མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བརྙན་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ངྷ་སའི་སྦག་སུའི་བརྙན་འཕྲིན་བརྒྱུད་ལམ་དེ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་བླངས་པའི་གསར་འགོད་གསལ་བསྒྲགས་དེ་རིང་བསྐྱངས་པ་རེད།

དེ་རིང་ཉིན་གུང་རྒྱབ་ལ་བཙན་བྱོལ་བོད་གཞུང་གིས་ངྷ་སའི་སྦག་སུ་བརྙན་འཔྲིན་བརྒྱུད་ལམ་དེ་རྩིས་ལེན་གྱིས། སྦག་སུའི་བརྙན་འཕྲིན་བརྒྱུད་ལམ་ཞེས་པའི་མིང་དེ་བོད་ཀྱི་བརྙན་འཕྲིན་ཞེས་བསྒྱུར་བ་དང་། བརྙན་འཕྲིན་གྱི་ལེ་ཚན་ཁག་དེ་རིང་དངོས་སུ་གཏོང་མགོ་བཙུགས་ཡོད་པ་རེད།

བཀའ་ཁྲི་མཆོག་དང་ཕྱི་དྲིལ་བཀའ་བློན་རྣམ་གཉིས་ཀྱི་གསུང་བཤད་ལྟར་ན། ངྷ་རམ་ས་ལའི་བརྙན་འཕྲིན་འདི་ནི་ཐོག་མའི་ཚོད་ལྟ་ཙམ་མ་གཏོགས་མཐར་གཏུགས་ཀྱི་དམིགས་ཡུལ་མིན་ལ། ལས་གཞི་ངོ་མ་དེ་ནི་རྗེས་མ་བཙན་བྱོལ་བོད་གཞུང་གི་བརྙན་འཕྲིན་དེ་བར་སྣང་འཁོར་སྐར་བརྒྱུད་འཛམ་གླིང་གང་སར་གནས་པའི་བོད་པ་མཐའ་དག་གིས་གཟིགས་ཐུབ་པའི་བརྙན་འཕྲིན་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན་སྐོར་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

མཆན། 17

  1. འཇམ་དབྱངས་ཤཱསྟྲཱི། says:
    ལོ་ 16 སྔོན།

    མང་གཙོའི་གཞུང་ལ་དགོས་ངེས་ཀྱི་ཆ་རྐྱེན་གཅིག་ནི་གསར་འགྱུར་གྱི་བརྒྱུད་ལམ་ཡིན།་་་ད་ལེན་བཙན་བྱོལ་གཞུང་ནས་བོད་ཀྱི་བརྙན་འཕྲིན་ཞེས་པ་དབུ་འཛུགས་གནང་བར་དགའ་ཚོར་ཆེ།་་་་་་མེད་ས་ནས་ཡོད་པ་དང།་ཡོད་ས་ནས་གོང་འཕེལ་འགྲོ་བར་འབད་བརྩོན་གནང་མཁན་འབྲེལ་ཡོད་ལས་བྱེད་ཚང་མར་བཀྲིས་བདེ་ལེགས་ཡོད།

    Reply
  2. བློ་བཟང་འོད་ཡུག་པ། says:
    ལོ་ 16 སྔོན།

    སྤྱིར་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ལེགས་བཅོས་དགོས་པ་ནི་དུས་ཀྱི་བགྲོས་དང་མཐུན་སོང་ཡང་ད་ཆ་གོང་དུ་བཤད་པ་དེ་བརྗོད་ཐུབ་པ་མ་ཟད་གསལ་སྒྲགས་ཀྱང་བསྐྱངས་ཟིན་སོང་འོན་ཀྱང་ལག་ལྟར་རྒྱུན་འཁྱོངས་ཡོང་བར་དཀའ་ངལ་ལ་གདོང་ལེན་ཐུབ་པའི་སྨོན་འདུན་ཡོད།

    Reply
  3. ཉིམ་རྒྱལ། says:
    ལོ་ 16 སྔོན།

    གཏམ་གྱི་མགོ་དང་ལས་ཀྱི་མཇུག་དེ་ཤིན་ཏུ་དཀའ་བས་བརྙན་འཕྲིན་འདི་ཕུགས་འཁྱོལ་ན་ཡག་པོ་རེད།

    Reply
  4. ཉིམ་རྒྱལ། says:
    ལོ་ 16 སྔོན།

    གཏམ་གྱི་མགོ་དང་ལས་ཀྱི་མཇུག་དེ་ཤིན་ཏུ་དཀའ་བས་བརྙན་འཕྲིན་འདི་ཕུགས་འཁྱོལ་ན་ཡག་པོ་རེད།

    Reply
  5. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    མགོ་མཇུག་ཚང་མ་ཚགས་ཚུད་ཞིག་གནང་རོགས་བྱས་ན་དངོས་ཉིད་གཟི་བརྗིད་རེད་དེ་ལས་གཞན་ཉིན་ཁ་ཤས་དང་ཟླ་བ་ཁ་ཤས་ལོ་ཁ་ཤས་ལྟ་བུ་ལ་ལས་བྱེད་ཚོས་ཀྱང་ཨ་གསར་བྱེད་གང་ཚང་ཞིག་ནས་མཐོང་མཐོས་གང་ཡང་མེད་པའི་བྱ་གཞག་ཞིག་ཏུ་འགྱུར་ན་བློ་ཕམ་པོ་རེད་་བོད་གཞུང་གི་ལས་ཀ་དང་ལས་བྱེད་མང་ཆེ་བ་དེ་འདྲ་རྐྱང་བྱུང་ཡོད་རེད་་་་་་་་་་་་

    Reply
  6. བསེ་རུ། says:
    ལོ་ 16 སྔོན།

    གཞན་དབང་སྟབས་བསྟུན་བྱེད་དགོས་པའི་གནས་སྟངས་ལ་བསམ་སྐབས།
    ང་ཚོའི་ཡོད་ཚད་ཤོར་ཟིན་སྟབས། རང་དབང་ཡོད་པའི་རྒྱལ་ཁབ་ལྟར་གྱི་མཐུན་རྐྱེན་དང་ནུས་པ་ང་ཚོའི་གཞུང་ལ་མི་འདུག་ཅེས་བཤད་ན། ཅུང་མི་འཚམ་པའི་སྐད་ཆ་ཞིག་རེད། ལྟོས་ས་ལྟོས་འཇོག་གི་ལམ་ནས་ད་དུང་ང་ཚོས་བློ་རྣལ་དུ་ཕབ་སྟེ་དགོངས་ཚུལ་གསུངས་དགོས་འདུག་སྙམ།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཤེས་འཇོན་ཉིས་ལྡན་པ

    Reply
  8. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    རླབས་ཆེན་གྱི་བྱ་བཞག་ཞིག་རྒྱུན་སྐྱོང་དང་དར་སྤེལ་དགོས་ན་ཆེད་ལས་པ་ལྷག་བསམ་དང་ཤེས་འཇོན་ཉིས་ལྡན་་སྐྱེད་སྲིང་དགོས་པ་གལ་ཆེ་བར་འདོད། དེ་མིན་སྒེར་དོན་འཕྲལ་སེལ་བ་ལྟག་སྒོ་ནས་འཛུལ་བ་མང་ན་མཐའ་ཡག་པོ་འཁྱོངས་པའི་ཡིད་ཆེས་མེད། ད་ལྟ་བར་བོད་ཡིག་བེད་སྤྱད་བྱེད་སའི་ཁོར་ཡུག་ཅིག་གི་ཐབས་ལམ་རྙེད་མེད་པ་ཞིག་གིས་མ་འོངས་བར་བོད་ཀྱི་བརྙན་འཕྲིན་འཛམ་གླིང་གང་སར་ཁྱབ་ཐུབ་མདོག་དེ་གང་ཤེས། ཡང་སྨོན་ལམ་རྒྱག་ཡ།

    Reply
  9. ནད་པ says:
    ལོ་ 16 སྔོན།

    ད་ཐེངས་བོད་གཞུང་གིས་ལས་འཆར་འདི་ནི་ཧ་ཅང་གི་གལ་འགངས་ཆེ་བ་ཞིག་རེད། བཙན་བྱོལ་བོད་གཞུང་གིས་བར་སྣང་གི་ས་ཚིགས་ངེས་གཏན་ཞིག་རག་ཐོབ་གནང་ཐུབ་ཚེ་རིང་མིན་བོད་གཞུང་གིས་ངོས་ནས་བོད་ཀྱི་བརྙན་འཕྲིན་བརྒྱུད་ལམ་ནས་འཛམ་གླིང་གང་སར་བོད་ཀྱི་ལོ་རྒྱུས་དང་། ཆབ་སྲིད། ནང་བསྟན་ཆོས་ལུགས། རིག་གནས། སྐད་ཡིག མི་རིགས་ཀྱི་ཁྱད་ཆོས། ལེགས་བྱང་རྣམས་ཚད་ལྡན་ཞིག་གནས་ཚུལ་ངོ་སྤྲོད་དང་ཁྱབ་སྤེལ་གཏོང་ཐུབ་ངེས་ཡིན།

    དཔེར་ན་ཨ་རི་དང་ཐེ་ཝན་སོགས་སུ་སྒེར་པའི་ཁྱིམ་ཚང་གཅིག་གི་ལས་འཆར་དང་། ཚོང་ལས། འབྲེལ་ལམ། གནས་ཚུལ་སོགས་ཞིབ་ཕྲ་ཁྱིམ་ཚང་གཅིག་གི་ངེས་གཏན་བརྙན་འཕྲིན་བརྒྱུད་དེ་གནས་ཚུལ་ཁྱབ་སྤེལ་བྱེད་བཞིན་ཡོད་པ་རེད།

    དེ་འདྲ་སོང་ཙང་བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་བོད་ཀྱི་བདེན་དོན་དངོས་དེ་འཛམ་གླིང་གང་སར་བརྙན་འཕྲིན་བརྒྱུད་དེ་གནས་ཚུལ་ངོ་མ་ཁྱབ་སྤེལ་གཏོང་ཐུབ་ན་འཛམ་གླིང་སྤྱི་ཡོངས་ནས་ཤེས་རྟོགས་ཐུབ་རྒྱུ་ཙམ་མ་ཟད་རྒྱ་བོད་མི་རིགས་གཉིས་ཀྱི་གནས་སྟངས་དང་ལྷག་དོན་བོད་ཀྱི་ཤེས་རིག་ཟབ་མོ་འདིས་འཛམ་གླིང་ཡོངས་ལ་ལེགས་སྐྱེས་ཆེན་པོ་ཞིག་འབུལ་ཐུབ་ངེས་ཡིན།

    Reply
  10. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    དགའ་འོས་པ་ཞིག་རེད།
    དྲ་གྲོགས་ཚོས་སེམས་ཁྲལ་མ་གནང་བར་སྣང་ནས་ས་ཆ་ལག་མཐིལ་ཙམ་ཞིག་རེག་ནི་རེད།

    Reply
  11. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    བོད་དེ་རང་བཙན་གྱི་ལམ་དུ་འགྲོ

    Reply
  12. ཨ་ཁུ་སྟོན་པ། says:
    ལོ་ 16 སྔོན།

    བོད་དེ་རང་བཙན་ཡིན། བོད་འདི་རང་བཙན་ཐོག་རྩོད་དགོས། བོད་རྒྱལ་ལོ།།

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཨ་ཁུ་ཁ་བ་དཀར་པོ་ལགས། ཡིད་མི་ཆེས་ས་གཙོ་བོ་དེ་ནི་བར་སྣང་འཁོར་སྐར་གྱི་ས་ཚིགས་ཤིག་ཇི་ལྟར་རག་གི་རེད་དེ་ལ་ཐུག་འདུག དེ་འདྲ་ཞིག་བཟུང་ན་གོང་ཆེན་པོ་ཡོད་ས་རེད། གཞན་ཞིག་གིས་རིན་མེད་ལ་གཏོང་མི་གཏོང་ཐད་ང་ལ་དོགས་པ་རྒྱ་མ་བརྒྱ་ཡོད། གཞན་ལས་ཀ་བྱེད་མཁན་གྱི་ཆ་ནས་སྣང་དག་ཡོད་པ་མ་རེད།

    དྲ་ཚིགས་སྤུས་དག་མོ་ཞིག་དགོས་པ་དེ་ནི་དངོས་གནས་རེད།

    Reply
  14. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    གོང་གི་ཡིག་ནོར་འདི་བོད་ཡིག་ལ་བརྗོད་པ་ཡིན།

    Reply
  15. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ང་ཚོའི་གཞུང་འདིས་ཡིག་ནོར་མེད་པའི་གཞུང་འབྲེལ་དྲ་ཚིགས་ཤིག་ཀྱང་མི་འཁྱོངས་སར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བལྟ་ཐུབ་པའི་བརྙན་འཕྲིན་བརྒྱུད་ལམ་ཞིག་གང་ནས་གསར་བཏོད་བྱེད་ཐུབ། ང་རྩ་ནས་ཡིད་ཆེས་ཀྱི་མི་འདུག

    Reply
  16. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    དེ་ནི་བོད་གཞུང་གི་ལས་དོན་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
    མ་འོངས་པར་ཁ་བཤད་དོན་ལ་གནས་པའི་སྨོན་འདུན་ཞུ་རྒྱུ་ཡིན།

    Reply
  17. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བཤད་པ་དེ་དག་གཅིག་བུ་མ་ཡིན་པར་ལག་ལེན་དུ་འཁེལ་ནས་འོང་བ་ཡིན་ན་རེ་བ་ཡོད་ངེས་ཡིན། དེ་མིན་འདས་པའི་ལོ་ཟླ་དག་གི་སྐུ་ངོ་དག་གི་གསུང་བཤད་ལ་བསམ་བློ་བཏང་དུས། སེམས་ན་བ་ཞིག་ལས་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese