མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

བོད་ཀྱི་དུས་བབ།
༢༠༢༦/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བལ་ཡུལ་གྱི་གཞུང་གསར་པར་མཉམ་འབྲེལ་གྱིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལག་བསྟར་དང་མ་འཇོག་སོགས་བྱེད་འདུན་ཡོད་ལུགས་བཤད་འདུག

FM Shisir Khanal with Chinese envoy Zhang Maoming on April 7, 2026 (Photo/The Kathmandu Post)

ཉེ་ལམ་བལ་ཡུལ་ནང་ན་གཞོན་ཡར་ལངས་དང་སྲིད་འགྱུར་བྱུང་ནས། ཕྱི་ཟླ་ ༣ ཚེས་ ༢༧ ཉིན་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ (Balendra Shah) ལགས་ཀྱིས་སྲིད་བློན་གྱི་དམ་འབུལ་ཞུས་རྗེས། བལ་ཡུལ་ནང་སྲིད་འབྱོར་རིག་གསུམ་གྱི་ཐོག་ནས་འགྱུར་བ་ཆེན་པོ་ཞིག་གཏོང་མུས་ཡིན་པའི་མུར། དེ་སྔ་བལ་ཡུལ་དམར་ཤོག་སྲིད་གཞུང་གིས་རྒྱལ་ཁབ་གཞན་དང་ལྷན་དུ་བཟུང་བའི་སྲིད་ཇུས་ཁག་ལ་འགྱུར་བ་ཐེབས་གྲབས་ཡོད་པའི་མཚམས་འདིར། ཟླ་འདིའི་ཕྱི་ཚེས་ ༧ ཉིན་བལ་ཡུལ་དུ་གནས་སྡོད་རྒྱ་ནག་གཞུང་ཚབ་པ་ཀྲང་མོ་མིང་(Zhang Maoming) གིས་བལ་ཡུལ་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་བློན་ཆེན་གསར་པ་ཤི་ཤལ་ཀ་ནལ་(Shisir Khanal) ལགས་སུ་ཐུག་འཕྲད་བྱེད་སྐབས། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་བཟུང་བའི་ལངས་ཕྱོགས་ལ་འགྱུར་བ་མེད་ལུགས་བཤད་འདུག

རྒྱ་ནག་གཞུང་གི་བལ་ཡུལ་གཞུང་ཚབ་པ་ཐུག་འཕྲད་སྐབས། བལ་ཡུལ་ཕྱི་སྲིད་བློན་ཆེན་གྱིས། བལ་ཡུལ་གཞུང་གིས་ཕྱི་སྲིད་ལ་བཟུང་བའི་རྩ་ཁྲིམས་གཏན་འབེབས་བྱས་ཡོད་པ་ལྟར། ང་ཚོས་མུ་མཐུད་དུ་རྩ་དོན་གྱི་ལངས་ཕྱོགས་བརྟན་པོའི་ཐོག་ནས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལ། ང་ཚོའི་ལངས་ཕྱོགས་སྔར་བཞིན་རང་འཇགས་ཡིན། རྒྱ་ནག་ཚུད་པའི་རྒྱལ་ཁབ་གཞན་གང་ལའང་ང་ཚོའི་ས་ཁོངས་བེད་སྤྱོད་གཏོང་དུ་འཇུག་རྒྱུ་མིན་ཡང་། ང་ཚོས་རྒྱ་ནག་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ཡང་གནད་དོན་དེ་དག་འབྲེལ་ནས་བལ་ཡུལ་གཞུང་གསར་པའི་སྲིད་བློན་གྱི་སློབ་སྟོན་པ་རུ་པག་སབ་ཀོ་ཏ་(Rupak Sapkota) ལགས་ཀྱིས། རྒྱ་ནག་གཙོས་རྒྱལ་ཁབ་མང་དག་གིས་བལ་ཡུལ་དང་ལྷན་དུ་མཉམ་འབྲེལ་གྱི་ལས་དོན་གཉེར་འདོད་ཡོད་པ་མ་ཟད། ཚང་མས་གཅིག་མཚུངས་ཀྱིས་བལ་ཡུལ་གྱི་ཆབ་སྲིད་དང་སྲིད་ཇུས་སྲ་བརྟན་ཡོང་སླད་སེམས་ཁྲལ་བྱེད་ཀྱི་ཡོད། བལ་ཡུལ་ནང་གི་འདས་པའི་ཞན་ཆ་ཆེ་ཤོས་ནི་ཆབ་སྲིད་དང་སྲིད་ཇུས་སྲ་བརྟན་མེད་པ་དེ་རེད། བལ་ཡུལ་གཞུང་སྟོབས་ཆེན་དུ་གྱུར་བའི་དུས་སྐབས་དང་བསྟུན། བལ་གཞུང་དང་འབྲེལ་འདྲིས་ཡོད་པའི་རྒྱལ་ཁབ་ཁག་གིས་ཀྱང་སྲ་བརྟན་དང་སྲིད་ཇུས་ཀྱི་ཁ་ཕྱོགས་གསལ་པོ་ཞིག་འཚོལ་གྱིན་ཡོད། ལྷག་པར་རྒྱ་ནག་གཞུང་གིས་རྒྱ་བལ་གཉིས་ཀྱི་གྲོས་མཐུན་ཁག་ལག་བསྟར་ཡོང་རྒྱུར་འགོར་འགྱངས་ཡོང་ཉེན་ཡོད་པའི་སེམས་འཚབ་བྱེད་ཀྱིན་ཡོད། ཅེས་བརྗོད་འདུག

བལ་ཡུལ་ཕྱི་སྲིད་བློན་ཆེན་དང་བལ་ཡུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པ་གཉིས་ཐུག་འཕྲད་སྐབས། བལ་ཡུལ་གཞུང་གསར་པའི་ཕྱི་འབྲེལ་སྲིད་ཇུས་དང་། རྒྱ་བལ་གཉིས་ཀྱི་གྲོས་མཐུན་ཁག་གི་ཐད་ལ་གསལ་འདེབས། དེ་བཞིན་རྒྱ་བལ་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ཟེར་བ་སོགས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད་འདུག སྤྱིར་འདི་ལོའི་བལ་ཡུལ་གྱི་འོས་བསྡུའི་ཁྲོད་ཨར་སི་པི་(RSP) སྲིད་དོན་ཚོགས་པར་འོས་བསྡུའི་རྒྱལ་ཁབ་ཐོབ་ནས། བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ (Balendra Shah) ལགས་བལ་ཡུལ་གྱི་སྲིད་བློན་དུ་འགྱུར་སྐབས་ཀྱང་། རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་བློན་ཆེན་ཝང་ཡེ་ཡིས། བལ་ཡུལ་གྱི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་སོགས་ལ་འཚམས་འདྲི་བྱས་ཏེ། རྒྱ་ནག་གཞུང་གིས་མུ་མཐུད་དུ་བལ་ཡུལ་གཞུང་གསར་པར་མཉམ་ལས་བྱ་འདུན་ཡོད་ལུགས་སོགས་བཤད་ཡོད་པའི་ཁར། ཀ་ཐི་མན་ཌུ་གསར་ཁང་ལྟར་ན། བལ་ཡུལ་གཞུང་གསར་པས་ལས་ཁུར་བྱས་རྗེས། རྒྱ་ནག་གཞུང་གིས་འཐབ་ཇུས་ཀྱི་ཁེ་ཕན་དང་མ་འཇོག དེ་བཞིན་བལ་ཡུལ་ནང་ཚོང་དོན་དང་ཡུལ་སྐོར་གྱི་ཁྱབ་རྒྱ་ཇེ་ཆེར་གཏང་རྒྱུ་དང་།   རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལག་བསྟར། དེ་བཞིན་སྔོན་ཆད་ཀྱི་གྲོས་མཐུན་ཁག་སྲུང་སྐྱོབ་བྱེད་ཆེད་དུ་བལ་ཡུལ་ནང་སྐུ་ཚབ་ཚོགས་ཆུང་དང་འཐུས་མི་སོགས་ཆེད་དུ་མངགས་ནས། བལ་ཡུལ་གཞུང་གསར་པའི་མགོ་ཁྲིད་དང་གནད་ཡོད་མི་སྣ་སོགས་དང་ཐུག་འཕྲད་བྱེད་ཀྱིན་ཡོད་འདུག

རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ནི་ཕྱི་ལོ་ ༢༠༡༣ ལོའི་མཇུག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཐོག་མར་གླེང་སློང་བྱས་པ་དང་ཕྱིས་སུ་གཏན་ལ་ཕབ་ཡོད་ཅིང་། ཕྱི་ལོ་ ༢༠༡༧ ཙམ་ནས་བལ་ཡུལ་ནང་ལྕགས་ལམ་གསར་རྒྱག་དང་། མ་འཇོག་སོགས་ཚུད་པའི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་མགོ་བཙུགས། ཕྱི་ལོ་ ༢༠༢༣ ལོར་དོན་ཚན་བཅུ་གཉིས་ཀྱི་ཐོག་ནས་བལ་ཡུལ་ནང་སྲིད་ཇུས་དེ་སྔར་ལྷག་སྤེལ་རྒྱུའི་གྲོས་མཐུན་བྱུང་འདུག འོན་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་དབང་གིས། ལོ་མང་རིང་བལ་ཡུལ་དུ་གནས་སྡོད་བོད་མི་རྣམས་ལ་གསུམ་བཅུའི་དུས་དྲན་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཚུད་པའི་བོད་དོན་དང་། བོད་མིའི་ཐད་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese