མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གློག་ལམ་གྱི་འཛིན་སྐྱོང་། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

འབྱུང་འགྱུར་གྱི་མི་ལོ་ ༢༠ ནང་ཚུད་དུ་བཙན་བྱོལ་བོད་མིའི་མི་འབོར་ཕྱེད་ཀ་ལྷག་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྤོར་རྒྱུ་རེད། སྐྱབས་བཅོལ་གྱི་ཐོད་པའི་ཁ་ཡིག་གི་འོག་ནས་སྐྱེས་རུང་བཙན་བྱོལ་བོད་གཞུང་མི་ཤེས་པའི་བོད་པའི་མི་རབས་ཤིག་ཀྱང་ནུབ་ཕྱོགས་ནས་ཡོང་རྒྱུ་རེད། གནས་སྟངས་འདི་དག་ལ་བསམ་ན་ཕྱིས་ཀྱི་བོད་རིགས་འདི་དག་མགོ་བསྡུ་ཐབས་ལའང་ད་ལྟ་ནས་བསམ་བློ་གཏོང་དགོས་ཚོད་རེད།

བཙན་བྱོལ་དུ་མི་འབོར་འབུམ་ལྷག་ཅིག་ཡོད། དེ་དག་གི་ཁྲོད་ནས་ཁྲི་རེ་ཟུང་ད་ལྟ་ནས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་འདྲ་མིན་ནང་ཁ་འཐོར་དུ་གནས་ཡོད་ལ། ཁོང་ཚོའི་བྱིས་པ་རྣམས་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་། བོད་དོན་འཐབ་རྩོད་བཅས་ལ་ཆ་མེད་རྒྱུས་མེད་ཀྱི་ངང་ནས་འཚར་ཡོང་གིན་ཡོད། མ་འོངས་པར་བོད་མི་རྣམས་ནུབ་ཕྱོགས་ལ་སྤོར་བའི་གྲངས་ཚད་སྔར་ལས་མང་དུ་འགྲོ་ངེས་ལ། མི་མང་པོ་ཞིག་གིས་ད་ལྟ་ནས་༧སྐྱབས་མགོན་རིན་པོ་ཆེ་མི་བཞུགས་དུས་ཤིག་ལ་ངྷ་ས་ནས་འདུག་འདོད་མེད་སྐོར་གླེང་གིན་ཡོད། འདི་ལྟར་བཙན་བྱོལ་བོད་མི་རྣམས་ཀྱི་བསམ་བློའི་ཁ་ཕྱོགས་དེ་ཕྱི་གསལ་ནང་གསལ་དུ་གྱུར་ཡོད། བསམ་བློའི་ཁ་ཕྱོགས་འདིས་ཐད་ཀར་དུ་བོད་མི་རིགས་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་དང་བོད་དོན་འཐབ་རྩོད་ཀྱི་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ངེས་ཡིན། འོན་ཀྱང་། ང་ཚོར་ད་ལྟའི་ཆར་གནས་སྟངས་འདི་དག་ལ་དཔག་པའི་གྲ་སྒྲིག་གསལ་བོ་དང་བརྟན་པོ་ཞིག་མེད།
མ་འོངས་པར་བོད་པ་སྐྱབས་བཅོལ་བ་རྣམས་ཅི་ཙམ་ཁ་འཐོར་དུ་སོང་རུང་། འདི་དག་གཅིག་གྱུར་གྱིས་མགོ་བསྡུ་སྟངས་ཀྱི་བསམ་བློ་གཏོང་ས་ནི་དྲ་བའི་རིག་གནས་འདི་ཡིན་པར་སྙམ། དེ་བས་བཙན་བྱོལ་བོད་གཞུང་གིས་འདིའི་ཐད་ལས་གཞི་ཞིག་རྩོམ་རྒྱུ་ནི་གལ་ཆེན་པོ་རེད། དེང་སྐབས་འཛམ་གླིང་གི་དབུ་ཁྲིད་དག་གི་ཁྲོད་དྲ་ལམ་ནས་མང་ཚོགས་ལ་ཁ་བརྡ་བྱེད་མཁན་དང་། དུས་ནས་དུས་སུ་དྲ་ལམ་ནས་གཞུང་གི་ལས་དོན་སྐོར་གསལ་བཤད་བྱེད་མཁན་ཡོད། དྲ་བའི་རིག་གནས་དར་བ་དང་མཉམ་དུ་དྲ་ཐོག་འཛིན་སྐྱོང་གི་སྲིད་གཞུང་སྟེ། e-government ཞེས་པའི་ལྟ་ཚུལ་དེའང་ཤུགས་ཆེ་རུ་ཕྱིན་ཡོད། ལྷག་པར་དུ་བོད་མི་རྣམས་ཀྱི་གནས་སྟངས་ནི་འཛམ་གླིང་གང་སར་ཁ་འཐོར་དུ་ཡོད་སྟབས་དམིགས་བསལ་ཡིན་ལ། བཙན་བྱོལ་བོད་གཞུང་གིས་ད་ལྟ་ནས་ཁ་འཐོར་བོད་མི་ཚོར་དམིགས་ཏེ་དྲ་ཐོག་ཏུ་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་བཞག་སྟེ། གཞུང་གི་ལས་དོན་གང་ཅིའི་ཐད་དུས་ཐོག་གསལ་བཤད་ཡོད་པ་ཞིག་བྱས་ན་ལེགས་པར་འདོད་ལ། ལར་ནས་བོད་མི་རྣམས་ཀྱི་གནས་སྟངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ངོ་མ་ནི་འབྲེལ་གཏུགས་ Communication དང་གནས་ཚུལ་ Information གཉིས་ལ་ཐུག་ཡོད། དེར་བརྟེན་མ་འོངས་པའི་ལོ་ ༢༠ རིང་ནས་བཟུང་བཙན་བྱོལ་བོད་མི་ཕལ་ཆེ་བར་གློག་ཀླད་སོགས་ཀྱི་མཐུན་རྐྱེན་འཛོམས་ངེས་པས། བཙན་བྱོལ་བོད་གཞུང་གིས་ད་ལྟ་ནས་གྲ་སྒྲིག་བྱས་ན་གློག་ལམ་གྱི་འཛིན་སྐྱོང་འདི་སྔར་ལས་སྟབས་བདེ་དང་ཚགས་ཚུད་ཡོང་གི་རེད་སྙམ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 18

  1. སྨྱུག་སྡོང་། says:
    ལོ་ 16 སྔོན།

    འདི་ཡག་པོ་འདུག་རྒྱབ་སྐྱོར་ཡོད།

    Reply
  2. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པའི་གཏམ་དེར་ངེས་པར་སྔ་ས་ནས་གྲ་སྒྲིག་ཅིག་བྱེད་དགོས་ངེས་རེད། ང་ཚོའི་ལོ་རྒྱུས་ཀྱི་རྨ་ཁ་གསོ་མཁན་དེ་༸གོང་མཆོག་དང་རྩ་ཆེའི་རིག་གཞུང་གཉིས་རེད།
    ༸གོང་ས་མཆོག་གི་འོད་ཟེར་འཛམ་གླིང་འདིར་འཕྲོ་་བཞིན་པ་དང་ཆབས་གཅིག་རིག་གཞུང་གི་རིན་ཐང་ཡང་འཕྲོ་བཞིན་ཡོད་པའི་གོ་སྐབས་འདི་ང་ཚོས་དམ་འཛིན་གནང་མ་ཐུབ་ཚེ། རྩོམ་སྒྲིག་པས་བཤད་པ་ལྟར་ལོ་༢༠་ཙམ་གྱི་རྗེས་དཀའ་ངལ་ཞིག་འཕྲད་ངེས་རེད། དེའི་ཕྱིར་བཀའ་བློན་ཁྲི་པ་དེ་ཛ་དྲག་གི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཀྱང་འཆར་གཞི་དང་དཔའ་ངར་ཡོད་པ་ཞིག་འདེམས་དགོས་པར་མཐོང།

    Reply
  3. བདེ་ཁང་བསོད་ནམས་བཟང་པོ། says:
    ལོ་ 16 སྔོན།

    e-government ཞེས་པའི་གནད་དོན་དེ་བོད་ཡིག་ཤེས་མ་ཤེས་ཙམ་མིན་པར། བོད་རིགས་ཐམས་ཅད་འཛམ་གླིང་ཡུལ་གྲུ་གང་དུ་ཁ་ཐོར་སོང་ཡང་གཅིག་སྡུད་ཡོང་རྒྱུར་ཕན་ཐོགས་ཆེ་བའི་སྐད་ཆ་ཞིག་ཡིན་པས། བསམ་བློ་གཏང་དགོས་ངེས་ཤིག་ཏུ་མཐོང་ལ། འདི་ནི་དུས་དང་མཐུན་པའི་གོམ་པ་སྤོ་ཚུལ་ཞིག་ཀྱང་རེད་སྙམ།

    Reply
  4. ཨ་ལ་ལ says:
    ལོ་ 16 སྔོན།

    ད་དུང་གོང་གི་དེ་ལ་ཁ་སྣོན་ཞིག་བྱས་ན་བོད་ཡིག་ཤེས་མཁན་ལས་མི་ཤེས་མཁན་ཚོ་ལ་སེམས་ཤུགས་ཆེ་ཚོད་འདུག་གཱ

    Reply
  5. ཨ་ལ་ལ says:
    ལོ་ 16 སྔོན།

    གནས་ཚང་ལགས། ཀ་རྐང་ཁ་ཤས་ངོ་ཟིན་པ་དང་འབྲི་ཤེས་པས་གང་ནས་ཆོག སྤྱི་ཚོགས་གཞན་དུ་ཡིག་ངོ་མི་ཆོད་པ་མེད་་པའི་ཚོད་རེད་དཱ།

    Reply
  6. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    དངོས་གནས་རེད། མི་ནག་ཚང་ལུང་རིགས་རྒྱལ་གྱིས་གསུང་པ་རེད། འོན་ཀྱང་རྒྱ་ནག་གིས་དྲྭ་བར་བཙན་འཛུལ་བྱེད་ན་ཐབས་ཤེས་གང་དྲག

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    རྣམ་པ་ཚོས་བསམ་ཚུལ་གླེང་བར་དགའ་བསུ་ཞུ། འདིའི་རིགས་ལ་རྩོད་པ་ཞིག་ཡོད་པ་ནི་མི་སྒེར་གྱི་གསང་བ་གཞུང་གིས་ལག་ཏུ་ཤོར་འགྲོ་གི་རེད་ཅེས་ནུབ་ཕྱོགས་པ་རྣམས་ཀྱིས་གླེང་གིན་འདུག ཡིན་ཡང་། བོད་པ་ཚོའི་གནས་སྟངས་ཐད་ནས་བཤད་ན། ད་སྐབས་འཛམ་བུ་གླིང་ན་ཁ་འཐོར་གྱི་མི་རིགས་ཤིག་ཡོད་པ་ནི་བོད་པ་ཚོ་ཡིན་ཡང་སྲིད། མུ་མཐུད་ནས་ཁ་འཐོར་དུ་འགྲོ་རྒྱུའི་རྒྱུ་རྐྱེན་ཇེ་མང་རེད་བསམ། དེ་བས་བོད་མི་རིགས་ཞེས་པ་འདི་གང་དུ་ཡོད་ནའང་ཕན་ཚུན་འབྲེལ་བ་བྱེད་ཐུབ་པ་དང་། བོད་དོན་དང་ཁ་མི་འབྲལ་བ། བོད་གཞུང་གི་ལས་དོན་ཁྲོད་འཛུལ་ཞུགས་བྱེད་ཐུབ་པ་བཅས་ཀྱི་ཆེད་དུ་དྲ་བའི་རིག་གནས་འདི་སྤྱད་དེ་ཐབས་ལམ་ཞིག་འཛིན་ཐུབ་ན་ཡག་པོ་ཡོད་པ་རེད་བསམ་ཡོད།

    Reply
  8. གནས་ཚང་། says:
    ལོ་ 16 སྔོན།

    རྭ་ལོ་འདི་རྭ་ལོ་ཙཱ་བའི་མི་རྒྱུད་ཡིན་ཤག་རེད། དེ་ལྟ་མིན་ན་འདི་ལྟུའི་ལམ་སྟོན་གནང་སྲིད་དམ། ངོ་སོ་བསྟོད།

    Reply
  9. གནས་ཚང་། says:
    ལོ་ 16 སྔོན།

    ཨ་ལ་ལ། ཨ་ཁུ་ལོ་ལོ། བོད་ཡིག་མ་ཤེས་ན་ལ་རྒྱ་མེད་པ་ཞིག་གླེང་མཁན་ཡོད་མི་སྲིད་མོད། ཡིག་ནོར་མ་བཅོས་ན་རིག་གཞུང་དམར་གསོད་གཏོང་བཞིན་པ་དངོས་ཡོད་གནས་ཚུལ་ཆགས་མེད་དམ། དེ་ལྟ་མིན་ན། སུམ་རྟགས་ཀྱིས་ག་རེ་བྱེད། དག་ཡིག་གིས་ཅི་ཞིག་མཚོན། མིང་བརྡ་ཡི་དགོས་པ་གང་། བཀའ་པོད་ཀྱི་རིན་ཐང་ཅི།
    འདི་དག་གཏོར་མཁན་དགྱ་རེད། ཡིག་ནོར་འབྲི་མཁན་དགྱ་ཡི་དམག་རེད། དམག་དེ་མ་རེད་ཟེར་ན། ལན་དེར་ཡིག་ནོར་མ་འབྲི། གལ་སྲིད་ཡིག་ནོར་ཡོད་ན། དམག་གི་ཆོ་ལོ་ཕུལ་ངེས།

    Reply
  10. རྭ་ལོ། says:
    ལོ་ 16 སྔོན།

    དྲ་ཐོག་གི་མགྲིན་ཚབ་པ་ཞིག་བཞག་ན་བོད་པ་ཚོས་དེ་ལ་དྲ་ཐོག་ནས་དོན་མེད་གཤེ་གཤེ་གཏོང་བ་དང་། འཇིགས་སྐུལ་བྱེད་པ་སོགས་ཡོང་གི་མ་རེད་དམ། འདི་གལ་ཆེན་པོ་ཞིག་ཡིན་པ་འདྲ། དུས་རབས་དང་བསྟུན་པའི་བྱེད་ཐབས་གང་ཡོད་ཀྱང་ལག་བསྟར་བྱེད་ཆོག་གི་རེད།

    Reply
  11. ཨ་ལ་ལ says:
    ལོ་ 16 སྔོན།

    བོད་ཀྱི་ཡི་གེ་མ་ཤེས་ན་བོད་མིའི་ལ་རྒྱ་མེད་པ་དང་། བོད་ཡིག་གི་དག་ཆ་ཞན་ན་བོད་དོན་སྒྲུབ་མི་ཐུབ་པའི་ལྟ་ཚུལ་བཟུང་ན་དེ་ཡང་འགྲིག་བསྡད་པ་ཞིག་ཏུ་མ་མཐོང་།

    Reply
  12. གནས་ཚང་། says:
    ལོ་ 16 སྔོན།

    མདོར་དྲིལ་ནས་བཤད་ན། ཡིག་ནོར་འབྲི་མཁན་འདི་དག་བོད་ཀྱི་རིག་གཞུང་གི་ཚེ་སྲོག་གཅོད་མཁན་ཤ་སྟག་ཏུ་གྱུར་ཡོད་པས། ཡིག་ནོར་འབྲི་མཁན་དང་དགྱ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ། ཚང་མས་བསམ་ཚུལ་འཇོག་རོགས།

    Reply
  13. གནས་ཚང་། says:
    ལོ་ 16 སྔོན།

    གློག་ལམ་འཛིན་སྐྱོང་གླེང་བ་ཡག་ཤག ཡིན་ནའི། ཡིག་ནོར་གྱི་མི་རབས་འདིར་བཅོ་ཐབས་མི་འདུག གོང་གསལ་གྱི་མཆན་འདི་དག་དཔེར་མཚོན་རེད། དེ་བས། དེང་ཐོག་ཡིག་ནོར་མི་རབས་འདི་མི་ནོར་བའི་ལམ་ཁར་འཇུག་རྒྱུ་དང་། ཉུང་མཐར་མི་རེར༼དག་ཡིག་གསར་བསྒྲིགས༽རེའམ། ཡང་ན། གློག་ལམ་ནས་ཤར་རྒྱག་ལྟ་ཀློག་བྱེད་ཐུབ་པ་ཞིག་བཟོ་དགོས་འདུག དེ་ནས་གོམ་རིམ་གཉིས་པ་སྟེ། གློག་ལམ་འཛིན་སྐྱོང་སྒང་ཤར་རྒྱག་འཇུག་ཐུབ་པ་ཡིན་ན། ཕན་ཐོགས་ཆེ་བ་མི་འདུག་གམ།

    Reply
  14. chokri nyima says:
    ལོ་ 16 སྔོན།

    དུས་བབ་རྩོམ་སྒྲུག་པས་མ་འོང་བཙན་བྱོལ་བོད་མི་གཅིག་གྱུར་གྱིས་མགོ་བསྡུ་སྟངས་ཀྱི་བསམ་བློ་གཏོང་ས་ནི་དྲ་བའི་རིག་གནས་འདི་ཡིན་པའི་བཙན་བྱོལ་བོད་གཞུང་གི་འདིའི་ཐད་ལས་གཞི་རྩོལ་རྒྱུ་ག་ཆེན་པོ་རེད་གསུངས་པ་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོབ་ཡོད། ཅང་ཟད་བཤད་པ་ཐལ་གྲགས་པ་ནི་ནུབ་ཕྱོགས་སུ་འཚར་བཞིན་པའི་བྱིས་པ་རྣམས་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་བོད་དོན་འཐབ་རྩོད་ལ་ཆ་མེད་རྒྱུས་མེད་རེད་ཟེར་བ་དེ་ནི་རྩོམ་སྒྲུག་པ་རང་ཉིད་ཀྱིས་ནུབ་ཕྱོགས་བོད་པའི་སྤྱི་ཚོགས་ལ་རྒྱུས་མེད་པའི་རེད།
    བོད་ཀྱི་སྐད་ཡིག་ཤེས་མིན་ནི་གཙོ་བོ་མི་སོ་སོར་་ལ་རག་ལུས་འདུག་མ་གཏོགས་ཤར་ནུབ་གྱི་ཁྱད་པ་དེ་ཙམ་མ་མཐོང་།

    Reply
  15. སློབ་དཔོན་ says:
    ལོ་ 16 སྔོན།

    སྤྱིར་མ་འོངས་ལུང་བསྟན་ཟེར་བ་ཞིག་འདས་ཟིན་པའི་ལྷ་སྒྲུང་ཙམ་ཡིན་མིན་མི་ཤེས་གང་ལྟར་དངོས་གནས་ཕྱོགས་ལྷུང་མེད་པར་བོད་མའི་བདེ་སྡུག་ཐོག་བསམ་ཞིབ་བྱེད་མཁན་གྱི་མི་སྣ་སུ་ཞིག་ཡོང་ན་དགས་བསུ་ཡོད་

    Reply
  16. བློ་བཟང་བརྟན་པ says:
    ལོ་ 16 སྔོན།

    རྩོམ་སྒྲིག་པའི་སྙན་ལམ་ལ།
    འདི་གར་རྩོམ་སྒྲིག་པའི་གཏམ་བཤད་དུ་གློག་ལམ་གྱི་འཛིན་སྐྱོང་ཞེས་པའི་བརྗོད་གཞི་ཐོག་སྤེལ་བའི་རྩོམ་་འདི་ཉིད་སྤྱིར་ནས་འཕུར་རྒྱང་གི་ཆར་གཞི་དང་བསམ་དོན་ཡག་པོ་ཞིག་འདུག ཡིན་ནས་མ་འོངས་བོད་ཀྱི་གནད་དོན་དེ་ཉིད་བཙན་བྱོལ་བོད་མི་རྒྱ་གར་དུ་གནས་མ་གནས་དང་ནུབ་ཕྱོགས་རྒྱལ་ཁབ་ཏུ་སླེབས་ནས་བོད་སྐད་ཡིག་མ་ཤེས་པ་ཙམ་ལ་རག་མེད། གུས་རང་ཉིད་ད་ལྟ་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཡོད་པར་ཕར་ཚུར་བོད་རིགས་སྐྱར་ནས་ནུབ་ཕྱོགས་སུ་སླེབས་པས་བཙན་འབྱོལ་བ་དང་འདི་གར་སྐྱེས་ནས་ཚར་ལོང་བྱུང་བས་བོད་པ་དང་བོད་རིགས་འདྲེས་མ་རྣམས་བར་སྡུར་དུས། རྗེས་མས་བོད་སྐད་ཡིག་དེ་ཙམ་མ་ཤེས་ཀྱང་བོད་པའི་རིག་གཞུང་དང་སྲིད་དོན་ལ་དོ་སྣང་དེ་ཙམ་མང་བ་དང་ཤེས་བྱ་ཆེ་བ་ངོས་རང་གི་མཐོང་བྱུང་། གཉིས་ནས་བོད་རིགས་ནུབ་ཕྱོགས་སུ་སྐྱར་ནས་བཙན་བྱོལ་ལ་ཡོངས་ནས་བཙན་བྱོལ་བོད་མིའི་དཔལ་འབྱོར་དང་སྤྱི་ཚོགས་གཡར་རྒྱས་ཕྱིན་པ་དང་མཐོང་རྒྱ་ཆེ་རུ་འགྲོ་ཡོད་པ་ལས་ད་ལྟ་བར་ཆེས་ལྷག་པའི་སྐྱོན་གང་ཡང་བྱུང་མེད། འདིར་བསམ་ཆར་ལ་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་སྤྱི་ཚོགས་དང་དེ་བཞིན་བཙན་བྱོལ་བོད་གཞུང་བསྲ་བརྟན་གནས་ཐབས་ལ་སྤྱི་ཡོངས་ནས་བོད་མི་རྣམས་ཀྱི་སྤྱི་ཚོགས་དང་ཤེས་ཡོན་ཡར་རྒྱས་གཉིས་ཤིན་ཏུ་གལ་ཆེན་ཡིན་པས་སྒང་ལ་བོད་མི་སྤྱིའི་མི་འབོར་གང་མང་གཏོང་ཡག་གི་ཐབས་ལམ་སོགས་བྱུང་ན་མ་ལེགས་སམ།

    Reply
  17. བསེ་རུ། says:
    ལོ་ 16 སྔོན།

    རྒྱ་ནག་ལྟ་བུར་ཆ་བཞག་ན། དཔེ་མཛོད་ཁག་གི་དཔེ་དེབ་ཡོངས་རྫོགས་ལག་ཐོགས་ཁ་པར་ནང་ནས་བཀླག་ཐུཔ་ཞིག་བཟོ་རྒྱུར་གོམ་པ་སྤོ་བཞིན་འདུག དེས་མཚོན་ནས་ང་ཚོ་ཡང་ལད་ཟློས་ཀྱི་མི་རིགས་ཤིག་མ་བྱས་ཀ་མེད་ལགས།
    རྩོམ་སྒྲིག་པས་འདིར་མ་འོངས་ལུང་བསྟན་བརྒྱབས་བྱུང་།
    འོན་ཀྱང་། ང་ཚོའི་སྤྱི་ཚོགས་ནང་མཐུན་རྐྱེན་དང་གནས་བབ། གོ་རྟོགས། ཤུགས་རྐྱེན། ཁོར་ཡུག་སོགས་ཀྱི་ཁྲོད་ནས་ད་དུང་མགོ་བོ་འདེགས་མ་ཐུབ་པར་ལྷག་དང་ལྷག་མུས་རེད། ད་ཇི་ལྟར་བྱས་ཏེ་ང་ཚོ་མགོ་བོ་འདེགས་ཐབས་བྱེད་དགོས་སམ།།

    Reply
  18. ནད་པ says:
    ལོ་ 16 སྔོན།

    དུས་བབ་རྩོམ་སྒྲིག་པའི་གཏམ་འདི་བཙན་བྱོལ་བོད་མིའི་མ་འོངས་ཕུགས་རྒྱང་གི་འཆར་གཞིར་དངོས་འབྲེལ་གལ་ཆེའི་རང་བཞིན་ཞིག་ཆགས་འདུག

    ངའི་བསམ་ཚོད་ལ་གཞིགས་ན་༸ གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་ད་ལྟ་ནས་འཛམ་གླིང་གང་སར་ཁ་ཐོར་དུ་སོང་བའི་བོད་མི་སྤྱི་དང་། ལྷག་དོན་བོད་སྐད་དང་བོད་ཡིག་མི་ཤེས་པའི་བོད་ཕྲུག་ཚོར་དམིགས་བསལ་གྱིས་ལམ་སྟོན་དང་ལས་འཆར་ངེས་ཞིག་འགྲིག་དགོས་ཀྱི་དུག་སྙམ།

    ད་དུང་བོད་གཞུང་གིས་དྲ་བའི་རིག་གནས་ཕྱོགས་སུ་གོམ་གང་མདུན་སྤོས་ཀྱིས་བོད་དང་། བོད་མི། བོད་ཀྱི་སྐད་ཡིག རིག་གནས། བོད་ཀྱི་ལེགས་བྱང་སོགས་ཕྱོགས་གང་ས་ནས་འཛམ་གླིང་རྒྱལ་ཡོངས་སུ་འབྲེལ་གཏུགས་དང་གནས་ཚུལ་ཁྱབ་སྤེལ་སྔར་བས་སྤེལ་ཤུགས་ཆེ་རུ་གཏོང་པ་གལ་ཆེའི་རང་བཞིན་ཞིག་ཆགས་འདུག

    བོད་དོན་འདི་མ་ཤི་བར་གསོན་པོར་གནས་དགོས་ན་བོད་རིགས་གཞོན་སྐྱེས་ཡོངས་ལ་དམིགས་བསལ་གྱིས་བོད་ཀྱི་སྐད་ཡིག་སློབ་འཁྲིད་དང་། བོད་མི་རིགས་གནས་ལུགས། བོད་ཀྱི་ཤེས་རིག་བཅས་ལ་གོམ་འདྲིས་ཡོད་པ་དང་ཤེས་རྟོགས་ཡོད་པ། བོད་མི་རིགས་ཀྱི་རྒྱ་ཡོད་པའི་བོད་མི་ཞིག་ཏུ་འགྱུར་རྒྱུར་དགིགས་འཆར་བཟུང་དགོས་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese