མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙན་ངག་པར་རྗེས་དྲན།

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོ་དཔའ་རྩེ་ལགས་ཀྱི་གོ་སྒྲིག་འོག བོད་ཀྱི་སྙན་ངག་པ་ཡི་དམ་ཚེ་རིང་མཆོག་སྐུ་གཤེགས་ཏེ། བགྲང་བྱ་ཧྲིལ་བོ་ ༥ འཁོར་བར་རྗེས་དྲན་གྱི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུ་དེའི་སྟེང་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་དཔའ་མོ་དང་། འབུམ་རིམ་པ་ཨ་རྡོར། ངལ་རྫི། ཆེད་དུ་གདན་ཞུས་སྐུ་མགྲོན་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་དེང་རབས་དཔྱད་བརྗོད་པ་སྐུ་ཞབས་མེ་ལྕེ་འམ། གཅོད་པ་ཀླུ་རྒྱལ། ན་གཞོན་གསར་བའི་རྩོམ་སྒྲིག་པ་རྣོ་སྦྲེང་། དེ་མིན་ཞིབ་འཇུག་དང་དངོས་གཞི། ཆེད་སྦྱོང་བཅས་ཀྱི་སློབ་མ་སོགས་སྡོམ་པའི་ཚོགས་ཞུགས་མི་སྣ་ ༡༣༠ ཙམ་བྱུང་ཡོད་འདུག

དུས་རབས་ཉི་ཤུའི་བོད་རིགས་སྙན་ངག་པ་ཡི་དམ་ཚེ་རིང་མཆོག་གི་རྗེས་དྲན་ཚོགས་འདུ་དེའི་སྟེང་། ཐེའུ་རང་དང་ཞོགས་ལྗང། མྱང་ཚ་དཔལ་མོ་སྐྱིད་བཅས་ཀྱིས་གཏམ་བཤད་གནང་ཡོད་འདུག་ལ། དེ་དང་མཉམ་དུ་སྐུ་གཤེགས་དམ་པ་གང་ཉིད་ཀྱི་མི་གཞི་དང་རིགས་ཞེན་གྱི་འདུ་ཤེས་ལས་འཕྲོས་ཏེ། ད་ལྟའི་བོད་ཀྱི་རྩོམ་རིག་གར་སྟེགས་སྟེང་གི་སྣང་བརྙན་དང་། སྙན་ངག་གི་ཕན་ཡོན་སོགས་དཔྱད་གླེང་གནང་ཞིང་། རིམ་གྱིས་རིག་གནས་སྤྱི་ལས་བྱེ་བྲག་ཏུ་བབ་ཅིང་། རིག་གནས་དང་མི་ཡན་གར་བ་ལ་དགག་སྒྲུབ་ཀྱི་ཕྱོགས་སུ་གྱར་ཏེ། ལྟ་ཚུལ་མཐུན་མིན་གྱི་བགྲོ་གླེང་གཟབ་རྒྱས་ཤིག་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༥ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༢༢ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥

མཆན། 13

  1. chokri nyima says:
    ལོ་ 17 སྔོན།

    མི་ཟས་ཡུན་རིང་ཟས་པའི་རིན་པ་ལ། སྙན་ངག་མི་ཡུལ་བཞག་པའི་རྩོམ་པ་པོ། དེང་སང་རྗེས་དྲན་ཙམ་ཞིག་ཞུ་པ་ལས། སྙན་ངག་བྲི་དོན་གོ་པ་ཤིན་ཏུ་དཀོན།

    ཡོན་ཏན་ཅན་གྱི་མི་དེ། ཁ་བ་ཅན་གྱི་ལྷ་རེད། ལ་རྒྱ་ཅན་གྱི་མི་དེ། དམར་ཁམས་གླིང་གི་རྒྱུད་རེད།
    ལྷག་བསམ་ཅན་གྱི་མི་དེ། གངས་ཅན་ཡུལ་གྱི་ནོར་རེད། སྙིང་སྟོབས་ཅན་གྱི་མི་དེ། བཙན་པོ་གདོང་གི་རྒྱུད་རེད།
    དམར་སྙིང་གི་དཀྱུལ་ནས་རྗེས་དྲན་ཞུ།

    Reply
  2. བསེ་རུ། says:
    ལོ་ 17 སྔོན།

    བོད་གཞུང་ལ་གཞུང་ཞབས་པ་སུམ་ཅུ་ཙམ་གྱི་ས་མིག་ཡོད་པའི་གསལ་བསྒྲགས་ཐོན་འདུག
    ཞིབ་ཕྲ་བོད་གཞུང་དྲ་རྒྱར་གཟིགས་རོགས་གནང་།
    http://www.tibet.net

    Reply
  3. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    རྗེས་དྲན་ཞུ
    རྣམ་དཔྱོད་གསེར་གྱི་ཉི་ཟེར་ལ་རྗེས་དྲན་ཞུ
    རིགས་ཞེན་འོ་མའི་མཚོ་མོར་རྗེས་དྲན་ཞུ
    སྙིང་གཏམ་སྤྲང་ཆར་བསིལ་མར་རྗེས་དྲན་ཞུ
    གངས་རིའི་སྙིང་ཁུངས་སུ་སིམ་པའི་སྙན་ངག་པར་རྗེས་དྲན་ཞུ

    Reply
  4. རང་རྟོན། says:
    ལོ་ 17 སྔོན།

    བཀའ་དྲིན་ཆེ་ཡང་ཡང་ཞུ་བཞིན་ཡོད།འུ་ཚོས་འདི་ལྟ་བུའི་མི་བུ་དག་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཆེས་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཞིག་རེད།

    Reply
  5. བསང་ཆུ་འབྲུག་བྷེ། says:
    ལོ་ 17 སྔོན།

    བསྐལ་བའི་མཐར་ཡང་བོད་མིའི་སེམས་ཁོང་དུ་གནས་པའི་སྙན་ངག་པ་གང་གི་ཞབས་རྗེས་གངས་རིའི་ཁྲོད་ན་འོད་དུ་འཚེར་ཡོད།

    Reply
  6. ཚྭ་ཁུ། says:
    ལོ་ 17 སྔོན།

    བོད་ཀྱི་ནོར་བུ་གཅིག་ཐང་ལ་ཟེགས་སོང་ནི་རེད། འོན་ཀྱང་ནོར་བུ་རང་ལ་ཡོད་དུས། ནོར་བུ་ངོ་མི་ཤེས་པ་བོད་ཀྱི་གཤིས་ཀ་རེད།

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ནུབ་བྱང་མི་རིགས་སློབ་ཆེན་པ་ཚོས་དངོས་གནས་བྱ་བ་བཟང་པོ་ཞིག་བསྒྲུབས་འདུག
    ཁྲང་པེ་རི་བོའི་རྒྱ་སྟག་གི་ངར་སྐད། ཞིའི་ཧྲོང་པད་ནའི་གླང་ཆེན། ནང་སོག་རྩྭ་ཐང་སྟེང་གི་རྟ་རྒོད་ཀྱི་བང་རྩལ་སོགས་མཐོང་ཞིང་ཐོས་པས། དུས་རབས་ཉི་ཤུ་བའི་བོད་གངས་ཅན་གྱི་སྙན་ངག་གི་རྒྱལ་པོ་འདས་པོ་རྒན་ཡི་དམ་ཚེ་རིང་ལགས་ཀྱི་བྱང་ཁོག་སྟོད་ནས་ལ་རྒྱའི་མཚོ་མོ་དགུང་དུ་འཕྱོ་བའི་ཚོར་བ་ཁོང་གི་སྙན་རྩོམ(རྔ་ཆེན་རོལ་དབྱངས)ལས་ཤེས་ཐུབ་ཀི སྐད་ཆ་འདི་ལྟ་བུ་ཞིག་གིས་ཀྱང་ང་ཚོ་སྟེ་བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་སེམས་སུ་ཁོང་ནི་ནམ་ཡང་བརྗེད་མི་ཐུབ་པའི་བོད་མི་རིགས་ཀྱི་རིག་པའི་དཔའ་བོ་ཡིན་ཨང་སྙམ་པའི་བག་ཆགས་གཏིང་ཟབ་ཅིག་ངེས་པར་དུ་བཞག་ཡོད་པ་རེད། དེ་རིང་ཀོས་སྐུ་འདས་ནས་ལོ་འཁོར་ལྔ་ཧྲིལ་གྱིས་སོང་བའི་ཉིན་འདིར། ངས་ཀྱང་སྙན་ངག་མཁན་པོ་ཁོང་གི་རྩོམ་མང་པོ་བཀླགས་པའི་རིན་ཐང་དང་། ང་ཚོས་བཤད་སྲོལ་ལ་ཁྱོད་འདས་ཀྱང་ཁྱོད་ཀྱི་རྣམ་ཤེས་ང་ཚོ་དང་ལྷན་དུ་གནས་ཡོད་ཅེས་པའང་ཁོང་ཀི་སྙན་ངག་གི་རིན་ཏང་དང་དེས་ང་ཚོར་བཞག་པའི་བག་ཆགས་དེ་ལ་ཟེར་བ་ལས་ཡིན། གཞན་བོད་མི་རིགས་ཀྱི་སྙན་ངག་པ་ཆེན་མོ་ཞིག་སྐུ་འདས་ནས་མི་ལོ་ལྔ་ཏག་ཏག་འགོར་བར་མྱ་ངན་ཞུ་གི་ཡོད།

    Reply
  8. འཆི་བདག་ནག་པོ says:
    ལོ་ 17 སྔོན།

    ལོ་རྒྱུས་དེབ་ཐེར་རེ་ལ་རྗེས་དྲན་རེ་་
    སྙན་རྩོམ་པོ་ཏི་རེ་ལ་ཕྱིར་མིག་རེ་་
    ཡོད་ཚད་མི་རིགས་འདིའི་ཆད་དུ་བཞག་པའི་དཔའ་བོ་ལགས་་་་་ཡི་དམ་ཚེ་རིང་་་་

    Reply
  9. བཀྲ་ཤིས་ཟླ་བ། says:
    ལོ་ 17 སྔོན།

    འདི་དངོས་གནས་ཡག་པོ་འདུག འོན་ཀྱང་འདི་དག་རྒྱ་ནག་གིས་བོད་ཀྱི་རིག་གཞུང་ཡར་རྒྱས་བསྟན་བྱེད་ཀྱི་ལག་ཆ་ཞིག་མིན་ནམ་སྙམ།

    Reply
  10. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ཤེས་ཡོན་ཅན་ཚོ་མི་རབས་ནས་མི་རབས་བར་ང་ཚོའི་ལམ་སྟོན་གྱི་སྒྲོན་མེ་ཁོ་ན་ཉིད།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གསོན་ན་དོན་ཡོད་པ། ཤི་ན་གོ་ཆོད་པ་ཟེར་སྲོལ་ཞིག་ཡོད་པ་ལྟར། བོད་ནང་གི་སྤུན་ཟླ་དག་གིས་སྔ་ཕྱི་བར་གསུམ་དུ་འདི་ལྟར་མདུན་བསྐྱོད་ལ་སྙེགས་བཞིན་པ་དེ་དག་ལ་རྗེས་སུ་ཡི་རང་ཡོད།

    Reply
  12. ཐིག་ལེ says:
    ལོ་ 17 སྔོན།

    བསེ་རུ་ལགས་ཀྱིས་གསུངས་པ་དེ་ངོ་མ་བདེན་གི

    Reply
  13. བསེ་རུ། says:
    ལོ་ 17 སྔོན།

    ང་ཚོས་ང་ཚོ་སྐྱོབ་དགོས། ང་ཚོས་ང་ཚོ་འཚོལ་དགོས།
    འདི་ལྟར་ང་ཚོས་མི་རིགས་ཀྱི་ཤེས་ཡོན་ཅན་ཚོར་རྗེས་དྲན་བྱེད་དགོས་ལ་ཤེས་ཡོན་ཚོར་གདེངས་འཇོག་དང་ཆེ་མཐོང་ཡང་སྤྲོད་དགོས། ཤེས་ཡོན་ཅན་ནི། ང་ཚོའི་མི་རིགས་ཀྱི་མགོ་འདྲེན་ཡིན་ལ། མི་རིགས་ཀྱི་ཁ་ལོ་བ་ཡང་ཡིན། དེའི་ཕྱིར་ཤེས་ཡོན་ཅན་ཚོ། གཤེགས་ཤུལ་ནས་ལྗང་མདོག་ལྡན་པའི་ཞབས་རྗེས་རེ་འཇོག་གིན་ཕེབས་དགོས་པ་ཡང་ཆོས་ཉིད་ཅིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese