མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷིང་འཇགས་མེད་པའི་ཧི་མ་ལ་ཡ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

“ ཅི་ནས་ཀྱང་། ངས་བོད་མི་ཡོངས་ཀྱི་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་རང་ཉིད་ཀྱིས་གང་ཤེས་པ་འབད་པ་ཆེན་པོས་ཁྱེད་ཅག་ལ་ཞུ་པར་འདོད། གཅིག་བྱས་ན། ཁྱེད་ཅག་གི་སེམས་ནང་ངས་བྱབ་ཆུང་གི་ལས་ཀ་ཞིག་བྱེད་པར་འདོད་མོད། ཕྱོགས་གཞན་ཞིག་ནས་ཁྱེད་ཚོས་ང་རང་དབང་གི་ཆེད་དུ་དགྲ་བོའི་མེ་མདའི་ཁ་རུ་ལངས་བསྡད་ཡོད་པའང་མཐོང་ངེས་ཡིན། གང་ལྟར། འདི་ཚང་མ་ང་ཚོར་རང་དབང་གི་བདེ་སྐྱིད་འཐོབ་ཕྱིར་ཡིན། ,, ཞེས་རྩོམ་པ་པོ་སྒྲོལ་མ་སྐྱབས་ཀྱིས་གསུངས།

 

རྒྱའི་བཙོན་མུན་དུ་ལུས་ཡོད་པའི་ན་གཞོན་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱིས་རྒྱ་ཡིག་ཐོག་བྲིས་པའི་༼ ལྷིང་འཇགས་མེད་པའི་ཧི་མ་ལ་ཡ ༽ ཞེས་པའི་འབོལ་རྩོམ་རང་བཞིན་གྱི་དཔྱད་རྩོམ་ཕྱོགས་སྒྲིག་གི་དཔེ་དེབ་དེ་བཀའ་ཐུབ་རྒྱལ་ལགས་ཀྱིས་བོད་བསྒྱུར་བྱས་ཏེ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་འགྲེམ་སྤེལ་བྱས་ཡོད། དཔེ་དེབ་འདིའི་ནང་༼ བོད་ཀྱི་ས་ཁམས་ལོ་རྒྱུས་དང་འབྲེལ་བའི་ཐ་སྙད་སྐོར་གླེང་བ ༽ ཞེས་པ་དང་། ༼ བོད་རྒྱལ་ཁབ་ཀྱི་རྒྱལ་དར་སྐོར་གླེང་བ ༽ ༼ བོད་ཆོལ་ཁ་གསུམ་གྱི་འཐབ་ཕྱོགས་གཅིག་གྱུར་སྐོར་གླེང་བ ༽  ༼ དམངས་གཙོ་དབུ་བརྙེས་པའི་སྐོར་གླེང་བ ༽ ༼ རྒྱ་ནག་གི་ཆབ་སྲིད་ལམ་ལུགས་སྐོར་གླེང་བ ༽  ༼ མི་སེར་སྤེལ་བའི་རིང་ལུགས་སྐོར་གླེང་བ ༽ ༼ བོད་ཀྱི་ཉེན་ཚབས་དང་མདུན་སྐྱོད་སྐོར་གླེང་བ ༽ ༼ བོད་ཀྱི་མི་རབས་གསར་བའི་སྐོར་གླེང་བ ༽ ༼ བོད་རྒྱལ་ཁབ་ཀྱི་གཤིས་ཀའི་སྐོར་གླེང་བ ༽ ༼ བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡི་གེ་ཞིག ༽ བཅས་བསྡོམས་པའི་ས་བཅད་ ༥༧ དང་ཤོག་ངོས་ ༦༣༠ ཙམ་ཡོད་ལ།

 

དཔེ་དེབ་དེའི་གླེང་བརྗོད་ནང་རྩོམ་པ་པོ་སྐུ་ཉིད་ཀྱིས། ང་ནི་མི་རིགས་ཀྱི་ཐུ་འོག་ནས་འཚར་ལོངས་བྱུང་ཞིང། ངས་རང་ཉིད་ཀྱི་མི་རིགས་འདི་འཛམ་གླིང་གི་ཡང་རྩེ་རུ་འཚོ་གནས་བྱེད་པ་མཐོང་། ངས་སླར་ས་ལ་ཉལ་ནས་འཛམ་གླིང་ལ་ལྟ་སྐབས། རང་དབང་མེད་པར་མིག་ཆུ་ཤོར་བ་དང་། དེ་ནི་བག་ཡོད་ཀྱི་མིག་ཆུ་ཞིག་ཡིན། ང་ནི་ཕ་མ་ཡི་བྱམས་བརྩེའི་འོག་འཚར་ལོངས་བྱུང་ཞིང་། ངས་ཕ་མ་ཡི་དཔྲལ་བའི་སྟེང་། ང་ལ་བཅངས་པའི་བྱམས་བརྩེའི་གཉེར་རིས་དེ་མཐོང་སྐབས། སླར་ཡང་འགོག་ཐབས་མེད་པར་མིག་ཆུ་ཤོར། དེ་ནི་བརྩེ་དུང་གི་མིག་ཆུ་ཡིན། དེར་བརྟེན། ངས་རང་ཉིད་ཀྱི་མི་རིགས་དང་། རང་ཉིད་ཀྱི་ཕ་མ་དང་འདྲ་བའི་མི་རྣམས་ལ་དོན་ཆེན་ཞིག་བསྒྲུབ་པར་འདོད། ངས་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་བྱ་རྒྱུ་ཁག་པོ་ཞིག་ཡིན་པ་རྟོགས་ཀྱང་། ངས་རང་ཉིད་ཀྱི་བསྒྲུབ་བྱའི་ལྟ་བའི་ཐོག་ནས་མི་རྣམས་ཀྱི་སེམས་པ་འགུགས་ཐབས་བྱེད་པར་འདོད་པ་ལས། རང་ཉིད་ཀྱི་སྤྱོད་པའི་ཐོག་ནས་མི་རྣམས་ལ་ལམ་སྟོན་བྱ་མི་འདོད། ངས་མ་འོངས་པར་རང་ཉིད་ཀྱི་མི་ཚེ་འཚོ་བའི་ནང་། ཞབས་འདེགས་ཅི་ཞིག་བསྒྲུབ་པའི་གོ་སྐབས་ཡོད་མེད་ཀྱང་བཤད་མི་ཤེས། འོན་ཀྱང་། ང་ལ་མདུན་པ་ཞིག་ཡོད་པ་ནི། ཉིན་ཞིག་ང་ཚོའི་བླ་ན་མ་མཆིས་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕ་ཡུལ་དུ་གདན་འདྲེན་ཞུ་རྒྱུ་དེ་ཡིན། ངའི་རེ་བ་ལ་བོད་མི་ཡོད་དོ་ཅོག་ནས་ང་ཚོའི་ཕ་ཡུལ་དེ་གཙང་མ་ཉར་རོགས།

 

ཡང་ཁོང་གིས་དཔེ་དེབ་ཀྱི་མཇུག་བྱང་ནང་བཀོད་དོན། ངས་ཐག་གཅོད་བྱ་རྒྱུ་ཞིག་ལ། གལ་སྲིད་ངའི་དེབ་འདི་ལ་འཐོབ་འོས་པའི་ལས་ཀའི་རིན་ཐང་དེ་ཐོབ་པ་ཡིན་ན། དེབ་འདིའི་ཡོང་འབབ་ཀྱི་བརྒྱ་ཆ་ ༣༠ ཅུ་རྒྱ་ནག་གི་བྱིས་པ་དབུལ་བོའི་སློབ་གསོའི་ཆེད་གཏོང་རྒྱུ་དང་། བརྒྱ་ཆ་ ༣༠ བོད་པའི་བྱིས་པ་དབུལ་བོའི་སློབ་གསོའི་ཆེད་གཏོང་རྒྱུ། དེ་ནས་ལྷག་འཕྲོས་བརྒྱ་ཆ་ ༤༠ ཡོད་པ་ལས་བརྒྱ་ཆ་ ༡༥ རྒྱ་གར་དུ་ཡོད་པའི་གསོག་སྒར་སློབ་གྲྭའི་སློབ་མ་ཚོའི་ལག་དངུལ་ཆེད་གཏོང་རྒྱུ་དེ་ཡིན། འདི་ནི་སློབ་གྲྭ་དེ་རུ་ང་ལ་སློབ་སྦྱོང་ཐོབ་པས་དྲིན་ལན་འཇལ་བ་ཞིག་ཡིན་ལ། ངའི་ཕ་མ་གཉིས་ཀྱི་རེ་བ་ཆེ་ཤོས་ཀྱང་དེ་ཡིན། འདི་ལས་ལྷག་པའི་འཇོན་ཐང་ང་ལ་མེད། ཅེས་བཀོད་འདུག

 

དེ་བཞིན། དཔེ་དེབ་སྒྱུར་བ་བོའི་གཏམ་དུ་བཀོད་དོན། ངའི་མཐོང་སྣང་ལ། རང་རེའི་བོད་མི་རྣམས་ལ་མཚོན་ན། སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ཀྱིས་བརྩམས་པའི་དེབ་འདི་ནི་ཆེས་རིན་ཐང་ལྡན་པ་ཞིག་སྟེ། མི་ཚང་མས་ཁོང་གི་དེབ་འདི་མགོ་ནས་མཇུག་བར་ཆ་ཚང་བ་ཞིག་བཀླགས་ཏེ། དེའི་དགོངས་དོན་རྣམས་ཡང་ནས་ཡང་དུ་བསམ་གཞིགས་གནང་དགོས་པ་མ་ཟད། ཁོང་གི་དེབ་འདི་བོད་མིའི་ཆབ་སྲིད་ལམ་སྟོན་གྱི་ལག་དེབ་བཞིན་ནམ་ཡང་རང་ལུས་དང་ཁ་མ་བྲལ་བར་དུས་ཚོད་ནམ་ཡོད་ལ་བཀླག་རྒྱུ་ཤིན་ཏུ་གལ་ཆེ་བར་སྙམ། ཞེས་བཀོད་འདུག

 

སྐུ་ཞབས་སྒྲོལ་མ་སྐྱབས་ནི། ཕྱི་ལོ་ ༡༩༧༦ ལོར་མཚོ་སྔོན་བྱང་ཁུལ་མདོ་རྫོང་དུ་ཕ་མཁས་བཙུན་དང་མ་སྒྲོལ་གཉིས་ཀྱི་བུ་རུ་སྐྱེས། སློབ་གྲྭ་ཆུང་འབྲིང་ཐོན་རྗེས་ ༡༩༩༥ ལོར་དགེ་འོས་སློབ་སྦྱོང་གནང་མཐར་མདོ་ལ་རྫོང་གི་འབྲིང་རིམ་སློབ་གྲྭ་ཞིག་ནས་དགེ་རྒན་གནང་། ༢༠༠༣ ལོར་པེ་ཅིན་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་སྦྱོང་གནང་ཞིང་། དེའི་རྗེས་རྒྱ་གར་དུ་ཡོང་སྟེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་དབྱིན་ཡིག་སྦྱངས། ༢༠༠༥ ཟླ་ ༥ བར་ཕྱིར་བོད་དུ་ལོག་སྟེ་ལྷ་སའི་སློབ་གྲྭ་ཞིག་ཏུ་ལོ་རྒྱུས་དགེ་རྒན་གྱི་ཕྱག་ལས་གནང་སྐབས། ལོ་དེིའི་ཟླ་ ༣ ཚེས་ ༩ ཉིན་རྒྱ་གཞུང་གི་ཉེ་རྟོག་པས་འཛིན་བཟུང་བྱས་ཤིང་། ལོ་དེའི་ཟླ་ ༡༡ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་ཉེས་མིང་བཏགས་ཏེ་ལོ་ ༡༠ ཡི་ཁྲིམས་ཐག་བཅད་དེ། ད་ལྟ་ཁོང་ཉིད་ལྷ་སའི་ནུབ་ཕྱོགས་ཆུ་ཤུལ་བཙོན་ཁང་དུ་བཅུག་ཡོད།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

སྐར་མ ༢༠ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༢ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡

མཆན། 17

  1. གུང་དཔལ་འབར་ཐུབ་བསྟན། says:
    ལོ་ 17 སྔོན།

    thank you for that.

    Reply
  2. རྡོ་རྗེ། says:
    ལོ་ 17 སྔོན།

    དྲ་རྒྱའི་ཆ་རྐྱེན་མི་ལེགས་པ་མེད་མོད། དྲིལ་བསྒྲགས་ཕྱོགས་ནས་ངོ་མ་ཡིད་སྐྱོ་ནི་ཞིག་རེད། རྒྱ་ཡིག་དང་དབྱིན་ཡིག་ཐོག་ནས་བོད་ཀྱི་གནད་དོན་སྐོར་ཡག་པོ་སྤེལ་ཐུབ་ཀྱི་འདུག བོད་ཡིག་གིས་མི་སྤེལ་བ་ག་རེ་ཡིན་ནམ། སྤྱིའི་ཆ་ནས་དངོས་ནས་ཐབས་སྐྱོ་བོ་རེད། བོད་ཀྱི་གནད་དོན་ད་ལྟ་ཅི་འདྲ་ཡིན་པ་དང་མ་འོངས་པ་གང་འདྲ་ཞིག་ལ་འགྲོ་རྒྱུའི་སྐོར་རྒྱ་མི་དང་ཕྱི་རྒྱལ་བས་ཚུར་བཤད་ཀྱི་ཡོད་པ་རེད། བོད་མི་རྣམས་ཅིའི་ཕྱིར་ཚད་འདིར་ལྷུང་བ་རེད། དྲིལ་བསྒྲགས་བྱེད་མཁན་དག་གིས་བོད་ཡིག་ལ་མཐོང་ཆུང་བྱས། དྲིལ་བསྒྲགས་བྱེད་ས་ཡང་དེའི་རྗེས་སུ་ཅི་ཡང་མིན་མདོག་གིས་འདི་ལྟ་བུར་གྱུར་བ་ཡིན་ཤས་ཆེ། རེ་བར་དེབ་འདི་དང་འདི་འདྲའི་རིགས་སྐབས་ཐོག་ལ་བོད་ནང་དུའང་སླེབས་ཐུབ་པའི་རེ་བ་ཆེ། ང་ཚོས་དྲ་རྒྱའི་ཁོར་ཡུག་གི་ཆ་རྐྱེན་སྤྱད་མ་ཤེས་ན་ཧ་ཅང་ཕངས་པོ་རེད།

    གཞིས་ལུས་བོད་པ་ཞིག་གིས།

    Reply
  3. ཅོ་རྟམ། says:
    ལོ་ 17 སྔོན།

    མགོ་ནག་བོད་མི་ཡོངས་དང་རང་དབང་དང་བདེ་སྐྱིད་འདོད་མཁན་གྱི་སྐྱེ་འགྲོ་ཡོངས་ལ་ཞུ་རྒྱུར་ཁོང་གློ་གྲོལ་ཡོང་པར་རྒྱབ་སྐྱོར་བྱེད་པར་རེ་འདུན་ཞུ།

    Reply
  4. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    མྱུར་ཏུ་གློད་གྲོལ་ཡོངས་བའི་སྐྱབས་འཇུག་ཞུས

    Reply
  5. ཚྭ་སྒང་ཕོ་ཉ། says:
    ལོ་ 17 སྔོན།

    གངས་རིའི་ལྗོངས་སུ་ཕོ་རྒོད་འདི་ལྟར་བུ་ཡོད་དུས་ད་དུང་ང་ཚོ་བོད་པ་ཚང་ལ་རེ་བ་མེད་པ་ག་ལ་ཡིན་སྤུན་ཟླ་རྣམས་ཤུགས་རྒྱོབ།

    རྩོམ་པ་པོ་ཁོང་མྱུར་དུ་གཙོན་གྲོལ་ཡོང་བའི་ཆེད་དུ་བོད་པ་ཚང་མས་རང་ནུས་གང་ཡོད་འབད་པ་བྱེད་རྒྱུ་ནི་གུས་པས་གངས་ཅན་པ་ཡོང་ལ་རེ་བ་གྲངས་མེད་ཞུ།

    Reply
  6. bhare says:
    ལོ་ 17 སྔོན།

    བཀའ་དྲིན་བླ་མེད་དུ་ཆེ།

    Reply
  7. དགྲ་འདུད། says:
    ལོ་ 17 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply
  8. ནད་པ says:
    ལོ་ 17 སྔོན།

    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །

    Reply
  9. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    ཁོ་བོས་ཡང་འདི་ནས་དཔའ་བོ་དམ་ཁོང་ལ་གུས་འདུད་ཡོད།

    Reply
  10. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    སྐར་ལྔའི་དར་དམར་འོག་ནས་འཚར་ཡང་ལོ་རྒྱུས་ཤིག་གི་གདུག་རྩུབ་རྟོགས།།
    མི་རིགས་ཤིག་གི་ཆག་འཇིག་མཐོང་བའི་སེམས་ཀྱི་ན་ཚ་ཕྱི་རུ་མངོན།།
    ཉམ་ཐག་བོད་པའི་གནས་ལུགས་བརྗོད་པར་གཅེས་སྲོག་བདེན་པའི་་དཔང་དུ་བཙུགས།།
    རྒྱལ་གཅེས་དཔའ་བོ་ཁྱེད་ཀྱི་མཚན་སྙན་ས་ཆེན་འདི་ན་དབྱར་རྔ་བཞིན།།

    Reply
  11. རིགས་ཀྱི་བུ། says:
    ལོ་ 17 སྔོན།

    བོད་པའི་ཁ་འདི་གསོལ་བ་འདེབས་པར་མཁས།།
    བོད་མིའི་སེམས་འདི་རེ་བ་རྒྱག་པར་དགའ།།
    བོད་ལྭ་འདི་ལ་ཐོག་ཐུ་འོག་ཐུ་ཞིག།
    བོད་པ་ཚང་ལ་ཡོད་དགུ་མི་ཚང་ངམ།།

    Reply
  12. བསེ་རུ། says:
    ལོ་ 17 སྔོན།

    བོད་མི་རིགས་ཀྱི་དཀའ་སྡུག་གི་མེ་ལོང་ཞིག་ཏུ་འགྱུར་བར་སྨོན།།

    Reply
  13. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་མི་རིགས་ཀྱི་ཆེད་དུ་སྐད་ཆ་གཅིག་བཤད་མཁན་ཡོད་ན་དེ་ནི་མུན་ནག་གི་ཁྲིམས་ཁང་ཞིག་ནས་མི་ཚེ་རྒྱ་འོག་ནས་བསྐྱེལ་རྒྱུ་དེ་ཡིན་པ་ཤེས་བཞིན་དུ། བོད་ཀྱི་བདེན་དོན་སྒྲོག་མཁན་གྱི་དབའ་བོ་འདི་དག་གཅིག་རྗེས་གཉིས་མཐུད་དུ་མུན་ནག་གི་ཁྲིམས་འོག་ནས་རང་ཉིད་ཀྱི་ལོང་ཚོ་དང་རྣམ་རིག་སོགས་མེད་པར་གཏོང་བཞིན་ཡོད་པ་དེར། བོད་ཕྱི་བསྡོད་པ་དག་གིས་མར་མེ་རེ་སྒྲོན་ནས་བྱང་ཆུང་སེམས་མཆོག་རེ་བཏོན་ནས་འདུག་པ་ལས། གཞན་བྱེད་རྒྱུ་གང་ཡང་མེད་པར་ལྷག་ཡོད་པ་འདི་ནི་དངོས་ནས་སེམས་ཁོང་རུས་པའི་གཏིང་ནས་སྐྱོ་བ་ཞིག་མ་རེད་དམ།

    Reply
  14. རི་བོང། says:
    ལོ་ 17 སྔོན།

    བོད་མི་རིགས་འདིའི་ཆེད་དུ་ཁོ་དང་ཁོ་འདྲ་བ་ཚོའི་སྐུ་ཚེ་བརྟན་པར་ཤོག

    Reply
  15. རིགས་ཀྱི་བུ། says:
    ལོ་ 17 སྔོན།

    ལྷིང་འཇགས་མེད་པའི་ཧི་མ་ལ་ཡ།
    སྐྱོ་རོགས་མེད་པའི་གནའ་བོའི་རི་རྒན།

    Reply
  16. འབྲོང་བུ། says:
    ལོ་ 17 སྔོན།

    དཔའ་བོ་ཁོང་གིས་རང་སྲོག་འབེན་ལ་བཙུགས་ནས་བྲིས་ཏེ་འདོན་སྤེལ་བྱས་པའི་ཕྱག་དེབ་འདི་ཐེངས་གཅིག་ཀློག་ན་འདོད། དགའ་བསུ་ཞུ།

    Reply
  17. སློབ་དཔོན་ says:
    ལོ་ 17 སྔོན།

    དངོས་གནས་ཕོ་རྒོད་འདི་ཕྱི་ལོ་༥༩སྔོན་ལ་ཡོད་ན་བོད་རིགས་གང་མང་ཞིག་དགྲ་འོག་ལ་མགོ་གུས་པའི་ལོ་རྒྱུས་ཡོངས་དགོས་དོན་མི་འདུག་ང་ཚོའི་འདས་པའི་ལོ་རྒྱུས་ལ་ཅིག་གཟིགས་དང་དེ་སྔོན་དགྲ་གཉིན་ངོ་མ་ཤེས་པའི་ལུང་པ་ག་ཚོད་ཅིག་འདུག་ཧ་ལམ་ཆོལ་ཁ་གཅིག་གཙང་མ་རེད་སྐབས་དེ་དུས་ལྷ་སྲས་ཡིན་ཟེར་མཁན་རེ་གཉིས་ཤིག་གི་འབའ་འབྲི་ཆུ་ཡན་མན་བོད་རིགས་མངའ་ཁོངས་ཡིན་གྱི་རང་ཐག་རང་བཅོད་གྱི་བཀའ་སློབ་ཅིག་གནང་མྱོང་བ་རེད་དེས་ན་དེ་རིང་ཁོང་གི་རྩོམ་འདི་དམིག་གསལ་གནས་ཚུལ་དེ་དང་འབྲེལ་བ་ཆེ་པོ་ཡིན་པའི་སྣང་བ་བཅས་དགའ་བསུ་ཞུ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese