང་ཆོས་བླ་མ་གྲྭ་པས་འཆད་སྤེལ་བྱས་པ་དེ་དགའ་འོས་པ་ཞིག་ལས་སེམས་ཚབས་སྐྱེ་དགོས་དོན་ནམ་ཡང་མེད།

    Reply
  20. གངས་ཅན། says:
    ལོ་ 16 སྔོན།

    འཇམ་དབྱངས་བསྟན་འཛིན་གྱིས་གསུངས་པ་དངོས་གནས་རེད། དེ་ནི་སྤྱི་ཚོགས་ཀྱི་སྐྱོན་ཆ་ཞིག་ལ་མཛུབ་མོ་འཛུགས་ཀྱི་ཡོད་ལ། ང་ཚོས་སྐྱོན་ཆ་ཐེར་འདོན་བྱེད་དགོས་པ་ལས་ཡག་རབས་རྒྱན་རབས་རྐྱང་རྐྱང་བཤད་བསྡད་ན་མགོ་རུལ་སྣ་བས་མ་ཚོར་བའི་གནས་སྟངས་ཆགས་ཀྱི་ཡོད། ཁོ་ཡིས་གསུངས་པ་དེ་ཡང་ཚད་ལྡན་གྱི་གྲྭ་པ་དང་ཆོས་འཆད་མཁན་རྣམས་གོང་དུ་ཕུད་དེ་སྡུག་ས་ནས་གླེང་གི་ཡོད་པ་ང་ཚོས་ངོ་ཤེས་དགོས། གོང་ནས་དྲ་གྲོགས་ཁ་ཤས་ཀྱིས་མཐོང་སྣང་དང་གཞེན་སྐུལ་གནང་བའི་བསམ་ཚུལ་གྱི་ནང་དོན་ལ་མི་ལྟ་བར་རྩོམ་པ་པོ་སྐྱོན་འཛུགས་པ་ཚུལ་ལྡན་གྱི་བཤད་སྟངས་ཤིག་ཨེ་ཡིན་ནམ་བསམ་བྱུང།

    Reply
  21. བོད་ཀྱི་སྦག་སྦག says:
    ལོ་ 16 སྔོན།

    བོད་ཡུལ་དུ་ནང་ཆོས་དར་བའི་ཆོས་འབྱུང་ངོ་སྤྲོད་ཚང་ལ་མ་ནོར་བ་རེ་ངོ་སྤྲོད་གནང་དགོས་ན་ཆེན་པོས་ཆུང་ཆུང་དབང་བསྒྱུར་དང་མང་མང་གིས་ཉུང་ཉུང་ཟོས་པའི་སྐད་ཆ་ཞིག་མ་གཏོགས་བཤད་རྒྱུ་ཨེ་ཡོད། ལྷག་པར་དུ་ད་ལྟའི་བཙན་བྱོལ་གཞུང་འོག་ཏུ་འཚོ་བའི་ཆོས་བརྒྱུད་རྣམས་ལའང་པཎ་ཆེན་རིན་པོ་ཆེ་ཞལ་བཞུགས་སྐབས་སུ་གསོལ་རས་སྩལ་ཡོད་ཅིང་ད་དུང་རྒྱ་ནག་གི་དབང་བསྒྱུར་འོག་རང་དབང་དང་ཐོབ་ཐང་འདྲ་མཉམ་ངང་ལོངས་སུ་སྤྱོད་བཞིན་པ་བཙན་བྱོལ་འདི་ནས་ལོངས་སུ་སྤྱོད་ཐུབ་ཀི་ཡོད་དམ། གནད་དོན་འདི་སྤྱི་འཐུས་ཚོའི་སེམས་སུ་ཀ་དང་ཁ་བྱས་ནས་ཁྲིགས་སེ་ཡོད་ཀྱང་བོད་སྤྱི་ནང་གི་སྐྱ་སེར་འབུམ་ཕྲག་ལས་བརྒལ་བ་ཞིག་གི་སྙིང་ལ་གྲིས་བཙུགས་པ་ལས་ཀྱང་ཚབ་ཆེའི་ན་ཟུག་ཅིག་ཟབ་ས་ནས་ཟབ་སར་བཞག་ཡོད་པ་ཚང་མས་ཧ་གོ་དགོས་དོན་རྟོགས་དགོས། ཆོས་བརྒྱུད་དང་ཆོས་འབྱུང་བཤད་འདོད་ན་འདས་མ་དང་ད་ལྟའི་བོད་ཕྱི་ནང་གི་ཆོས་ལུགས་དད་པ་རང་མོས་སུས་སྤྲད་ཀི་ཡོད་མེད་ངོས་ཟིན་དགོས་པ་གནད་འགག་ཆེ།

    Reply
  22. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 16 སྔོན།

    འཇམ་དབྱངས་ལགས བོད་པའི་ངན་ཁག་ཚང་མ་གྲ་ྲིབ་ལ་མ་འགེལ་རོགས། སོ་སོའི་ལྟོ་ཕོགས་ཀྱི་དོན་དུ་ཕྱི་རྒྱལ་མ་གཏོགས་མི་དྲན་མཁན་གྲ་བ་རེད་དམ་སྐྱ་བོ་རེད། མ་གཞི་ཁྱེད་ཀྱིས་བཤད་སྟངས་ལྟར་ན་ཕྱི་རྒྱལ་བ་ཚོས་བོད་པའི་ཆོས་ཀྱི་རིན་ཐང་ཤེས་ཚར་པ་འདྲ།དེས་ན་འགྲིག་པ་རེད། ཁོ་ཚོས་རིན་ཐང་བྲལ་བའི་ནོར་བུ་དོན་དུ་ཅི་ཡང་སྒྲུབ་ངེས་། རྗེས་ཕྱོགས་སུ་གང་བཤད་པ་དེ་འགན་འཁུར་ཐུབ་པ་བྱེད་དགོས། མི་ཚང་མ་སེམས་ཤུགས་ཆག་བྱེད་དེ་རྒྱུག་པ་ལེབ་རྡུང་མ་བྱེད།

    Reply
  23. འོས་ལངས། says:
    ལོ་ 16 སྔོན།

    འཇམ་དབྱངས་བསྟན་འཛིན་གྱི་བསམ་ཚུལ་དེར་མོས་མཐུན་ཡོད་ལ་དྲང་བདེན་ཡང་རེད། གོ་སྐབས་དང་ནུས་པ་གཉིས་ལྡན་གྱི་བོད་ཀྱི་བླ་སྤྲུལ་དང་དགེ་བཤེས་ཚོས་འཇིག་རྟེན་མེད་ན་ཆོས་མེད་པ་དང་། ཆོས་ནི་འཇིག་རྟེན་ལ་བརྟེན་དགོས་པའི་གནས་ལུགས་ལས་ལྡོག་སྟེ་ཆོས་མེད་ན་འཇིག་རྟེན་མེད་པ་འདྲ་ཞིག་རྐྱང་རྐྱང་བཤད་ནས་བསྡད་ཡོད། ཁོང་ཚོའི་རིགས་རྒྱུད་དང་མིང་ཐོབ་བཅས་ནི་བོད་དང་བོད་མི་རིགས་ལ་ཆེས་ཆེར་འབྲེལ་ནས་ཡོད་ན་ཡང་། སོ་སོའི་ཆོས་བརྒྱུད་དང་དགོན་པ་གྲྭ་ཚང་། བླ་བྲང་། སྙན་གྲགས་བཅས་ཀྱི་ཆེད་གཅིག་པོར་མ་གཏོགས། བོད་དོན་ཐད་ནས་སོ་སོ་ལ་འགན་འཁྲི་གང་ཡང་མེད་པ་ལྟ་བུ་བྱས་ནས་བསྡད་ཡོད་པ་རེད།

    Reply
  24. ཚོགས་བདག says:
    ལོ་ 16 སྔོན།

    འཇམ་དབྱངས་བསྟན་འཛིན་ལགས་སུ་འཚམས་འདྲི་ཡོད། ཁྱེད་རང་དྷ་ས་དཔེ་མཛོད་ཁང་དུ་ཡོད་སྐབས་ཝར་ཎའི་པདྨ་རྒྱལ་མཚན་གྱི་ལྟ་བ་གུ་དོགས་པོ་ཁྱེར་གྱིན་འདུག་པས། མིག་ཤེལ་སེར་བོ་ལས་མཐོང་བགཚད་མར་འཛིན་བཞིན་པའི་སྐབས་ཅི་ཡང་དོན་དུ་འགྱུར་དཀའ་སྟབས་ཉིད་དང་ལྷན་དུ་བགྲོ་གླེང་བྱེད་མ་དགོས་པ་འབད་བརྩོན་བྱས་ཡོད། ནམ་རྒྱུན་ནས་བོད་རང་གི་ཆོས་རིགས་ལ་དོ་སྣང་གནང་གིན་ཡོད་པ་ལ་ཡི་རང་དང། ཉིད་ཀྱིས་བསྒྲིགས་པའི་མཚར་གཏམ་དེ་ཡག་པོ་འདུག ངས་བུ་མོ་ལ་བླུན་པོ་ཞིག་གིས་མགྲོན་ཁང་དུ་དུག་སྦྲང་ལ་མགོ་སྐོར་གཏོང་ཐབས་བྱས་སྐོར་བཀླགས་པས་བུ་མོ་དགའ་ཐག་ཆོད་འགྲོི་བཞིན་འདུག ཐུགས་རྗེ་ཆེ།
    ད་ཐེངས་ཉིད་ཀྱིས་བྲིས་པའི་བསམ་འཆར་འདི་ཧ་ཅང་གལ་ཆེན་རེད། བདེན་པ་རེད། བོད་ཀྱི་ཆོས་སྲིད་དོན་དག་འདི་གོང་ས་རྒྱལ་དབང་ཆེན་པོ་གཅིག་རང་ལ་འགན་འཁྲི་ཡོད་པ་ཞིག་ག་ནས་ཡིན་ཏེ། ཉིད་ཀྱིས་བསྟན་པ་བཞིན་ད་བར་ཆོས་རྒྱུད་ཁག་གི་བླ་གྲ་ཕྱི་རྒྱལ་བ་ཚོར་ཆོས་བཤད་མཁན་ཕལ་ཆེར་གྱིས་ཆོས་རྒྱུད་ཕན་ཚུན་བར་ཕྱོགས་རེས་རླབས་པོ་ཆེ་པསྐྲུན་དང་སྐྲུན་བཞིན་ཡོད་ལ། དེ་གནས་སྐབས་བོད་དོན་ལ་ཕན་མི་ཕན་ཙམ་ཡང་མ་ཡིན་པར་ལོ་རྒྱུས་རང་བཞིན་གྱི་མཇུག་འབྲས་སྐྱི་གཡའ་བ་དེ་འདྲ་འབྱུང་མི་སྲིད་པའང་མ་རེད།
    མཆན་འགོད་མཁན་ཁ་ཤས་ཀྱིས་ཁྱེད་ཀྱི་བསམ་ཚུལ་རྒྱ་ཆུང་རབས་བཤད་འདུག་ཀྱང་། འདི་བསམ་ཚུལ་རྒྱ་ཆེན་པོ་ཡིན་མིན་དང་འབྲེལ་བ་མེད། ཁོང་ཚོས་བཙན་དབང་གིས་མིའི་བསམ་ཚུལ་ནག་བསུབ་གཏོང་ཐབས་བྱེད་ཀྱིན་འདུག་ཀྱང་། བདེན་པའི་གནས་ཚུལ་དེ་དུས་ཚོད་སྔ་འཕྱི་ཙམ་ལས་སུས་ཀྱང་ནག་བསུབ་གཏོང་མི་ཐུབ། མདོ་དོན་ད་རེས་ཉིད་ཀྱི་བསམ་འཆར་ལ་རྒྱབ་སྐྱོར་ཆེན་པོ་ཡོད།

    Reply
  25. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    ནམ་མཁའ་བསྟན་འཛིན་ཁྱོད་རང་ཀྱང་མཐོང་རྒྱ་ཆུང་འདུག ཁྱོད་རང་གིས་བཤད་པ་དེ་ནི་མི་རེ་གཉིས་རེད། དེ་འདྲ་ཡོང་མི་སྲིད་པ་ཞིག་ག་ལ་ཡིན། མང་ཆེ་བ་དེ་ལྟར་མ་ཡིན་ང་རང་ད་ལྟ་ཨ་རིའི་རྒྱལ་ས་ཝ་ཤོན་ཊན་དུ་ཡོད། ང་རང་གིས་ངོ་ཤེས་པ་གྲྭ་པ་རྣམས་ནི་བོད་དོན་ལ་སེམས་ཤུགས་ཆེན་པོ་དང་ལས་འགུལ་ཀྱང་གང་མང་སྤེལ་ཟིན། ཁྱོད་གཉིས་ལོང་བ་ལྟ་བུ་མི་གཅིག་ལ་བལྟས་ནས་སྡད།

    Reply
  26. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    མཆན་འགོད་མཁན་འགའ་ཤས་ཞིག་དྲ་ཐོག་སླེབས་ཡོང་ན་གཡག་ཞ་ར་ཞིག་ལ་ཁལ་བཀལ་བ་དང་གཅིག་མཚུངས་རེད། ཕྱོགས་གཅིག་མ་གཏོགས་ཁྱོན་ནས་མཐོང་གི་མི་འདུག རྒྱ་གར་དང་བལ་ཡུལ་ཁག་ན་བཞུགས་པའི་གྲ་བཙུན་མང་ཆེ་བ་གདན་ས་ཁག་ན་སློབ་གཉེར་ཚུལ་བཞིན་བྱེད་མཁན་གྱི་ཐོས་བསམ་པ་ཤ་སྟག་རེད། གོང་དུ་ཤཱསྟྲི་ལགས་ཀྱིས་གསུངས་བཞིན་པ་ཕྱི་རྒྱལ་ཁག་ན་ཡོད་མཁན་ཚོ་རེད། ཁྱོད་ཚོ་ཡིད་མི་ཆེ་ན་འཇར་མན་ནེ་རུ་སྡོད་མཁན་ཆོས་དགེ་ཟུར་བ་དགེ་འདུན་ཡོན་ཏན་ཟེར་བ་ཞིག་ངོ་ཨེ་ཤེས། གནས་ཚུལ་འདི་འདྲ་ལ་ཞིབ་འཇུག་ཡག་པོ་བྱོས་དང་། ད་སྐྱག་ཐོག་ས་འགེབས་བྱས་ན་དགའ་ཡི་འདུག་གམ་སྐྱོན་ལ་རྔ་ཐོག་ཁབ་གཙེགས་བྱས་ན་དགའ་ཡི་འདུག

    Reply
  27. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    བོད་པའི་སློབ་གྲྭ་ཁག་ནས་ཐོན་པའི་གཞོན་སྐྱེས་རྣམས་ལ་ལྟོས་དང་། བོད་པའི་རིག་གཞུང་དང་། བོད་པའི་ལོ་རྒྱུས། དེ་བཞིན་བོད་པའི་སྲིད་དོན་སོགས་ལ་དོ་སྣང་ཀྱང་གནང་གི་མི་འདུག ཤེས་མཁན་ཀྱང་ཉུང་།

    Reply
  28. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    འཇམ་དབྱངས་བསྟན་འཛིན་ཤཱསྟྲི་ལགས་ཀྱིས་གསུང་པར་ལྟས་ན་ཁྱོད་རང་མཐོང་རྒྱ་ཧ་ཅང་ཆུང་བའི་སྐྱོན་འདུག ན་ནིང་བོད་དང་བལ་ཡུལ་རྒྱ་གར་སོགས་སུ་བོད་དོན་གྱི་ཆེད་དུ་སྐད་འབོད་དང་ཟས་བཅད་ངོ་རྒོལ་ཟླ་བ་མང་པོ་བྱེད་མཁན་ཕལ་ཆེ་བ་གྲྭ་པ་དང་ཨ་ནི་ཡིན། རྒྱ་ནག་གཞུང་ཚབ་ཏུ་ཕ་ཡུལ་དུ་གཉེན་ཕྲད་ཀྱི་ལག་ཁྱེར་བླངས་འགྲོ་ན་གྲྭ་པ་དང་ཨ་ནི་ཡིན་ན་སྤྲད་ཀྱི་མེད་པ་དང་། དེ་སྐབས་རྒྱ་ནག་དུའང་གྲྭ་པ་ལ་ཧ་ཅང་གི་དམ་པོ་བྱེད་ཀྱི་འདུག ང་རང་གྲྭ་པ་མིན་ཀྱང་དབྱིན་ཇི་ནང་ཆོས་ཤེས་མཁན་གྲོགས་པོ་ཁ་ཤས་ཡོད། ནང་ཆོས་དང་གྲྭ་པ་རྣམས་ཀྱིས་བཀའ་དྲིན་བརྟེན་ནས་བོད་དོན་སྐོར་ཁྱོད་རང་ལས་ལྷག་པ་ཤེས་ཀྱི་འདུག ནང་ཆོས་ཤེས་མཁན་གྱི་ཕྱི་རྒྱལ་བ་ཞིག་ཡོད་ན་བོད་དོན་སྐོར་མ་ཤེས་ཕལ་ཆེར་མི་སྲིད་པ་ལྟ་བུ་ཞིག་རེད།

    Reply
  29. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    འཇམ་དབྱངས་བསྟན་འཛིན་ཤཱསྟྲིའི་གསུངས་བ་ལ་མངོན་པར་བསྟོད་དོ། སྤྱིར་ཕྱི་རྒྱལ་ཁག་ན་ཡོད་པའི་ཆོས་དགེ་ཚང་མར་སྒྱུགས་པ་ལེབ་རྡུང་བྱེད་རྒྱུ་མེད་ཀྱང་། ང་ཚོས་ཆོས་གཅིག་བུ་ཉམ་ལེན་བྱེད་བྱེད་པ་ལས་ཆབ་སྲིད་ལ་ཇུས་གཏོགས་མི་བྱེད་ཞེས་བའི་གནས་ཚུལ་འདི་དངོས་ཡོད་ཡིན་པ་མ་ཟད་དེང་སང་མཐོང་རྒྱུ་ཇེ་མང་རེད། དེར་བརྟེན་ཉེ་འཆར་༧གོང་ས་མཆོག་གིས་གསུངས་ཆོས་སྐབས་ལོ་ཉི་ཤུའི་སྔོན་གྱི་ཧྥ་རན་སི་ནས་གསུངས་བའི་བཀའ་སློབ་ཅིག་བསྐྱར་དུ་གསུངས་ཡོད་པ་གོང་གི་གསར་འགྱུར་ནང་ཆོས་སྒྲུབ་ན་བོད་དོན་ཡིན་ཞེས་བའི་ནང་གསལ་བ་ལྟར། འདིའི་གྲས་ཀྱི་ཆོས་དགེ་ཚོའི་ནང་དུ་རྒྱ་གར་ནག་གཉིས་བར་ཐོགས་པ་མེད་མཁན་ཀྱང་འདུག ངའི་ཉེ་འཁོར་འདི་ན་བཀའ་བརྒྱུད་པའི་ཆོས་ཚོགས་ཁ་ཤས་འདུག་མོད། ཁོ་ཚོའི་ཆོས་དགེ་ཡོང་ཁུངས་གཅིག་དེ་ཀརྨ་བཀའ་བརྒྱུད་དང་༼སི་ཏི་རིན་པོ་ཆེའི་ཁུང༽གཅིག་དེ་༼ཞྭ་དམར་བའི་ཁུང༽བླ་མ་ཨོ་ལིས་ཀྱི་སློབ་མ་རེད། དེར་བརྟེན་ང་ཚོའི་བོད་པའི་སྤྱི་ཚོགས་ལས་ཕྱི་གླིང་བའི་ཆོས་ཚོགས་འདི་ཚོའི་བར་ཕན་ཚུན་དགྲ་འཛིན་ཕྱོགས་རིས་ཆེ་བར་འདུག་པས། འདི་མཐའ་དག་གི་འབྱུང་རྩ་ལ་ཞིབ་པར་བསམ་ན་མགོ་ཁུང་ཡོང་ས་ཆོས་དགེ་དག་ནས་ཡིན་སྟབས། ཅི་ནས་ཀྱང་གཟབ་པར་འཚལ།

    Reply
  30. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    དྲ་གྲོགས། འཇམ་དབྱངས་བསྟན་འཛིན་ཤཱསྟྲི་ལགས།
    ཡག་པོ་གསུངས་འདིག་འོན་ཀྱང་༸གོང་ས་མཆོག་མ་གཏོགས་ཁྱོད་ཀྱིས་ལམ་སྟོན་ལྟར་བཤད་ཀྱིན་མེད་ཟེར་བ་ཅུང་ཁྱབ་ཆེ་དྲག་མེད་དམ། མ་གཞི་ཆོས་རྒྱུད་ཀྱི་ཁྱད་པར་བཤད་པ་ལས་ནང་ཆོས་ཀྱི་གོ་རྟོགས་དང་གངས་ལྗོངས་ཀྱི་གནས་བབས་བཤད་དགོས་པ་ང་ཚོ་ཚང་མས་བསྒྲུབ་དགོས་པའི་ལས་དོན་འདོར་དུ་མེད་པ་ཞིག་ཡིན་པས་དྲན་བསྐུལ་བྱས་པ་འདིས་ཕན་ཐོགས་པར་ཤོག ཤོག་ཤོག

    Reply
  31. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    དྲ་གྲོགས། འཇམ་དབྱངས་བསྟན་འཛིན་ཤཱསྟྲི་ལགས།
    ཡག་པོ་གསུངས་འདིག་འོན་ཀྱང་༸གོང་ས་མཆོག་མ་གཏོགས་ཁྱོད་ཀྱིས་ལམ་སྟོན་ལྟར་བཤད་ཀྱིན་མེད་ཟེར་བ་ཅུང་ཁྱབ་ཆེ་དྲག་མེད་དམ། མ་གཞི་ཆོས་རྒྱུད་ཀྱི་ཁྱད་པར་བཤད་ལས་ནང་ཆོས་ཀྱི་གོ་རྟོགས་དང་གངས་ལྗོངས་ཀྱི་གནས་བབས་བཤད་དགོས་པ་ང་ཚོ་ཚང་མས་བསྒྲུབ་དགོས་པའི་ལས་དོན་འདོར་དུ་མེད་པ་ཞིག་ཡིན་པས་དྲན་བསྐུལ་བྱས་པ་འདིས་ཕན་ཐོགས་པར་ཤོག

    Reply
  32. རྒྱལ་ཐང་ཡོན་ཏན says:
    ལོ་ 16 སྔོན།

    ཆོས་འཆད་པའི་འགན་དེ་ཡོངས་རྫོགས་ཆོས་པ་རྣམས་ཡོད་ཙམ་ཚང་ལ་མ་ནོར་བའི་རྒྱལ་བསྟན་དར་དང་མ་དར་ཡང་ཆོས་རྣམ་དག་གཅིག་འཆད་ཐུབ་མིན་ལ་རག་ལས་ཡོད།
    དེ་མིན་ཆོས་པ་ཡིན་ཟེར་མཁན་ཚང་མའི་སར་ནས་ཆོས་ཞིག་ཞུས་སྡད་ན་མགོ་འཇུག་མེད་པའི་བྱིན་རླབས་ཞིག་གམ་ཆོས་འཁུངས་མི་ཤེས་པ་ཞིག་ཏུ་འགྱུར་རྒྱུར་གདོན་མི་ཟ།

    Reply
  33. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཆོས་འཆད་མཁན་ཚོས་ཆོས་བརྒྱུད་དྲིལ་བསྒྲགས་བྱ་རྒྱུ་ནི་ཁོང་ཚོའི་འོས་འགན་རེད། ཆོས་བརྒྱུད་ཕན་ཚུན་འགྲན་སེམས་དང་འཁོན་འཛིན་གྱིས་དམག་འཁྲུག་ལངས་ན་ཐབས་སྐྱོ་པོ་རེད། ཆོས་བརྒྱུད་སོ་སོ་ཡིན་རུང་སྟོན་པ་གཅིག་རེད། གནམ་གྲུ་ཧ་ཅང་མང་རུང་འབབ་ས་གནམ་ཐང་རེད།

    Reply
  34. བཙན་པོའི་བུ། says:
    ལོ་ 16 སྔོན།

    དྲ་གྲོགས། འཇམ་དབྱངས་བསྟན་འཛིན་ཤཱསྟྲི་ལགས།
    ངས་ཁྱེད་ལ་བོད་དོན་ཆེད་སེམས་ཤུགས་མེད་པའི་སྐྱོན་གང་ཡང་མ་མཐོང་མོད། འོན་ཀྱང་། བསམ་བློ་གུ་དོག་དྲག་པ་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་པ་ཇི་བཞིན་རྟོགས་ཐུབ་མེད་པས་ཡིན་ནམ་གང་ལྟར། ཁྱེད་ཀྱིས་གོང་དུ་མྱོ་བཤད་གཟའ་བཤད་ཅིག་བྱས་འདུག
    ངས་ཁྱེད་ལ་དྲི་བ་ཞིག་འདྲི། གལ་སྲིད་ནང་པའི་དགེ་བཤེས་དག་གིས་འདི་ལྟར་ནང་ཆོས་དེ་ཉིད་འཛམ་གླིང་གང་སར་དར་ཁྱབ་གཏོང་མ་ཐུབ་པ་ཡིན་ན། ནམ་ཞིག་ཡེ་ཤུ་ཆོས་སྒྱུར་བ་ཚོས་བོད་པའི་འདུ་ཤེས་འཛིན་སྟངས་དེ་རྨོངས་དད་དུ་རྩིས་ནས་ནང་ཆོས་ཞེས་པའི་མིང་ཙམ་ཡང་མེད་པར་བཟོས་བཞག་པ་ཡིན་ན། ཁྱེད་ལ་བསམ་ཚུལ་གང་འདྲ་ཞིག་ཡོད།

    Reply
  35. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    བླ་མ་དགེ་བཤཻས་དང་མཁན་པོ་ཚོས་ཆོས་མ་བཤད་ན་དེ་ཚོའི་ཚོས་ཤཻས་མ་རེད་
    ད་བར་སློབ་སྦྱོང་བྱས་པ་རེད་གང་ཡང་ཤེས་མ་རེད་ད་དུང་ཁོང་ཚོར་ལྟོས་དང་ཞིག་ལབ་ངེས་
    ད་དུང་བོད་པའི་སྤྱི་ཚོགས་ནང་གི་ངན་ཁག་ཚང་མ་སེར་མོ་བ་རྣམས་ལ་སྦྱར་ནས་ཡིན་མདོག་དང་མགྱོན་མདོག་བྱེད་མཁན་ཉཱུང་ཉཱུང་གཏན་ནས་མིན་དེས་ན་ཐོག་མ་རང་ངོས་ནས་བཟོ་བཅོས་ཞིག་རྒྱོབས་དང་གཟོད་སྐྱོན་བརྗོད་ཞིག་མགོ་འཛུགས་མཆོག་གོ་་་་་་་་་་་་་་་་

    Reply
  36. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཁྱེད་ཀྱིས་གསུངས་པ་བདེན་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese