མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་གཞུང་ནི་གནད་འགག་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རིག་གཞུང་རྩ་མེད་དུ་ཕྱིན་པ་ཡིན་ན། འཛམ་གླིང་ལ་གྱོང་གུད་ཆེན་པོ་ཡོང་གི་རེད། ཅེས་༧གོང་ས་མཆོག་གིས་ཉི་ཧོང་གི་དད་ལྡན་པ་རྣམས་ལ་གསུངས་ཡོད།

ཕྱི་ཚེས་ ༣ ཉིན་༧གོང་ས་མཆོག་གིས་ཉི་ཧོང་གི་ Matsuyama  ས་ཁུལ་གྱི་མཛད་འཕྲིན་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཉི་ཧོང་ལྷོ་ཕྱོགས་ཀྱི་ Okinawa རུ་ཞབས་སོར་འཁོད་དེ། ཡུལ་དེའི་དད་ལྡན་པ་ ༤༥༠ ལྷག་ལ་བདེན་པ་བཞི་དང་འབྲེལ་བའི་ནང་ཆོས་ཀྱི་སྐོར་ནས་བཀའ་སློབ་གནང་ཡོད་པ་མ་ཟད། འདུ་འཛོམས་དེའི་སྟེང་གི་དྲི་བ་དྲིས་ལན་གྱི་སྐབས་སུ་༧གོང་ས་མཆོག་གིས། བོད་ཀྱི་དཀའ་ངལ་དེ་སྲིད་དོན་གྱི་དཀའ་ངལ་གཅིག་པུ་མ་ཡིན་པར། ལོ་རྒྱུས་ལྡན་པའི་མི་རིགས་ཤིག་གི་ནང་པའི་ཆོས་དང་ཞི་བའི་ལྟ་གྲུབ་གལ་ཆེན་དུ་འཛིན་པའི་རྩ་ཆེ་བའི་རིག་གཞུང་མེད་པར་ཆགས་འགྲོ་བ་ཞིག་རེད། དེ་འདྲ་ཡིན་དུས།  ང་ཚོས་རྩ་ཆེ་བའི་རིག་གཞུང་དེ་ལ་བདག་པོ་ཡག་པོ་ཞིག་རྒྱག་ཐུབ་པ་ཡིན་ན། མི་འབོར་ཆེ་བའི་རྒྱ་ནག་དང་འཛམ་གླིང་གི་མི་མང་ལ་རིག་གཞུང་དེ་བརྒྱུད་ཞི་བའི་ཐོག་ལ་ནུས་པ་ཆེན་པོ་ཞིག་འདོན་ཐུབ་ཀྱི་ཡོད། གལ་སྲིད་རིག་གཞུང་དེ་རྩ་མེད་དུ་ཕྱིན་པ་ཡིན་ན། བོད་མི་རིགས་ཙམ་མ་ཡིན་པར་འཛམ་བུ་གླིང་ལ་གྱོང་གུད་དང་ཕམ་པོ་ཞེ་དྲག་ཞིག་ཆགས་ཡོང་གི་ཡོད་སྟབས། ཚང་མས་དེའི་ཐོག་ལ་བསམ་བློ་གཏོང་དགོས་པ་ཞིག་ཆགས་འདུག  ཅེས་བཀའ་སློབ་གནང་འདུག་ལ། དེ་བཞིན་༧གོང་ས་མཆོག་གིས།  བོད་ཀྱི་ཁོར་ཡུག་དེ་ཡང་བོད་ཙམ་མ་ཟད། ཨེ་ཤ་ཡ་སྤྱི་དང་ལྷག་པར་རྒྱ་གར་དང་རྒྱལ་སྤྱི་ལ་འབྲེལ་བ་དམ་ཟབ་ཡོད་པས་མ་འོངས་པར་ཚན་རིག་པ་ཡོངས་ཀྱིས་བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་ཁོ་ཡུག་ལ་སྲུང་སྐྱོབ་དང་ལྟ་རྟོག་བྱ་དགོས་པའི་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་ཞི་ཀོ་ཁུལ་གྱི་མཛད་འཆར་ལེགས་པར་གྲུབ་རྗེས་ཉིན་རྒྱབ་དུ་མཁའ་ལམ་བརྒྱུད་ཉི་ཧོང་གི་མངའ་སྡེ་ཨོ་ཁེ་ནཱ་ཝ་ཁུལ་ཆིབས་བསྒྱུར་གནང་ཡོད་པ་དང་། དེར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་འདས་གྲོངས་སུ་ཕྱིན་པའི་དམག་མི་དང་མི་མང་ ༣༥༠༠༠ ལྷག་གི་བེམ་པོ་དུར་སྦས་བྱས་པའི་ཀམ་པ་ཀོ་མཆོད་རྟེན་དང་བྱང་ཆུབ་ཤིང་གི་སྡོང་བོ་སོགས་ལ་རབ་གནས་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་གསར་འགོད་པ་རྣམས་ལ་གསུངས་དོན། འདས་པའི་འཛམ་གླིང་གི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཀྱང་མཚོན་ཆ་དང་དམག་སྟོབས་ཀྱིས་མིའི་དཀའ་ངལ་སེལ་ཡོད་པ་རེད་ཅེ་ན། དེ་ནི་ནོར་འཁྲུལ་གྱི་བསམ་བློ་ཞིག་ཡིན་པ་གསལ་བོ་ཆགས་ཡོད་སྟབས། མ་འོངས་པར་ཚང་མས་ཤེས་ཡོན་ཡར་རྒྱས་གཏོང་བ་དང་ཆབས་ཅིག་བྱམས་དང་སྙིང་རྗེའི་ཐོག་དཀའ་ངལ་གང་མང་ཕན་ཚུན་བགྲོ་གླེང་བརྒྱུད་ཐག་གཅོད་བྱ་ཐུབ་ན་ཡག་པོ་རེད། ཅེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༤ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

མཆན། 5

  1. བློ་བཟང་འོད་ཡུག་པ། says:
    ལོ་ 17 སྔོན།

    གྲོགས་མཆོག་བསེ་རུས་ནོར་བཅོས་གང་བྱས་པར།
    བསོྟོད་སྨད་བྱ་རྒྱུའི་དགོས་མ་མ་མཐོང་ཡང་།
    བོད་ཀྱི་དུས་བབ་གཟབ་གཟབ་མ་གནང་ན།
    ཡོད་ཚད་ནོར་བར་བྲིས་པའི་ཉེན་བརྡ་རེད།

    Reply
  2. བསྟན་དཔལ། says:
    ལོ་ 17 སྔོན།

    བོད་ཡིག་གི་དག་ཆ་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཆེ།།

    Reply
  3. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    “གོང་ས་མཆོག་གི་གསུངས་ལ་དད་པ་ཡོད།།
    དྲ་གྲོགས་བསེ་རུའི་ཚིག་ལ་ཡིད་ཆེས་ཡོད།།
    བོད་པ་ཤི་འདོད་མེད་ན་ད་ལྟ་ནས།།
    བོད་ཀྱི་སྐད་དང་ཡི་གེར་དོ་སྣང་བྱོས།།

    Reply
  4. ཉིམ་རྒྱལ། says:
    ལོ་ 17 སྔོན།

    ཀུན་ལ་ཕན་ཕྱིར་བཀོད་འདུག་པས།
    དོན་མེད་ཚིག་མཚོན་ག་ལ་འདེབས།
    ཁྱོད་ཀྱིས་བཀོད་པའི་ཐ ་སྙད་རྣམས།
    ངས་ཀྱང་ད་ནས་ལེགས་པར་ངེས།

    Reply
  5. བསེ་རུ། says:
    ལོ་ 17 སྔོན།

    ཀུན་ལ་ཕན་ཕྱིར་འདིར་བཀོད་པས།།
    དོན་མེད་ཚིག་མཚོན་མ་འདེབས་རོགས།།
    གཤམ་འཁོད་མིང་གི་ཐ་སྙད་རྣམས།།
    སྔ་མ་ནོར་ལ་ཕྱི་མ་དག།

    ཆིབས་བསྒྱུར། ཆིབས་སྒྱུར།
    ཡིག་བསྒྱུར། ཡིག་སྒྱུར།
    སྐད་བསྒྱུར། སྐད་སྒྱུར།
    གསུང་བསྒྱུར། གསུང་སྒྱུར།
    རྩོམ་བསྒྱུར། རྩོམ་སྒྱུར།
    དབང་བསྒྱུར། དབང་སྒྱུར།
    བཅོས་བསྒྱུར། བཅོས་སྒྱུར།

    བསྒྱུར་རྩོམ། སྒྱུར་རྩོམ།
    བསྒྱུར་གཞི། སྒྱུར་གཞི།
    བསྒྱུར་བཅོས། སྒྱུར་བཅོས།
    བསྒྱུར་སྟངས། སྒྱུར་སྟངས།
    བསྒྱུར་མ། སྒྱུར་མ།
    བསྒྱུར་རྩིས། སྒྱུར་རྩིས།
    བསྒྱུར་ཐབས། སྒྱུར་ཐབས།
    བསྒྱུར་ཕྱོགས། སྒྱར་ཕྱོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese