མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉེས་རྡུང་བཏང་སོང་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༥ ཉིན་མོན་གྷོ་འདོད་རྒུ་གླིང་ས་གནས་གྲོས་ཚོགས་འཐུས་མི་བཀྲ་ཤིས་བསམ་འགྲུབ་ལགས་ ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་སྔོན་མའི་ཚེས་ ༢༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀ་ཡས་མས་སུ་མོན་གྷོ་འདོད་རྒུ་གླིང་དབུས་ཉིན་སློབ་ཀྱི་ཚན་རིག་དགེ་རྒན་བསྟན་འཛིན་འཛོམས་པ་ལགས་ཀྱིས། སློབ་ཕྲུག་བུ་མོ་གསུམ་ལ་ཚབས་ཆེའི་ཉེས་རྡུང་བཏང་ཡོད་པ་དང་། གཉིས་ས་གནས་སྨན་ཁང་དུ་བསྐྱལ་ཡང་དྲག་སྐྱེལ་མ་བྱུང་བར་བརྟེན་ཧོབ་ལིའི་སྨན་ཁང་ཞིག་ཏུ་ཁྱེར་ནས་ནད་བཅོས་བྱེད་དགོས་བྱུང་ཡོད་འདུག

ཁོང་ཚོར་ཉེས་རྡུང་ཕོག་དོན་ནི། ཕྱི་དྲོའི་ཆུ་ཚོད་ ༤ ནས་ ༥ བར་གྱི་འཛིན་གྲྭ་འཕར་མ་འཚོགས་སྐབས། གོང་གསལ་ཉེས་རྡུང་ཕོག་པའི་སློབ་ཕྲུག་དེ་ཚོའི་བསླབ་ཁྲིད་གནང་མཁན་གྱི་དགེ་རྒན་མ་སླེབས་པ་དང་། དགེ་རྒན་བསྟན་འཛིན་འཛོམས་པ་ལགས་ཀྱིས་འཛིན་གྲྭ་གཞན་ཞིག་ལ་སློབ་ཁྲིད་བྱེད་ བཞིན་པའི་སྐབས། སློབ་ཕྲུག་དེ་ཚོས་གཞས་བཏང་སྟབས་ཡིན་འདུག

གང་ལྟར་བུ་མོ་གསུམ་ལས་གཅིག་ལ་རྒྱུགས་པ་གཅིག་མ་གཏོགས་གཞུས་མེད་ཀྱང་། གཞན་གཉིས་ལ་ཚབས་ཆེའི་ཉེས་རྡུང་བཏང་སྟེ། དྲན་པ་འཐོར་ཡོད་འདུག་ལ། དེའི་རྗེས་མོན་གྷོ་འདོད་རྒུ་གླིང་ས་གནས་འཕྲོད་བསྟན་སྨན་ཁང་ནས་ཆུ་ཚོད་བཞིའི་རིང་ IC ནང་དུ་ཛ་དྲག་གི་མྱུར་སྐྱོབ་བྱེད་དགོས་བྱུང་ཡོད་པ་དང་། དེ་རུ་ཉིན་གཉིས་རིང་ནད་བཅོས་བྱས་ཀྱང་མ་ཕན་སྟབས། ཧོབ་ལིའི་སྨན་ཁང་ཞིག་ཏུ་ཉིན་བཞིའི་རིང་སྨན་བཅོས་བྱེད་དགོས་བྱུང་འདུག

བུ་མོ་དེ་དག་ནི་མོན་གྷོ་འདོད་རྒུ་གླིང་གཞིས་གྲོང་བཞི་བའི་བུ་མོ་མཁའ་འགྲོ་ སྒྲོལ་མ་དང་གཞིས་གྲོང་དང་བོའི་བུ་མོ་བསྟན་འཛིན་ལྷ་མཛེས། ཀོ་ལི་གྷལ་གྱི་བསོད་ནམས་དབྱངས་ཅན་བཅས་ཡིན་འདུག་ལ། ཁོང་ཚོ་འཛིན་རིམ་བཅུ་བའི་སློབ་ཕྲུག་ཡིན་འདུག

དགེ་རྒན་བསྟན་འཛིན་འཛོམས་པ་ལགས་ནི་རྒྱ་གར་རྒྱལ་ཡོངས་ཀྱི་དགེ་རྒན་གཟེངས་རྟགས་རག་མྱོང་མཁན་ཞིག་ཀྱང་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 44

  1. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    དཀོན་མཆོག་མཁྱེན། བོད་ཁྱིམ་སློབ་གྲྭ་ཁག་གི་ནང་སྲིན་མོ་ལྟར་ཁྲོ་ཞིང་རྩི་རྩི་ལྟརརྐུ་མཁན་གྱི་ཁྱིམ་ཚང་ཨ་མ་དེ་ཚོ་ཡང་ངོ་མ་ཞིབ་འཇུག་རེ་བྱས་ན་སེམས་པ་སྐྱོ་དགོས་པ་ཞིག་རེད། སློབ་ཕྲུག་དེ་ཚོ་དུས་ཚོད་མང་ཤོས་དེ་ཁྱིམ་ཚང་ཨ་མའི་འགྲམ་སྡོད་དགོས་ཀྱང་དེ་ཚོས་སློབ་སྦྱོང་ཚིག་གཅིག་མི་སྤྲོད་པའི་ཁར་གཤེ་རྡུང་ཁོ་ན་བྱེད་བཞིན་འདུག། ངོ་མ་བཤད་ན་དགེ་རྒན་ལས་ཀྱང་ཁྱིམ་ཚང་ཨ་མ་དེ་ཚོ་ཀྱག་ལང་ཤོར་འདུག

    Reply
  2. འཇམ་བཟང says:
    ལོ་ 16 སྔོན།

    དྲྭ་གྲོགས་ཚོ། དགེ་རྒན་ལེན་པ་རེད་དམ། ཡང་ན་སླྲོབ་ཕྲུག་ལེན་པ་རེད། ཁྱེད་རྣམས་ཀྱིས་ཞིབ་འཇུག་ཡག་པོ་ཞིག་བྱས་ནས་དྲྭ་ཐོགས་ལ་བཀོད་ན་ལེགས། དེ་དུས་ང་ཚོའི་ཐག་བཅད་ཡག་པོ་ཞིག་བྱེད་འོང་།
    ད་ལྟ་ཐག་བཅོད་བྱེད་ཐུབ་ས་མ་རེད།

    Reply
  3. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    དངོས་ཉིད་ཟམ་གདོང་རིན་པོ་ཆེ་ཁོང་ཤེས་ཡོན་སྲིད་བྱུས་ལ་ཧ་ཅང་བྱང་ཆུབ་པས་སེམས་དཔའ་ཞིག་རེད་བྱས་དུས་ཁོང་གི་བཀའ་གང་གནང་བ་དེར་མུས་མཐུན་ཞུ་ངེས་
    ཡིན་།

    Reply
  4. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཝར་ན་ནས་པར་བའི་ཟམ་གདོང་ཚང་གི་གསུང་བཤད་དེབ་དམར་ལྡང་མ་བོད་དབྱིན་ཤན་སྦྱར་ཅན་དེའི་ནང་དུ་བོད་སློབ་ཁག་ཏུ་དགེ་རྒན་གྱིས་སློབ་ཕྲུག་ལ་ཉེས་རྡུང་རྩ་ནས་བཏང་མི་ཆོག་ཅེས་གསལ་བོར་བྲིས་འདུག

    Reply
  5. བོད་ཀྱི་སྐྱག་རྫུན says:
    ལོ་ 16 སྔོན།

    སྤྱི་དུས་རབས་གསར་པའི་ནང་དགེ་རྒན་གྱིས་སློབ་ཕྲུག་བཏང་འཛིན་བྱས་སྟངས་དེ་སྔོན་དུས་དང་མི་འདྲ་བ་འདུག་པ་དེ་བཞིན་རྒྱལ་ཁག་གཞན་ལ་མཚོན་ན་ཧ་ཅང་འཚམ་པོ་འདུག་ཀྱང་ང་ཚོར་བོད་པའི་སྤྱི་ཚོགས་ལ་མཚོན་ན་བོང་བུས་གླུ་གཏོང་བ་དང་མཚུངས།
    སྤྱིར་ཕྲུ་གུའི་སློབ་གསོ་ནི་ཕ་མ་གལ་ཆེས་ཤོས་ཤིག་ཡིན་པ་ལས་བོད་པའི་ཕ་མ་རྣམས་ལ་མཚོན་ན་ཕྲུ་གུའི་རྐུགས་ལ་དབྱུག་པའི་སློབ་གསོ་ལས་ཐབས་ལམ་གཞན་མི་འཚོལ་བས།
    སྟག་མཆོང་སར་ཝ་མོའི་དཔེར་བཞིན་འགྱུར་དོགས་ཆེ་སྙམ།
    དེས་ན་དྲྭ་གྲོགས་རྣམ་པ་ཚོས་ཕ་མའི་ཕྲུ་གུར་སློབ་གསོ་སྤྲོད་ཐབས་ཀྱི་སྐོར་ལ་གྲོས་བསྡུར་ཞིག་བྱས་ན་ག་འདྲ་འདུག

    Reply
  6. བོད་ཀྱི་སྐྱག་རྫུན says:
    ལོ་ 16 སྔོན།

    སྨར་དྷི་ཟེར་བ་ལགས་ཀྱི་བསམ་འཆར་མང་དག་ཞིག་མཐོང་བ་རྟེན་ངས་བསམ་ཚུལ་འགལ་ཞིག་བརྗོད་འདོད་བྱུང་། མ་གཞི་ཁོང་གིས་བཤད་པ་དེ་ཚོར་ལ་དགའ་པོ་བྱས་མཁན་མང་པོ་མི་འདུག་པ་བཞིན་ང་ཡང་གཅིག་མཚུངས་ལ་འོན་ཀྱང་ངག་དབང་གིས་བྱས་སྟངས་དེ་ལ་སྐྱུག་བྲོ།
    གང་ཡིན་ཞེ་ན་ང་ཚོའི་བོད་པའི་སྤྱི་ཚོགས་འདི་ད་ལྟ་བར་དུ་མུན་ཁུག་ནང་ལག་པ་རྐྱོང་ནས་སྡོད་དགོས་བྱུང་བ་དེ་ཁྱེད་ཀྱི་བྱས་སྟངས་འདི་དག་ལྟ་བུ་བསྟུན་མ་བྱུང་བའི་སྐྱོན་རེད། སྨར་དྷི་ཟེར་ལགས་ཀྱི་བསམ་འཆར་དག་མཐོང་བ་ཙམ་གྱིས་སྐྱོན་དུ་མ་གཟིགས་པ་པ་སེམས་ལྷོད་དུ་བབས་ནས་ལེགས་ཉེས་དཔྱོད་དགོས་པ་གལ་ཆེར།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་མི་གཅིག་པ། མི་རིགས་གཅིག་པ། ལས་དབང་གཅིག་པ། སྐྱབས་བཅོལ་གཅིག་པ། རྒྱལ་ཁབ་མེད་པའི་མི་རིགས་ཤིག་ཡིན་པ་མི་བརྗེད་པར་ནང་ཁུལ་སྤུན་ཟླའི་བར་དུ་སྐད་ཆ་བཤད་ཤེས་དང་ཉན་ཤེས། སྐབས་རེར་ཐལ་སོང་བ་འདྲ་བྱུང་ན་དག་སེལ་དང་དགོངས་སེལ་ཞུ་རོགས་གནོངས། འདི་ནི་བདག་གི་རེ་སྐུལ་ཡིན།

    Reply
  8. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    གོང་གི་ངག་དབང་ཞིག་པ་ལགས་ཁྱེད་ཀྱི་ངའི་མཆན་བུ་རྣམས་དཔར་ཤུས་བྱེད་
    པས་དབང་ཚད་སུ་སྤྲོད་སོང་། མ་གཞི་ཁྱེད་རང་འོས་མེད་ཀྱི་བྱོས་ཏོག་མ་བྱེད་ངའི་མཆན་བུ་དེ་གང་བཞག་པ་
    དང་གང་བརྗོད་པ་ངའི་དབང་ཚད་ཡིན་པ་ལས་ཁྱེད་དེར་ཐུགས་ཁུར་གཏན་ནས་གནང་དགོས་དོན་མེད། ཁྱེད་ཀྱི་སྤྱི་ཚོགས་ནང་བཀྲོག་གཏམ་ཞིག་སྤེལ་འདོད་འདུག་གམ་
    གལ་སྲིད་ཁྱེད་ཀྱི་ངར་བཤད་རྒྱུ་ཡོད་ན་ངེད་གཉིས་མཉམ་དུ་འཛོམས་མཆོག ཡང་ན་གློག་ཕྲིན་འདི་སྒང་ནས་བཤད་ཆོག yangchenrolpe_w@yahoo.com འདིའི་ཐོག་བཤད་ན་མཐུས་་རྒྱུ་དེ་དོན་དགོངས་འཇགས་འཚལ།

    Reply
  9. བློ་བཟང་བསྟན་འཛིན། says:
    ལོ་ 16 སྔོན།

    དགེ་རྒན་དང་འབྲེལ་ཡོད་ལས་བྱེད་སུ་ཡིན་ཀྱང་རུང་ཉེས་རྡུང་གཏོང་བ་ནི་མི་འོས་པ་ཞིག་ཡིན་པར་ཁས་ལེན་གྱི་ཡོད། སྐབས་རེ་དགེ་རྒན་ཉེས་རྡུང་གཏོང་མཁན་གྱི་འཛིན་གྲྭའི་སྐབས་སྒྲིག་ལམ་ཡག་པ་དང་། དེ་འདྲའི་དགེ་རྒན་གྱིས་བཀུར་བའི་ནང་སྦྱོང་ཁག་དུས་ཐོག་ལ་བྲིས་ཡོང་སྐབས། བྱམས་དྲགས་པ་དེ་ཞན་ཆ་ཞིག་ཏུ་མཐོང་ནས་ཉེས་པ་གཏོང་དགོས་པའི་དུས་ཚོད་ཀྱང་ཡོང་གི་འདུག
    འོན་ཀྱང་། བོད་པའི་ཕྲུ་གུའི་ཨམ་ཅོག་རྐུབ་ལ་ཡོད་ཞེས་པ་ནི་ཅུང་ཟད་ཐལ་དྲག་པའི་དགོངས་ཚུལ་ཞིག་རེད།

    Reply
  10. ངག་དབང་། says:
    ལོ་ 16 སྔོན།

    དྲྭ་གྲོགས་སྨེར་དྷི་ཟེར་ལགས་ཀྱིས་མཆན་བུ་ཁག་པར་བཤུས་བྱེད་དེ་རང་སོར་གཤམ་དུ་བཀོད་ཡོད།
    བདེ་ཆེན་སྤེན་པ་ལགས་པེ་ཅིན་དུ་བསྡད་པའི་ཉམས་མྱོང།
    སྨར་དྷི་ཟེར།
    ༢༠༠༩/༡༡/༠༨ ཉིན་འདོན་སྤེལ་བྱས། མོ་རང་བོད་ཀྱི་གཞོན་ནུ་ཚོགས་པའི་འབྲེལ་ཐུད་པ་ཡིན་མི་འདུག་ཀྱང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་ཐུད་པ་ཡིན་ཙམ་རྒྱ་གཞུང་གིས་འདྲ་པོ་བཤད་འདུག

    སྨར་དྷི་ཟེར།
    ༢༠༠༩/༡༡/༡༠ ཉིན་འདོན་སྤེལ་བྱས། དགེ་རྒན་གྱིས་ཉེས་རྡུང་བཏང་སོང་ཟེར།
    དགེ་རྒན་དེ་གཟེང་རྟགས་རགས་མིན་ལ་མ་ལྟོས་པ་དགེ་རྒན་དེ་རྒྱ་གར་ལ་མཚར་ལོང་བྱེད་མཁན་ཞིག་ཡིན་པ་གཏན་ཁེལ་བྱས་ཙམ་དེ་ཚོ་རིགས་ལ་དཔྱོད་པ་ཁྱོན་
    ནས་ཡག་པོ་ཡོད་མ་རེད་
    གསར་འགོད་པར་སྟངས་འཛིན།

    སྨར་དྷི་ཟེར།
    ༢༠༠༩/༡༡/༠༦ ཉིན་འདོན་སྤེལ་བྱས། འཛམ་གླིང་ནང་དམངས་གཙོ་མཚན་ཉིད་ཆ་ཚང་ཡོད་མཁན་རྒྱ་གར་ཡིན་ཞེས་ཆེར་ཆེར་སྒྲགས་པ་དེ་ད་་དོན་ལ་གནས་མ་སོང་གང་འདྲ་ཡིན་ན་ཀྲུང་སྒོར་མི་ཉུང་བ་ཞིག་རྒྱ་གར་གྱི་དཔོན་ཆེན་ཁག་གཅིག་གི་ཨ་བག་ནང་འཛུལ་པ་མིན་འགྲོ་སྙམ།

    ངོས་ནས་རང་བཙན་རྩོད་ཀྱིན་མེད།
    སྨར་དྷི་ཟེར།
    ༢༠༠༩/༡༡/༠༦ ཉིན་འདོན་སྤེལ་བྱས། གོང་ས་མཆོག་གལ་སྲིད་སྐུ་མ་བཞུགས་ནས་ སླར་ཡང་སྲིད་ཞིག་འཁྲུངས་ནའང་ངས་བོད་རང་བཙན་བརྩོད་ཀྱི་མེད་ཞེས་པ་
    དེས་བག་ཆག་སད་དེ་མ་བསྐུལ་བཞིན་གསུང་བྱོན་རྒྱུ་ཡིན་པར་ཐེ་ཚོམ་གཏན་ནས་མེད་ལ་ཡང་སྲིད་འཁྲུལ་བྲལ་ཞིག་བརྙེད་པ་ལ་སྔོན་ནས་རྗེས་དྲན་གྱི་ཚད་མ་ཡག་ཤོས་གཅིག་ཆག་རྟེན་ཁེལ།་ ཁོང་གི་ག་ཚད་གསུང་ཀྱང་དགྲ་བོ་རྒྱ་དམར་ནི་ཡིད་གཏན་ནས་ཆད་མེད་ནའང་
    སྐྱོན་མི་འདུག་
    གསོན་པར་གནས་པའི་སེམས་ཤུགས་བསྐྱེད་རོགས།
    སྨར་དྷི་ཟེར།
    ༢༠༠༩/༡༡/༠༨ ཉིན་འདོན་སྤེལ་བྱས། སྐྱབས་སུ་མཆི། བླ་མའི་མཛད་པར་ཇི་ལྟར་བསྟན་ན་ཡང་།
    ངོ་མཚར་མེད་པ་རབ་ཏུ་འཕེལ་འགྱུར་ཅིག
    ཅེས་གསུངས་པ་དེ་ཅི་མི་བདེན།
    ལྷ་སའི་གནས་སྟངས་ད་ལྟའང་ཛ་དྲག་རེད་ཟེར།
    སྨར་དྷི་ཟེར།
    ༢༠༠༩/༡༡/༠༨ ཉིན་འདོན་སྤེལ་བྱས། བླ་མ་མཁྱེན། ཡིན་ནའང་དམག་མི་ཡོད་པ་དང་འགྲོ་བ་ཙམ་ལ་ང་ཚོ་ཡ་མཚན་སྐྱེ་དོན་མི་འདུག་ ཁོང་ཚོ་ལ་ང་ཚོས་རྙོག་ཀྲ་བཤད་ན་མ་གཏོགས་གནོད་བྱེད་ཀྱི་མི་འདུག་ དེ་ནི་ང་རང་གི་དངོས་སུ་མཐོང་པའི་གནས་ཚུལ་ཡིན།
    བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས
    སྨར་དྷི་ཟེར།
    ༢༠༠༩/༡༡/༠༦ ཉིན་འདོན་སྤེལ་བྱས། དྲྭ་གྲོགས་ནོར་གླིང་གི་གཏམ་དེ་གོ་ཡ་འདུག་་ཁ་སྔོན་ནོར་བུ་གླིང་ཁ་མཛད་རྣམ་
    རྩོམ་སྒྲིག་ཚོགས་མི་མཚན་ཐོ་མཐོང་མ་ཐག་ཏུ་བེ་འཇིག་གི་མཚན་དེ་མེད་པ་འགྱུར་དུས་ཅི་ཡིན་མི་ཤེས་པ་དོག་གཞི་ཞིག་སྐྱེས་སོང་་་་་་་མཛད་རྣམ་སྐོར་གྱི་གསར་
    འགྱུར་མཐར་དྲི་བ་ཞིག་ཕུལ་ཡིན་འོན་ཀྱང་སུ་གང་གི་ལན་སྤྲོད་མ་སོང་བློ་ཕམ་
    བྱུང་དེའི་ཐད་དངོས་ཉིད་མང་ཙམ་གླེང་གློང་བྱེད་མཁན་ཡོད་ན་དགའ་བསུ་ཡོད།

    གསོན་པོར་གནས་པའི་སེམས་ཤུགས་བསྐྱེད་དགོས།
    སྨར་དྷི་ཟེར།
    ༢༠༠༩/༡༡/༠༨ ཉིན་འདོན་སྤེལ་བྱས། སྐྱབས་སུ་མཆི། བླ་མའི་མཛད་པར་ཇི་ལྟར་བསྟན་ན་ཡང་།
    ངོ་མཚར་མེད་པ་རབ་ཏུ་འཕེལ་འགྱུར་ཅིག
    ཅེས་གསུངས་པ་དེ་ཅི་མི་བདེན།

    ད་དུང་ཁོང་གིས་མཆན་བུ་ཡོངས་རྫོགས་བཀོད་ཐུབ་མ་སོང་བས་དགོངས་འགལ་མེད་པར་མཛོད།
    འདི་ནི་དཔེ་མཚོན་ཙམ་རེད།

    Reply
  11. མར་མེ says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ཟེར་བའི་མཆན་ལྟ་བུ།མཆན་འདེབས་མཁན་གྱི་གྲོས་ན་གོ་རྒྱུ་ཚོར་རྒྱུ་ཅི་ཡང་མེད་པའི་མཆན་དེ་འདྲ་ཡང་འདུག་ལ། ད་དུང་ཁ་གྲགས་དུས་ནས་ཕྱོགས་ཞེན་གྱི་དྲི་མས་སྦགས་པའི་སྨར་ངྷི་ཟེར་བ་ལྟ་བུ་མཆན་བུ་ཡང་འདུག།
    འོག་ཏུ་ཁོང་གཉིས་ཀྱི་མཆན་གཉིས་དཔེ་མཚོན་དུ་བཀོད་ཡོད།འདི་ལྟ་བུའི་མཆན་བུ་དག་ལས་ངེད་ཅག་ལ་བློ་བསྐྱེད་དང་བསམ་བློ་བརྗེ་རེས་ཀྱི་ཕན་ཐོག་སྤུ་ཙམ་ཡང་མེད་པ་མ་ཟད་ད་དུང་བོད་ཡིག་གི་དྲ་རྒྱར་དགའ་ཞེན་ཆེ་བའི་སྐུ་མགྲོན་རྣམས་ཀྱི་བོད་ཡིག་གི་དྲ་རྒྱར་བཅིངས་བའི་བརྩེ་སེམས་ལ་རྨོས་སྐྱོན་མི་བཟོ་བའི་ངེས་པ་ཡང་མི་འདུག

    གཅན་བཟོད་རྒྱམ་ཟེར་བའི་མཆན།
    (བོད་པའི་ཨམ་མཆོག་རྐུབ་ན་ཡོད་ཟེར་དེ་ར་བོད་མི་ཡོད་དོ་ཅོག་ཟེར་ནི་ཆེ་ཡིན་རེ། བཤད་ན་ཉན་མི་མཁན་ཚོ་ཟེར་ནི་ཡིན་རྒྱུ་རེད་ཀོ སྤྱི་ཚོགས་ལ་ཉམས་མྱོང་ཅན་ཞིག་ཡིན་ན་དེ་འདྲའི་བྱིས་པ་མང་པོ་འདུག་གཱ།ཙིག་གེ་རེ་གཅེར་ན་ཅི་སྐྱོན། བུ་ཕྲུག་ཚོར་རང་དབང་ཡིན་ན་ཅིག་ཟེར་ནས་གཅེས་ལངས་ལ་གཏོང་རྒྱུ་མང་དྲག་ན། ཁང་གསར་རྡོ་རྗེ་ཕ་བུ་བཞིན་དུ་འགྱུར་ན་ཐང་མོ།)
    སྨར་ངྷི་ཟེར་བའི་མཆན།
    (དགེ་རྒན་དེ་གཟེང་རྟགས་རགས་མིན་ལ་མ་ལྟོས་པ་དགེ་རྒན་དེ་རྒྱ་གར་ལ་མཚར་ལོང་བྱེད་མཁན་ཞིག་ཡིན་པ་གཏན་ཁེལ་བྱས་ཙམ་དེ་ཚོ་རིགས་ལ་དཔྱོད་པ་ཁྱོན་
    ནས་ཡག་པོ་ཡོད་མ་རེད་)

    Reply
  12. མར་མེ says:
    ལོ་ 16 སྔོན།

    ང་ཚོ་བོད་མི་ཚོའི་གཤིས་ཀར་གནས་ཚུལ་ལ་བརྟགས་བྱེད་རྒྱུ་ལས་སེམས་ལ་དྲན་ཚད་ཀྱིས་གཏམ་བཤད་བྱེད་རྒྱུར་དགའ་བ་དེའང་དེ་འདྲའི་གཤིས་ཀ་ཡག་པོ་ཞིག་མ་རེད་བསམ། མ་གཞི་དགེ་རྒན་གྱིས་སློབ་ཕྲུག་ལ་དེ་འདྲའི་ཉེས་བརྡུང་ཚབ་ཆེན་
    ཞིག་བཏང་ཡོད་པ་དངོས་ཡོད་ཡིན་ཚེ་དེ་ནི་ངེས་པར་དུ་ཐག་གཅོད་ཡག་པོ་དང་ལྷོད་གཡེང་ལ་གཏོང་མི་རུང་བའི་གནས་ཚུལ་ཞིག་རེད།དེ་དང་ཆབས་གཅིག་བཤད་འདོད་པ་ཞིག་ནི་འདིར་མཆན་འདེབས་མཁན་ཚོས་ངོས་ནས་ཀྱང་བསམ་བློ་གཏོང་ས་ཡོད་པའི་མཆན་འདེབས་པའང་གལ་ཆེན་པོ་རེད། གཞན་འདིར་མིང་རྫུན་མ་རེ་ཁྱེར་ཡོང་ནས་སྤྱི་ཚོགས་དང་བོད་མིའི་ནང་ཁུལ་ལ་དཀྲུགས་ཤིང་
    ལྟ་བུར་བཟོ་མཁན་ཡང་མང་པོ་ཞིག་འདུག། དེ་དག་གི་ཀུན་སློང་ངན་པ་ཞིག་ཁྱེར་ཡོད་མེད་བཤད་དཀའ་ནའང་དོན་དངོས་ཐོག་ཡག་པོ་ཁྱོན་ནས་མི་འདུག། ཕྱིའི་མི་ཞིག་གིས་བལྟོས་ཚེ་ངོ་ཚ་དགོས་པ་ཞིག་འདུག

    Reply
  13. རྭ་ལོ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། སློབ་ཕྲུག་ཚོར་རྡུང་ན་འོས་མི་འོས་ཀྱི་སྐོར་ལ་རྩོད་པ་ཞིག་ཨེ་ཡོད། གོང་དུ་རེ་ཟུང་གིས་བྱིས་ོཔ་ཚོར་མ་རྡུང་ན་ཡོང་གི་མ་རེད་མདོག་མདོག་གི་སྐད་ཆ་དེ་འདྲ་བཤད་འདུག བོད་པའི་བྱིས་པ་ཚོ་ཡ་རབས་གུས་ལུགས་ཡོད་པ་རྐྱང་ཡིན་པའི་སྤོབས་པ་ཞིག་ང་རང་ལ་ཡོད། ཡིན་ཡང་། དེང་སྐབས་བྱིས་པ་མང་པོ་ཞིག་སོ་སོའི་ཕ་མའི་འགྲམ་ན་མེད་སྟབས། ཕ་མའི་སློབ་གསོའི་ཐད་ནས་འཐུས་ཤོར་ལ་ཕྱིན་ཡོད་སྲིད། ལོ་གཉིས་གོང་ལ་ཨ་མ་རྗེ་བཙུན་པད་མས་གཞིས་ཆགས་ཁག་གི་ཕ་མ་ཚོས་ད་ནས་བཟུང་སོ་སོའི་བྱིས་པ་ལ་ལྟ་སྐྱོང་བྱེད་དགོས་པ་དང་། བྱིས་པ་རིམ་བཞིན་གཞིས་ཆགས་ཁག་ནས་སྐྱོང་དགོས་པའི་འབོད་སྐུལ་ཞུས་ཡོད་ལ། བཙན་བྱོལ་བ་ཚོར་མཚོན་ན་དེང་སྐབས་ཁྱིམ་ཚང་གི་འཚོ་བའང་ཡར་རྒྱས་ལ་ཕྱིན་ཡོད་སྟབས་ད་ནས་བཟུང་བོད་ཕྲུག་ཁྱིམ་སྡེ་འདི་སྔར་གྱི་བུ་གསོ་ཁང་དེར་ངོས་འཛིན་མ་གནང་རོགས་ཞེས་འབོད་སྐུལ་ཞུས་པ་དེ་དྲན་གསོས་པ་འདུག
    བོད་ནང་འབྱོར་བའི་བྱིས་པ་ཚོར་ནི་ཁག་ཡོད་པ་མ་རེད། ཕ་མ་ཁ་ཐག་རིང་པོ་རེད། དེར་བརྟེན་སློབ་གྲྭ་ཁག་གི་ཁྱིམ་ཚང་ཕ་མ་ཚོས་ལྟ་སྐྱོང་ལེགས་པོ་བྱེད་དགོས་པ་རེད་འདོད།
    ཁྱིམ་ཚང་གི་ཨ་མ་དེ་ཚོར་ཡང་ཟབ་སྦྱོང་འདྲ་སྤྲོད་ཀྱིན་འདུག འོན་ཀྱང་། གཞི་རྩའི་ཤེས་ཡོན་དང་བཟང་སྤྱོད་ནི་གལ་ཆེན་པོ་རེད་འདོད། བྱིས་པ་ཚོ་གཉོར་སྐྱོང་གི་གོ་རིམ་ཁྲོད་མིག་ལྟོས་ཡག་པོ་ཞིག་འཇོག་ཐུབ་དགོས་པ་རེད།

    Reply
  14. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    དཀོན་མཆོག་མཁྱེན། བོད་ཁྱིམ་སློབ་གྲྭ་ཁག་གི་ནང་སྲིན་མོ་ལྟར་ཁྲོ་ཞིང་རྩི་རྩི་ལྟརརྐུ་མཁན་གྱི་ཁྱིམ་ཚང་ཨ་མ་དེ་ཚོ་ཡང་ངོ་མ་ཞིབ་འཇུག་རེ་བྱས་ན་སློབ་ཕྲུག་དེ་ཚོ་དུས་ཚོད་མང་ཤོས་དེ་ཁྱིམ་ཚང་ཨ་མའི་འགྲམ་སྡོད་དགོས་ཀྱང་དེ་ཚོས་སློབ་སྦྱོང་ཚིག་གཅིག་མི་སྤྲོད་པའི་ཁར་གཤེ་རྡུང་ཁོ་ན་བྱེད་བཞིན་འདུག། ངོ་མ་བཤད་ན་དགེ་རྒན་ལས་ཀྱང་ཁྱིམ་ཚང་ཨ་མ་དེ་ཚོ་ཀྱག་ལང་ཤོར་འདུག

    Reply
  15. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    དཀོན་མཆོག་མཁྱེན། བོད་ཁྱིམ་སློབ་གྲྭ་ཁག་གི་ནང་སྲིན་མོ་ལྟར་ཁྲོ་ཞིང་རྩི་རྩི་ལྟརརྐུ་མཁན་གྱི་ཁྱིམ་ཚང་ཨམ་དེ་ཚོ་ཡང་ངོ་མ་ཞིབ་འཇུག་རེ་བྱས་ན་སློབ་ཕྲུག་དེ་ཚོ་དུས་ཚོད་མང་སོས་དེ་ཁྱིམ་ཚང་ཨ་མའི་འགྲམ་སྡོད་དགོས་ཀྱང་དེ་ཚོས་སློབ་སྦྱོང་ཚིག་གཅིག་མི་སྤྲོད་པའི་ཁར་གཤེ་རྡུང་ཁོ་ན་བྱེད་བཞིན་འདུག། ངོ་མ་བཛད་ན་དགེ་རྒན་ལས་ཀྱང་ཁྱིམ་ཚང་ཨ་མ་དེ་ཚོ་ཀྱག་ལང་ཤོར་འདུག

    Reply
  16. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    དགེ་རྒན་དེ་གཟེང་རྟགས་རགས་མིན་ལ་མ་ལྟོས་པ་དགེ་རྒན་དེ་རྒྱ་གར་ལ་མཚར་ལོང་བྱེད་མཁན་ཞིག་ཡིན་པ་གཏན་ཁེལ་བྱས་ཙམ་དེ་ཚོ་རིགས་ལ་དཔྱོད་པ་ཁྱོན་
    ནས་ཡག་པོ་ཡོད་མ་རེད་

    Reply
  17. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    དགེ་རྒན་ཟེར་ན་་་་་ཕྱོགས་གཅིག་ནས་ངོ་མ་དྲིན་ཅན་རེད། དེ་ཡང་སྲོལ་རྒྱུན་རིག་གནས་དེའི་ཁོར་ཡུག་ཏུ་ཟེར་བ་ཡིན། དེང་སང་ད་དུང་ཡང་དགེ་རྒན་ཡག་པོ་དེ་འདྲ་ཡོད་པ་བསྙོན་མེད་རེད། དགེ་རྒན་ཚོ་ཟེར་ནས་ཚང་མར་བཤད་མི་རུང་། ཡིན་ན་ཡང་། དགེ་རྒན་རེ་ཟུང་གིས་སྒེར་གྱི་འཁོན་སེམས་བཟུང་ནས་སློབ་ཕྲུག་ཚོར་བརྡུང་བ་རེད། དཔེར་ན། བོད་ཁྱིམ་སློབ་གྲྭ་ཁག་ཏུ་ནད་གཡོག་ (Nurse) མང་ཤོས་ཤིག་ངོ་མ་གདུག་རྩུབ་ཆེན་པོ་ཡོད་པ་དང་། སློབ་ཕྲུག་ཚོས་དེ་ཚོར་ཅིག་བཤད་ན། ནད་གཡོག་ཚོའི་ཁྱོ་ག་དགེ་རྒན་ཡིན་པ་དེ་ཚོས་སློབ་ཕྲུག་ཚོར་ཁ་གཞན་ལ་གཡོག་ནས་གཅར་བརྡུང་བྱེད་པ་དེ་འདྲ་དངོས་སུ་བྱུང་ཡོད་རེད། ད་འདི་འདྲའི་རིགས་དེ་ཚོ་ལ་ཐག་གཅོད་ཅིག་ལེན་རན་ལ་ཐོན་འདུག

    Reply
  18. བཙན་པོའི་བུ། says:
    ལོ་ 16 སྔོན།

    སྤྱིིའི་ཆ་ནས་བཤད་ན་གཤད་རྡུང་ཁོ་ནར་བརྟེན་ནས་སློབ་སྦྱོང་སྤྲད་མི་དགོས་པར། སློབ་གསོ་ལ་བརྟེན་ནས་སློབ་སྦྱོང་ཞིག་སྤྲད་ཐུབ་པ་ཡིན་ན། དེ་ནི་དུས་རབས་དང་མཐུན་ཞིང་སྤྱི་ཚོགས་ཀྱི་ངོས་ནས་ལྟ་སྟངས་ཡག་པོ་ཞིག་ཡོད་པ་མ་ཟད། བདག་གཞན་ཀུན་བདེ་ཞིག་ཡོང་ངེས་རེད། འོན་ཀྱང་། བོད་པའི་སྤྱི་ཚོགས་ལྟ་བུ་ཞིག་ལ་མཚོན་ན། ད་དུང་གཤད་རྡུང་ལ་བརྟེན་ནས་སློབ་སྦྱོང་ཞིག་སྤྲད་མ་ཐུབ་པ་ཡིན་ན། བོད་པ་རྣམས་སློབ་སྦྱོང་གི་ལས་འཇུག་མི་ཤེས་པའི་ཚོར་བ་ཞིག་ཡང་དང་ཡང་དུ་སྐྱེ་ཡོང་གི་འདུག རང་ཉིད་ཀྱི་མཉམ་མྱོང་དང་འབྲེལ་ནས་བཤད་ན་ཡང་། དེང་སང་བཙན་བྱོལ་དུ་ཡོད་པའི་བོད་པའི་བུ་དང་བུ་མོ་མང་ཆེ་བ་ཞིག་གིས་དབྱིན་སྐད་ཐར་ཐོར་རེ་བཤད་ཤེས་པ་དང་། རྒྱ་གར་སྐད་དང་བོད་སྐད་བསྲེས་མ་རེ་བཤད་ཤེས་པ་ཙམ་གྱིས་ཤེས་ཡོན་དུ་རློམ་ནས། མིས་གང་བཤད་སྣང་མེད་དུ་བྱེད་ཀྱིན་པའི་ངང་ཚུལ་འདིས། དགེ་རྒན་ཞིག་ཕར་ཟད། དོན་མེད་ཀྱི་མི་ཞིག་ཀྱང་རང་བཞིན་གྱིས་ཁོང་ཁྲོ་ལངས་ངེས། མདོར་ན། དགེ་རྒན་དེས་སློབ་ཕྲུག་དེ་གསུམ་གཤད་རྡུང་བྱས་པར་དམིགས་བསལ་གྱིས་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད། ངས་དགེ་རྒན་ཁོང་གི་ལྷག་བསམ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

    Reply
  19. བློ་བཟང་ཚེ་རིང༌། says:
    ལོ་ 16 སྔོན།

    ཤེས་རིག་བཀའ་བློན་གང་ན་ཡོད། ཤེས་རིག་དྲུང་ཆེ་གང་ན་ཡོད། འདི་ལྟར་འདི་ཚོས་ཤེས་ཡོན་འཐུས་ཤོར་བཏང་བ་རེད།

    Reply
  20. བློ་བཟང་ཚེ་རིང༌། says:
    ལོ་ 16 སྔོན།

    ཉེ་སྔོན་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོས་དགེ་བསྐོས་བཙན་པོ་ཟེར་བ་ཞིག་གླེང༌། དེ་དང་འདྲ་བ་ཞིག་ལ། བོན་བརྒྱ་བསྟན་འཛིན་རབ་རྒྱས་ནས་གྲྭ་སའི་རྟ་ལྕག་གི་སྐོར་ཞིག་གླེང་བ་རེད། འདི་གཉིས་ནི་དགོན་པའི་ཁྲིམས་བདག་ཚོ་དང་ཁོང་ཚོའི་གཅར་རྡུང་ཡོ་བྱད་རེད། ད་རེས་དགེ་རྒན་བུ་མོ་ཞིག་གིས་བུ་མོ་གསུམ་ལ་རྒྱུག་རྡུང་བཏང་ནས་ཐང་ལ་བསྒྱེལ། ད་དུང་སྨན་ཁང་ལའང་བསྐྱལ། ཛ་དྲག་པོ་ཆགས་པ་བཟོས་པ་རེད། ལྷོ་ཕྱོགས་ན་གཅར་རྡུང་རྒོད་པ་འདྲ། གྲྭ་སའི་རྟ་ལྕག སློབ་གྲྭའི་རྒྱུག་པ། བོད་ཀྱི་སློབ་གསོའི་ལམ་ལུགས་འདི་དམག་སའི་གཡུལ་འཐབ་འདྲ་ཞིག་ཆགས་ཀྱི་ཡོད་པ་རེད་དམ། སྐྱེས་དམན་དེ་དགེ་རྒན་ཡག་པོ་ཡོད་ཟེར་ནས་གཟེངས་བསྟོད་རག ཡང་རླུང་ཚ་བོ་དེས་སློབ་ཕྲུག་ཚོ་སྨན་ཁང་ལ་བསྐྱལ་བསྐྱལ་བར་རྡུང༌། ད་ཉན་མི་ཤེས་བཤད་མི་ཤེས་པ་ཞིག་རེད། བོད་གཞཱུང་གི་ཤེས་ཡོན་སྲིད་བྱུས་ཀྱི་ནང་ན། དགེ་རྒན་གྱི་བྱམས་བརྩེ་དེ་ཕྲུ་གུ་ཚོར་འཇགས་ཐབས་ཤིག་གཙོ་བོར་བཤད་ཡོད་པ་ཞིག་བཤད་ཡོད་པ་དེ་དྲན། དགེ་རྒན་ཚོས་སློབ་ཕྲུག་ཚོ་སྨན་ཁང་ལ་བསྐྱལ་བ་འདི་འདྲ་ཅི་ཡིན་ནམ། ཁ་སྔོན་ཟླ་བ་ཁ་ཤས་ཀྱི་སྔོན་དེར། མ་སུ་རི་བོད་ཁྱིམ་གྱི་ཁྱིམ་ཚང་པཱ་ལགས་ཤིག་ནས་སློབ་ཕྲུག་བུ་མོ་ཞིག་ལ་བཙམ་གཡེམ་བྱས། མཐའ་མ་དེར། བུ་མོ་དེ་སློབ་གྲྭ་གཞན་ཞིག་ལ་བཏང་ནས་གནས་ཚུལ་དེ་སྦས་གསང་བྱས། དེ་རིང་དགེ་རྒན་བུ་མོ་ཞིག་གིས་སློབ་ཕྲུག་བུ་མོ་གསུམ་ལ་གཅར་རྡུང་ཡ་ང་བ་བྱས། གཉིས་དྲན་པ་འཐོར་བཅུག མཐའ་མར་སྨན་ཁང་ནས་མྱུར་སྐྱོབ་བྱེད་དགོས་བྱུང༌། དེང་སང་སློབ་གྲྭ་ཁག་ན་ཛ་དྲག་གི་གནས་ཚུལ་མང་པོ་ཡོང་གི་ཡོད་ཚོད་རེད། ཤེས་རིག་ལས་ཁུངས་དེ་གང་ན་ཡོད་པ་རེད་དམ། ཤེས་རིག་བཀའ་བློན་དང་ཤེས་རིག་དྲུང་ཆེ་བཙལ་ནས་ཡར་ཞུ་རེ་ཐུབ་ན་ལེགས། ཨེ། ཤེས་རིག་དྲུང་ཆེ་དེ་རྫི་གསང་དོད་པོ་ཞིག་ཡོད། ཁོས་བཀའ་རྒྱ་འདྲ་བཏང་མི་འདུག་གམ།

    Reply
  21. nyima says:
    ལོ་ 16 སྔོན།

    Wow, I hope Teacher will not get trouble. My odler brother beat me and younger brother and my younger brother was pretending as fainted for long time so we had to call doctor but infact he was pretending all of that. I think those girls have done something. Hope everything is going well with teacher and students. Sorry my lap to dones not let me type our own Language.

    Reply
  22. ངག་དབང་། says:
    ལོ་ 16 སྔོན།

    བུ་མོ་གཉིས་མཉམ་དུ་དྲན་པ་འཐོར་བ་དེ་ནི་དངོས་གནས་ཧ་སང་དགོས་པ་ཞིག་རེད། ཟློས་གར་ཁྲབ་པ་མ་ཡིན་ནམ། སྤྱི་སྟངས་བོད་པའི་ལུགས་སྲོལ་ལ་དགེ་རྒན་གྱིས་དགེ་ཕྲུག་ལ་རྡུང་པ་དེ་ནི་འགྲོ་སྟངས་ཤིག་རེད། མ་བརྡུང་ན་སློབ་གྲྭ་ཁག་ཏུ་སློབ་སྦྱོང་ལ་དོ་སྣང་མེད་པ། མི་རིགས་བསམ་ཤེས་པ། ཐ་མག་ནག་པོ་འཐེན་མཁན་དང་། མ་རབས་ཀྱི་སྤྱོད་པ་བྱེད་མཁན་དེ་འདྲ་མང་པོ་ཡོད་འདུག ཕ་མ་མི་མང་ཚང་མས་ཞིབ་འཇུག་ཡག་པོ་གནང་རོགས་ཞུ། དཔེར་ན་སེ་འབྲས་དགེ་གསུམ་སོགས་སུ་དགེ་སྐོས་ཀྱིས་ཉེས་ཆད་ག་ཚད་བཏང་གི་འདུག དེ་ལ་ཧ་སང་དགོས་པ་གང་ཡང་མི་འདུག་སྙམ།

    Reply
  23. ར་ས་ཕོ་ཉ། says:
    ལོ་ 16 སྔོན།

    དགེ་རྒན་ཡག་པོ་ཞིག་ཡིན་ན། དགེ་ཕྲུག་ཚོར་དང་ཐོག་ཉེས་བརྡུང་བཏང་མི་དགོས་པའི་ཐབས་ཤེས་བྱ་ངེས་ཡིན་ལ། ཅི་སྟེ་གཏོང་དགོས་ནའང་། བསམ་བློ་གནན་པོ་བཏང་ནས་བསླབ་ཕྲུག་གི་སྲོག་སྐྱོན་ད་ཕར་བཞག ཐ་ན་དབང་པོ་ཤོར་བ་སོགས་ཀྱི་ཉེན་ཁ་མེད་པ་བྱེད་དགོས།

    Reply
  24. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བྱིས་པ་སྐོར་ཞིག་ནི་ཕ་མའི་སློབ་གསོ་ཡིས་མ་འདང་སྟབས་སློབ་གྲྭ་ནས་ཀྱང་གླགས་མ་འཁེལ་བ་རེད། ཕ་མ་དང་དགེ་རྒན་གཉིས་ཀས་སློབ་གསོ་ཁོ་ནར་བརྟེན་ནས་གཉོར་སྐྱོང་བྱེད་ཐུབ་ཡོད་ན་གནས་ཚུལ་འདི་འདྲའི་རིགས་ཇེ་ཉུང་ལ་འགྲོ་གི་རེད།
    གོང་གསལ་བུ་མོ་གསུམ་དེས་འཛིན་གྲྭའི་སྐབས་གཞས་བཏང་བ་དེ་ནི་སློབ་གྲྭའི་སྒྲིག་གཞི་ལའང་རག་ལས་ཡོད་པ་རེད། དཔེར་ན། སློབ་གྲྭ་དེར་འཛིན་གྲྭའི་རྒན་བདག་ལྟ་བུ་མེད་པ་ཡིན་ནམ། དགེ་རྒན་གཅིག་ཡོང་མ་ཐུབ་ན་དེའི་ཚབ་ལ་དགེ་རྒན་གཞན་པ་བཏང་ན་འགྲིག་གི་རེད། མ་མཐར་ཡང་། འཛིན་གྲྭ་ཡར་འཚོགས་མ་ཐག་འབྲེལ་ཡོད་དགེ་ལས་ཤིག་གིས་འཛིན་གྲྭ་དེར་དགེ་རྒན་ཡོང་མ་ཐུབ་པ་དང་། ཚོགས་ཐེངས་འདིར་བྱ་བ་རྣམ་གཞག་ཅི་ཡོད་བཤད་པ་ཡིན་ན་ཕན་ཐོགས་གི་རེད།

    Reply
  25. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    བོད་པའི་ཨམ་མཆོག་རྐུབ་ན་ཡོད་ཟེར་དེ་ར་བོད་མི་ཡོད་དོ་ཅོག་ཟེར་ནི་ཆེ་ཡིན་རེ། བཤད་ན་ཉན་མི་མཁན་ཚོ་ཟེར་ནི་ཡིན་རྒྱུ་རེད་ཀོ སྤྱི་ཚོགས་ལ་ཉམས་མྱོང་ཅན་ཞིག་ཡིན་ན་དེ་འདྲའི་བྱིས་པ་མང་པོ་འདུག་གཱ། ཙིག་གེ་རེ་གཅེར་ན་ཅི་སྐྱོན། བུ་ཕྲུག་ཚོར་རང་དབང་ཡིན་ན་ཅིག་ཟེར་ནས་གཅེས་ལངས་ལ་གཏོང་རྒྱུ་མང་དྲག་ན། ཁང་གསར་རྡོ་རྗེ་ཕ་བུ་བཞིན་དུ་འགྱུར་ན་ཐང་མོ།

    Reply
  26. ཉིམ་རྒྱལ། says:
    ལོ་ 16 སྔོན།

    བོད་པའི་ཕྲུ་གུའི་ཨ་ཆོག་རྐུབ་ལ་ཡོད། བརྡུང་ན་མ་གཏོགས་གོ་བ་མི་བརྙེད་ཟེར། ད་རྟ་ལ་འཇམ་པ་དང་། སྒ་ལ་གཟོ་བའི་ཐབས་ཤེས་འདྲ་མེད་འགྲོ།།

    Reply
  27. ཉིམ་རྒྱལ། says:
    ལོ་ 16 སྔོན།

    བཤད་རྒྱུན་ལ་བོད་པའི་ཕྲུ་གུའི་ཨ་ཚོག་རྐུབ་ལ་ཡོད། བརྡུང་ན་མ་གཏོགས་གོ་བ་མི་བརྙེད་ཟེར། ད་རྟ་ལ་འཇམ་པ་དང་སྒ་ལ་གཟོ་བའི་ཐབས་ཤེས་འདྲ་མེད་འགྲོ།།།།།

    Reply
  28. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    བོད་པའི་རྣ་པ་རྐུབ་ལ་ཡོད་་་་་་་ཟེར་མཁན་དེ་རང་ཉིད་ཀྱི་རྣ་བ་རྐུབ་ལ་ཡོད་པ་ཡིན་རྒྱུ་རེད། གང་ལྟར། སློབ་གསོ་སྤེལ་སྟངས་འདིས་ང་ཚོའི་སྤྱི་ཚོགས་ནང་ལ་ངན་གོམས་ཤིག་འཇགས་སུ་བཅུག་ཡོད་པ་རེད། ད་ཆ། བོད་གཞུང་གི་ལས་ཁུངས་ག་གེ་མོར་སོང་ན་ཡང་སྐད་ཆ་འཇམ་པོ་བཤད་པ་ལས་རྩུབ་པོ་བཤད་ན་ཡག་གི་རེད་ཟེར་མཁན་མང་པོ་འདུག

    དུད་འགྲོ་ཡིན་ན་བཤད་ནས་མི་ཉན་པས་ད་གཟོད་གཅར་བརྡུང་བྱེད་ནས་གཅུན་དགོས་པ་རེད། ང་ཚོ་མི་རེད་ཡ། ཨ་རོགས་ཚོ།

    Reply
  29. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཨ་ཧ་བོ་ན་ཧ་བོ། ཁྱོད་རྒྱ་ཆོན་རྒྱག་འདྲ་ཞིག་གི་ལག་ནས་འཚར་ལོངས་བྱུང་ཡོང་ཟིག་མོ དེས་ན་ད་དཔེ་ཆ་ཧྲ་མི་ཧྲ་ཞིག་ཡོད་རྒྱུ་མ་རེད། དགེ་རྒན་བཙན་པོ་མ་ཚོའི་དགེ་ཕྲུག་ཚོ་དཔེ་ཆ་ཧྲ་ནི་རེད་ཟེར་ག

    Reply
  30. རྭ་ལོ། says:
    ལོ་ 16 སྔོན།

    དགེ་རྒན་གཅིག་གིས་བུ་མོ་གསུམ་རྫོགས་འདུག་ག ནམ་རྒྱུན་ཁོ་ཚོས་ཁ་ནས་བཤད་དུས་ཀྱང་། རྫོགས་དགོས་པས། ཞེས་ལབ་གི་རེད། ད་ནི་དངོས་གནས་རྫོགས་འདུག

    སྔོན་མ་ང་སློབ་ཆུང་ནང་ལ་ཡོད་དུས་ངས་རང་གིས་ཟུར་ཁྲིད་བྱེད་ས་བུ་ཕྲུག་ཅིག་ཡོད་པ་རེད། ཕྱག་འཚལ་དུ་བཅུག་པ་ཡིན། དེ་རྗེས་དགེ་རྒན་གྱིས་ང་ལ་རྡུང་ནས་དབུགས་ཆད་ལ་ཁལ་བྱས་སོང་། ད་དུང་བརྗེད་རྒྱུ་མེད་པ་ཞིག་ལ་དགེ་རྒན་དེ་རྐང་པ་གཡུག་མཁས་པོ་ཡོད། ཁོས་རྒྱ་ནག་གི་ཀུང་ཧྥུ་དྲག་རྩལ་ལྟ་བུ་ཞིག་སྤྱད་ནས་ངའི་སྟོད་སྨད་ཚང་མ་བཅོམ་སོང་། བར་སྐབས་ཤིག་ནས་པུས་མོ་ཁྱེར་ཡོང་སྟེ་ངའི་བྲང་ངོས་ལ་གཞུས་པ་དེས་ངའི་དབུགས་ཏོག་ཙམ་རིང་ཆད་སོང་། གསར་འགྱུར་འདི་མཐོང་བ་དང་ངས་སྔོན་ཆད་ཀྱི་མྱོང་བ་དེ་ཚོ་དྲན་ཡོང་གི་འདུག

    Reply
  31. དཀོན་མཆོག says:
    ལོ་ 16 སྔོན།

    བུ་མོ་གསུམ་པོ་དང་ཡང་ན། གནས་ཚུལ་མཁོ་སྤྲོད་བྱས་མཁན་དག་གིས་གཡོ་རྒྱུ་དང་ངན་བྱུས་རེད་མ་གཏོགས། དགེ་རྒན་གྱིས་རྒྱུག་པ་གཅིག་གཞུས་པར་ICU ནང་སླེབས་མི་སྲིད་པ་རེད།

    Reply
  32. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ཨ་ལ་ལ་ལ། དེ་བདེན་པ་ཡིན་ན་ནི་དངོས་གནས་དགེ་རྒན་བསྟན་འཛིན་འཛོམས་པ་ཞིག་ཡིན་རྒྱུ་མ་རེད། དགེ་རྒན་བསྟན་བཤིག་འཛོམས་པ་ཞིག་ཡིན་ངེས་རེད། ཕྱིར་དགེ་རྒན་གྱིས་དགེ་ཕྲུག་ལ་བཀའ་བཅོམ་གཏོང་བ་དང་། ཉེས་ཆད་བཅད་སྲིད། ཡིན་ནའང་ཉེས་རྡུང་བཏང་སྟེ་དྲན་པ་བསྟོལ་བ་རེད་ཟེར་ན། དེ་ནི་རྒྱ་ནག་དམར་ཕྱོགས་པས་བོད་མི་བཙོན་པ་རྣམས་རྡུང་སྟང་རེད་མ་གཏོག་དགེ་རྒན་གྱིས་དགེ་ཕྲུག་སྐྱོང་སྟང་ཞིག་མ་རེད།

    Reply
  33. བདེ་ཆེན། says:
    ལོ་ 16 སྔོན།

    དངོས་ནས་ཡིད་སྐྱོའི་གནས་ཚུལ་ཞིག་རེད། དེས་བཙན་བྱོལ་གཞུང་གི་ སློབ་མ་དབུས་བཞག་གི་ ཤེས་ཡོན་སྲིད་བྱུས་དེ། བཙན་བྱོལ་སྤྱི་ཚོགས་ནང་དུ་ལག་ལྟར་ཡག་པོ་མེད་པ་དོན་དངོས་ཀྱིས་ཤེས་རྟོགས་ཐུབ་པ་བཟོས་པ་རེད། ང་རང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གི་དགེ་རྒན་མི་ཉུང་བ་ཞིག་གིས་ བོད་པའོ་ཕྲུ་གུའི་རྣ་ཅོག་རྐུབ་ལ་ཡོད་ཞེས་ཤོད་ཀྱིན་ཡོད། ངས་བལྟས་ན་ སྐད་ཆ་དེ་རིགས་འགན་མི་འཁུར་བའི་བཀའ་མོལ་རེད། ཕ་མ་སུ་འདྲ་ཞིག་ཡིན་རུང་། རང་གི་ཕྲུ་གུར་དགེ་རྒན་གྱིས་ཉེས་བརྡུང་ཕོག་པ་ཐོས་ན། ཁྱིམ་བདག་གིས་སློབ་གྲའི་ཡིག་ཚང་ལ་འགན་འཁྲི་རྩད་གཅོད་བྱ་ངེས་ཡིན་ལ་ དགོས་ངེས་ཞིག་ཀྱང་རེད།།

    Reply
  34. དཀོན་མཆོག says:
    ལོ་ 16 སྔོན།

    གཡོ་རྒྱུ་ཅན་གྱི་བུ་མོ་གསུམ་ཡོད་པ་འདྲ།

    Reply
  35. བདེ་ཆེན། says:
    ལོ་ 16 སྔོན།

    ཀ

    Reply
  36. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཨ་ཁུ་ཀ་བ་མ་རེད་ཁ་བ་རེད་ཀོ ཡང་དཀྱོག་ལ་འཁྱེར་ན་ཐང་།

    Reply
  37. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཨ་ཁུ་ཀ་བ་ལེ་ལེ། གྲི་ཙོ་ད་ཨེ་ཡོད་ན། དེས་ན་ཕལ་ཆེར་སྨན་ལ་སོང་ནས་བཙེམ་བཞག་པ་ཡང་མང་རྒྱུ་རེད་ཀོ

    Reply
  38. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    འགྲམ་ལྕག འདི་ལ་ས་མཐའ་མེད།

    Reply
  39. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ལྷོ་ཕྱོགས་སུ་བོད་པས་བོད་པ་འདུལ་དུས་སུ་དགོས་པའི་ཅ་ལག་ནི། རྒྱུགས་པ། རྟ་ལྕགས། ཁུ་ཚུར། འགྲམ་ལྕགས། གློག་སྐུད། ཀ་བ་ལྟ་བུའི་ཤིང་སྡོང་། གྲི རྡོ། རྡོག་རྒྱག ད་དུང་མང་ནི་རེད།

    Reply
  40. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དགེ་རྒན་གྱིས་སློབ་ཁང་གཞན་ན་སློབ་ཁྲིད་བྱེད་སྐབས་ཚུར་ཕྱོགས་ནས་ཡ་མེད་དང་ཀྱག་ཀྱག་ལྟ་བུས་གླུ་གཞས་གཏོང་བ་དེ་ཚོ་ཡང་ཡག་པོ་མ་རེད། སློབ་ཕྲུག་འདི་ལྟ་བུ་ཚོར་བཤད་ནས་མི་ཉན་ན་རྡུང་ནས་བཅོ་དགོས་པ་རེད། བོད་ཕྲུག་ཅིག་ཡིན་པའི་ཆ་ནས། གང་ལྟར་ཐབས་ཤེས་འདྲ་མིན་གྱིས་བཅོ་ནི་དགོས་དགོས་པ་རེད།

    Reply
  41. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    རྒྱ་གར་ལྷོ་ཕྱོགས་སུ་བོད་པས་རྒྱུགས་པ་མ་གཞུས་ན་བོད་པ་འདུལ་ཐུབ་ཀི་ཡོད་ནི་མ་རེད། འདི་ཡ་མཚན་ཅི་ཡང་མ་རེད།

    Reply
  42. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དོན་དག་འདིའི་རིགས་ནི་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་དང་བསྟུན་ནས་ཐག་གཅོད་དགོས་པ་རེད། ཡིན་ཡང་། སློབ་ཕྲུག་འདི་དག་གི་ཕ་མ་སྤུན་མཆེད་དག་སྔ་མོ་ནས་དགེ་རྒན་དེའི་སྟེང་ལ་རྒྱུགས་ཚར་ཡོད་རྒྱུ་རེད་འདོད།

    Reply
  43. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    ཉེས་བརྡུང་གཏོང་མཁན་དེ་ཚོ་དགེ་རྒན་ཡག་པོ་མ་རེད། བསམ་བློར་བཅོས་བསྒྱུར་བྱེད་རན་པ་རེད།

    Reply
  44. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ངས་བསམས་ན་སློབ་ཕྲུག་བུ་མོ་དེ་ཚོས་གཡོ་བྱས་ཨེ་ཡིན་ན་འདོད། དྲན་པ་ཐོར་འདུག་ཟེར་ན་དངོས་བདེན་ན་ཡང་ཐང་གོ ད་སུས་ཤེས། དེང་སང་གི་སློབ་ཕྲུག་ཚོ་དི་མོ་དེའི་ཕྱོགས་ནས་སྤྱང་དྲག་པའི་སྐྱོན་ཡོད་ནི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese