མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

བོད་ཀྱི་དུས་བབ།
༢༠༢༦/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་སེར་སྐྱ་ཡོངས་ལ་ཞུ་རྒྱུ། བོད་རྒྱལ་ལོ་རབ་གནས་མེ་རྟ་ལོའི་གནམ་ལོ་གསར་པ་ཚེས་ལ་ཉེ་དུས། ཚང་མ་ལ་ལོ་གསར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། ལོ་གསར་པ་འདིའི་ནང་ཚང་མའི་སྐུ་ཚེ་རིང་ཞིང་སྐུ་གཟུགས་བདེ་ཐང་། ཁྱིམ་ཚང་འཆམ་མཐུན། འགྲོ་ཀུན་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་ལམ་ཞུ་ཡི་ཡོད། ང་ཚོ་ནང་པ་སངས་རྒྱས་པའི་ལུགས་ལ་དེ་ཚོ་ཚང་མ་རང་རང་གི་ལས་ལས་བྱུང་བ་མ་གཏོགས། འཇིག་རྟེན་བཀོད་པ་པོ་ལ་སོགས་པས་བཀོད་པ་བཤད་ཀྱི་མེད་སྟབས། ཡག་པོ་ཡོང་བར་ང་ཚོ་ཚང་མས་ལས་བཟང་པོ་གསོག་དགོས། སྒོ་གསུམ་དགེ་བའི་ལས་ལ་ཞུགས་པ་ཡིན་ན། རང་བཞིན་གྱིས་དེའི་འབྲས་བུ་བཟང་པོ་ཡོང་གི་ཡོད་པ་སྨྲོས་མ་དགོས་པ་རེད། དེར་བརྟེན། ལོ་གསར་པ་འདིའི་ནང་ཚང་མས་མི་དགེ་བའི་ལས་མཐའ་དག་སྤངས་ནས་དགེ་པའི་ལས་གང་ཐུབ་ཐུབ་ཀྱིས་བསྒྲུབ་ཐུབ་བྱུང་ན། བདེ་སྐྱིད་ཀྱི་རྩ་བ་དེ་ནས་ཚུགས་ཐུབ་པ་ཞིག་ཡོང་གི་ཡོད། ཚང་མས་དེ་བཞིན་ཐུགས་ལ་བཞག་རོགས་གནང་ཞུ་རྒྱུ་ཡིན།

ད་ལོའི་ལོ་འདིར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་བྱམས་བརྩེའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་དུས། ང་ཚོས་དུས་ཆེན་བྱས་པ་ཙམ་མ་ཡིན་པར་ཉིན་ཞག་རེ་རེའི་ནང་སོ་སོའི་ཁྱིམ་ཚང་དང་ཁྱིམ་མཚེས། རྒྱ་ཆེ་ས་ནས་བཤད་ན་ལུང་པ་ཡོངས་རྫོགས་ལ་བྱམས་བརྩེའི་བློ་ཡང་ནས་ཡང་དུ་སྐྱེ་དགོས་པ་གལ་ཆེན་པོ་རེད། བདེ་སྐྱིད་ཀྱི་རྩ་བ་དེ་བྱམས་བརྩེ་ནས་ཡོང་གི་ཡོད། དེ་བས། སྲོག་ཆགས་གྲོ་འབུ་ཚུན་ཆད་ནས་མིའི་བར་ཚང་མར་བྱམས་པ་དང་བརྩེ་བ་བྱས་པ་ཡིན་ན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་ཐུགས་ཀྱི་བཞེད་དོན་འགྲུབ་པར་ཞབས་རིམ་ཡང་དེ་ལས་ལྷག་མེད་པ་རེད། དེ་བརྟེན། ཚང་མས་དེ་དོན་གནང་ཐུབ་པ་གནང་རོགས་ཞུ་རྒྱུ་ཡིན་ལ། ང་རང་གི་ངོས་ནས་ཚང་མའི་རྐྱེན་ངན་བར་ཆད་ཐམས་ཆད་ཞི་བ་དང་མཐུན་རྐྱེན་ལེགས་ཚོགས་གོང་འཕེལ། བསམ་པའི་དོན་ཐམས་ཆད་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།

དགའ་ལྡན་ཁྲི་ཐོག་ ༡༠༥ བ་ ༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གིས། ༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༧སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་གཙོས་བོད་གངས་ཅན་གྱི་ཆོས་བརྒྱུད་རིས་སུ་མ་མཆིས་པའི་སྐྱེས་ཆེན་དམ་པ་རྣམས་དང་། བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་ སྤུན་ཟླ་རྣམས་དང༌། ཧི་མ་ལ་ཡའི་མི་རིགས། ཕྱི་རྒྱལ་ཡུལ་ལུང་གང་སར་གནས་པའི་བོད་མི་དང་འབྲེལ་ཡོད་ཡོངས་ལ་བོད་རྒྱལ་ལོ་ ༢༡༥༢ རབ་གནས་མེ་ཕོ་རྟའི་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་འཚམས་འདྲི་བཀྲས་ཤིས་བདེ་ལེགས་ཞུ།

ལོ་གསར་པ་འདིའི་ནང་འཛམ་གླིང་ཡོངས་ལ་དམག་འཁྲུགས་དང༌། ནད་མུག་འཁྲུགས་རྩོད། འབྱུང་བཞིས་གནོད་སྐྱོན་སོགས་སྙིགས་ལྔའི་རྒུད་ཚོགས་མཐའ་དག་ཞི་ཞིང་། འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་ཀྱིས་འཚོ་བ་སོགས་བསྟན་འགྲོའི་བདེ་ཐབས་སྤྱི་དང༌། ལྷག་པར་༸རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་བདེ་ཐབས་སོགས་ཀྱི་ཆེད། སྤྱི་མཐུན་བསོད་ནམས་གོང་མཐོར་གཏང་རྒྱུར། རང་ཅག་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཐོག་༸རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དགོངས་ཚུལ་བཞིན་བསྒྲུབ་རྒྱུ་ལས་ལྷག་པ་ཞིག་མེད་པར་སོང་། ཚང་མས་བསྟན་སྲིད་སྤྱི་ལ་དགོངས་བཞེས་ཀྱིས། ༸རྒྱལ་བའི་ཐུགས་དགོངས་འཁྲུགས་གཞི་མི་འགྲོ་བ་དང་། སྤྱི་ཚོགས་བརྟན་བརླིང་ཡོངས་ཐབས། དགེ་སྦྱོར་ལ་འབད་བརྩོན་གང་ཐུབ་གནང་རོགས་གནང་ཞེས་གསོལ་འདེབས་དང་བཅས། སྨོན་འདུན་ཞུ་རྒྱུར། སྲིད་ཞིའི་གདུང་སེལ་ཡོངས་རྫོགས་ཐུབ་པའི་བསྟན། །འཛམ་གླིང་ཡངས་པའི་ཕན་བདེའི་དཔལ་དུ་རྒྱས། །དེ་འཛིན་མཁས་དང་གྲུབ་པའི་སྐྱེས་བུ་རྣམས། །ཆོས་སྤྱོད་རྣམ་བཅུའི་བྱ་བ་འཕེལ་བར་མཛོད། ། ཅེས་གསུངས།

སྨན་རིའི་ཁྲི་འཛིན་༸སྐྱབས་རྗེ་ལུང་རྟོགས་ཟླ་བ་དར་རྒྱས་མཆོག་གིས། བོད་མེ་ཕོ་རྟ་ལོའི་གནམ་ལོ་གསར་ཚེས་ལ་ངོས་ནས་གཞིས་བྱེས་བོད་མི་སྤྱི་དང་ཧི་མ་ལ་ཡའི་གཙོས་བོད་རིགས་ཡོངས་ལ་ཁམས་བདེའི་འཚམས་འདྲི་ཞུ། ལོ་གསར་པ་འདིའི་ནང་ལ་ལྷན་རྒྱས་ཡོངས་ནད་མེད་ཚེ་རིང་དང་བསམ་པ་བོན་བཞིན་འགྲུབ་པའི་སྨོན་ལམ་ཞུ་རྒྱུར་མ་ཟད་འཛམ་བུ་གླིང་འདིར་ནད་མུག་མཚོན་གསུམ་གྱི་རྐྱེན་ངན་མཐའ་དག་ཞི་ནས། སྐྱེ་འགྲོ་ཀུན་བདེ་སྐྱིད་དཔལ་ལ་རོལ་བའི་སྨོན་འདུན་གྲངས་མེད་ཞུ། ཞེས་གསུངས།

དཔལ་ཇོ་ནང་རྒྱལ་ཚབ་ངག་དབང་ཆོས་ཀྱི་སྣང་བ་མཆོག་གིས། དེ་རིང་བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་དགའ་སྟོན་རྟེན་འབྲེལ་གྱི་བཀྲ་ཤིས་པའི་ཉིན་མོར་བོད་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་མི་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ལོ་གསར་པ་འདིའི་ནང་བོད་གངས་ཅན་ལྗོངས་གཞིས་བྱེས་གཉིས་ཀྱི་སྐྱེ་འགྲོ་ཡོངས་ཚེ་རིང་ནད་མེད་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བ་དང་བྱ་བ་ཐམས་ཅད་གེགས་མེད་ལྷུན་འགྲུབ་ཡོང་བ་སོགས་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན། ལོ་གསར་པ་འདིའི་ནང་། ང་ཚོ་རང་གཞན་ཚང་མས་བྱ་བ་ཐམས་ཅད་ཀྱི་གཙོ་བོ་བོད་གངས་ཅན་ལྗོངས་ལ་ཡིད་བཞིན་གྱི་ནོར་བུ་གཉིས་ཡོད་པ་ལས། དང་པོ་འཛམ་གླིང་ཞི་བདེ་དེད་དཔོན་དང་འཛམ་གླིང་ན་མེད་པའི་ཞི་བདེའི་སྟོན་པ་ཆེན་པོ་༸གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་བསྩལ་བའི་བཀའ་དགོངས་ཁག་ཡིད་ལ་བཟུང་སྟེ། ཉིན་རེའི་འཚོ་བའི་ཁྲོད་ཉམས་ལེན་གང་ཐུབ་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ནོར་བུ་གཉིས་པ་དེ་ཆོས་དང་རིག་གཞུང་། སྐད་ཡིག་སོགས་འཛམ་གླིང་གི་རིག་གཞུང་ནང་ནས་ནོར་བུ་མཆོག་ཏུ་གྱུར་བ་ཆགས་བསྡད་ཡོད་སྟབས། བོད་གངས་ཅན་ཀྱི་སྐད་ཡིག་སོགས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དང་ལྷག་པར་དུ་ཚེ་འདི་དང་ཕྱི་མར་འགྲོ་བར་བྱེད་པའི་གཙོ་བོ་དེ་བསྟན་པ་རིན་པོ་ཆེ་ཆགས་བསྡད་ཡོད། དེ་དག་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་ཉིན་རེ་བཞིན་ཉམས་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལོ་འདིའི་ནང་ལ་ང་ཚོ་ཚང་མའི་ཆོས་དང་སྲིད་སོགས་ཀྱི་བྱ་བ་གང་ཞིག་ཡིན་ཡང་ཡག་པོ་ཡོང་བ་དང་མཐར་སྐྱེ་བུ་དམ་པོ་རྣམས་ཀྱི་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་ཡུན་ནས་ཡུན་དུ་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།

༧སྐྱབས་རྗེ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས། གཞིས་བྱེས་བོད་མི་ཡོངས་དང་ཆོས་དང་རིག་གཞུང་གཅིག་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པ་ཡོངས་ལ། བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལོ་གསར་པ་འདིའི་ནང་ཁྱེད་རྣམ་པ་ཐམས་ཅད་ཀྱི་ཚེ་བསོད་དབང་ཐང་འཕེལ། ལུས་ལ་ནད་ན་ཚ་མེད་པ་དང་སེམས་ལ་སྡུག་བསྔལ་མེད་པ། བྱ་བ་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ། ད་ལྟ་སྙིགས་མ་ལྔ་བདོ་བའི་དུས་ཡིན་དུས། གུ་རུ་རིན་པོ་ཆེའི་ཞལ་ནས། སྙིགས་མའི་སེམས་ཅན་ཐམས་ཅད་ང་ཡིས་སྐྱོབ།། དུས་གསུམ་རྒྱུན་ཆད་མེད་པར་ང་ཡིས་གཟིགས།། ཞེས་དང་། དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ།། ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན།། ཞེས་གསུངས་པ་ལྟར། ཁྱེད་རྣམ་པ་ཐམས་ཅད་ཀྱིས་སེམས་པ་བཟང་པོ་དང་། དད་པ་མོས་གུས་གཙང་མའི་ཐོག་ནས་གུ་རུ་རིན་པོ་ཆེ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ན། བསམ་པའི་དོན་ཐམས་ཅད་འགྲུབ་པ་དང་རྐྱེན་ངན་བར་ཆད་ཐམས་ཅད་སེལ་བ་ལ་དེ་ལས་ལྷག་པ་མེད་སྟབས། ཁྱེད་རྣམ་པ་ཐམས་ཅད་ཀྱིས་གུ་རུ་རིན་པོ་ཆེ་ལ་གསོལ་འདེབས་དང་སྨོན་ལམ་ཡག་པོ་འདེབས་རོགས་གནང་། མཐའ་དོན་དུ་༸གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་གཙོས་རིས་མེད་བསྟན་པའི་སྒྲོན་མེ་གང་ན་སུ་བཞུགས་པ་ཐམས་ཅད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཕྱོགས་མཐར་ཁྱབ་པ་དང་། དེའི་མཐུས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་འབྱུང་བཞིའི་གནོད་པ་དང་། ནད་ཡམས། མུ་གེ། དམག་འཁྲུག་སོགས་མི་འདོད་པའི་འགལ་རྐྱེན་མཐའ་དག་རྒྱུན་ཆད་དེ་སྐྱེ་འགྲོ་ཐམས་ཅད་མཛའ་མཐུན་ཞི་བདེའི་ངང་གནས་ཐུབ་པའི་སྨོན་ལམ་གྲངས་མེད་ཞུ་བཞིན་ཡོད། ལོ་གསར་པ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས། ཞེས་གསུངས།

༸དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས། བོད་མེ་རྟ་ལོའི་གནམ་ལོ་གསར་དུ་བཞད་པའི་དུས་བཟང་ལ་བོད་གཞིས་བྱེས་གཉིས་སུ་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་དང་རིག་གཞུང་རིག་གཅིག་པའི་སྤུན་ཟླ་ཡོངས་ལ་ལོ་གསར་བའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལོ་གསར་བའི་ནང་རྣམ་པ་ལྷན་རྒྱས་ཚང་མ་སྐུ་གཟུགས་གསལ་ཐང་ཡོང་བ་དང་བསམ་དོན་ཡིད་བཞིན་དུ་འགྲུབ་པ། ཕྱི་ནང་གི་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་སྨོན་འདུན་ཞུ་རྒྱུ་ཡིན། ལྷག་པར་དུ་ལོ་གསར་བའི་ནང་རང་ཅག་བོད་འབངས་ཡོངས་ཀྱི་མགོན་སྐྱབས་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་གང་གི་ཐུགས་ཀྱི་བཞེད་དོན་ཐམས་ཆད་གེགས་མེད་མྱུར་དུ་འགྲུབ་པ། ལྷག་པར་དུ་རང་ཡུལ་གངས་ཅན་ལྗོངས་ལ་ཞབས་ཀྱི་པད་མོ་མྱུར་དུ་བསྐྱོན་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། བོད་གངས་ཅན་ལྗོངས་ཀྱི་གྲུབ་མཐའ་རིས་མེད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཐམས་ཆད་ཀྱང་སྐུ་ཚེ་ཞབས་པད་བརྟན་པ་དང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པ།  གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་ཡིན། ཞེས་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༤ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༥ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༥ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༦ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese