མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་དགག་པ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་དགག་ལན་གསལ་འདེབས་གནང་ཡོད་པའི་ཡིག་ཆ་དེའི་ནང་། ཉེ་ལམ་རྒྱ་ནག་གིས་༼ཏཱ་ལའི་བླ་མས་བོད་མིའི་ངོ་ཚབ་མཚོན་མི་ཐུབ་༽ཅེས་པའི་ལོག་འགྲེལ་དེ་བོད་རྒྱ་གཉིས་ཀྱི་བྱུང་རབས་ལོ་རྒྱུས་ནང་དངོས་ཡོད་གནད་དོན་ལས་ཡོངས་སུ་འགལ་ཡོད་ཚུལ་བརྗོད་ཡོད་འདུག

ཉིན་ཤས་གོང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་དགག་ལན་དུ་བྲིས་པའི་ཡིག་ཆའི་ནང་བཀོད་དོན། བོད་མི་རྣམས་ཀྱིས་༧གོང་ས་མཆོག་གང་དུ་བཞུགས་པའི་གནས་དེ་ཉིད་རང་བཞིན་གྱིས་བོད་གཞུང་གི་ལྟེ་གནས་ཡིན་པའི་ངོས་འཛིན་ཞུ་བཞིན་ཡོད། ༧གོང་ས་མཆོག་ནས་བཙན་བྱོལ་བོད་མིའི་སྲིད་གཞུང་དང་སྤྱི་ཚོགས་དེ་ཡང་དག་པའི་མང་གཙོའི་ལམ་ལུགས་སུ་བསྒྱུར་གནང་མཛད་ཡོད་པ་མ་ཟད། རྒྱལ་ཁབ་གཞན་ཕལ་མོ་ཆེའི་ནང་བཞིན་མང་གཙོའི་ཐོབ་ཐང་དང་དབང་ཆ་འཐབ་རྩོད་བྱས་པའི་ལོ་རྒྱུས་ནང་། མི་མང་ནས་ལུས་སྲོག་དང་ཁྲག་ལ་བརྟེན་ནས་འཐབ་རྩོད་བྱེད་མ་དགོས་པར་མང་གཙོ་ལག་བསྟར་བྱེད་བཞིན་ཡོད། ༸གོང་ས་མཆོག་ནས་ཁོང་ཉིད་ཀྱི་ཁྲིམས་མཐུན་འགན་དབང་ཡོངས་རྫོགས་བོད་མི་མང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་རྩིས་སྤྲོད་གནང་ཐབས་སྔ་རྗེས་ལན་མང་གནང་ཡོད་ཀྱང་། བོད་མི་མང་དང་གྲོས་ཚོགས་ནས་དེ་ལྟར་ངོས་ལེན་མ་ཞུས་པར། ༧གོང་ས་མཆོག་ནས་མུ་མཐུད་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་འགན་དབང་བཞེས་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་བཏབས་ཡོད།

༧གོང་ས་མཆོག་ནས་བོད་མིའི་སྐུ་ཚབ་མཚོན་ཐུབ་དང་མི་ཐུབ་ཀྱི་དཔེ་མཚོན་གཞན་ཞིག་ནི། སྔ་ལོར་བོད་ནང་དུ་མི་མང་སྒེར་ལངས་བྱས་སྐབས། བོད་མི་མང་གིས་ ༼རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག  རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དགོས་༽ཞེས་བོད་མི་རྒན་དར་གཞོན་གསུམ་གྱིས་མགྲིན་དབྱངས་གཅིག་གྱུར་གྱིས་རང་སྲོག་འབེན་ལ་བཞག་ནས་གཞི་རྒྱ་ཆེ་བའི་སྐད་འབོད་བྱས་ཡོད་པ། འཛམ་གླིང་དུ་ཁྱབ་ཡོད།

༼ཐམས་ཅད་མཁྱེན་པ་འཛམ་གླིང་དུ་ཉི་མ་ཤར་བ་ལྟ་བུ་སྦར་མོས་འགེབ་ཐུབ་བ་མི་ཡོང་། ཁོང་རང་གི་ཐུགས་རྗེ་དང་། འཕྲིན་ལས་ཀྱི་འོད་ཟེར་ས་སྟེང་ཐམས་ཅད་ལ་ཁྱབ་པས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་བ་བྱུང་ཡོད་།༽ཞེས་གསལ་བ་ལྟར། ༧གོང་ས་མཆོག་གིས་ནང་བ་སངས་རྒྱས་པའི་ཆོས་དང་། ཁོང་སྐུ་ཉིད་ཀྱིས་དངོས་སུ་མི་སོ་སོའི་འཚོ་བ་སྐྱེལ་སྟངས་ཐོག་མིག་དཔེ་སྟོན་གནང་མཛད་ཡོད་པ་དེས། འཛམ་གླིང་མི་མང་གི་འཚོ་བའི་ནང་འཕོ་འགྱུར་དང་། ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པས། ཁོང་གི་བཀའ་སློབ་མང་བོ་ཡང་རྒྱ་ནག་དམར་ཤོག་གི་ས་ཕྱོགས་གང་སར་ཡང་ཁྱབ་ཡོད།

འདི་ལོར་འཇི་ནི་ཝར་ཚོགས་པའི་ ༼ རྒྱལ་སྤྱིའི་རྒྱ་བོད་མི་སྣ་མཉམ་འདུས་ཀྱི་ཚོགས་ཆེན༽ གྱི་དངོས་གཞིའི་ཡིག་ཆའི་ནང་ཡོངས་ཁྱབ་གསལ་བསྒྲགས་བྱས་དོན། ༼༧གོང་ས་མཆོག་རང་ཡུལ་དུ་ཕྱིར་ལོག་གནང་རྒྱུ་ནི་ཁོང་གི་གཞི་རྩའི་ཁེ་དབང་ཡིན་སྟབས། དེར་གུས་བརྩི་ཞུ་དགོས། ༽ ཞེས་དང་། ཡང་༼༧གོང་ས་མཆོག་གིས་རྒྱ་རིགས་མི་མང་རྣམས་ལ་ཆོས་ཀྱི་བྱིན་རླབས་སྩོལ་ཆེད་བཙན་བྱོལ་བོད་གཞུང་ནས་དེའི་ཆེད་ཁོར་ཡུག་བསྐྲུན་དགོས་༽ཞེས་ཀྱང་བཀོད་ཡོད།

༧གོང་ས་མཆོག་གིས་བོད་མི་མང་གི་ངོ་ཚབ་མཚོན་ཐུབ་མིན་དེ། འདི་ནའང་གསལ་འདེབས་ཤིག་ཡོད། དེ་ནི་ཕྱི་ལོ་ ༢༠༠༦ ལོར་ཁོང་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་ཨམ་ར་ཝ་ཏིར་དུས་འཁོར་དབང་ཆེན་བསྩལ་སྐབས། འཛམ་གླིང་གི་མི་སྣ་མི་མང་བོ་འདུ་འཛོམས་བྱུང་ཡོད་ལ། དེའི་ཁྲོད་ཆེད་དུ་བོད་ནས་ཕེབས་པའི་དད་ལྡན་བོད་མི་ ༨༠༠༠ ལྷག་ཅིག་དང་། རྒྱ་ནག་སྐམ་ས་ཆེན་མོ་ནས་ཀྱང་རྒྱ་རིགས ༢༥༠ ལྷག་ཙམ་ཕེབས་ཡོད། སྐབས་དེར་ཁོང་གིས་བོད་མི་སྤྱི་དང་སྒོས་སུ་བོད་ནང་གི་བོད་མི་རྣམས་ལ་སྟག་ལྤགས་དང་གཟིག་ལྤགས་སོགས་ཀྱི་རིགས་བོད་མིའི་རྒྱན་ཆར་མ་སྤྲོས་ན་འོས་པའི་བཀའ་སློབ་ཚིག་གཅིག་གནང་བ་དེས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་མ་སྐུལ་དང་བླངས་ངང་སྟག་ལྤགས་དང་གཟིག་ལྤགས་སོགས་ཀྱི་རྒྱན་ཆའི་རིགས་མེར་སྲེག་བཏང་བའི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པས་ཀྱང་གསལ་བོ་མཚོན་ཐུབ་ཅེས་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་དགག་ལན་ལུང་འདྲེན་དང་། རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་ཀྱང་གསལ་འདེབས་རྒྱས་པ་ཞིག་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥

མཆན། 53

  1. chokri nyima says:
    ལོ་ 16 སྔོན།

    རང་ཉིད་ཀྱི་ནོར་འཁྲུལ་ངོ་ལེན་བྱེད་ཐུབ་དེ་ཡག་པོ་རེད། ནོར་འཁྲུལ་ངོ་ལེན་བྱེད་ཐུབ་པ་དེ་ཡོན་ཏན་འབྱུང་པའི་གཞི་རྩ་རེད་ལྭ

    Reply
  2. chokri nyima says:
    ལོ་ 16 སྔོན།

    ཁྱེད་ཉིན་གསུམ་གྱི་རིང་རང་གིས་ནོར་འགྲོ་བ་ཧ་གོ་པ་དེ་འདྲ་ཡིན་ན་ང་རྒན་ཅོ་རིའི་དགེ་ཕྲུག་ཞིག་ཨེ་ལྟ་ཆོག་ཧཧཧཧཧཧཧ

    Reply
  3. chokri nyima says:
    ལོ་ 16 སྔོན།

    ཨེ་ཕག་སྣ། ང་ཆང་འཐུང་ཕྱི་ལ་འགྲོ་མི་དགོས། ཆང་ཤིང་ཏོག་གུ་ཆང་ནང་ལ་ཡོད། ང་གཡེམ་མཁན་ཕྱི་ལ་འགྲོ་མི་དགོས། ཡིད་མཐུན་ཆུང་མ་ནང་ལ་ཡོད། ང་དཔོན་ལ་མ་སོང་གཡོག་ལ་སོང་། གཡོག་པོ་སྡེར་མ་བཀྲུ་མི་སོང། ངས་སྡེར་མ་མི་བཀྲུ་དཀའ་མེད་རེད། ངས་བོད་ཡིག་མ་གཏོགས་ཤེས་ལེ་མིན།
    མི་ཉམ་ཆུང་ལ་ཐང་ཆུང་མ་བྱེད་ལྭ། ཐ་ལི་ཞེས་པ་འདི་འདྲ་བེད་སྤྱོད་མ་རོག རྗེས་སུ་ཡང་འདི་འདྲ་ཡིན་ན་ངས་ཁྱེད་ལ་ཁ་བརྡ་བཤད་མི་འདོད་དེ་ཐུགས་ལ་བཟུང་ལྭ

    Reply
  4. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཐུན་མི། ཐོན་མི།
    གཤན་པ། བཤན་པ། ཡང་ན། ཤན་པ།
    ད་ང་རང་ཡང་ནོར་འགྲོ་ཡི་འདུག

    Reply
  5. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    དངོས་གནས་ཅོ་རི་ང་གཉིས་ལ་དུས་བབ་ནང་ཟིན་བྲིས་ཀྱི་པོད་ཁུག་ཅིག་བཟོས་ན་ཡག་ས་རེད། ངས་ནི་དེ་སྔོན་ནས་དུས་བབ་རྕོམ་སྒྲིག་པར་རེ་སྐུལ་ཐེངས་གཉིས་ཞུས་པ་ཡིན་ཏེ་ཁ་ཕྱེ་མ་བྱུང་། ཡང་བསྐྱར་ཨུ་ཚུགས་བྱེད་འདོད་ཞིག་ཀྱང་མ་བྱུང་།
    ད་ཅོ་རི་ཁྱེད་རང་གིས་རེ་བ་ཞིག་བརྒྱབས་ནས་ཟིན་བྲིས་པོད་ཁུག་ཅིག་བཟོས་ན་ང་གཉིས་དེར་འཛོམས་ནས་མཚམས་མཚམས་ལ་གཏམ་གླེང་འདྲ་བྱེད་དོ། མ་རེད་དམ།

    Reply
  6. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཧཧཧཧཧཧ་་ ཅོ་རི་ཉི་མ་ལགས་ལ་སྐུ་ལས་ཁག་རྒྱུ་ཞིག་མེད་པ་འདྲ།
    ད་བྱས་ན་ངས་ཀྱང་གཅིག་ཤོད།

    ཀི་ལོ་མི་ཌར་ཞེས་པའི་གདངས་ཅན་གྱི་ཐ་སྙད་ཅིག་བེད་སྤྱོད་བྱས་པས་སྐད་ཡིག་གི་རྨང་གཞིར་རྒོལ་མཁན་གྱི་དགྲ་བོར་འགྱུར་གྱི་ཡོད་ན་སློབ་དཔོན་ཐུན་མིའི་དགོངས་པ་དང་སུམ་རྟགས་དག་གསུམ་གྱི་སྒྲིག་གཞི་དང་འགལ་བའི་བོད་ཡིག་འབྲི་མཁན་འདི་ཚོ་སྐད་ཡིག་གི་སྙིང་དམར་པོར་སོ་འདེབས་མཁན་ཞིག་ཏུ་ངས་ངོས་འཛིན་མི་བྱེད་ཀ་མེད་ཡིན།
    དེས་ན་ཁྱེད་རང་སྐད་ཡིག་གསོད་མཁན་གྱི་གཤན་པ་ལག་དམར་དེ་ཆགས་པ་རེད།

    མགོ་རུལ་སྣ་ཡིས་མ་ཚོར་བར། །
    མི་ལ་རྒྱགས་གཏམ་མ་གཏོང་ལཱོ། །
    རང་གི་ལྦ་བ་མ་མཐོང་བར། །
    གཞན་གྱི་སྣ་ལ་མ་འཕྱ་ལཱོ། །

    Reply
  7. chokri nyima says:
    ལོ་ 16 སྔོན།

    ཨེ་ལྷོ་ཕྲུག ངའི་ཐ་སྙད་གསར་པའི་རྩོམ་ཆུང་ལ་ཁྱེད་ཁྲོ་སྡང་ཐོག་ནས་དགག་དོན་དུ། ཁྱེད་ཀྱིས་འདི་འདྲ་ཞིག་བྲིས་ཡོད་ང་ཚོས་བོད་སྐད་ཁོ་རང་བརྒྱག་མི་དགོས་པ་འགྲོ་རྒྱུག་ཆེ་དང་ཤུགས་རྐྱེན་ཆེ་ཤོས་ཡིན་པའི་སྐད་ཡིག་ཞིག་ལ་སྐྱབས་བཅོལ་ན་འགྲུག་པའི་བཟོ་འདྲ་པོ་ཆགས་འགྲོ་གིནའདུག་ཞེས་དགག་པས་མི་དེ་མིན་ནམ།

    ཕོ་གཏམ་ལྕགས་ཀྱི་རི་ལུ་དེ།་སྔར་ལོ་བཤད་ན་ད་ལོ་ཡོད། མོ་གཏམ་ས་ལུ་སེ་ལ་དེ། དེ་རིང་བཤད་ན་སང་ཉིན་མེད། ཁྱེད་ཀྱིས་འགྲོ་རྒྱུག་ཆེ་ཤོས་ཡིན་པའི་སྐད་ཡིག་ཞིག་ལ་སྐྱབས་བཅོལ་པ་ངའི་མིག་གིས་མཐོང་དུས། ཁྱེད་མི་ཁྱི་ལས་ཀྱང་སྡུག་པ་ཁྱི་སྐྱག་པོ་ཞིག་ཡིན་པ་མངོན་སོང་ལྭ། ཧཧཧཧ

    Reply
  8. chokri nyima says:
    ལོ་ 16 སྔོན།

    ཡིན་ཡང་ངའི་ཐ་སྙད་གསར་པའི་རྩོམ་ཆུང་ནང་དུ་གསར་ཐོན་གྱི་དངོས་པོ་ཀམ་པུང་དྲར་ལྟར་བུ་ལ་དངོས་མིང་ཐོག་ནས་བེད་སྤྱོད་བྱེད་དགོས་ཞེས་པ་མ་གཏོགས་སྔ་ཡོད་ཀྱི་ཐ་སྙད་ལེ་བང་བརྒྱ་ཕྲག་ཞེས་པ་ལ་ཀི་ལོ་མི་ཌར་བརྒྱ་ཕྲག་ཞེས་བྲིས་པ་འདི་ནི་ང་རང་ཚོའི་སྐད་ཡིག་གི་གཞི་འཛིན་ས་དེ་མེད་པ་ཆག་འགྲོ་བ་དང་། ཁྱབ་ཆེ་བའི་སྐད་ཡིག་ལ་མགོ་བཏགས་བྱེད་ན་ང་རང་ཚོའི་སྐད་ཡིག་འདི་ཡང་རིག་པའི་འགྲོ་ལུགས་མེད་པའི་ལྷོ་ཕྲུག་ལྟར་བུ་ཆག་ངེས།
    དེ་རྟེན་དྲ་གྲོགས་ཀྱིས་སྔར་ཡོད་དངོས་མིང་ཀྱི་ཐ་སྙད་མི་བེད་ནས་ཁྱབ་ཆེ་བའི་སྐད་ཡིག་ལ་མགོ་བཏགས་བྱེད་མི་ལྷོ་སྣ་ནི་སྐད་ཡིག་གི་རྨོང་གཞི་ལ་རྒོལ་བའི་དགྲ་བོ་ཡིན་པའི་མཐའ་གཅིག་ཏུ་དགག་པ་རྒྱག་དགོས།

    Reply
  9. chokri nyima says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས་ལྷོ་ཕྲུག་ལགས། དེ་རིང་ཁྱེད་ཀྱི་ཁ་ནས་དྲང་གཏམ་ཞིག་བཤད་བྱུང་ང་ལ་དགའ་སྤྲོ་ཚད་མེདཔ་ཞིག་མྱོང་རྒྱུ་བྱུང་། ངའི་ཐ་སྙད་གསར་པའི་སྐོར་ལ་རྩོམ་ཆུང་ཞིག་བྲིས་པའི་དམིགས་ཡུལ་ཕུང་བསམ་ལག་ལེན་ཐམས་ཅད་སྐུ་ནས་མཁྱེན་པ་མ་ཟད་ངའི་མདུན་དུ་བྲིས་པ་དེ་ང་ཤིན་ཏུ་ནས་དགའ་པོ་བྱུང་།

    Reply
  10. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ལྷོ་སྣ་ཆེན་འོག་གི་ཁ་ཆེན་འདིས།།
    གཏན་ཚིགས་ཀྱི་འབྲུག་སྒྲ་བསྒྲགས་པ་ན།།
    ཐག་རིང་གི་ཅོ་རི་ཐེའུ་རང་དེ།།
    སྙིང་དམར་པོ་ཁ་ནས་འབྱིན་གྲབས་བྱེད།།

    ཚིག་རྩུབ་པོ་རྩོད་པའི་མཛེས་རྒྱན་ཡིན།།
    སེམས་གཙང་མ་དུས་ཀྱི་ཀུན་སློང་ཡིན།།
    ཁྱེད་ཅོ་རི་ཁྲོ་སྡང་མི་བྱེད་པར།།
    དོན་ཡིན་ལུགས་ཀྱི་གཏམ་གླེང་བྱེད་དུ་ཤོག།

    Reply
  11. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཁོ་རེ་ཅོ་རི་རྒན་པོ་ལགས། ཁྱོད་ཆང་ལ་སོང་དང་གཡེམ་ལ་སོང་། །ཁྱོད་དཔོན་ལ་སོང་དང་གཡོག་ལ་སོང་། །ཁྱོད་རི་ལ་སོང་དང་ཀླུང་ལ་སོང་། །ཁྱོད་ཟ་ཁང་ནང་ལ་ཐ་ལི་བཀྲུ་ཁ་ཕྱིན་པ་ནི་ཡིན་གྱི་མ་རེད། ཧཧཧཧཧཧཧ་་་་་་་་་་་་་་་་་་སྐུ་རྩེད་ཡིན་དཱ།

    Reply
  12. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཡང་ན་ཅོ་རི་རྒན་པོ་ཆོས་ཅན། ཁྱོད་ལ་སྐྱེ་བ་སྔ་ཕྱི་དང་ཐར་པ། ལས་རྒྱུ་འབྲས་ལ་སོགས་པ་ཤིན་ལྐོག་ཡང་ལྐོག་ཏུ་སོང་བའི་ཤེས་བྱ་རྣམས་སྒྲུབ་བྱེད་ཀྱི་རིགས་པ་དང་འགྲེལ་བཤད་མཛུབ་མོ་རི་སྟོན་གྱི་ཚུལ་དུ་བྱེད་མི་དགོས་པར་ཐལ། ཅོ་རི་རྒན་པོས་དེ་ལྟར་ཁས་ལེན་པའི་ཕྱིར།
    མ་ཁྱབ་ཟེར་ན་བོད་པ་མང་དག་ཅིག་ལ་ཡང་༸གོང་ས་མཆོག་བོད་མིའི་ཚབ་མཚོན་ཡིན་པའི་སྒྲུབ་བྱེད་ཀྱི་རྒྱུ་མཚན་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་འགྲེལ་བཤད་དང་གོ་བརྡ་སྤྲོད་རིགས་པར་ཐལ། ཁས་ལེན་པ་ཙམ་ལ་ར་འཕྲོད་པའི་ཁྱབ་པ་མེད་པ་མངོན་སུམ་གྱིས་གྲུབ། ཅོ་རི་རྒན་པོར་ལས་འབྲས་ལ་སོགས་པ་ལྐོག་ཏུ་གྱུར་པའི་དོན་རྣམས་ཁས་ལེན་ཡང་ད་དུང་སྒྲུབ་བྱེད་ཀྱི་རིགས་པ་བཀོད་ནས་མཛུབ་མོ་རི་སྟོན་གྱི་བཤད་པ་བྱེད་དགོས་པ་དོན་ཡོད་པ་བཞིན་ནོ།།

    རྟགས་མ་གྲུབ་པ་ནི་ཕལ་ཆེར་ཡིན་གྱི་མ་རེད་བསམ་གྱི་འདུག

    ཐལ་ཚིག་གིས་བསྟན་པའི་ཅོ་རི་རྒན་པོ་ཐར་པ་ལ་ཤིན་ལྐོག་ཏུ་སོང་ཡོད་པ་ནི་ཅོ་རི་རྒན་པོའི་རྨོངས་རྟགས་ཀྱིས་ར་སྤྲོད་ཀྱིན་འདུག་པས་འདི་བསྒྲུབ་དགོས་པ་མི་འདུག་གོ།།

    Reply
  13. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཀི་ལོ་མི་ཌར་གྱི་དོད་ལ་ཐ་སྙད་གསལ་པོ་ཞིག་མེད་པ་ཡང་དེ་བཞིན་ཡིན། ད་འདི་ཡང་བརྗོད་དོན་གཞན་དག་ཅིག་གི་སྒང་ལ་འགྲོ་གྲབས་བྱེད་ཀྱིན་འདུག འདི་གླེང་གི་མིན།

    ཁྱོད་ནས་ངས་༸གོང་ས་སྐྱབས་མགོན་ཆེན་པོ་བོད་མིའི་ཚབ་མཚོན་ཡིན་པར་བོད་མི་མང་དག་ཅིག་གིས་ཁས་ལེན་བྱེད་ཀྱི་མེད་པར་བཤད་སོང་ཟེར།
    གང་དུ་བཤད་འདུག ངའི་སྐད་ཆ་ཚང་མ་དུས་བབ་གསར་ཁང་གིས་མ་བསུབ་པར་གོང་དུ་ལྷག་ནས་འདུག སྟོན་དང་ཚིག་ག་གི་རེད།

    སོ་སོའི་སྣང་བ་མ་དག་པའི་ཞྭ་མོ་ནག་པོ་དེ་ངའི་མགོ་ལ་མ་བསྐོན་ལཱོ།

    ཁས་ལེན་པའི་ཁས་ལེན་དང་ཁས་ལེན་གྱི་རྒྱུ་མཚན་ཤེས་མིན་གཉིས་ལ་དབྱེ་བ་དེ་འདྲ་གསལ་པོ་བྱས་ནས་ཕྱེ་ཡོད་ད་དུང་མགོ་རུལ་སྣ་ཡིས་མ་ཚོར་མཁན་ཁྱོད་ང་ལ་ཚུར་རིགས་པ་རྐང་ཆག་འདྲ་ཞིག་བཏང་ཁ་བྱས།

    ཁྱོད་རིགས་པ་ལ་དགའ་མཁན་ཞིག་ཡིན་ན་ངས་ཀྱང་རིགས་པ་ཞིག་གཏོང་།

    རང་བཞིན་མེད་པ་མ་རྟོགས་པའི་ཐལ་འགྱུར་བའི་ངོ་བོར་གྱུར་པའི་རྒན་རྒྱའུ་དེ་ཆོས་ཅན། ཁྱོད་ལ་རང་བཞིན་མེད་པ་སྒྲུབ་བྱེད་ཀྱི་རིགས་པ་བཀོད་ནས་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ཚུལ་གྱི་གོ་བརྡ་སྤྲོད་མི་རིགས་པར་ཐལ། ཁྱོད་རང་བཞིན་མེད་པ་ཁས་ལེན་པའི་རྒོལ་བ་ཡིན་པའི་ཕྱིར། དཔེར་ན་ཅོ་རི་རྒན་པོས་བོད་པ་རྣམས་ཀྱིས་༸གོང་ས་མཆོག་བོད་པའི་ཚབ་མཚོན་གྱི་མི་སྣ་ཡིན་པར་ཁས་ལེན་པས་དེ་ལྟར་ཡིན་རབས་ཀྱི་རྒྱུ་མཚན་དང་རྒྱབ་ལྗོངས་ཀྱི་ངོ་སྤྲོད་བྱེད་མི་དགོས་པར་འདོད་པ་བཞིན། ལན་གྱིས་བཟློག་པར་མི་ནུས་པའི་ཐལ་བའོ།

    Reply
  14. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཁྱེད་ལ་ཤ་ཀླན་འཇམ་དབྱངས་སུ་འབོད་པས་ཁ་བརྡ་དྲྭ་ཚིགས་སུ་རྩོད་ཡིག་ཅིག་བྲིས་འདུག
    དེ་ལ་བལྟ་རུ་རྒྱུགས།
    སྤྱིར་སྟངས་སྲོལ་རྒྱུན་གྱི་བོད་པའི་བསམ་བློའི་ལྟ་སྟངས་ནང་རྩིས་ནང་ལ་བརྒྱག་རྒྱུ་གལ་ཆེར་བརྩི་བ་མ་གཏོགས་རྩིས་ཕྱི་ལ་བརྒྱག་རྒྱུ་གལ་ཆེར་བརྩི་ཡིན་མ་རེད། གནས་སྟངས་འདི་ལས་དེང་དུས་ནང་བཞིན་ཕྱི་ལ་རྩིས་སྐོར་སྤྱད་ཀྱི་ཐིག་ཤིང་ཞིག་ཀྱང་མ་བཟོས་པར་བྱེད་པོ་པོའི་ལུས་ཀྱི་ལན་ལག་སོགས་གཙོ་བོ་བྱེད་པ་པོ་དང་འབྲེལ་བའི་དངོས་པོ་ཞིག་གི་ཚད་ལ་བརྟེན་ནས་རྩིས་བརྒྱག་གིན་ཡོད་པ་རེད། འདིས་སྲོལ་རྒྱུན་གྱི་བོད་པའི་བསམ་བློ་དང་རིག་གཞུང་གི་རྒྱབ་ལྗོངས་དང་གནད་འགག་གལ་ཆེན་ཞིག་མཚོན་གྱིན་ཡོད་པ་རེད།
    འོན་ཀྱང་འདི་འགྲེལ་བཤད་བྱེད་ས་ཅོ་རི་ཁྱེད་རང་མ་རེད་ལཱོ།
    དཔེར་ན་

    Reply
  15. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཀམ་པུ་ཀྲར་ལ་གློག་ཀླད་ཟེར་བ་སོགས་འདོགས་མི་རུང་བར་ཅ་དངོས་གསར་པའི་རིགས་ལ་ཞེས་བཅོས།

    Reply
  16. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ངས་ཀི་ལོ་མི་ཌར་ཞེས་པའི་ཐ་སྙད་ཅིག་སྤྱད་པར་ཁྱོད་ཧང་སང་མདོག་བྱེད་པ་འདི་དོན་ལ་ཁྱོད་རང་གི་འཇིང་པར་རལ་གྲི་ལྟག་ལོག་ཏུ་བླངས་པ་ཙམ་རེད།
    འདི་ཁྱོད་ཀྱིས་བརྗེད་ཟིན་པ་རེད། མ་གཞི་ཁྱོད་ལོ་ན་རྒས་ནས་དབང་པོ་ཉམས་སོང་བས་རེད། ཁྱོད་ཀྱིས་དེ་སྔོན་ཐ་སྙད་གཏན་འབེབས་བྱེད་སྟངས་ཀྱི་ཐད་ལ་གོ་རྒྱུ་ཡོད་ལ་མེད་ལའི་རྩོམ་ཡིག་ཅིག་བྲིས་པ་དྲན་ཨེ་གསོས། དེའི་ནང་ཁྱོད་ཀྱིས་སྐད་ཆ་ཇི་བཤད་བརྗེད་ཚར་བ་རེད་པས།
    ཀམ་པུ་ཀྲར་ལ་གློག་ཀླད་ཟེར་བ་ལ་སོགས་པ་ཅ་དངོས་གསར་པའི་རིགས་ལ་ཐོག་མའི་འབྱུང་ཁུངས་ཀྱི་ཡུལ་དེའི་ཐ་སྙད་ཀྱི་གདངས་དེ་རང་སྤྱོད་དགོས་པ་མ་གཏོགས་མིང་ལྷག་དང་རྗེས་གྲུབ་ཀྱི་མིང་གསར་དུ་འདོགས་ཀྱིན་བསྡད་ན་འགྲིག་གི་མི་འདུག་ཟེར་མཁན་དེ་ཁྱོད་མ་རེད་པས།
    ལ་ཁའི་དར་ལྕོགས་ནང་བཞིན་གྱི་གཡོ་སྐྱེན་པོ་ཞིག་མ་བྱེད། རང་གི་དམ་བཅའ་དང་ལྟ་ཚུལ་གྱི་ཐོག་ཏུ་རིགས་པའི་གནོད་བྱེད་མ་བསླེབས་ཕྱིན་དབྱུག་པ་དང་རལ་གྲི་ཐོགས་མཁན་ཞིག་མདུན་དུ་མཆོངས་ཡོང་ཡང་བརྟན་པོ་བྱས་ནས་བསྡད་དགོས་པ་རེད།
    ཁྱོད་ལ་རིགས་པ་ལ་སྙོན་འདིངས་རྒྱུར་འཚེར་སྣང་ནི་མེད་ད་ག་རེ་བྱས་ནས་དམ་བཅའ་བློས་གཏོང་གི་ཡོད་པ་རེད།

    Reply
  17. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ང་ཚོང་ལ་མི་སོང་། ཚ་ལ་མི་སོང་། ང་རྐུ་ལ་མི་སོང་ཇག་ལ་ཡང་མ་སོང་།

    དྲང་པོར་བཤད་ན་ང་གཞུང་ཆེན་པོའི་དཀའ་གནད་ཁག་ཅིག་གི་བཙན་མདུད་མ་གྲོལ་བར་ཨུ་ཚུགས་ཀྱིས་མདུད་གྲོལ་གྱི་བྱ་བ་བྱེད་པའི་ལས་ལ་ཞུགས་སྒང་ཡིན།

    ཁྱོད་ནང་བཞིན་མིན་ཏཱ། ཨ་ཧ་རྩེད་མོ་ཡིན་ཐུགས་ལ་མ་ཕོག་ལཱོ། སུན་སྣང་རེ་སྐྱེ་དུས་དུས་བབ་སོགས་སུ་ལྟད་མོ་འདྲ་བལྟ་བར་ཡོང་གིན་ཡོད། སེམས་ལ་འཐད་པ་དང་མི་འཐད་པའི་དོན་དང་གནས་ཚུལ་འདྲ་འཕྲད་ཚེ་ཚོར་སྣང་དང་སྦྲགས་ནས་མཆན་བུ་རེ་ཡང་འདེབས་ཀྱིན་ཡོད། མཆན་བུ་མ་བཏབས་པའི་སྔོན་དུ་བསམ་བློ་རེ་ཡང་གཏོང་གིན་ཡོད། ཞིབ་ཏུ་མ་བརྟག་པར་ཀུན་རྟོག་འཁྲུལ་པར་ཤར་འོང་བའི་མཐོང་སྣང་གློ་བུར་བའི་རྗེས་སུ་འབྲངས་ནས་འུར་སྐད་རྒྱག་རྒྱུར་ཡང་འཛེམས་ཟོན་བྱེད་ཀྱིན་ཡོད།
    ངའི་གནས་ཚུལ་འདི་འདྲ་ཞིག་རེད།
    ཁ་ས་ཁྱེད་ཅོ་རི་རྒམ་པོའི་མཆན་བུ་འགའ་མཐོང་སོང་འོན་ཏེ་རྒྱུ་མཚན་དང་གནས་ལུགས་ཡོད་པའི་སྐད་ཆ་ཞིག་ངའི་མཐོང་སྣང་ལ་ནི་མ་བྱུང་། དེར་བརྟེན་ལན་འདེབས་བྱ་རྒྱུའི་འདུན་པ་ཞིག་ཀྱང་སྐྱེས་མ་བྱུང་།
    འོན་ཀྱང་རྒྱུ་མཚན་ཡོད་མེད་དང་གནད་ལ་འཁེལ་མིན་སོགས་ཇི་ལྟར་གལ་ཆེ་ཡང་དེ་ཙམ་ལ་བལྟས་ནས་མི་རྒན་ལ་ཁ་ཡ་མ་བྱས་ན་དེ་ཡང་འགྲིག་གི་མི་འདུག
    ཁྱོད་ཀྱིས་ཀྱང་མགོ་ཚོས་མིན་དང་གོ་བརྡ་འཕྲོད་མིན་གནས་ལུགས་ཤོད་ཐུབ་ཀྱི་ཡོད་མེད་ལ་སོགས་ལ་མི་ལྟོས་པར་མགོ་ནག་བོད་མིའི་བདེ་སྡུག་ཞིག་གླེང་གི་ཡོད་པའི་ཁུལ་རེད།
    དེ་བས་ཕན་ཚུན་གོ་བ་དོན་ཐོག་ཏུ་མ་སོང་བའི་རིགས་ལ་གསལ་བཤད་འདྲ་བྱས་ད་དུང་ཨུ་ཚུགས་དང་མཁྲེགས་འཛིན། རྨོངས་རྟགས་དང་སྨྱོ་རྟགས་སོགས་རང་ངོ་མ་འཕྲོད་བརྗེན་གཅེར་དུ་སྟོན་དུས་རྩུབ་ཚིགས་འདྲ་ཡང་འཕེན་རེས་བྱེད་ཕྱིར་ངས་ཡང་བསྐྱར་ཁྱོད་ལ་ཁ་བརྡ་བྱེད་དུ་བསླེབས་ཡོད་ལཱོ།

    Reply
  18. chokri nyima says:
    ལོ་ 16 སྔོན།

    ཁོ་རེད་ལྷོ་ཕྲུག་ག་ན་ཡོད། ཁྱེད་ཚ་ལ་སོང་དང་ཚོང་ལ་སོང་། རྐུ་ལ་སོང་དང་ཇག་ལ་སོང་། ཡོང་རྒྱུ་མེད་པ་ག་ན་སོང་།

    Reply
  19. chokri nyima says:
    ལོ་ 16 སྔོན།

    ཁྱེད་ཀྱིས་ང་ལ་རྒན་ཟེར་ན་ཡང་ང་ལ་དགེ་ཕྲུག་སྣ་བོ་རིང་མཁོ་ལེ་མིན་ཧཧཧཧཧཧཧ

    Reply
  20. chokri nyima says:
    ལོ་ 16 སྔོན།

    ཡང་བསྐྱར་ཞུ་རྒྱུ། བོད་ཀྱི་སྐད་ཡིག་གི་ཚེ་སྲོག་རྒྱས་མིན་དེ་རྒྱ་ཆེ་ས་ནས་འཚོལ་དགོས་ཞེས་པའི་རྒྱ་ས་གོ་མདོག་བཤད་པ་དེ་ལྷག་ཡོད་དོ།

    Reply
  21. chokri nyima says:
    ལོ་ 16 སྔོན།

    གང་དག་ཚིག་གཅིག་ནོར་སོང་མི་རྒན་ཟམ་གདོང་བླ་མའི་ཀླད་རྙིང་ཞེས་པ་ལ་ད་དང་ང་ནོར་བ་རེད

    Reply
  22. chokri nyima says:
    ལོ་ 16 སྔོན།

    ཁྱེད་ཀྱིས་ང་ལ་མི་རྒན་ཟེར། ཁྱེད་ཀྱིས་ང་ལ་ར་བཟི་ཟེར། ཁྱེད་ཀྱིས་ང་ལ་ཧམ་ཆེན་ཟེར།
    ད་ཅི་ཟེར་ཡང་ངས་ཁྱེད་ལ་ཡང་བསྐྱར་ཁྱེད་ཉིད་ཀྱི་རྩ་བའི་དམ་བཅའ་ངོ་སྤྲོད་ཞིག་ཞུ་རྒྱུ་ཡིན། དང་པོ། བོད་མི་མང་དག་ཞིག་གིས་༧གོང་ས་མཆོག་བོད་མི་ས་ཡ་དྲུག་གི་ངོ་ཚབ་ཡིན་པ་ཁས་ལེན་མི་འདུག་ཞེས་པ་དང་གཅིག
    གཉིས་པ། ཁྱེད་ཀྱིས་སྒྲུབ་བྱེད་ནི་༧གོང་ས་མཆོག་གི་དགོངས་གཞི་དང་དགོངས་པ་ཇི་མ་ཇི་བཞིན་ཁྱེད་དང་ཟམ་གདོང་བླ་མ་གཉིས་ཀྱིས་མ་གཏོགས་བོད་མི་མང་དག་ཞིག་རྟོགས་ཐུབ་གྱི་མི་ཟེར་བ་དེ་རེད་དོ། ཡང་ཡང་རྩ་བའི་དམ་བཅའ་ངོ་སྤྲོད་བྱེད་དགོས་པ་དེ་ཁྱེད་ངོ་མ་ཚ་ཡང་ང་ཉམ་གྱི་འདུག

    ཁྱེད་ཀྱིས་ཟམ་གདོང་བླ་མའི་ལུང་འདྲེན་བྱེད་སྐབས་སུ་ཀི་ལོ་མི་ཌར་ཞེས་བྲིས་འདུག་དེ་ནི་སློབ་དཔོན་ཐུན་མོང་གི་རྗེས་འབྲངས་པས་ཤེས་པའི་ཐ་སྙད་ཞིག་རེད་མི་འདུག་དེ་རྟེན་སྐུ་ཉིད་ནས་འགྲེལ་བཤད་ཞིག་ཡོད་པ་མཁྱེན།
    ཁྱེད་ཀྱི་འདོད་པ་ལྟར་ན་ང་དང་ཟམ་གདོང་བླ་མའི་བར་ན་དཀྲུགས་ཤིང་ཞིག་བཤད་པ་དེས་ཁྱེད་ཀྱི་ཀུན་སློང་མ་རུང་བ་ཞིག་ཡིན་པ་མཚོན་ཐུབ།
    ཁྱེད་ཀྱིས་ང་ལ་ཟམ་གདོང་བླ་མའི་ལུང་འདྲེན་བྱེད་ནས་ང་ཅོ་རི་༧གོང་ས་མཆོག་གི་སྡེ་བྱ་དབང་རྟུལ་ཞིག་རེད་བསམ་པ་དེ་ང་ར་བཟི་ལེ་མ་རེད་ཁྱེད་བཟི་ལེ་རེད་དོ།

    ད་རིག་ལམ་མེད་པའི་མི་ཁྱེད་ལ་ཡང་བསྐྱར་དངོས་སྟོབས་རིག་པའི་སྒྲུབ་བྱེད་བཀོད་མི་རུང་དེ་ལས་འདི་ཚིམ་པ་ཡོད་འགྲོ

    མི་རྒན་ཟམ་གདོང་བླ་མའི་ཀླང་རྙིང་ལ། གློག་ཀླད་བརྒྱ་ཕྲག་མང་པོས་བསླབ་བྱ་དགོས།
    རྩིས་ཁྲ་སྟོན་རྒྱུ་མེད་པའི་དྲུང་ཆེན་ལ། རྩིས་འཁོར་བརྒྱ་ཕྲག་མང་པོས་དགག་བྱ་དགོས།
    ཚོགས་འདུས་མཇུག་སྡོམ་མེད་པའི་སྤྱི་འཐུས་ལ། དཔའ་བོའི་རྣམ་ཤེས་བརྒྱ་ཡིས་ར་འདེད་དགོས།
    རིག་པའི་འགྲོ་ལུགས་མེད་པའི་ལྷོ་ཕྲུག་ལ། བོད་མི་མང་དག་ཞིག་གིས་རྒྱག་པ་དགོས།

    ག་སྲིད་ཁྱེད་ཀྱིས་བོད་མི་མང་དག་ཞིག་ལ་ཐང་ཆུང་དང་ཁྱད་བསད་བཤད་པའི་རྩ་བའི་དམ་བཅའ་དེ་མ་ཀློད་བར་དེ་སྲིད་ང་ཅོ་རི་ནམ་ཡང་འགྱུར་མི་སྲིད།

    Reply
  23. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཁྱོད་ལ་བཤད་རྒྱུ་འདྲ་ཡོད་ན་ད་ཤོད་རོགས་གནང་། ངས་ཉན་ནས་ཡོད།
    གཏམ་རྫིག་པོ་དེ་འདྲ་གཏོང་ཡག་འདུག་གཱ ད་གཏོང་བའི་དུས་ཚོད་མ་རེད་དམ།

    Reply
  24. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    རྒན་ཅོ་རི་ལགས་ཏག་ཏག་ཐུག་བྱུང་ངཱ།

    Reply
  25. chokri nyima says:
    ལོ་ 16 སྔོན།

    ཧཧཧ

    Reply
  26. chokri nyima says:
    ལོ་ 16 སྔོན།

    ལགས་སོ་ལྷོ་ཕྲུག་སྣ་བོ་རིན་པོ་ཆེན་ང་འདི་ན་སླེབས་ཚར

    Reply
  27. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར།།
    མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན།།
    གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན།།
    གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད།

    Reply
  28. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཅོ་རེ་རྒན་པོ་སྐྱུག་འགོང་མ་ཤོད་ལཱོ། སྐྱུག་འགོང་ཟེར་ན་ཧ་གོ་ཡི་ཡོད་དམ།
    སྐྱུག་འགོང་ཟེར་ན་ཆང་འཐུང་ར་བཟིའི་ཁ་ནས་དོན་ཡོང་བའི་གོ་རྒྱུ་མེད་པའི་འཆལ་གཏམ་ལ་ཟེར་བ་རེད།

    རིགས་པའི་རྗེས་འབྲངས་ཡིན་ན་གཅིག ཧམ་པ།
    གོ་རྒྱུ་ཡོད་པའི་གནས་ལུགས་ཤིག་ཕ་རིའི་སྤང་རྒྱན་མེ་ཏོག་རང་ཡིན་པའི་སྒང་ལ་དག་ཆ་ཡོད་པའི་ཚིག་གཙང་མ་ཞིག་ཀྱང་འབྲི་འཁྱོངས་ཀྱི་མི་འདུག

    ངས་ཡང་བསྐྱར་གཅིག་ཤོད།
    ༸གོང་ས་མཆོག་རང་གི་ཞལ་དྲོན་མོ་རང་ནས་བོད་མི་ཚོས་ཁོང་གི་ཆོས་ཕྱོགས་དང་ཆབ་སྲིད། དེ་བཞིན་འཇིག་རྟེན་སྤྱི་ལ་དམིགས་པའི་དགོངས་གཞི་དང་དགོངས་པ་ཇི་ཡིན་རྟོགས་ཐུབ་ཀྱི་མེད་པའི་འུ་ཐུག་གི་བཀའ་སློབ་ལན་གཅིག་མིན་པར་གནང་ཡོད།
    འདི་ཚོ་ཁྱོད་ཀྱིས་གོ་ཡོད་པའི་རེ་བ་བྱེད་ཀྱིན་ཡོད། ཡང་ཁྱོད་ཀྱིས་མི་ངའི་སྐད་ཆའི་བཤད་འགྲོས་ཙམ་ལ་ཡང་གོ་བ་ལོན་རྒྱུའི་རིགས་སྟོབས་ཤིག་མེད་ཚོད་ལ་བལྟས་ན་དྭོགས་པ་ཡང་ཡོད།

    དེ་བཞིན་མཁས་དབང་ཟམ་གདོང་རིན་པོ་ཆེས་༸གོང་ས་མཆོག་གི་ཐུགས་ཀྱི་འཆར་སྣང་དང་བོད་པའི་ལག་ལེན་དང་བསམ་བློའི་འཁོར་ཕྱོགས་བར་ན་ཀི་ལོ་མི་ཌར་བརྒྱ་ཕྲག་གིས་ཆོད་ཡོད་པ་དང་བོད་མི་ཚོས་༸གོང་ས་མཆོག་གི་དགོངས་པའི་རྗེས་ཆོད་ཀྱི་མེད་པའི་འུ་ཐུག་གི་གསུང་སྐད་ཀྱང་ལན་གཅིག་མིན་པར་བསྐྱོན་སོང་།

    འདི་ཚོས་ཅི་ཞིག་སྟོན་གྱི་ཡོད་དམ་ཞེ་ན།
    བོད་པ་འདི་ཚོས་ད་དུང་ཡང་༸གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་ཁག་གཏིང་ཟབ་རབས་དང་རྒྱ་ཆེ་རབས་ཤོད་པ་དང་ཁས་ལེན་པ་ཙམ་མ་གཏོགས་དོན་དམ་དུ་ཇི་ལྟར་གཏིང་ཟབ་མོ་ཡིན་པ་དང་ཇི་ཙམ་རྒྱ་ཆེན་པོ་ཡིན་པའི་བསམ་བློའི་རྒྱབ་ལྗོངས་དང་འགྲོ་སྟངས་དེ་ཤེས་ཀྱི་མེད་པ་དེ་སྟོན་གྱི་ཡོད་པ་རེད།

    མདོར་ན་འདིས་བོད་པ་ཚོ་དད་ཞེན་ཙམ་གྱི་རྗེས་སུ་འཇུག་མཁན་གྱི་དབང་རྟུལ་དད་པའི་རྗེས་འབྲངས་ཙམ་ཞིག་ཡིན་པ་དེ་བསྟན་པ་རེད།
    ངའི་འདོད་པ་ལྟར་ན་བོད་པ་ཚོས་༸གོང་ས་མཆོག་བོད་མི་ས་ཡ་དྲུག་གི་ཚབ་མཚོན་ཡིན་པ་ཁས་ལེན་པ་ཙམ་དང་ཁ་ནས་ལབ་པ་ཙམ་གྱིས་ཆོག་གི་མི་འདུག་ཡིན་ལུགས་ཡིན་སྟངས་ཤེས་པ་ཞིག་བཟོ་དགོས་ཀྱི་འདུག་ཟེར་གྱི་ཡོད་པ་རེད།

    སྐད་ཆ་གསལ་པོ་འདི་ཙམ་ཞིག་ཁོ་བོས་ཐེངས་སྔོན་མའི་སྐབས་ནས་བཤད་ཟིན་ཡོད།
    ཁྱོད་ཀྱིས་འདི་ཙམ་ཞིག་ཀྱང་གོ་མི་ཐུབ་པ་དེ་ཡང་ན་ཁྱོད་ལོ་ན་རྒས་ནས་དྲན་པ་དང་དབང་པོ་ཉམས་སོང་བས་ཡིན་རྒྱུ་རེད། ཡང་ན་ཁྱོད་ལ་སྤྱི་ཚོགས་ནང་དཀྲུགས་ཤིང་བརྒྱག་རྒྱུའི་ཀུན་སློང་མི་གཙང་བ་ཞིག་ཡོད་པས་ཡིན་རྒྱུ་རེད། དེ་མིན་གནད་དོན་འདིའི་ཐད་ཧམ་འགྲེལ་དང་འཁྱོག་འགྲེལ་འདི་འདྲ་ཞིག་བྱེད་དགོས་དོན་ཅི་ཡང་མེད་ཚོད་ཡིན།

    མིར་རྒན།
    ཆོ་མེད་པའི་སྐད་ཆ་ཉུང་ཙམ་བྱོས་ལཱོ།

    Reply
  29. chokri nyima says:
    ལོ་ 16 སྔོན།

    ད་ཁྱོད་དེ་རིང་མེད་ན་སང་ཉིན་ང་ལ་དུས་ཚོད་མེད་ཚོགས་འདུས་འགྲོ་དགོས་ཡོད། བཟའ་ཉི་མ་ལ་ཐུག་ཆོག

    Reply
  30. chokri nyima says:
    ལོ་ 16 སྔོན།

    སྣ་ཆེན་ཁྱོད་ཀྱིས་ལྟས་ན། བོད་མི་མང་དག་ཞིག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེན་བོད་མི་ས་ཡ་དྲུག་ངོ་ཚབ་་ཡིན་མིན་གྱི་རྒྱུ་མཚན་དེ་ཁ་ཚ་དགོས་གཏུགས་ཀྱི་འགྲེལ་བཤད་རྒྱབ་དགོས་གསུངས་པ་དེས་དངོས་སྟོན་བོད་མི་མང་པོ་ཞིག་ལ་ཁ་ཚ་དགོས་གཏུགས་ཀྱི་བསླབ་བྱ་དགོས་དུས་ཤུགས་སྟོན་བོད་མང་པོ་ཞིག་གིས་༧གོང་ས་མཆོག་ངོ་ཚབ་ཡིན་པ་ཁས་མི་ལེན་ཞེས་པའི་དོན་མ་ཡིན་ནམ། ཡིན་ན་༧གོང་ས་མཆོག་བོད་མིའི་ངོ་ཚབ་མ་ཡིན་ཐལ། བོད་མི་མང་དག་ཞིག་གིས་ཁས་མི་བླངས་པའི་ཕྱིར། ཁས་མི་བླངས་པ་ཐལ། ཁ་ཚ་དགོས་གཏུགས་ཀྱིས་བསླབ་བྱ་དགོས་པའི་ཕྱིར། ཧཧཧཧཧཧ

    དངོས་སྟོབས་རིག་པའི་འགྲོ་ལུགས་མ་ཤེས་ན། སྣ་ཆེན་འོག་གི་ཁ་དེ་ཁ་ཁ་སྡོད།
    བོད་མི་སྤྱི་ལ་ཡིད་ཆེས་མེད་པ་ན། སྤྱི་ཚོགས་ནང་དུ་བསམ་འཆར་མ་གསུགས་རོག

    Reply
  31. chokri nyima says:
    ལོ་ 16 སྔོན།

    ཨ་ལྷོ་ཕྲུག་ང་འདི་ན་ཡོད།

    Reply
  32. chokri nyima says:
    ལོ་ 16 སྔོན།

    སྐམ་ན་གཡེར་ཆུ་མི་འཐུང་ལེ། གྲེ་སེར་འབྲོང་གིས་ཡ་མཚན་རེད། རིག་ལོག་སླུ་ཁྲིད་མི་ཐུབ་ལེ། ཅོ་རེ་ང་ཡིས་ཁྱད་ཆོས་རེད།

    Reply
  33. chokri nyima says:
    ལོ་ 16 སྔོན།

    ཨེ་ལྷོ་ཕྲུག་ ངས་ཁྱོད་ཀྱིས་༧གོང་ས་མཆོ་གངོ་ཚབ་ཡིན་པ་ཁས་ལེན་མི་འདུག་ཞུ་གི་མེད། བོད་མང་དག་གཅིག་ཁས་ལེན་མི་འདུག་ཟེར་བ་དེ་ཡིན།
    སོ་སོའི་སྐྱེ་བོའི་རྣམ་རྟོག་ལ་རྩ་བ་བརྟེན་པའི་ཚུལ་གསུམ་རྟོག་གེ་རིག་པ་དེ་ཁས་ལེན་མེད་པའི་ལྟ་བ་ལ་གནོད་པའི་ལག་ཆ་བྱེད་ག་ལ་རུང་།
    རང་ཉིད་དམ་བཅའ་རང་གིས་ཤེས་པ་གྱིས
    བོད་མི་ཕལ་ཆེར་གྱིས༧གོང་ས་མཆོག་བོད་མི་ངོ་ཚམ་ཡིན་པ་ཁས་བླངས་པ་ལ། སངས་རྒྱས་ཡིན་པ་རྟོགས་དགོས་པ་ཐལ།
    བོད་མི་ཕལ་ཆེར་གྱིས་༧གོང་ས་མཆོག་བོད་མི་ངོ་ཚབ་ཡིན་པ་ཁས་བླངས་པ་ལ། ༧གོང་ས་མཆོག་གི་དགོངས་པ་ཚང་མ་རྟོགས་དགོས་པ་ཐལ།
    དགོས་ན། སྣ་བོ་ཆེ་ནས་༧གོང་ས་མཆོག་གི་དགོངས་པ་ཚང་མ་རྟོགས་པ་ཐལ། བོད་མི་ངོ་ཚབ་ཡིན་རྟོགས་པ་ཁས་ལེན་ཕྱིར།
    མི་དགོས་ན་སྐུ་ཉིད་ནས་ཀྱང་ཁས་མི་ལེན་པ་ཐལ། དེའི་ཕྱིར།

    Reply
  34. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཅོ་རེ་ལགས་ད་ལྟ་རང་འདི་པ་ཡོད།
    ད་སྨྲ་ལྕེ་ཐོགས་སོང་བ་ཅི་བྱས་པ་རེད།

    གོང་གི་དྲི་བ་དེ་དག་ལ་ལན་ཞིག་ཐོབ་དང་། ལྷོ་ཕྲུག་སྣ་བོ་ཆེས་༸གོང་ས་མཆོག་བོད་མི་ས་ཡ་དྲུག་གི་ཚབ་མཚོན་དུ་འདོད་ཀྱི་ཡོད་མེད་ལམ་ཙམ་ཁོང་དུ་ཆུད་ངེས་ཡིན།

    Reply
  35. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    བོད་མི་ཕལ་ཆེར་གྱིས་༸གོང་ས་མཆོག་སངས་རྒྱས་ཡིན་པར་ཁས་ལེན་བྱེད་ཀྱིན་ཡོད་པ་རེད།
    འོན་ཀྱང་སངས་རྒྱས་ཡིན་སྟངས་ཇི་བཞིན་ཤེས་ཀྱི་ཡོད་དམ།

    བོད་མི་ཕལ་ཆེར་གྱིས་༸གོང་ས་མཆོག་བླ་མ་ཡིན་པར་ཁས་ལེན་བྱེད་ཀྱིན་ཡོད་པ་རེད།
    བླ་མ་ཡིན་སྟངས་གསལ་པོ་ཞིག་ཤེས་ཀྱི་ཡོད་ན།

    བོད་མི་ཕལ་ཆེར་གྱིས་༸གོང་ས་མཆོག་སྤྲུལ་སྐུ་ཡིན་པར་ཁས་ལེན་གྱིན་ཡོད་པ་རེད།
    སྤྲུལ་སྐུ་ཟེར་ན་ཅི་རེད། འདིའི་ཡིན་སྟངས་ཇི་བཞིན་ཤེས་ཀྱི་ཡོད་ན།

    བོད་མི་ཕལ་ཆེར་གྱིས་༸གོང་ས་མཆོག་བོད་མིའི་ཚབ་མཚོན་གྱི་མི་སྣ་གཅིག་པུ་དེ་ཡིན་ཟེར།
    བོད་མིའི་ཚབ་མཚོན་ཡིན་པའི་ཡིན་སྟངས་གཙང་མ་ཞིག་ཁོང་ཚོར་བཤད་རྒྱུ་ཨེ་ཡོད།

    བོད་མི་ཕལ་ཆེར་གྱིས་༸གོང་ས་མཆོག་གི་དགོངས་པ་གཏིང་ཟབ་ཅིང་རྒྱ་ཆེ་བ་ཡིན་ཟེར།
    གཏིང་ཟབ་སྟངས་དང་རྒྱ་ཆེ་སྟངས་གསལ་པོ་ཞིག་ཤེས་ཀྱི་ཡོད་ན།

    བོད་མི་ཕལ་ཆེར་གྱི་༸གོང་ས་མཆོག་ལས་བཀའ་དྲིན་ཆེ་བ་ཞིག་མེད་ཟེར།
    བཀའ་དྲིན་ཆེ་རབས་དེ་གསལ་པོ་ཞིག་ཤེས་ཀྱི་ཨེ་ཡོད།

    ཁོང་ཚོར་དྲི་བ་རེ་འདྲི་བའི་སྐབས་ཡིན་སྟངས་ཡིན་ལུགས་དངོས་པོ་ལ་གནས་པ་ནང་བཞིན་ཞིག་ཁ་འདར་མི་དགོས་པ་ལྕེ་ཐོགས་མི་དགོས་པར་བཤད་རྒྱུ་དང་བསམ་རྒྱུ་ཡོད་ན་འགྲིག་པ་རེད། དེ་ལྟར་དགོས་ངེས་ཀྱང་རེད།

    འོན་ཀྱང་ཕལ་ཆེར་ཞིག་ལ་རྒྱབ་ལྗོངས་བསྔོག་ཏུ་ཕྱིན་ན་ཁས་ལེན་ཙམ་ལ་ལུས་འགྲོ་མ་གཏོགས་དེ་ལྟར་ཁས་ལེན་དགོས་པའི་རྒྱུ་མཚན་ལ་ངེས་པ་དྲངས་མཁན་ཞིག་ཁག་སེ་མིན་འགྲོ།

    ཅོ་རེ་ཉི་མ་རང་ཉིད་རིགས་པའི་རྗེས་འབྲངས་ཡིན་པར་ཁ་ཕོ་སྒྲོག་མཁན་ཞིག་ལ་མཛུབ་མོ་རི་སྟོན་བྱེད་དགོས་པ་འདི་ཁྱོད་ངོ་མི་ཚ་ཡང་ང་འཚེར་གྱི་འདུག་དཱ།

    Reply
  36. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཨ་རོགས་ཅོ་རེ།
    ༸གོང་ས་མཆོག་བོད་མི་ས་ཡ་དྲུག་གི་ཚབ་མཚོན་མིན་པ་ཞིག་ངས་བརྗོད་རྒྱུ་བཞག་ནས་སེམས་ནས་ཀྱང་བསམ་མ་མྱོང་། དམར་དམར་བརྗེན་བརྗེན་གྱི་སྐད་ཆ་གསལ་པོ་འདི་འདྲ་ཞིག་གི་བཤད་ཕྱོགས་དང་གཟས་ཕྱོགས་ཙམ་ཡང་གོ་རྒྱུའི་ནུས་པ་མེད་པར་རིགས་པའི་རྗེས་འབྲངས་ཡིན་ན་གཅིག སྨྱོན་པ་རང་རེད།

    སོ་སོའི་སྣང་བ་མ་དག་པའི་མཐོང་ཚུལ་དེ་གཞན་གྱི་འདོད་པ་ཡིན་པའི་ཧམ་འགྲེལ་མ་བྱེད་ལཱོ། ཆོ་མེད་པ་རང་རེད།

    Reply
  37. chokri nyima says:
    ལོ་ 16 སྔོན།

    སླ་ཡང་ལྷོ་ཕྲུག་ལགས་སུ་ཞུ་རྒྱུ། རྒྱ་ནག་སྲིད་འཛིན་ཧུང་ཅིང་ཐོ་ཡི་རྒྱ་ནག་མི་མང་གིས་ངོ་ཚབ་མཚོན་ཐུབ་པ་ཐལ། མི་འདོད་ན།
    ཨ་མེ་རི་ཀའི་སྲིད་འཛིན་ཨོ་བྷ་མས་ཨ་རི་མི་མང་གིས་ངོ་ཚབ་མཚོན་ཐུབ་པ་ཐལ། མི་འདོད་ན། འཛམ་གླིང་འདི་ལ་མི་མང་གི་ངོ་ཚབ་མཚོན་ཐུབ་པའི་མི་ཞིག་མེད་པ་ཐལ། མི་འདོད་ན། ༧གོང་ས་མཆོག་གིས་ཡང་བོད་མིའི་ངོ་ཚབ་མཚོན་ཐུབ་པ་ཐལ། གཅིག་མཚུངས་ཡིན་པའི་ཕྱིར། འདོད་ན། རྩ་བའི་དམ་བཅའ་ཚ་ཚཚཚཚཚ།

    Reply
  38. chokri nyima says:
    ལོ་ 16 སྔོན།

    ལྷོ་ཕྲུག་སྣ་བོ་ཆེ་མཆོག་ལགས།
    ༧གོང་ས་མཆོག་བོད་མི་ས་ཡ་དྲུག་གི་ངོ་ཚབ་མིན་པ་རྒྱ་ནག་དམར་པོའི་སྲིད་གཞུང་དང་ལྷོ་ཕྲུག་སྣ་བོ་ཆེ་གཉིས་ཀྱིས་རྣམ་མཁྱེན་གྱི་ཡུལ་དུ་འཆར་ན་མ་གཏོགས་ང་ཅོ་རིའི་ལོག་ཤེས་ཡུལ་དུ་འཆར་ག་ལ་ཐུབ།
    དེ་རྟེན་ལྷོ་ཕྲུག་མཆོག་ནས་ཅོ་རི་ངའི་ལོག་རྟོག་སེལ་བའི་༧གོང་ས་མཆོག་བོད་མི་ས་ཡ་དྲུག་གི་ངོ་ཚབ་མིན་པའི་དངོས་སྟོབས་རིག་པའི་སྒྲུབ་བྱེད་ཞིག་བཀོད་རོག སྐུ་ཉིད་ནས་ངས་བྲིས་པ་ཀློག་མི་འདོད་པ་ཤེས་སོང་།
    དམན་བུ་མོས་འདན་མ་འདོད་ལེ་མིན། གླིང་འདན་མ་ཤ་རྩ་སྔོ་བའི་རེད། ལྷོ་སྣ་ཆེས་ཅོ་རི་འདོད་ལེ་མིན། ང་ཅོ་རི་རིག་པའི་རྗེས་འགྲོ་རེད།

    Reply
  39. chokri nyima says:
    ལོ་ 16 སྔོན།

    ལགས་གསོལ་

    Reply
  40. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས།
    ཡི་གེ་འབྲི་དུས་དག་སྡེབ་ལ་ཐུགས་གཟབ་གནང་རོགས།
    ཀློག་འདོད་ཡོང་གི་མི་འདུག

    Reply
  41. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས།
    རང་གི་འཆར་སྒོའི་ནང་ཤར་མ་མྱོང་བའི་དོན་དང་གནས་ཚུལ་འདྲ་གོ་ཐོས་བྱུང་དུས་ལམ་སང་བདེན་ཁ་སྟེར་མི་འདོད་པའི་ཐོག་ད་དུང་སྡུག་ས་ནས་ཁ་གཉེར་སྣ་གཉེར་བྱེད་རྒྱུ་འདི་ཀུན་ལ་ལྷན་སྐྱེས་སུ་མངའ་བའི་གཤིས་ཀ་ཞིག་ཡིན།

    གནས་ལུགས་ཤོད་པར་ཨེ་ཤ་ཡ་རླུང་འཕྲིན་ཁང་ལ་འགྲོ་དགོས་དོན་མེད། འདིར་བཤད་ན་འགྲིག་གི་འདུག

    དངོས་ཡོད་ལ་༸གོང་ས་མཆོག་བོད་མི་ས་ཡ་དྲུག་གི་ངོ་ཚབ་ཡིན་མིན་གྱི་གནད་དོན་འདི་དང་གཅིག།
    བོད་པ་ཚོས་དེ་ལྟར་ཁས་ལེན་མིན་དང་གཉིས།
    བོད་པ་ཚོས་གནས་ཚུལ་དེའི་རྒྱབ་ལྗོངས་ཀྱི་འགྲོ་ལུགས་དང་རྒྱུ་མཚན་སོགས་ཤེས་ཀྱི་ཡོད་མེད་དང་གསུམ་སྟེ་དོན་དག་འདི་གསུམ་ལ་སོ་སོའི་ས་ན་མི་འདྲ་བའི་འགྲོ་སྟངས་རེ་ཡོད་པ་དེ་ཤེས་པ་བྱེད་དགོས།
    ཉ་དང་ཉུང་མ་མཉམ་བསྲེས་བྱས་ཏེ་འུར་སྐད་ཅིག་བརྒྱབས་པས་ཕན་རྒྱུ་ཞིག་ཅང་མེད།

    Reply
  42. རྒྱང་རིང་ནས། says:
    ལོ་ 16 སྔོན།

    ༧མགོན་པོ་གང་ཉིད་ཀྱིས་བོད་མའི་ངོ་ཚབ་མཚོན་ཐུབ་མིཐོབ་་སྟོང་ལོ་བརྒྱད་པ་ལ་གཞིས་བྱེས་གཉིས་ཀྱིས་ཞི་རྒོལ་ཆེན་མོ་ལ་བསམ་ན་སུ་ཡིན་ན་ཤེས་ཐུབ་།
    ཡིན་ཡང་ འདི་འདྲ་བྱེད་པ་ནི་ཆབ་སྲིད་ཀྱི་ངོ་བོ་ཞིག་རེད་སྙམ།

    Reply
  43. རྒྱང་རིང་ནས། says:
    ལོ་ 16 སྔོན།

    ༧མགོན་པོ་གང་ཉིད་ཀྱིས་བོད་མའི་ངོ་ཚབ་མཚོན་ཐུབ་མིཐོབ་་སྟོང་ལོ་བརྒྱད་པ་ལ་གཞིས་བྱེས་གཉིས་ཀྱིས་ཞི་རྒོལ་ཆེན་མོ་ལ་བསམ་ན་སུ་ཡིན་ན་ཤེས་ཐུབ་།
    ཡིན་ཡང་ འདི་འདྲ་བྱེད་པ་ནི་ཆབ་སྲིད་ཀྱི་ངོ་བོ་ཞིག་རེད་སྙམ།

    Reply
  44. chokri nyima says:
    ལོ་ 16 སྔོན།

    ལྷོ་ཕྲུག་སྣ་བོ་ཆེན་ལགས།
    གོང་ས་རྒྱལ་བ་རིན་པོ་ཆེན་ནས་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོནཐུབ་མིན་དེ་བོད་མི་མང་དག་ཞིག་ལ་ཁ་ཚ་དགོས་གཏུགས་ཀྱི་འགྲེལ་བཤད་རྒྱབ་དགོས་པའི་དུས་ལ་སླེབས་ཡོད་ན། བོད་མི་མང་དག་ཞིག་གིས་གོང་ས་རྒྱལ་བ་རིན་པོ་ཆེན་བོད་མི་ས་ཡ་དྲུག་གི་ངོ་ཚབ་ཁས་མ་བླང་པ་རེད་དམ། དེ་མི་ཁྱོད་ལ་འགྲེལ་བཤད་་ཞིག་རྒྱབ་རྒྱུ་ཡོད་ན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རང་དབང་གི་གླེང་མོ་ནང་ཕེབས་དང་བོད་རྒྱ་ཆེན་མི་དམངས་ཀྱི་མདུན་དུ་ཕྱི་གསལ་ནང་གསལ་གྱི་གླེང་མོ་ཞིག་བྱེད་ཆོག དེ་མིན་ན་སྥྲང་ཁ་ཙམ་ནས་སྡོད་།
    འཇིག་རྟེན་གྱི་ཁ་རྒྱུན་ལ། མི་འཕུང་དགུ་འཕུང་ཁ་གིས་འཕུང་། ར་མ་རྒྱ་མོ་ཚིལ་གྱིས་འཕུང་།་་་་་་་་་་་་་་་་་་་་་་་་གུས་པ་ཅོ་རི་ཉི་མ་ནས།་

    Reply
  45. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    http://www.youtube.com/watch?v=8cKLwtEZzlA&feature=related
    འབྲེལ་ཐག་འདི་ལ་ཚང་མས་གཟིགས་རོགས་ཞུ།

    Reply
  46. ནད་པ says:
    ལོ་ 16 སྔོན།

    བདེ་བ་ཅན་གྱིས་གསུང་པ་དེ་དངོས་འབྲེལ་རེད། ༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་མིའི་བླ་ན་མ་མཆིས་པའི་དབུ་འཁྲིད་གཅིག་པུ་དེ་རང་ཡིན་པ་དེ་གཞིས་བྱེས་བོད་རིགས་ཡོངས་ཀྱི་མ་གྲོས་བསམ་པ་གཅིག་མཐུན་གྱིས་སྒོ་ནས་ངོས་འཛིན་བྱེད་བཞིན་ཡོད་མུས་རེད།

    ངོས་འཛིན་བྱེད་ཀྱིན་མེད་པའི་རྒྱ་ནག་ལ་དྲང་བདེན་གྱིས་ལན་འདེབས་གསལ་སྟོན་གནང་བ་དེ་རྒྱུ་མཚན་དང་ལྡན་པ་རེད་ལ་རྒྱ་ནག་ལ་འགྲེལ་བཤད་ངེས་པར་དུ་རྒྱག་དགོས།

    Reply
  47. བདེ་བ་ཅན། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གིས་བོད་མིའི་ངོ་ཚབ་མཚོན་མི་ཐུབ་ཅེས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་ཀྱི་འགྲེལ་བཤད་འདི་གོང་གསལ་བོད་གཞུང་ནས་ལན་འདེབས་གནང་བ་ལྟར་གང་ལེགས་བྱུང་འདུག ངའི་ལྟ་ཚུལ་བྱས་ན་གང་གསལ་དྲ་གྲོགས་གཉིས་ནས་གསུངས་པ་ལྟར་བོད་ མི་མང་དག་ཅིག་ལ་འགྲེལ་བཤད་བརྒྱབ་དགོས་ཀྱི་འདུག་ཅེས་པའི་མིང་ཚིག་འདིར་འདོད་པ་མེད། བོད་རིགས་བརྒྱ་ཆ་དགུ་བཅུ་གོ་དགུ་ཙམ་ནས་ཡོངས་སུ་ཁས་ལེན་དང་ངོས་འཛིན། དད་མོས་ཡོད་དེ་གཙུག་ཏུ་བཀུར་བཞིན་པ་ཞིག་ཡིན་པས་མང་དག་ཞིག་ལ་སློབ་གསོ་རྒྱག་དགོས་ཟེར་བ་དེ་སྟོང་གཏམ་རེད་འདུག དེར་རྒྱུ་མཚན་གང་ཡང་མི་འདུག གལ་སྲིད་བོད་མི་མང་དག་ཞིག་ལ་༸གོང་ས་མཆོག་གི་བོད་མ་ིའི་ངོ་ཚབ་མཚོན་ཐུབ་ཀྱི་ཡོད་མིན་གྱི་འགྲེལ་བཤད་བྱ་དགོས་པའི་དུས་ལ་སླེབས་སྐབས་དེ་ནི་ཧ་ཅང་ཉེན་ཁ་ཅན་ཞིག་རེད། ད་ལྟའི་དེ་འདྲའི་དུས་སུ་སླེབས་མེད། ཁ་ཤས་ཤིག་གིས་གནས་ཚུལ་རྒྱུས་ལོན་མ་ཐུབ་པའི་རྐྱེན་གྱིས་ཡིན་ནམ། ཡང་ན་ཆེད་དུ་བྱེད་པ་ཡིན་གོ་མ་ཚོད་ཁུལ་བྱ་མཁན་རེ་ཟུང་ཡོད་སྲིད་པ་ཞིག་རེད། འོན་ཏེ་དེ་ལྟའི་མང་དག་ཞིག་ལ་འགྲེལ་བཤད་བྱ་དགོས་པའི་དུས་ལ་བབས་མེད། ཡིན་ནའང་རྒྱ་ནག་གཞུང་གིས་རྫུན་གཏམ་སྒྲོགས་བཞིན་པ་དེ་དག་ལ་འགྲེལ་བཤད་མུ་མཐུད་དགོས་རྒྱུ་གལ་ཆེན་པོ་འདུག

    Reply
  48. ཐོག་རྒོད། says:
    ལོ་ 16 སྔོན།

    རྒྱ་མས་བཤད་ཚད་ལ་ང་ཚོས་ལན་བརྒྱབས་ལེ་མ་རེད།སྨྱོན་པས་གང་རེས་ཡིན་ན་བཤད་ཡོང་གི་རེད།ཡིན་ན་ཡང་འཚམས་རེར་ལན་མ་བརྒྱབས་ན་ཡང་ཁོང་ཚོས་སྐྱག་རྫུན་གིས་་སྐྱོག་ལངས་འགྲོ་བསྡད་པ་དེ་རེད་ད།

    Reply
  49. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ངས་བལྟས་ན་༸གོང་ས་མཆོག་ནས་བོད་མིའི་ངོ་ཚབ་མཚོན་ཐུབ་མིན་གྱི་རྒྱུ་མཚན་དང་རྒྱབ་ལྗོངས་ཀྱི་འགྲེལ་བཤད་འདི་བོད་པ་མང་དག་ཅིག་ལ་བརྒྱབ་དགོས་རྒྱུ་དེ་ཁ་ཚ་དགོས་གཏུགས་མིན་འགྲོ་བསམ་གྱི་འདུག
    བོད་པ་མང་པོ་ཞིག་གིས་འདི་མགོ་ཚོས་ཀྱི་མི་འདུག་གཱ

    ལྷོ་ཕྲུག་སྣ་བོ་ཆེ་ལགས་ཀྱིས་གོང་དུ་འདི་ལྟར་གསུངས་པ་དེར། དངོས་ནས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། བོད་པ་རང་གིས་རང་ངོ་ཟིན་རྒྱུ་དེ་ནི་ཐོག་དང་བོའི་གོམ་པ་སྤོ་སྟངས་ཤིག་རེད། དེ་ནས་ལྟ་རྒྱུ་ཞིག་རེད།

    Reply
  50. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གིས་བོད་མིའི་ངོ་ཚབ་མཚོན་ཐུབ་མིན་ཐད་ང་ཚོས་ལོ་རྒྱུས་ཀྱིས་ཁུངས་དྲངས་ནས་འགྲེལ་བཤད་བྱེད་དགོས་དོན་ཞིག་མི་འདུག

    གནད་དོན་འདི་ང་ཚོ་ལས་ཀྱང་ཁོ་རང་ཚོས་མགོ་ཡག་ག་ཚོས་ཀྱི་ཡོད། མགོ་ཚོས་ཀྱི་མེད་ན་ད་རིང་ཞོགས་པ་དུས་བབ་གསར་འགྱུར་ནང་བཀོད་པ་ལྟར་བོད་ནང་གྲྭ་བཙུན་རྣམས་ལ་ཁ་བྲལ་ལ་ངོ་རྒོལ་དང་མེས་རྒྱལ་ལ་དགའ་ཞེན་བྱེད་དགོས་པའི་ཨུ་ཚུགས་འདི་ག་རེ་བྱས་ནས་བརྒྱབས་དགོས་ཀྱི་ཡོད་པ་རེད། བྱེད་སྟངས་འདི་ཚོ་༸གོང་ས་མཆོག་གིས་བོད་མི་རིགས་ཀྱི་ཚབ་མཚོན་ཐུབ་ཀྱི་ཡོད་པ་དེ་མགོ་ཚོས་ནས་བྱེད་ཀྱི་ཡོད་རེད་པཱ།
    ཡིན་ནའི་ལན་འདེབས་ཤིག་བྱེད་རྒྱུ་འདི་ཡང་གནད་དོན་མི་ཤེས་པར་གཡམ་རྒྱུག་བྱེད་མཁན་ཚོར་ཕན་གྱི་རེད།

    ངས་བལྟས་ན་༸གོང་ས་མཆོག་ནས་བོད་མིའི་ངོ་ཚབ་མཚོན་ཐུབ་མིན་གྱི་རྒྱུ་མཚན་དང་རྒྱབ་ལྗོངས་ཀྱི་འགྲེལ་བཤད་འདི་བོད་པ་མང་དག་ཅིག་ལ་བརྒྱབ་དགོས་རྒྱུ་དེ་ཁ་ཚ་དགོས་གཏུགས་མིན་འགྲོ་བསམ་གྱི་འདུག
    བོད་པ་མང་པོ་ཞིག་གིས་འདི་མགོ་ཚོས་ཀྱི་མི་འདུག་གཱ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese