མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐད་བཤད་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཟླ་ ༩ ཚེས་ ༣༡ ཉིན་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་རྗེ་སྐུ་འབུམ་དགོན་པའི་ཉེ་འགྲམ་གྱི་ཙོང་ཁ་མགྲོན་ཁང་དུ་ ༼ སྐབས་དང་པོའི་སྐུ་འབུམ་བོད་སྐད་ཡིག་བགྲོ་གླེང་ཚོགས་འདུ ༽ ཞེས་པ་དེ་སྐོང་ཚོགས་གནང་ཡོད་པ་དང་། ཚོགས་འདུར་མཐུན་འགྱུར་གནང་མཁན་སྐུ་འབུམ་དགོན་པའི་དགེ་འདུན་པ་དགོན་གསར་སྨོན་ལམ་རྒྱ་མཚོ་ལགས་ཡིན་འདུག ཐེངས་འདིའི་བོད་སྐད་ཡིག་བགྲོ་གླེང་ཚོགས་འདུའི་སྟེང་། རྗེས་སྐུ་འབུམ་བྱམས་པ་གླིང་གི་མཆོད་གཞིས་ཚོ་བ་དྲུག་གི་སྐུ་ཚབ་དང་། བྱང་གི་དགོན་ཆེན་བཞི་གཙོས་པའི་དགོན་སྡེ་ཁག་གི་དགེ་བཤེས། ནུབ་བྱང་མི་རིགས་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་བཅས་ཀྱི་དགེ་སློབ། དེ་བཞིན་ཞིང་ཆེན་དང་ས་གནས་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་སྐུ་འཚབ། བོད་ཁུལ་གྱི་ཕ་སྐད་འཛིན་སྐྱོང་ཚོགས་པ་ཁག་ཅིག་གི་ཚོགས་མི་བཅས་མཉམ་ཞུགས་གནང་ཡོད་འདུག

 

ཉིན་དེའི་ཞོགས་པའི་ཆུ་ཚོད་ ༩ ནས་ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀའི་བར་ཚོགས་ཞུགས་པ་ཚོས་དེང་གི་མདོ་དབུས་ཁམས་གསུམ་ན་ཉམས་དམས་སུ་འགྲོ་བཞིན་པའི་བོད་ཀྱི་ཕ་སྐད་སྤྱིའི་གནས་བབ་དང་། ཡང་སྒོས་སྐུ་འབུམ་ས་ཁུལ་གྱི་བོད་སྐད་ཡིག་དང་རིག་གནས་ཉམས་པ་སླར་གསོ་དང༌། མ་ཉམས་པ་གོང་སྤེལ་ཐད་མི་སྒེར་གྱི་འཆར་སྣང་དང་འདོད་ཚུལ་སོགས་གླེང་ཡོད་ལ། མཇུག་མཐར་ཚོགས་ཞུགས་མི་སྣ་དག་གིས་རང་ཉིད་ནས་མགོ་བརྩམས་ཏེ། ཕ་སྐད་གཙང་མ་བཤད་རྒྱུའི་དམ་བཅའ་ཡང་ཕུལ་ཞིང་། སོ་སོའི་ནང་མི་གཉེན་འབྲེལ་དང་། གྲོགས་པོ་གྲོགས་མོ་སོགས་ལའང་ཕ་སྐད་བརྒྱག་པར་སྐུལ་སློང་བྱ་རྒྱུ་དང་། གཞི་རིམ་གྱི་སློབ་གྲྭ་དང༌དགོན་གྲོང༌། ལས་ཁུངས་སོགས་ས་ཁུལ་གང་ས་ནས་སྟོབས་ཤུགས་ཆིག་སྒྲིལ་བྱས་ཏེ་ཕ་སྐད་ཚོགས་པ་འཛུགས་རྒྱུར་འབད་བརྩོན་བྱ་རྒྱུར་གྲོས་འཆམ་ཡང་བྱུང་ཡོད་འདུག

 

སྐབས་དེར་སྐུ་འབུམ་དགོན་པའི་བླ་མ་གཞུང་ལས་པ་རྒན་རྒྱལ་མཚན་མགོན་པོ་དང༌། སྐུ་འབུམ་ལྔ་རིག་སྐྱེད་ཚལ་སློབ་གླིང་གི་སློབ་གཙོ་རྒན་བརྩོན་འགྲུས་རྒྱ་མཚོ་སོགས་གྲྭ་བཙུན་མང་པོ་ཞིག་གིས། ཉི་མ་དེ་རིང་ནས་བཟུང་བོད་རང་གི་ཕ་སྐད་གཙང་མ་བརྒྱག་རྒྱུར་དམ་བཅའ་དང་། སྐུ་འབུམ་གྱི་གཞོན་སྐྱེས་གྲྭ་བཙུན་མང་པོ་ཞིག་ལའང་ཕ་སྐད་གཙང་མ་བརྒྱག་པར་བཏིང་སྐུལ། ལྷག་པར་དུ་བོད་སྐད་ལ་བྱང་གོམས་མེད་པའི་སྐུ་འབུམ་ཚོ་དྲུག་གི་གྲྭ་བཙུན་དང་སོག་པོ། ཧོར། རྒྱ་རིགས་བཅས་ཀྱི་གྲྭ་གཞོན་མང་པོ་ཞིག་ལ་བོད་སྐད་བཤད་རྒྱུར་མཐུན་རྐྱེན་དང་རོགས་རམ་བྱ་རྒྱུ་བྱས་ཤིང་། བོད་ཀྱི་ཕ་སྐད་རྒྱག་པ་ནས་མགོ་བཟུང་སྟེ་བོད་ཀྱི་རིག་གནས་འཛིན་སྐྱོང་ལ་ཤུགས་བརྒྱག་རྒྱུའི་དམ་བཅའ་ཁས་ལེན་བྱས་ཡོད་འདུག

 

ཐེངས་འདིར་སྐུ་འབུམ་དགོན་པར་བོད་སྐད་ཡིག་བགྲོ་གླེང་ཚོགས་འདུ་བསྡུས་པ་དེ་ནི་རྣག་ཐོག་གཙགས་འཁེལ་ལྟ་བུར་གྱུར་ཡོད་ཅེས་རྗོད་ཀྱིན་ཡོད་འདུག་ལ། དེ་ནི་འདས་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་ཆབ་སྲིད་ཀྱི་གཡོ་འཁྱོམ་འོག སྐུ་འབུམ་ཉེ་ཁོར་དང་ཟི་ལིང་གཡས་གཡོན་གྱི་བོད་པའི་སྡེ་ཚོ་དག་དང་། ལྷག་པར་དུ་རྗེ་སྐུ་འབུམ་དགོན་པའི་མཆོད་གཞིས་ཚོ་བ་དྲུག་གི་མི་སེར་རྣམས་བོད་མི་རིགས་ཀྱི་ཁྲག་རྒྱུན་ཙམ་ལས་བོད་པའི་སྐད་ཡིག་རིག་གནས་དང་ཡུལ་གོམ་གཤིས་ལུགས་ཉམས་ཆག་ཆེན་པོ་ཕྱིན་ཡོད་པ་མ་ཟད། གྲོང་སྡེ་ལ་ལའི་ནང་དུ་ཧ་ལམ་བོད་སྐད་ཤེས་མཁན་ཉིན་མོའི་སྐར་མ་ལྟ་བུར་གྱུར་ཡོད་ལ། ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་འོག་རྗེ་སྐུ་འབུམ་དགོན་པའི་རྒྱུན་སྤྱོད་ཀྱི་སྐད་ཡིག་དེ་ཡང་རྒྱ་སྐད་ཆགས་ཡོད་འདུག

 

རྩོམ་པ་པོ་སྐལ་བཟང་བརྩོན་འགྲུས་ལགས་ཀྱིས་གོང་གི་གནས་ཚུལ་དེ་དང་འབྲེལ་ཏེ་སྐུ་འབུམ་ས་ཁུལ་གྱི་ལོ་རྒྱུས་རགས་བསྡུས་ངོ་སྤྲོད་བྱས་དོན། རྗེ་སྐུ་འབུམ་བྱམས་པ་གླིང་གི་མཆོད་གཞིས་ཚོ་བ་དྲུག་ནི། ཆི་ཀྱ་ཚོ་བ་དང༌། ཀླུ་འབུམ་ཚོ་བ། མི་ཉག་ཚོ་བ། ཟི་ན་ཚོ་བ། ཞིང་སྐྱོང་ཚོ་བ། ཤོག་པའམ་ཕྱོགས་པ་ཚོ་བ་བཅས་དྲུག་ཡིན། ཚོ་བ་འདི་དག་གི་ནང་དུ་བོད་མི་རིགས་ཀྱི་ཆོས་སྲིད་ལ་མཛད་རྗེས་ཆེ་བའི་མཁས་ཆེན་དམ་པ་མང་པོ་བྱུང་ཡོད། དཔེར་ན། སྙན་གྲགས་སྲིད་གསུམ་ལ་ཁྱབ་པའི་ཤར་ཙོང་ཁ་པ་རྗེ་བློ་བཟང་གྲགས་པ་དང༌། རྗེ་རང་ཉིད་ཀྱི་སྐུ་འཁོར་ལུང་དང་རྟོགས་པའི་མངའ་བདག་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། དགའ་ལྡན་ཁྲི་ཆེན་དགུ་བ་རྗེ་དབོན་བློ་བཟང་ཉི་མ། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། འཛམ་གླིང་ཞི་བདེ་དེད་དཔོན་ཆེན་པོ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། མི་དབང་ཟི་ན་རྒྱལ་པོ་རུ་འབོད་པ་དང་ཟི་ན་དགེ་བཤེས། དམངས་ཁྲོད་ན་གྲགས་སྙན་ཆེ་བའི་རྩལ་ཆེན་ཀླུ་འབུམ་མི་རྒོད། མཁས་ཆེན་བསམ་བློ་མི་ཐུང་སོགས་བྱུང་། དེ་བཞིན། བོད་ཀྱི་ཆབ་སྲིད་ངོས་ཐད་དུ་སྐུ་གཅེན་མི་དབང་རྒྱ་ལོ་དོན་འགྲུབ་དང་ཙོང་ཁ་ལྷ་མོ་ཚེ་རིང༌། སྟག་ལ་ཕུན་ཚོགས་བཀྲ་ཤིས་སོགས་ཡིན།

འབྲེལ་ཡོད་གསར་འགྱུར།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༤ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༤ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༥ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

༢༠༢༦/༠༤/༢༢

མཆན། 19

  1. སྐྱ་ཀ says:
    ལོ་ 16 སྔོན།

    ཉག་ཕྲ་བའི་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་དོ་ཁུར་དང་ལ་ཞེན་ཐོག་ནས་བགྲོ་གླེང་ཚོགས་འདུ་གནང་པ་ནི་ཡི་རང་ཡོད། ད་ཐེངས་གཅིག་པུ་མ་འཐུས་པ་མུ་མཐུད་ནས་བོད་ས་གནས་གང་ཐད་ནས་བསྐུལ་མ་དང་རྒྱབ་སྐྱོར་སོགས་ལས་རིགས་སྤེལ་གང་ཐུབ་གནང་རོགས་ཞུ་རྒྱུ་ཡིན། ད་རིས་ཀྱི་ལས་གཞི་འདོན་མཁན་དང་མཐུན་འགྱུར་གྱི་རོགས་རམ་གནང་མཁན་ཡོད་རིགས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།

    Reply
  2. ཨ་ལ་ལ says:
    ལོ་ 16 སྔོན།

    བོད་པས་བོད་སྐད་བཤད་ཀྱི་ཡིན་ཟེར་བ་འདི་ལ་བསྟོད་བསྔགས་དང་རྗེས་སུ་ཡི་རང་བྱེད་དགོས་དོན་མེད། འདི་ནི་སྒྲུབ་དགོས་པ་དང་འོས་པའི་ལས་འགན་ཞིག་རེད། འོན་ཀྱང་ང་ཚོས་ཤེས་དགོས་པ་དང་དྲན་དགོས་པ་ནི་འདི་འདྲ་ཞིག་ཅིའི་ཕྱིར་ཆགས་པའི་རྒྱབ་ལྗོངས་འཚོལ་དགོས་པ་དེ་རེད།

    Reply
  3. chokri nyima says:
    ལོ་ 16 སྔོན།

    ནུབ་ཕྱོགས་སུ་ཡོད་པའི་བོད་རིགས་རྣམས་ཀྱིས་ཀྱང་དུས་རྒྱུན་དུ་སོ་སོའི་ནང་མི་དང་བོད་མི་སུ་ཐུག་ལ་གོ་བརྡ་ཕྲད་མིན་ལ་མ་ལྟོས་པ་བོད་སྐད་ཁོ་ན་རྒྱག་རྒྱུ་དམ་བཅའ་ཞིག་བཞག་རོག་བྱེད་ན་ང་རང་ཚོ་མགོ་ནག་བོད་མི་ཡོངས་ལ་ཕན་རླབས་ཆེན་པོ་ག་འདྲ་ཞིག་མི་འདུག་གམ།
    གཞིས་ལུས་བོད་མི་ཚོས་ལས་འགུལ་འདི་འདྲ་ཞིག་སྤེལ་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  4. གཡང་མདའ། says:
    ལོ་ 16 སྔོན།

    བོད་སྐད་ནི་ང་ཚོ་ཐུན་མོང་ལ་དབང་བའི་རིན་ཆེན་གསེར་ལྟ་བུ་ཡིན། བོད་སྐད་ནི་མི་རིགས་འདིའི་སྲོག་རྩ་ཡིན། བོད་སྐད་ནི་ཕ་མེས་ཡང་མེས་ནས་བཞག་པའི་ཞབས་རྗེས་ཡིན། མུ་མཐུད་ནས་འདི་རིགས་ལ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཚང་མས་ལས་འགན་རེད།

    Reply
  5. གཡང་མདའ། says:
    ལོ་ 16 སྔོན།

    དོན་དག་འདི་ནི་ཧ་ཅང་རླབས་ཆེ་ཞིང་དགའ་འོས་པ་ཞིག་རེད། དེ་རིང་འདི་གར་ཆིབས་བསྒྱུར་བསྐྱངས་པའི་བྱང་གི་དགོན་ཆེན་བཞི་ཡིས་དགེ་བཤེས་རྣམ་པ་དང་སློབ་གྲ་ཆེན་མོའི་དགེ་སློབ་རྣམ་པ་དེ་བཞིན་ཞིང་ཆེན་དང་ས་གནས་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་སྐུ་ཚབ་ཡོངས་ལ་པྱི་རྒྱལ་ན་ཡོད་པའི་བོད་མི་ཡོད་དོ་ཅོག་གིས་ཚབ་བྱས་ཏེ་འགའ་བསུ་དང་རྟེན་འབྲེལ་ཞུ།

    Reply
  6. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    དེ་ལྟ་བུའི་བོད་ཀྱི་སྐད་ཡིག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་འདི་ནི། བོད་གངས་ཅན་གྱི་ཆོས་དང་རིགས་གཞུང་གི་སྲོག་རྩ་ཡིན་ལ། མ་ཟད་ཆོལ་གསུམ་གྱི་བོད་མི་ལ་བཅིང་བའི་བརྩེ་དུང་གི་ལ་རྒྱ་ཞིག་ཀྱང་རེད། དེས་ན་རྒྱལ་ཕྱི་ནང་གི་བོད་རིགས་ཡོངས་ཀྱིས་རང་གི་སྐད་ཡིག་ལ་གཅེས་སྐྱོང་དང་མཐོང་ཆེན་འོག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་རྒྱུའི་འགན་ཡོད་ཕྱིར་འདི་ལ་དོར་སྣང་སྤྲད་རོགས། ལྷག་པར་དུ་ ཨ་རིའི་བོད་སྐད་རླུང་འཕྲིན་ཁང་སོགས་བོད་སྐད་བཤད་མཁན་རྣམས་ལ་ཀྱིས་དོར་སྣང་སྤྲད་རོགས་ཞུ་ལགས།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་ནང་གི་མི་དག་ལུས་ངག་ཡིད་གསུམ་ནས་འགུལ་བཞིན་ཡོད། བྱེས་སུ་ཁ་ལས་གང་ཡང་མི་འགུལ་བ་ང་ལྟ་བུ་ཇེ་མང་དུ་འགྲོ་བཞིན་ཡོད།

    Reply
  8. སློབ་དཔོན་ says:
    ལོ་ 16 སྔོན།

    བོད་ཀྱི་སྤྱི་སྐད་ཐོག་ལ་བསམ་བློ་མ་བཏང་ན་ཡུལ་ལུང་སོ་སོའི་རང་སྐད་ལ་བདག་སྐྱོང་ཇི་ཙམ་རྒྱབ་ཐུབ་མིན་གྱི་གནས་ལུགས་ངོས་འཛིན་དགོས་པ་གལ་ཆེན་པོ་རེད་བསམ་སོང་། བོད་ལ་མཚོན་ན་གནས་བབ་འདྲ་མིན་གྱི་དབང་གི་ད་བར་བོད་རང་གི་སྤྱི་སྐད་ཐོག་དོ་སྣང་མེད་པ་ཡུལ་ལུང་སོསོའི་རང་སྐད་ལ་བདག་སྐྱོང་བྱེད་ཏེ་བོད་རང་གི་སྤྱི་སྐད་ཐོག་ཉམས་ཆག་ཧ་ལས་པ་ཞིག་འགྲོ་ཡོད་པ་ནི་དཔེ་ན་ད་ལྟའི་འཆར་ཡུལ་ལུང་མི་འདྲ་བའི་བོད་མི་གཉིས་གཏམ་གླིང་བྱེད་སྐབས་སྐད་བརྡ་མ་ཁྲོད་ཚེ་རྒྱ་སྐད་ཐོག་གསལ་བཤད་བྱེད་པའི་ལམ་གསོ་ཞིག་ཆགས་ཡོད་ད་དུང་བཙན་བྱོལ་ནང་མཚོན་ན་དགོས་མེད་གྱི་ཕྱོགས་ཞིན་འདི་མཁྲིགས་འཛིན་བྱེད་ཏེ་མཐའ་ན་དུས་བབ་སོགས་སུ་ཟིན་བྲིས་པ་འགས་རང་རང་ཡུལ་པའི་སྐད་གྱི་ཐོག་ནས་ཟིན་བྲིས་སྤེལ་བཞིན་པ་མི་ཉུང་བ་ཞིག་རེད་

    Reply
  9. འབྲོང་བུ། says:
    ལོ་ 16 སྔོན།

    བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་ནི་མི་རེ་ངོ་རེའི་ལས་འགན་རེད། གཞིས་ལུས་བོད་མི་ཚོས་དཔའ་ངར་ཞུམ་མེད་ཀྱིས་ལས་འགུལ་འདི་འདྲ་ཞིག་སྤེལ་བར་ཡི་རངས་ཡོད། འདི་དང་ཕྱོགས་མཚུངས་སུ་བྱེས་སུ་གྱར་བའི་ང་ཚོས་ཀྱང་ཕ་སྐད་ར་མ་ལུག་འདི་འགྱེལ་ས་ནས་སྐྱོབ་དགོས་པའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་རྩོམ་དགོས་པར་གདའ།

    Reply
  10. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    འདི་ལྟ་བུའི་གསར་འགྱུར་རེ་མཐོང་དུས་རང་ཉིད་ལ་ནུས་པ་ཅི་ཡང་མེད་ཀྱང་འདི་ལྟར་བྱས་ན་བོད་པ་ཚོས་ཀྱང་རྡོག་རྩ་གཅིག་བསྒྲིལ་ཞིག་བྱེད་ཐུབ་ས་རེད་བསམས་ནས་སེམས་ཁོང་ན་སྤྲོ་སྣང་བན་བུན་ཞིག་རང་བཞིན་གྱིས་སླེབས་ཡོང་གི་འདུག
    ཤེས་ཡོན་ལྷག་བསམ་གྱིས་ཕྱུག་པའི་སྣེ་ཁྲིད་པ་ཚོར་ཀླ་ཀློའི་དཔུང་གིས་འཇིགས་པ་མེད་པར་བསམ་དོན་ཡིད་བཞིན་འགྲུབ་པ་དང་། སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུག་དང་། རྗེས་སུ་ཡི་རང་ཡང་ཞུ་བཞིན་ཡོད།

    Reply
  11. བསེ་རུ། says:
    ལོ་ 16 སྔོན།

    ང་ཚོས་རང་ཉིད་ཀྱི་ཕ་སྐད་འདི་ཡང་སྲུང་ཐུབ་དང་མ་ཐུབ་པའི་གནས་སྐབས་འདི་འདྲ་ཞིག་ལ་སླེབས་དུས་ཚང་མས་རིག་པ་བསྒྲིམ་དགོས་པ་ཞིག་མ་རེད་དམ།

    ཁོང་རྣམས་ཀྱི་ལྷག་བསམ་ལ་རྗེས་སུ་ཡི་རངས་ཡོད།

    Reply
  12. འཆི་བདག་ནག་པོ says:
    ལོ་ 16 སྔོན།

    མདོ་སྨད་ས་ཡི་ཐིག་ལེ་ཙོང་ཁའི་ཡུལ།།
    བསྟན་པའི་མེ་རོ་གསོ་སའི་གནས་ཀྱི་མཆོག།
    སྔ་རབས་ཕྱི་རབས་མཁས་མང་འཁྲུང་བའི་སྡེ།།
    སྒོ་གསུམ་གུས་བས་བྱམས་པའི་གླིང་དེར་འདུད།།

    Reply
  13. འཆི་བདག་ནག་པོ says:
    ལོ་ 16 སྔོན།

    བཀླགས་ཟིན་
    ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཡོད།

    Reply
  14. རིགས་ཀྱི་བུ། says:
    ལོ་ 16 སྔོན།

    ཕྱི་མའི་སྔ་ལམ་བསྙེགས་པའི་ཁྱོད་ཀྱི་ཕ།།
    ཉལ་གདན་རློན་པར་འབྱར་བའི་ངེད་ཀྱི་ཕ།།
    གསོན་པ་ཙམ་གྱི་ཁྱད་པར་ཡོད་པ་ལས།།
    རེ་བའི་འཇའ་ཚོན་རིང་ནས་ཡལ་སོང་ཐལ།།

    མཚོ་ཚང་བཀྲིས་ལགས་སུ་སྐྱོ་རོགས་བྱས་པ་ཡིན།

    Reply
  15. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    མཚོ་ཚང་བཀྲ་ཤིས་ལགས།
    སྐུ་ཉིད་ལ་དེ་འདྲའི་དང་བླངས་ཀྱི་དམ་བཅའ་ཞིག་ཡོད་པར་ཡི་རངས་ཡོད་ལ། ཕུགས་འདུན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཡང་ལྷན་གཅིག་ཞུ། གཞན། དམར་གཞུང་གིས་ཁྱེད་ཀྱི་ཕ་ཡུལ་ལ་དེ་ལྟ་བུའི་ཚུལ་མིན་གྱི་བྱ་སྤྱོད་སྤེལ་གྱིན་ཡོད་པ་བདེན་ན། ང་ཚོའི་གསར་ཁང་ལ་འབྲེལ་བ་བྱོས་དང་། ང་ཚོ་ཕྱི་ཕྱོགས་ནས་འཇོན་པ་ནི་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་གི་གནས་ཚུལ་རྒྱལ་སྤྱིའི་སྟིངས་ཆར་བསྐྱལ་རྒྱུ་དེ་ཡིན།

    Reply
  16. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    མཚོ་ཚང་བཀྲ་ཤིས་ལགས་ཀྱི་བསམ་ཚུལ་ཡི་རང་ཡོད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཡོད་དོ་ཅོག་གིས་གཅིག་སྒྲིལ་གྱིས་བོད་ཡིག་བོད་སྐད་ཉམས་པ་སླར་གསོའི་སེམས་ཤུགས་ཡོད་ན། མ་འོང་བོད་ཀྱི་རྩ་དོན་ལ་ལས་འགུལ་སྐད་འབོད་སྣ་ཚོགས་ལས་ཀྱང་ཁེ་ཕན་ཆེན་པོ་ཡོད་པར་སྣང་།

    Reply
  17. མཚོ་ཚང་བཀྲ་ཤིས། says:
    ལོ་ 16 སྔོན།

    ངའི་ཕ་དམ་པ་ཁོང་དང་ངེད་བུ་སྤུན་གཉིས་ཀྱི་བསམ་དོན་འགྲུབ་པར་སྨོན། ང་རང་ཕ་དམ་པའི་དགོངས་བཞེས་ལྟར་ཕ་ཡུལ་སྐུ་འབུམ་ནས་སྟོད་རྒྱ་གར་འཕགས་པའི་ཡུལ་དུ་བོད་ཡིག་དང་བོད་སྐད་སློབ་པར་ཡོང་པ་ཡིན་ལ་མ་འོངས་པར་རང་ཡུལ་དུ་ལོག་ནས་ཡུལ་མི་རྣམས་ལ་བོད་སྐད་དང་བོད་ཡིག་རེ་སློབ་ཨེ་ཐུབ་འབད་རྒྱུ་དེ་ཡིན། འོན་ཀྱང་སྟབས་མ་ལེགས་པར་ངའི་གཅེན་པོས་བཙུགས་པའི་བོད་སྐད་སློབ་གྲྭ་དེ་ཟླ་ཤས་ནས་སྒོ་རྒྱག་དགོས་ཐུག་སོང་ལ་ངའི་ཕ་ཡང་ཡུན་རིང་མ་འགོར་བར་ཚེ་ལས་འདས་སོང༌། ད་རེབ་ངེད་ཕ་བུ་གསུམ་གྱི་བསམ་དོན་འགྲུབ་པར་སྨོན།

    Reply
  18. གངས་ཕྲུག says:
    ལོ་ 16 སྔོན།

    བཀླགས་ཟིན་རྗེས་སུ་ཡི་རངས་ཞུ།

    Reply
  19. བཀྲ་ཤིས། says:
    ལོ་ 16 སྔོན།

    ཧ་ཅང་ཡག་བྱུང་འདུག་རྗེས་སུ་ཡི་རངས་ཞུ། བྱེས་འབྱོར་བ་ཚོས་ཀྱང་དེ་དང་འདྲ་བ་ཤུགས་རྒྱག་དགོས་གལ་ཆེན་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese