མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀརྨ་པ་མཆོག་ལྷོ་ཕྱོགས་སུ་ཕེབས་པ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་རྒྱལ་སྤྱིའི་འཕྲུལ་རིགས་དང་གློག་བརྙན་བཟོ་བསྐྲུན་གྱི་ལྷན་ཚོགས་ཤིག་ཏུ་ཕེབས་ཡོད་པ་རེད།

ཕྱི་ཚེས་ ༤ ནས་ ༧ བར་གྱི་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་ནང་རྒྱལ་སྤྱིའི་འཕྲུལ་རིགས་དང་གློག་བརྙན་བཟོ་བསྐྲུན་གྱི་སྒྱུ་རྩལ་གྱི་ཚོགས་འདུ་ཞིག་སྐོང་འཚོགས་གནང་ཡོད་པ་དང་། ༧དཔལ་རྒྱལ་བ་ཀརྨ་པ་མཆོག་རྒྱལ་སྤྱིའི་ལྷན་ཚོགས་འདིར་མཉམ་ཞུགས་གནང་ཡོད་པ་རེད། ཐེངས་འདིའི་ལྷན་ཚོགས་སྟེང་རྒྱལ་སྤྱིའི་མི་སྣ་ ༡༠༠༠ ལྷག་ཕེབས་ཡོད་པ་མ་ཟད། གསུང་བཤད་གནང་མཁན་གྱི་ཁྲོད་དུ་ཨ་རིའི་སྲིད་འཛིན་ཟུར་པ་སྤེལ་ཁི་ལིན་ཊོན་མཆོག་དང་དབྱིན་ཇིའི་སྲིད་བློན་གྷོར་ཌེན་བྷུ་རོན་མཆོག འཛམ་གླིང་གློག་ཀླད་འཕྲུལ་རིགས་ཀྱི་ཆེད་མཁས་པ་བྷེལ་གྷེ་ཌུ་གཙོས་གཞན་ཚན་རིག་དང་སྒྱུ་རྩལ་སོགས་ལས་རིགས་འདྲ་མིན་གྱི་ཆེད་མཁས་མི་སྣ་མང་པོ་ཞིག་གིས་བགྲོ་གླེང་དང་གསུང་བཤད་གནང་རྒྱུ་ཡིན་འདུག་ལ། ༧དཔལ་རྒྱལ་བ་ཀརྨ་པ་མཆོག་ནས་ཀྱང་ལྷན་ཚོགས་དེའི་སྟེང་མཉམ་ཞུགས་གནང་སྟེ་ཕྱི་ཚེས་ ༧ ཉིན་གསུང་བཤད་གནང་རྒྱུ་ཡིན་པ་མ་ཟད། ཐེངས་འདིའི་ཆིབས་བསྒྱུར་གྱི་གོ་སྐབས་འདི་བརྒྱུད་ཉེ་བའི་དུས་སུ་ཆུ་ལོག་གི་གནོད་སྐྱོན་ཐེབས་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེའི་ནང་ཆིབས་བསྒྱུར་གྱིས་ཡུལ་དེའི་མང་ཚོགས་ལ་བསྔོ་སྨོན་གསོལ་འདེབས་གནང་འཆར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 60

  1. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    གནས་ལུགས་དང་རྒྱ་མཚན་ཡོད་ན་ལྡིང་ཆ་འདི་སྒང་ཕེབས་ཤོག ངག་དབང་ཁྱེད་ང་ལ་ཤ་ཚ་དང་སྙིང་རྗེ་དགོས་དོན་མེདབདག་ནི་ད་དུང་ལུང་རིག་རྣམ་དག་གི་རྦ་རླབས་འཁྱུར་བཞིན་པ་ཡིན། ཁྱེད་ལ་གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་དུས་སྐད་ཆ་འདི་བཤད་ནས་མི་དམངས་ནང་ཁུལ་ལ་
    བཀྲོག་གཏམ་རེ་སྤེལ་ཐབས་བྱེད་ནས་གཞན་གྱི་མཆན་བུ་རྣམས་དཔར་ཤུལ་བྱེད་དངོས་ཉིད་ངོ་མ་ང་ཁྱེད་ལ་སྙིང་རྗེ་སེམས་ཁོག་དོག་པོ་གོ་མེད་ཤེས་སྡུག་གླང་རྒན་ལྟ་བུ་ཁྱེད་ཤ་ཚ།

    Reply
  2. ངག་དབང་། says:
    ལོ་ 16 སྔོན།

    ཀྱེ་མ། འདི་འདྲ་ཆོས་སྲིད་ཀྱི་ཤེས་ཡོན་གང་ཡང་མེད་པའི་གླེན་པ་སྨེར་དྷི་ཟེར་འདྲ་བ་ལན་རྒྱབ་ན་ཆོ་མེད་རེད།
    ཁ་དཔེར། མཁས་པ་བརྒྱ་ལ་ང་མི་སྐྲག །བླུན་པོ་གཅིག་ལ་ང་སྐྲག་ཞེས་པ་ལྟར་ད་ནས་བཟུངས་ཁོ་ལ་ཡ་ལན་མ་གནང་རོགས།

    Reply
  3. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    རིན་ཆེན་ལགས་ཀྱི་མཚོ་ཕུལ་བླ་བྲང་ནས་ཕྱག་དངུལ་ཏོག་ཙམ་རགས་ཡོད་པར་
    ཐག་ཆོད། ཡིག་ཚོགས་ཅན་གྱི་ཚིག་དུམ་མང་པོ་ཞིག་བྲིས་འདུག་ཀྱང་རེ་རེ་བཞིན་དགག་
    དགོས་པའི་རྒྱུ་མཚན་མ་མཐོང་། ས་སྐྱའི་ལེགས་བཤད་ལས། ཁྱི་རྒན་ཀུ་ཅོ་འདོན་པ་ལ། །རྒྱུ་མཚན་མེད་པར་ཀུ་ཅོ་སྒྲོགས། ཞེས་གསུང་པའི་དགོངས་དོན་ཡིད་ལ་འཇོག་གི་ཡོད། དེས་ན་ཁྱེད་ཀྱིས་ཀརྨ་པ་ཆོས་བརྒྱད་མེད་པའི་རྒྱུ་མཚན་དེ། སྨད་ན་མི་དགའ་སྟོདོ་ན་དགའ་ཞེས་པ་གཅིག་པོ་ལ་ངོས་འཛིན་གནང་འདུག
    སྐུ་ཉིད་ཀྱི་ནང་ཆོས་ལ་གོ་བ་ཏིང་ཟབ་རགས་པའི་སློབ་སྦྱོང་ཞིག་བྱེད་མེད་པ་རང་རྟགས་གསལ་པོ་སྟོན་འདུག འཇིག་རྟེན་ཆོས་བརྒྱད་ཞེས་བརྒྱད་མཚན་གཅིག་ཡོད་པ་གསལ་པོ་མཁྱེན་དགོས།
    སྐུ་ཉིད་ཀརྨ་པ་འཛམ་གླིང་གི་སྟོད་སྔགས་ཞུས་རབས་མང་པོ་བཤད་འདུག་ཉིད
    ཀྱིས་་སྐད་ཆ་དེ་དབུ་ཚུགས་དུས་གདོང་ལ་འབག་གྱོན་ཡོད་པ་གདོན་མི་ཟ། དངོས་ཡོད་ལ་གཞི་བཅོལ་ནས་ཞུས་ན་འཛམ་གླིང་ལྟ་ཞོག་བོད་པ་ནང་ཁུལ་ལ་སྟོད་སྔགས་ཞུས་མཁན་ག་ཚད་ཡོད་གྲངས་ཀ་ཐེབས་ངེས། ཁོང་སྔོན་མ་ལྷོ་ཕྱོགས་གདན་ས་ཁག་ལ་ཕེབས་སྐབས་འོད་སྡེ་ལ་ལྟོས་དང་སྟོད་
    སྔགས་སུས་བྱེད་ཤེས་ཐུབ། ཁྱེད་ཀྱི་རྒྱུ་མཚན་དང་ཁུངས་ལུགས་གཏན་ནས་མེད་པའི་ཀརྨ་པ་སྤྲུལ་སྐུ་དམིགས་གསལ་ཡིན་རབས་སྐུ་གོང་མས་རྟགས་ཡིག་བཞག་སྟེ་དམིགས་གསལ་གྱི་ངོས་
    འཛིན་གནང་རབས་མང་པོ་བཤད་འདུག་ཀྱང་གནས་སྐབས་གསལ་བཤད་ཞུས་
    འདོད་མ་སྐྱེས། གལ་ཏེ་དགོས་གལ་བྱུང་ཚེ་གསལ་བཤད་བྱེད་ངེས་ཡིན་ལ་གྲ་སྒྲིགས་ཀྱང་ཡོད་དོ།

    Reply
  4. rinchen says:
    ལོ་ 16 སྔོན།

    ལྷག་པར་དུ་སྐུ་ཉིད་སྲིད་ལ་མཁས་པ་ཡིན་ནམ་ཆོས་ལ་མཁས་པ་ཡིན། ཆོས་ལ་མཁས་པ་ཡིན་ན་གང་ཟག་ཚོད་གང་ཟག་གིས་བཟུང་བར་མི་བྱ་སྟེ་ཞེས་སངས་རྒྱས་ཀྱིས་གསུངས་ཤིང་། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། བྱང་ཆུབ་སེམས་དཔའ་རྣམས་ལ་བཀུར་པ་བཏབ་ཞེས་པའི་ཉམས་ལེན་ལ་ཅིའི་ཕྱིར་མི་འབད།
    སྲིད་ལ་མཁས་པ་ཡིན་ན། གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་དང་། བོད་གཞིས་བྱེས་གཉིས་ཀ། འཛམ་བུ་གླིང་གི་ཆབ་སྲིད་ཀྱི་མི་སྣ་གལ་ཆེན་ཐམས་ཅད་ཀྱིས་བོད་པའི་མ་འོངས་པར་རེ་བ་བྱེད་ས་དེ་གཙོ་བོ་གཅིག་རྒྱལ་དབང་ཀརྨ་པ་ཡིན་པ་ཡོངས་གྲགས་ཀུན་གསལ་ཡིན་པས་སྐུ་ཉིད་ཀྱིས་དེ་ཚོ་ཚང་མ་ནོར་བ་དང་འཁྲུལ་པ་ལྐུགས་པར་བརྩིས་པ་ལ་ཏན་ཏན་རྒྱུ་མཚན་ཅིག་ཡོད་པ་འདྲ། ཕལ་ཆེར་མ་འོངས་པར་སྐུ་ཉིད་བོད་དོན་གྱི་ཁྲིར་ཕབས་ནས་འཇིག་རྟེན་ཆོས་བརྒྱད་ཀ་དང་མཐུན་པའི་སྲིད་ལུགས་ཤིག་བཟོས་ཏེ་བོད་མི་ས་ཡ་དྲུག་པོ་མི་དགེ་བ་བཅུ་ལ་སྤྱོད་དུ་བཅུག་རྒྱུ་ཡིན་པ་འདྲ་བས་བོད་པ་རྣམས་སྙིང་རྗེ།

    Reply
  5. rinchen says:
    ལོ་ 16 སྔོན།

    ཀརྨ་པ་བླ་མ་དམིགས་བསལ་ཅན་མ་ཡིན་པའི་རྒྱུ་མཚན་དེ་ཆོས་ཕྱོགས་ནས་ཡིན་ནམ་སྲིད་ཕྱོགས་ནས་ཡིན།
    ཆོས་ཕྱོགས་ནས་ཡིན་ན་བོད་ཀྱི་སྤྲུལ་སྐུ་ཐོག་མ་དང་། ད་བར་སྐུ་ཕྲེང་ན་རིམ་བཅུ་བདུན་བྱུང་བ་ལས་ཐམས་ཅད་ལུང་རྟོགས་སྤྱི་ལ་ཕན་པའི་མཛད་རྗེས་ཆེ་ཞིང་། ལྷག་པར་དུ་སྤྲུལ་པའི་སྐུ་ཞིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྐུ་ཕྲེང་ན་རིམ་ཐམས་ཅད་ཀྱིས་ཕྱི་མ་གང་དུ་འཁྲུངས་པའི་ཡིག་ཆ་བཞག་ནས་ལུང་བསྟན་གནང་བ་ལྟར་འཁྲུངས་མཁན་ནི་བོད་གངས་ཅན་འདིར་ཀརྨ་པ་ལས་གཞན་མེད་པས་དེ་ཡང་བླ་མ་དམིགས་བསལ་བ་ཞིག་མ་ཡིན་ན། ད་ནི་སྐྱེ་བ་སྔ་ཕྱིའི་སྐོར་གང་ཡང་མི་ཤེས་ཤིང་། ཆེ་གེ་མོའི་ཡི་གེ་དང་རྨི་ལམ་ལ་བརྟགས་ཏེ་ལུང་ཁུག་ནས་རྙེད་སོན་བྱུང་བའི་སྤྲུལ་སྐུ་ས་རྡོ་ལས་མང་བ་འདི་དག་དམིགས་བསལ་བར་གྱུར་པ་འདྲ།
    གལ་ཏེ་ཀརྨ་པ་བླ་མ་དམིགས་བསལ་བ་མ་ཡིན་པའི་རྒྱུ་མཚན་དེ་སྲིད་ཕྱོགས་ནས་ཡིན་ན། འོ་ན་ཀརྨ་པས་སྲིད་ཀྱི་ཕྱག་ལས་གནང་བ་དེས་བླ་མ་དམིགས་བསལ་བར་འགྱུར་བའི་ཕྲག་དོག་གི་འཇིགས་སྣང་གིས་ཁྱེད་སྡར་སྐད་ཤོར་བ་ཡིན་པ་འདྲ།

    Reply
  6. rinchen says:
    ལོ་ 16 སྔོན།

    སྲིད་ཟེར་བ་ཞིག་ཡིན་ནས་བཟུང་ངན་པ་ཞིག་མ་ཡིན་ཏེ། དབྱིན་ཇི་སྐད་ཐོག་ཏུ་POLICY ཞེས་པ་སྲིད་དོན་ལ་འཇུག་ཅིང་དེ་ནི་ཤེས་ཡོན་ཡར་རྒྱས་གཏོང་བའི་སྲིད་བྱུས། ཞི་བདེ་ཡར་རྒྱས་གཏོང་བའི་སྲིད་བྱུས། རྒྱལ་ཁབ་མཐུན་འབྲེལ་ཡར་རྒྱས་གཏོང་བའི་སྲིད་བྱུས་སོགས་བཟང་ཆ་མང་དག་ཅིག་ཡོད་པ་ཡང་ཤེས་དགོས་པ་གལ་ཆེ། སྤྱིར་ནི་སྲིད་ཟེར་བ་མ་རབས་དམན་པའི་བྱ་བ་གཞན་མགོ་སྐོར་གཏོང་བ། སོ་སོ་གཅིག་པུས་ཁེ་བཟང་འདོན་པ་འདི་འདྲ་ཁོ་ན་ལ་བསམ་ན་གོ་རྒྱ་ཐོས་རྒྱ་ཆུང་དྲག་པའི་སྐྱོན་རེད། དོན་དངོས་སུ་སྲིད་ནི་ལེགས་ཉེས་བརྟགས་ཤིང་དཔྱད་དེ་ཕན་པར་མཐོང་བ་ལ་འཇུག གནོད་པར་མཐོང་བ་ལས་ལྡོག་པའི་ཐབས་ལམ་ཞིག་དང་བསམ་བློ་ཞིག་ལ་གོ་ན་གུ་དོག་པའི་ཚོར་བ་འདི་དག་མི་འབྱུང་། འདི་འདྲི་བསམ་བློ་ནི་དབེན་པའི་གནས་སུ་སྡོད་པའི་གྲྭ་རྒན་ཞིག་ན་འདྲ་མ་གཏོགས་འགོ་བླ་མ་སྤྲུལ་སྐུ་ནས་བཟུང་མཇུག་ང་ཚོ་ལྟ་བུ་སྐྱ་སེར་ཡོངས་རྫོགས་ལ་ཡོད་དགོས་པ་ཞིག་རེད།

    Reply
  7. rinchen says:
    ལོ་ 16 སྔོན།

    སྤྱིར་ནི་མཁྱེན་དགོས་པ་ཞིག་ལ་ཉན་ཐོས་ཀྱིས་བསླབ་པར་སྤྱོད་པ་གཙོ་ཞིང་། ལས་དང་པོ་པའི་བསླབ་པ་ཡིན་པས་སེམས་དེ་ཙམ་གཙོ་བོར་མི་བྱེད། བྱང་ཆུབ་སེམས་དཔའི་བསླབ་པ་དང་རིག་པ་འཛིན་པའི་བསླབ་པར་སེམས་གཙོ་བོར་ལས་སྤྱོད་པ་མི་གཙོ་སྟེ། དཔེར་ན་བྱང་ས་ལས་སེམས་ཅན་ལ་ཕན་ན་མི་ཚངས་པར་སྤྱོད་དགོས་པར་གསུངས་ཤིང་། གསང་སྔགས་ཀྱི་ནང་དུ་བསྟན་འགྲོ་ལ་གནོད་པའི་དམ་སྲི་རྣམས་མངོན་སྤྱོད་ཀྱི་ཐོག་ནས་བསྒྲལ་བར་ནུས་ཀྱང་མི་བསྒྲལ་བ་ནི་གསང་སྔགས་ཀྱི་དམ་ཚིག་དང་འགལ་བར་གསུངས་པའི་ཕྱིར།

    Reply
  8. rinchen says:
    ལོ་ 16 སྔོན།

    ཀརྨ་པ་ནི་ལོ་གཞོན་ཀྱང་གནའ་དེང་གི་ཤེས་ཡོན། དམ་པའི་མཛད་སྤྱོད། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་གཅེས་འཛིན། ཕྱག་ལས་གང་གནང་ཡང་དུས་རབས་ཀྱི་འགྲོས་དང་མཐུན་ཞིང་། མདོར་ན་ཤེས་འཇོན་གཉིས་ལྡན་གྱི་བོད་པའི་སྤྲུལ་སྐུ་ཞིག་ཡིན་པ་མ་ཟད། གོང་ས་ལྷ་མི་རྣམ་འདྲེན་གྱིས་དབུས་པའི་འཛམ་བུའི་གླིང་གི་མི་སྣ་གལ་ཆེན་རྣམས་ཀྱིས་བསྟོད་བསྔགས་གནང་ས་ཞིག་ཡིན་པས། ལོ་རེ་ནས་ལོ་རེ་བཞིན་བཟང་དུ་འགྲོ་བ་ལས། ཁྱོད་ལྟ་བུ་རང་མ་ཚད་གཞན་ཡང་མཐུར་དུ་འཁྲིད་ཐབས་བྱེད་པ་དེ་འདྲ་ཀརྨ་པ་ལྟ་བུར་ག་ལ་འབྱུང་སྲིད།
    ཀརྨ་པ་འཇིག་རྟེན་ཆོས་བརྒྱད་ལ་དགའ་འམ་མི་དགའ་སྐུ་ཉིད་ཤེས་ཐུབ་པ་ཞིག་ག་ལ་ཡིན། འཇིག་རྟེན་ཆོས་བརྒྱད་ནི་སྨད་ན་མི་དགའ་བསྟོད་ན་དགའ་བ་སོགས་ཡིན་ཅིང་ཀརྨ་པ་སྨད་ན་མི་དགའ་བསྟོད་ན་དགའ་ཚུལ་ཁྱོད་ཀྱིས་ཅི་འདྲ་བྱས་ནས་ཤེས། སྲིད་དང་མཐུན་པའི་ཕྱག་ལས་གནང་བ་ཙམ་ཡིན་ན། འོ་ན་བོད་ཀྱི་སྐྱབས་གནས་རིམ་བྱོན་གོང་དུ་དྲ་གྲོགས་ཞིག་གིས་བཀོད་པ་འགྲོ་མགོན་ཆོས་འཕགས། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན། གོང་ས་ལྔ་པ་ཆེན་པོ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་རྣམས་ཀྱང་འཇིག་རྟེན་ཆོས་བརྒྱད་ལ་དགའ་བར་འགྱུར་ཏེ་དེ་དག་གིས་གནང་བའི་ཕྱག་ལས་མང་པོ་ཞིག་སྲིད་དང་མཐུན་པ་ཡིན་པའི་ཕྱིར།

    Reply
  9. rinchen says:
    ལོ་ 16 སྔོན།

    ཁྱོད་རང་གིས་རབ་ཏུ་བྱུང་བའི་བླ་མ་ཞིག་ཡིན་ནས་བཟུང་ཆབ་སྲིད་གནང་ན་ཡག་པོ་མ་ཡིན་པར་བཤད་ན་ལང་ཕྱོགས་དེ་ཆོས་དང་ཚན་རིག་གང་རུང་དང་མཐུན་པ་རེད། འོན་ཀྱང་བླ་མ་དམིགས་བསལ་བ་ཞིག་ཡར་ཕུད་ནས་གཞན་རྣམས་ལ་སྐྱོན་བརྗོད་བྱེད་པ་ནི་ཆོས་དང་ཚན་རིག་གང་དང་ཡང་མི་མཐུན་ཞིང་། ཕྱོགས་རིས་དང་། ཡང་ན་འཇིགས་སྣང་གི་དབང་དུ་སོང་བ་ཡིན་པ་གསལ་པོ་རེད།
    བོད་སིལ་བུར་འཐོར་ནས་བཟུང་། བོད་ལ་བྱས་རྗེས་ཆེ་བ་རྣམས་ནི། ཆོས་གནང་ན་ཡང་འདྲ། སྲིད་གནང་ན་ཡང་འདྲ། བླ་མ་དང་སྤྲུལ་སྐུ་དེ་ཚོ་ཡིན་པ་ལས། ང་ཚོ་མི་སྐྱ་ཚོ་མ་ཡིན་པ་ནི། སྐུ་ཉིད་ཀྱིས་བོད་ཀྱི་ལོ་རྒྱུས་ལ་ལྟོས་དང་རོབ་ཙམ་ཤེས་ངེས།

    Reply
  10. rinchen says:
    ལོ་ 16 སྔོན།

    སྨར་དྷི་ལགས། ཁྱོད་ཀྱིས་ཇི་ནས་ཇི་ཙམ་བཤད་ཀྱང་། སོ་སོ་མཐའ་ནས་ནས་མཐའ་རུ་འགྲོ་རྒྱུ་ཀརྨ་པ་མར་འཐེན་ཐུབ་པའི་རེ་བ་ནི་ཁྱོད་ལ་མེད་པ་རེད།
    བོད་པ་ལ་སྐྱོན་ཆེ་ཤོས་རྨོངས་དད་དང་ཨུ་ཚུགས་གཉིས་ཡོད་པ་ལས། འདིར་འཁོད་པའི་དྲྭ་གྲོགས་ཡོངས་ལ་ལྟོས་དང་ཁྱོད་རང་ལས་ཨུ་ཚུགས་ཚ་བ་ཞིག་སུ་འདུག
    ང་ཚོས་ཀརྨ་པའི་གནང་སྟངས་དེ་ཡག་པོ་ཡིན་པ་མཐོང་བ་དེ་རྨོངས་དད་ཡིན་ན་ཁྱོད་ཀྱིས་ཀརྨ་པའི་གནང་སྟངས་ཡག་པོ་མ་ཡིན་པར་མཐོང་བ་དེ་ལོག་ལྟ་མ་ཡིན་པའི་རྒྱུ་མཚན་ཅི།
    ངའི་རེ་བར་བོད་ལ་མི་སྐྱ་དམིགས་བསལ་བ་འཛམ་གླིང་ཡོངས་ལ་སྙན་གྲགས་ཡོད་པ་ཞིག་ཕལ་ཆེར་མི་འདུག་པས་དེས་ན་བླ་མ་དམིགས་བསལ་ཅན་མང་ཙམ་ཞིག་བོད་པའི་སྤྱི་ཚོགས་ནང་དུ་བྱུང་ན་ཡག་དྲན།

    Reply
  11. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    བོད་པ་ལ་སྐྱོན་ཆེ་ཤོས་དེ་རྨོངས་དད་དང་ཨུ་ཚུགས་གཉིས་པོ་རེད། བླ་མ་ལ་དེ་རིང་དབང་ཞུ སང་ཉིན་སྐུ་འདེད་གཏོང་རྒྱུ་ལ་འཚེར་སྣང་གཏན་ནས་མེད། བསྟན་པའི་བདག་པོས།
    དགེ་སློང་དག་གང་མཁས་རྣམས་ཀྱིས། །
    སྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
    ལེགས་པ་རྟགས་ལ་ངའི་བཀའ། །
    བླང་བ་བྱ་ཕྱིར་གུས་པར་མིན། ། ཞེས་གསུངས་པ་དེ་དགོངས་གཞི་རྨོངས་དད་ཅན་ངེད་ཅག་བོད་པ་ཚོ་ལྟ་བུ་
    དགོངས་པ་ཡིན་པ་ད་གཟོད་གཞི་ནས་ར་ཕྲོད་བྱུང། དེས་ན་དྲ་གྲོགས་རྣམ་པ་ལགས་ ཀརྨ་པ་ད་ལྟ་སྐུ་ཚེ་བསྟོད་ཀྱི་མཛད་པ་རེད་ད་དུང་སྐུ་ཚེ་སྨད་ཀྱི་མཛད་པ་གཞི་ནས་སྟོན་རྒྱུ་རེད་དེས་ན་ལྷོད་ལྷོད་བྱོས་ཤིག །

    Reply
  12. rinchen says:
    ལོ་ 16 སྔོན།

    ༡ འདབ་གཤོག་རབ་ཏུ་རྒྱས་པའི་ཁྱུང་གི་བུ། །
    དལ་བུར་ནམ་མཁའི་དབྱིངས་སུ་རྒྱུ་བ་ན། །
    གཅིག་པུར་བྲག་གི་ཁུང་བུར་ལྷག་པ་ཡི། །
    གོ་བོ་རྒན་པོས་སྔང་མིག་བྱེད་པ་ཅི། །

    ༢ ལུགས་གཉིས་མཛད་རྗེས་འོད་སྟོང་འཕྲོ་བའི་གཟིས། །
    གླིང་འདིར་གྲགས་པའི་ཆེ་དགུ་ཐམས་ཅད་ཀྱི། །
    ཡིད་ཀྱི་བརྟན་པ་དབང་མེད་འཕྲོག་བྱེད་ན། །
    དམ་ཉམས་བདུད་ཀྱི་བུ་འདིར་ཅིའི་ཕྱིར་འཁངས། །

    ༣ ཐབས་མཁས་ཐུགས་རྗེ་ལྡན་པའི་སྐྱེས་མཆོག་གིས། །
    ཆོས་དང་འཇིག་རྟེན་མཛད་ཕྲིན་གང་སྤེལ་ཡང་། །
    བྱང་ཆུབ་སེམས་དཔའི་སྤྱོད་ལས་མ་འདས་ཕྱིར། །
    དོན་མེད་ཉན་ཐོས་རྒད་པོ་མ་འཇིགས་ཤིག །

    ༤ མང་པོའི་དཀྱིལ་ནས་འབུར་དུ་ཐོན་པ་ཡི། །
    བཟང་ངན་བྱས་རྗེས་རྡུལ་ཙམ་མི་བདོག་ཀྱང་། །
    རྟག་ཏུ་གཞན་གྱི་ལས་ལ་དམའ་འབེབས་ཤིང་། །
    ཁ་རོག་མི་སྡོད་དེ་ནི་ཁྲེལ་བའི་གནས། །

    ༥ ཤེས་རབ་འཛད་མེད་འཇམ་དཔལ་དཔའ་བོ་ཡིས། །
    དུས་རབས་གསར་པའི་འོད་སྟོང་འབར་བའི་ཁྲེོད། །
    ཚེ་གང་རྨོངས་པས་མྱོས་པའི་སྨར་དྷི་ཉིད། །
    སྐད་ཅིག་བླུན་པོའི་གནས་ལས་འདྲེན་དུ་གསོལ། །

    Reply
  13. ཟླ་ཀླུང་། says:
    ལོ་ 16 སྔོན།

    སྨར་དྷི་ཟེར་ལགས། ཆོ་མེད་པའི་སྐད་ཆ་དེ་འདྲ་མ་བཤད་གདའ། བོད་ཀྱི་རབ་བྱུང་གི་ཐོག་མའི་གྲས་ཉང་བན་བསྟན་འཛིན་བཟང་པོས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཕྱག་རོགས་སུ་ཆབ་སྲིད་ཀྱི་མཛད་འགན་བཞེས་ཤིང་། དེ་བཞིན་ས་སྐྱའི་འགྲོ་མགོན་ཆོས་འཕགས་དང་། ཏཱ་སི་བྱང་ཆུབ་རྒྱལ་མཚན། གོང་ས་ལྔ་པ་ཆེན་པོ་སོགས་ཆབ་སྲིད་ཀྱི་མཛད་འགན་བཞེས་པའི་རབ་བྱུང་མང་པོ་བྱུང་ཡོད། ཡིན་ནའང་ཁྱོད་རང་མཐོང་ཐོས་རྒྱ་ཆུང་བས་མ་ཤེས་པ་ཡིན་པ་འདྲ། སྤྱིར་སངས་རྒྱས་དང་བྱང་སེམས་རྣམས་ནི་གང་ལ་གང་འདུལ་དེ་ལ་དེར་སྟོན་ཡིན་པས་འདི་ཙམ་མ་གཏོགས་མཛད་ཕྲིན་སྐྱོང་མི་ཆོག་སྙམ་པ་ནི་ལྐུགས་རྟགས་རང་རེད། ཐེངས་འདིར་རྒྱལ་སྤྱིའི་མཁས་པའི་ལྷན་ཚོགས་ལས་དམིགས་བསལ་ཆབ་སྲིད་རྐྱང་པ་ཞིག་མ་རེད། གལ་ཏེ་ཡིན་པའི་དབང་དུ་བཏངས་ཀྱང་རྒྱལ་བ་ཀརྨ་པ་མཆོག་བླ་མ་དམིགས་བསལ་ཅན་མིན་པའི་རྒྱུ་མཚན་གང་ལ་ཐུག ཁྱོད་རང་ག་དུས་ཡིན་ནའང་འདི་འདྲའི་སྐད་ཆ་ཆོ་མེད་རང་བཤད་མ་སྡོད། སྨྱུག་མིང་གི་བཀའ་དྲིན་ལས་ཁྱོད་རང་འུག་པ་ཉིན་མོར་ཐོན་ཉེན་འདུག །

    Reply
  14. rinchen says:
    ལོ་ 16 སྔོན།

    སྨར་དྷི་ལགས།
    ཁྱེད་ཀྱིས་མཁྱེན་དགོས་པ་ཞིག་ལ། ཁ་ནས་བླ་མ་དམིགས་བསལ་ཅན་ག་ཚོད་ཅིག་ལབ་ཀྱང་། ཀརྨ་པའི་གནང་སྟངས་མ་འགྲིག་པའི་སྐྱོན་བརྗོད་དེ་དག་ནི། གཟབ་ཙམ་མ་གནང་ན། བླ་མ་དམིགས་བསལ་ཅན་གྱི་དབུ་ལ་ཡང་མང་ཚོད་ཅིག་ཕོགས་མེད་དམ་སྙམ།

    Reply
  15. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    དངོས་ཉིད་ཁྱེད་རང་ངས་ཁ་སང་བཤད་པའི་སྐད་ཆ་དེ་མཐོང་མེད་པ་འདྲ་ཁག་
    མེད་ངས་དང་ཐོག་ནས་བླ་མ་དམིགས་གསལ་ཅན་རྣམས་ཕུད་པ་ལས་གཞན་ཞེས་ཞུས་ཚར་ཡོད་དེས་ན་ཁྱེད་ཀྱིས་་ཕྱི་ལྟས་ཤིག་བྱོས་དང་གཟོད་དོགས་པ་རྣམས་རང་ཡལ་དུ་གྱུར་ངེས།

    Reply
  16. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    སྨར་དྷི་ཟེར་ལ་དྲི་བ་ཞིག་ཡོད། གོང་ས་མཆོག་དང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་རབ་ཏུ་བྱུང་བ་མ་ཡིན་ནམ། དངོས་གནས་ཁྱོད་རང་གིས་དྲང་པོ་གསུང་དང་། ཁོང་རྣམ་གཉིས་ཀྱང་གཟན་ཤམ་བཞེས་ཡོད།

    Reply
  17. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་ག་དུས་ཡིན་ན་དངོས་ཡོད་ཀྱི་སྐད་ཆ་བཤད་ས་
    མེད་པའི་ལམ་ལུགས་ངན་པ་དེ་མནའ་ནས་ད་བར་གྱོང་ཆེ་ཤོས་དེས་རེད་ད་དུང་མུད་ཐུད་གྱོང་རགས་ངེས་རེད་་།
    ཀརྨ་པ་ཁོང་རང་ག་རེ་བྱས་ན་འགྲིག་གི་རེད་མོད་འོན་ཀྱང་རང་གི་ལུས་ལ་གྲྭ་ཆས་ཞིག་གྱོན་ཚ་བ་རེད་དེས་ག་རེ་མཚོན་བྱེད་ཡིན་པ་མཁྱེན་དགོས་རེད་
    རབ་བྱུང་ངུར་སྨྲིག་གི་སྡེ་ཞེས་པ་དེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཏེ་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ཡོངས་རྫོགས་མཆིལ་མ་ལྟ་དོར་ནས་ཆོས་རྣམ་དག་ཞིག་བྱ་རྒརྒྱུ་ཡིན་ཟེར་ནས་དགེ་ཚུལ་སློང་གི་སྡོམ་པ་བླང་པའི་ཉིན་མོ་དེ་ནས་དམ་བཅས་པ་རེད་དམ་བཅའ་གཞི་གཟུང་གི་ལས་ཀ་བྱ་རྒྱུ་གལ་ཆེ་རེད་སྙམ་།

    Reply
  18. འཇམ་དཔལ། says:
    ལོ་ 16 སྔོན།

    རྒྱལ་བ་ཀརྨ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་པ་ལ་མཚམས་འབྲེལ་བཀྲ་ཤིས་བདེ་ལེགས་དང་༧གོང་ས་མཆོག་གི་བཀའ་འོག་ལྟར་ཕེབས་ཐུབ་པའི་རེ་བ་དང་སྐུ་ཚེ་ཞབས་པད་རིང་དུ་བརྟེན་པའི་སྨོན་སྟོན་བཅས་

    Reply
  19. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    སྨར་དྷིས་གླུ་བ་གཡང་དྲུང་དབང་རྒྱལ་མཚོན་བྱེད་དུ་དྲང་བ་དེ་གནས་སྐབས་ཁ་རྕོད་ཙམ་རེད།
    བཤད་མི་ཆོག་ཟེར་ཡག་མེད་

    Reply
  20. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ཕལ་ཆེར་སྨར་དྷི་ཅན་པོ་འདི་ཅུང་སྐོར་ལོག་གཅིག་ཡིན་པ་འདྲ།
    ངོ་མ་མ་ཤེས་པ་ཡིན་ན་ད་ལྟའི་བོད་མི་རིགས་ཆགས་འཇིག་གི་མཚམས་སུ་སླེབས་པའི་གནས་སྟངས་སྐྱོ་བོ་འདི་ཆོས་མ་སྒྲུབ་པས་ལན་པ་མ་རེད་སྲིད་མ་འགྲུབ་པས་བྱུང་བ་རེད། མདོར་ན་བླ་མས་ཆོས་བྱས་ནས་སྐྱོབ་མི་ཐུབ་ལ་དེ་ལས་སྲིད་བྱས་ན་རེ་བ་ཡོད་རེད།

    Reply
  21. ངག་དབང་། says:
    ལོ་ 16 སྔོན།

    ནོར་བཅོས། ༼རྩོམ་མི་ནུས་པའི་༽

    Reply
  22. ངག་དབང་། says:
    ལོ་ 16 སྔོན།

    ཁོང་གི་མཛད་འཕྲིན་དང་། གཟི་བརྗིད། མི་རིགས་ཀྱི་ལ་རྒྱ་སོགས་ལ་ཤིན་ཏུ་བསྟོད་དོ། ནག་ཕྱོགས་སུས་ཀྱང་བར་བགེགས་རྩོམ་ནུས་པའི་ཆོས་སྲུང་རྣམས་ཀྱིས་བྱ་ར་མཛོད་ཅིག

    Reply
  23. རྒྱང་རིང་ནས། says:
    ལོ་ 16 སྔོན།

    རྐ་མ་པ་མཆོག་གིས་༧གོང་ས་མཆོག་ནས་ལམ་སྟོན་གང་གནང་བ་རྣམས་ཁུར་བླང་སྟེ་གཞིས་བྱེས་གཉིས་ལ་འོད་སྣང་ཞིག་བསྐྲུན་ཐུབ་པའི་རེ་ཤིན་ཏུ་ནས་ཆེ།

    Reply
  24. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    ངས་སྐད་ཆ་དངོས་ཡོད་གནས་ཚུལ་ཡིན། དགའ་ས་ལ་སྤྲེལ་ལད་འཁྲབ་དགོས་པ་དང་། མ་དགའ་ས་ལ་ཕྲག་དོག་བྱེད་དགོས་གང་ཡང་མེད་པའི་ངའི་བསྒྱུར་དུ་མེད་པའི་
    གཤེགས་ཀ་རྣལ་མ་དེ་ཡིན།

    Reply
  25. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    སྨར་དྷི་ཟེར། ཁོང་སྨྱོ་བ་འདྲ་འདུག་བྱིས་པ་ལོ་བཅུ་དྲུག་ཡས་མས་ཞིག་གི་སྐད་ཆ་འདྲ་བ་མ་གཏོགས་གཞན་གང་ཡང་མི་འདུག ཕྲག་དོག་གིས་ཨུ་ཚུགས་མ་གནང་རོགས། ཁྱོད་འདྲ་བ་བོད་པའི་སྤྱི་ཚོགས་སུ་ཡོད་པ་དེ་ནི་བོད་མི་རིགས་ཀྱི་ཕམ་ཁ་རེད་གདའ།

    Reply
  26. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    ཀརྨ་པ་དེ་རིང་གི་མཛད་སྒོར་ལ་བཅར་་ཐུབ་པ་དེ་བོད་མི་རིགས་ཀྱི་མ་འོངས་པར་རེ་སྐྱོབ་ཞུ་འོས་པའི་ལས་ཀ་ཞིག་ཡིན་པ་ངོས་འཛིན་ཞུ་ན་འགྲིག་གི་རེད།
    ཡིན་ནའང་ངས་ལྟས་ན་མི་སྣ་གྲགས་ཅན་དང་མཉམ་དུ་འགྲོ་བ་དང་སྐད་ཆ་བཤད་པ་ངོ་མཚར་ཆེ་རྒྱུ་གང་ཡང་མེད།
    གལ་སྲིད་དེ་འདྲའི་རིགས་དེ་བོད་བསྟན་སྲིད་ལ་ཕན་པའི་རླབས་ཆེན་གྱི་བྱ་བཞག་ཡིན་ན།
    འོ་ན་བོད་ནང་གི་གླུ་པ་གཡུང་དྲུང་དབང་རྒྱལ་ཆོས་ཅན། བོད་བསྟན་སྲིད་མི་རིགས་དང་བཅས་པའི་རླབས་ཆེན་གྱི་ཕྱག་རྗེས་འཇོག་མཁན་ཞིག་ཡིན་པ་ཐལ།
    རྒྱ་སྤྱི་མི་སྣ་གྲགས་ཅན་དང་མཉམ་དུ་འགྲོ་བ་དང་སྐད་ཆ་བཤད་པ་སོགས་གྲངས་ལས་འདས་པའི་ཕྱིར།

    Reply
  27. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    ཁོང་གི་མཛད་རྗེས་ལ་དངོས་གནས་ཧང་སང་དགོས་པ་ཞིག་རེད་
    མི་དམིགས་བསལ་ཅན་དེ་རྣམས་ཀྱིས་མཛད་རྗེས་རླབ་པོ་ཆེ་འགྲུབ་པ་ལ་གཞན་གྱིས་ཕྲ་དོག་བྱེད་པ་ནི་དེང་གི་སྤྱི་ཚོགས་ལ་མཚོན་ན་སྤྱིར་ཏང་ཞིག་རེད།

    Reply
  28. སེམས་བཟང་། says:
    ལོ་ 16 སྔོན།

    ཨ་ལ་ལ། འཛམ་གླིང་རང་བཞིན་གྱི་གྲགས་ཅན་མི་སྣ་རྒྱས་འཛོམས་བྱ་སར། རྒྱལ་བ་ཀརྨ་པ་མཆོག་གིས་བོད་མི་རིགས་ཀྱི་མིང་ཁུར་ཏེ། བོད་ཀྱི་རིག་གཞུང་གཞི་རྩར་བཟུང་བའི་གཏམ་བཤད་བྱེད་པ་ནི་དངོས་གནས་ང་ཚོ་སྤོབས་པ་བྱ་ཆོག་པའི་གནས་ཚུལ་བཟང་པོ་ཞིག་རེད་ཡ།

    Reply
  29. དགའ་དབང་། says:
    ལོ་ 16 སྔོན།

    དགོངས་དག སྨར་དྷི་ཟེར་ལགས། ངས་ནང་གཏམ་ཞུ་ཡག་ཅིག་ལ། ཁྱོད་རང་གི་རྩོམ་ཡིག་སྔ་ཕྱི་གང་ལ་བལྟས་ཀྱང་། ཆོས་དང་འཇིག་རྟེན་གང་ལའང་མཐོང་ཐོས་རྒྱ་ཆུང་བ་མ་ཚད། བོད་ཀྱི་རྩོམ་རིག་ལའང་བྱང་ཆ་ཆུང་བའི་རྟག་མཚན་དམར་རྗེན་དུ་མངོན་འདུག་པས་རྗེས་མ་ཁུ་སིམ་མེར་བཞུགས་རོགས་གྱིས། ང་ཚོ་བོད་པའི་གཞོན་སྐྱེས་དེ་ཚོའི་བོད་ཡིག་གི་ཤེས་ཚད་འདི་འདྲའི་ཞན་པ་ལ་ཨང་སྙམ་ནས་ང་ནི་སེམས་པ་ཡང་སྐྱོ་ཡོང་གི་འདུག

    Reply
  30. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    ལགས་སོ་སླར་ཡང་བསམ་ཆ་ཞིག་མ་ཞུ་ཐབས་མེད་བྱུང་།་ ཀརྨ་པ་ཁོང་བསྟན་འགྲོ་དོན་དུ་བྱོན་པ་ཡིན་མིན་འདོད་མཁན་མི་ཉུང་ཡོད་ཀྱང་དེར་དགག་སྒྲུབ་བྱ་འདོད་མེད་་་་་བླ་མ་དམིགས་གསལ་ཕུད་པ་ལས་བླ་མ་བྱེ་བྲག་པ་རིགས་ལ་ཆབ་སྲིད་ཀྱི་དྲི་ངན་འགོས་ན་ཉིན་དེའི་ཉིན་མོ་ནས་བླ་མ་དེར་ཆོས་
    རྣམ་དག་ཞིག་མེད་པ་གཏན་ཁེལ་གང་ཡིན་ཞེ་ན་ཆབ་སྲིད་ཞིག་པ་དེ་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ཞིག་རེད་དེས་ན་དམ་པའི་ལྷ་ཆོས་ཞིག་པ་དེ་ཆོས་བརྒྱད་ཀྱི་དྲི་མ་དང་བྲལ་བའི་འགོག་ལམ་གྱི་བསྡུས་པ་ཞིག་ལ་གོ་དགོས་ཁོང་གཉིས་དུས་ཡང་
    མཉམ་དུ་མི་འབྱུང་བ་མ་ཟད་འགལ་བ་ལྟག་སྤྲོད་བྱ་འདོད་ན་དམིགས་གསལ་རེད་་་་་་་་་་་

    Reply
  31. ཚེ་རིང་བཀྲ་ཤིས། says:
    ལོ་ 16 སྔོན།

    ཀརྨ་པ་ད་རེས་རྒྱལ་སྤྱིའི་ལྷན་ཚོགས་སུ་ཕེབས་པ་དོན་ཕན་ཆེན་པོ་ཡོད་པ་ཞིག་ཡིན་པའི་བསམ་ཚུལ་དེ་ལ་ངས་་རྒྱབ་སྐྱོར་ཞཱུ་རྒྱུ་ཡིན། ང་ཚོའི་སྐུ་མདུན་ཡིད་བཞིན་ནོར་བུའི་རྗེས་རབས་པའི་ཁྲོད་ངས་པར་དུ་རྒྱལ་སྤྱིའི་ཁྲོད་ཚུལ་སྣང་གི་ལན་ཆ ཆེན་པོ་ཡོད་པའི་མི་སླེབས་རྒྱུ་དེ་ཡོད་ཚད་ལས་གལ་ཆེ་བ་ཡོད། དེས་ང་ཚོའི་མ་འོངས་པར་རྒྱལ་སྤྱིའི་རང་བཞིན་གྱི་སྣེ་ཁྲིད་བྱེད་ཐུབ། སྤྱི་ཚོགས་ནི་དམག་མི་དང་འདྲ་ལ་གལ་ཏེ་དེར་དམག་དཔོན་ལྟ་བུའི་ཕྱོགས་སྟོན་གྱི་སྣེ་ཁྲིད་པ་མེད་ན་ངེས་པར་ཕམ་ཉེས་སུ་འགྱུར་རྒྱུ་རེད།
    དེ་བས་ད་རེས་ཀརྨ་པས་རྒྱལ་སྤྱིའི་དབུ་ཁྲིད་ཆེན་པོ་དག་དང་མཉམ་ཞཱུགས་ཀྱིས་གསུང་བཤད་སོགས་གནང་བ་དེས་ཕྱོགས་གང་ཐད་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོན་ངེས་རེད། དེས་ན་ང་ཚོས་བོད་ཀྱི་དོན་དངོས་གཞི་ལ་བཞག་ནས་ཀརྨ་པ་དང་ཚུལ་ཁྲིམས་བློ་གྲོས་ལྟ་བུ་མ་འོངས་པར་བོད་ཀྱི་སྣེ་ཁྲིད་ཐུབ་པའི་རེ་བ་ཡོད་མཁན་མི་མང་གིས་ཆེ་མཐོང་ཡོད་པ་དག་ལ་ཞོགས་འདེགས་ཀྱིས་རྒྱལ་སྤྱིའི་རང་བཞིན་གྱི་མི་སྣ་ིཞིག་ཏུ་བསྒྱུར་དགོས། ཁོང་རྣམ་པར་ནོ་པེལ་ཞི་བདེའི་གཟེངས་རྟགས་བཞེས་སུ་འཇུག་དགོས། གུར་དཀར་ཆུང་བཀྱགས་ཟེ་ཀ་ར་རེད། གོང་དཔོན་པོ་བཀྱགས་ཟེ་བློན་པོ་རེད་ཟེར་བ་དེ་གོ་ཨེ་མྱོང་ཤུ་རེ་ཁོ།

    Reply
  32. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    སྨར་དྷི་ཟེར་ལ་ཤ་ཚ་སྙིང་རྗེ་འདི་འདྲའི་རྫིང་བུ་སྦལ་པ་འདྲ་བ་ཞིག་བསམ་མནོ་ཆེ་ས་ལ་གཏོང་དང་། རྒྱལ་བ་ཀརྨ་པ་བསྟན་འགྲོའི་དོན་དུ་ཕེབས་པ་ཡིན་ན་སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱིས་སྒོ་ནས་འགྲོ་དོན་བསྐྱངས་དགོས་པ་ལས་མཐའ་མཚམས་གང་ཡོད། དཔེར་ན་བདག་ཅག་གི་སྟོན་པ་ལ་གཟིགས་དང་མཛད་པ་བཅུ་གཉིས་ཀྱང་གདུལ་བྱའི་ཆེད་དུ་བསྟན་པ་ཞིག་ཡིན།

    Reply
  33. རྒྱང་རིང་ནས། says:
    ལོ་ 16 སྔོན།

    གོ་སྐབས་གང་མང་བླང་ནས་བོད་ཀྱི་ཆོས་དང་ཆབ་སྲིད་གཉིས་ཀར་ཁུར་བླང་དགོས་།

    Reply
  34. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    སྤྱི་ཚོགས་རྙིང་པའ་སྐབས་ང་ཚོ་དཔུང་པ་གཉམ་གཤིབ་བྱས་ཡོད་དཔེར་ན་དགེ་
    འདུན་ཆོས་འཕེལ་ལྟ་བུ་རེད་་་་་་་་་ཡིན་ནའང་ཕྱི་ལོག་གི་ལེགས་སྦྱང་ང་ཚོས་ནང་འདྲེན་གཏན་ནས་བྱེད་བཅུག་མེད་པ་ཤེས་གསལ་རེད་་་་་་་་་་་་ང་རང་ཀརྨ་པ་ལ་མ་དད་པ་མིན་དངོས་ཉིད་དད་པ་ཡོད།

    Reply
  35. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    བླ་མས་ལས་འགན་ཆོས་རེད་་་་་་་ལྷག་པར་དུ་ང་ཚོ་བོད་མི་རིགས་ཀྱི་ཤི་སོན་གཉིས་ཀྱི་དད་རྫས་ཕུལ་ས་དེ་ཁོང་ཚོ་རེད་་་་་་་་་ཁོང་ཚོས་ཆོས་རྣམ་དག་ཞིག་མ་བྱེད་ནས་སྲིད་དོན་དང་ལེགས་སྦྱར་བཤད་ནས་ང་ཚོ་སེམས་ཅན་རྣམས་སྡུག་བསྔལ་ལས་
    གཏན་ནས་སྒྲོལ་མི་སྲིད་

    Reply
  36. ཨ་ལ་ལ says:
    ལོ་ 16 སྔོན།

    ཐེངས་འདིའི་ཚོགས་ཞུགས་འདི་ནི་ཀརྨ་པ་མཆོག་ལ་ཉམས་མྱོང་གསོག་ས་ཞིག་ཡིན་པས་གོ་སྐབས་བླང་ན་ལེགས།

    Reply
  37. བདེ་ཆེན་ལྷུན་གྲུབ། says:
    ལོ་ 16 སྔོན།

    དྲྭ་གྲོགས་སྨར་དྷི་ཟེར་ལགས། སྙིང་རྗེ། དེ་འདྲའི་སེམས་ཆུང་ཆུང་གི་སྐད་ཆ་མ་བཤད་གདའ། འདི་ཆོས་བརྒྱུད་ཅིག་དང་ལུང་ཚན་ཞིག་གི་སྐད་ཆ་ཙམ་མ་རེད། ང་ཚོ་བོད་མི་རིགས་དང་བོད་རྒྱལ་ཁབ་སྤྱིའི་རྩ་དོན་དང་འབྲེལ་བའི་གནད་དོན་ཞིག་ཏུ་བརྩི་ཆོག སྔར་ཡང་ང་ཚོ་མི་གཞན་པའི་ལྷན་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་མ་ཐུབ་ནས་ང་ཚོའི་མི་རིགས་ལ་འདི་འདྲའི་ཉམ་ཉེས་བྱུང་བ་ཤེས་ཀྱི་ཡོད་དམ།

    Reply
  38. ཨུ་ཚུགས་ཅན། says:
    ལོ་ 16 སྔོན།

    སྨར་ངྷི་སངས་རྒྱས་ལ་ཀ་ཁ་སློབ་དགོས་པ་མ་རེད། དེ་ལས་རང་མགོ་འུ་ཐོན་ལ་ལྟོས་ཡ།

    Reply
  39. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    ལགས་སོ་འགྲིག་གི་རེད་བོད་མི་རིགས་དང་ཡང་དགོས་བཀའ་རྒྱུད་པ་ཁོང་རང་ཚོ་བཅས་ཚང་མ་ལ་འགྲིག་ན་ང་ལ་གནད་འགག་གང་ཡང་མེད་་་ཡིན་ནའང་ངའི་སྐད་ཆ་དེ་ཡང་བོད་མི་རིགས་འདིར་བདེ་སྡུག་དང་འབྲེལ་བ་ཡོད་པར་ཞིག་ཡིན་
    སྙམ་

    Reply
  40. བདེ་ཆེན་ལྷུན་གྲུབ། says:
    ལོ་ 16 སྔོན།

    དངོས་གནས་ང་ཚོ་བོད་པ་འདི་ཚོ་བསོད་ནམས་ཟད་འདུག ང་ཚོ་ལ་འཛམ་གླིང་ཐོག་ངོམ་ཡག་ཅིག་ཡོད་པ་ནི་བོད་པའི་ཆོས་དང་བླ་མ་དེ་ཚོ་ཡིན་ནའང་། དྲྭ་གྲོགས་སྨར་དྷི་ཟེར་ལགས་ལྟ་བུ་འདི་ཚོས་ཡོན་ཏན་ཀྱང་སྐྱོན་དུ་མཐོང་གི་ཡོད་པ་རེད། འཛམ་གླིང་གི་གྲགས་ཅན་མི་སྣ་དེ་ཚོའི་ལྷན་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་ཐུབ་པ་དེ་ཡག་པོ་མིན་ན་གང་ཡིན། ཁོང་ཚོས་མི་སྣ་གལ་ཆེན་དུ་མཐོང་བས་གདན་འདྲེན་ཞུས་ཏེ་ལམ་སྟོན་ཞུས་པ་ལས་རེ་སྐུལ་དང་མ་རབས་བྱས་པའི་གནས་ཚུལ་གང་ཡོད་པ་མ་རེད།

    Reply
  41. བློ་བཟང་འོད་ཡུག་པ། says:
    ལོ་ 16 སྔོན།

    སྨར་དྷི་ཟེར་བ་དེས་སྨྱོ་ལབ་མང་དག་ཞིག་རྒྱབ་འདུག་པར་ངོ་མ་ང་ཡ་ང་བྱུང་།
    སོ་སོ་སྤྱི་དོན་ལ་འཁུར་བཞེས་དང་ཕུགས་བསམ་གང་ཡང་མེད་པར་བླ་མ་སྐྱེས་ཆེན་དམ་པ་འདི་འདྲ་བར་ཇུས་གཏོགས་དང་ཁེངས་ར་བྱེད་པ་ནི་ཁྱེད་ཀྱི་གདོང་ལ་ལྤགས་པ་མེད་པའི་རྟགས་རེད།

    Reply
  42. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    འདི་འདྲ་ཡིན་མིན་ཤག་གོ་མི་གོ་བླ་མ་ཆབ་སྲིད་པ་དེ་ཚོ་གང་ཚང་གཅིག་ལ་བླ་མའི་མཐོང་ཡང་མེད་དཔོན་པོ་མཐོང་ཡང་མེད་མི་རིགས་ཀྱི་ལས་དོན་ཡང་མི་འགྲུབ་གཞག་ས་གཞག་བརྟེན་ཅི་ཡང་མེད་པ་ཆག་གི་རེད་རང་ཉིད་ཀྱིས་་ཆོས་རྣམ་དག་ཞིག་ཀྱང་མི་མཐོན་དེ་ནས་གཞི་ནས་མཁྱེན་ཡོང་

    Reply
  43. jig,wang says:
    ལོ་ 16 སྔོན།

    དྲྭ་གྲོགས་ནོར་གླིང་ལག་ཀྱི་གསུངས་པ་དངོས་གནས་རེད། མཐའ་ཀླས་པའི་སྐྱེ་འགྲོ་རྣམས་ཀྱི་ཆེད་དུ་ཕན་བདེའི་བྱེད་པོ་ཉིད་དུ་ཐུགས་སྐྱེད་གནང་བའི་སྐྱེས་ཆེན་དག་གི་མཛད་པ་ནི་འདི་ཁོ་ན་ལས་མ་འདས།

    Reply
  44. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    དྲྭ་གྲོགས་བདེ་ཆེན་ལྷུན་གྲུབ་ཀྱིས་གསུངས་པ་དེ་ཡང་མི་བདེན་རྒྱུ་མི་འདུག བླ་མ་དམིགས་བསལ་བ་འདི་ཚོར་རང་དབང་ཚད་ལྡན་ཞིག་ཡོད་ཚེ་འཛམ་གླིང་འདིར་མཛད་རྗེས་ཀྱི་གཟི་འོད་འཕྲོ་བར་ཐེ་མི་ཚོམ་ལ།་ བོད་དོན་ལ་ཡང་ངེས་པར་དུ་ཕྱག་ལས་རླབས་ཆེན་ཞིག་གནང་རྒྱུ་གདོན་མི་ཟ། འོན་ཀྱང་?????????????

    Reply
  45. བདེ་ཆེན་ལྷུན་གྲུབ། says:
    ལོ་ 16 སྔོན།

    བླ་མ་དམིགས་གསལ་ཅན་ཁག་གིས་ཕྱི་ནང་གི་ཆབ་སྲིད་སོགས་ལ་དགའ་པོ་མེད་ཀྱང་། ཆེད་དུ་མི་རིགས་དང་གཞུང་དག་གིས་གར་ཁྲིད་ལས་རང་དབང་ཚད་ལྡན་ཞིག་ཨེ་ཡོད་དམ། ཆོས་ཕྱོགས་སུ་བསྐྱོད་ཆོག་ན་དངོས་གནས་རང་གཞན་ཀུན་ལ་ལེགས་པའི་མཛད་འཕྲིན་རེད།

    Reply
  46. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    བླ་མ་དམིགས་བསལ་བ་དེ་ཚོའི་ཆབ་སྲིད་ནི་དོན་དུ་ཆོས་ཀྱི་ར་བ་ལས་ནམ་ཡང་བརྒལ་མི་སྲིད།
    གང་ཡིན་ཟེར་ན་གཞན་དོན་དུ་བསམ་བཞིན་སྐྱེ་བ་གཞེས་པ་ཤ་སྟག་རེད།

    Reply
  47. ཚེ་རིང་བཀྲ་ཤིས། says:
    ལོ་ 16 སྔོན།

    ལྷན་ཚོགས་དེ་ལམ་ལྷོངས་ཡག་པོ་ཡོང་བར་སྨོན།

    Reply
  48. jig,wang says:
    ལོ་ 16 སྔོན།

    ལེགས་སོ། འགྲོ་ཀུན་བདེ་ལ་འགོད་པའི་ཐུགས་སྐྱེད་ཀྱི རླབས་ཆེན་མཛད་པའི་ཕྲིན་ལས་བརྡོལ་བ་ལ། ལོག་སྨོན་ངན་པའི་བརྫི་བ་མི་ནུས་པའི། སྲས་བཅས་རྒྱལ་བ་ཀུན་གྱི་དགེ་ལེགས་སྩོལ།།

    Reply
  49. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    བླ་མ་དམིགས་གསལ་ཅན་རྣམས་ཕུད་པ་ལས་བླ་མ་ཆབ་སྲིད་ཀྱི་ཕྱོགས་ལ་མགོ་
    འཁོར་མཁན་དེ་ཞེ་དྲག་ཡག་པོ་མཐོང་གི་མེད་དེ་ལས་རང་ཉིད་ཆོས་པ་རྣམ་དག་ཞིག་བྱེད་དེ་་་ཐོས་རྟགས་ཀྱི་ཞི་འདུ་བག་ཡོད་དང་
    སྒོམ་རྟགས་ཀྱི་ཉོན་མོངས་མེད་པ་ཞིག་བྱ་ཐུབ་དེ་དགེ་མཚན་ཆེ་འོ།

    Reply
  50. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་ཞལ་ནས། བྱང་ཕྱོགས་ཐུབ་བསྟན་དར་བའི་རྒྱལ་ཁམས་སུ༎ སྤྲུལ་སྐུ་རིམ་པར་བྱོན་པའི་ངོ་མཚར་ཅན༎ འགྲོ་རྣམས་བདེ་ལ་འགོད་པའི་ཀརྨ་པ༎ ཞེས་ཆེས་ཆེར་བསྔགས་པ་དོན་དང་ལྡན་འདུག

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese