༧གོང་ས་མཆོག་གིས་བོད་མི་རིགས་ཀྱི་ངོ་ཚབ་མཚོན་པ་ནང་བཞིན་ཞིག་འཛམ་གླིང་གི་དབུ་ཁྲིད་སུས་ཀྱང་རང་རང་གི་མི་རིགས་དེའི་ངོ་ཚབ་མཚོན་མི་ཐུབ་ལ། རྒྱ་ནག་གི་དཔོན་རིགས་རྣམས་ནི་དམངས་གཙོའི་འོས་འདེམས་བརྒྱུད་ནས་ཀྱང་བསླེབས་མེད་སྟབས་འཛམ་གླིང་སྟེང་རང་གི་མི་རིགས་ཀྱི་ངོ་ཚབ་མཚོན་མི་ཐུབ་མཁན་དང་པོ་དེ་ཡིན།
འཛམ་གླིང་གི་དབུ་ཁྲིད་སུ་ཡིན་རུང་རང་གི་མི་རིགས་ཀྱི་དོན་དུ་ཕྱག་ལས་གནང་བའི་དུས་ཡུན་གྱི་རྒྱུན་དང་། རང་གི་མི་རིགས་ཀྱི་བརྩི་བཀུར་ཐོབ་སྟངས། རང་གི་མི་རིགས་ལ་འགན་འཁྱེར་སྟངས་དང་། མི་རིགས་ཀྱི་ངོ་ཚབ་མཚོན་སྟངས་ཐད་ནས་བཤད་ན། ༧གོང་ས་མཆོག་ནི་ཕྱོགས་གང་ཐད་ནས་བོད་མི་རིགས་ཀྱི་ངོ་ཚབ་མཚོན་མཁན་དང་པོ་དེ་ཡིན། དེ་ཙམ་དུ་མ་ཟད་༧གོང་ས་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་སྤྱིའི་ངོ་ཚབ་ལྟ་བུའང་ཡིན་ལ། དཔེར་ན། ཁ་སང་དེ་རིང་གསུང་ཆོས་གནང་ས་མོན་རྟ་དབང་གི་མི་འབོར་བཞི་ཁྲི་ལྷག་དང་ལ་དྭགས་པ། འབྲས་ལྗོངས་མི་དམངས་སོགས་ཀྱི་ངོ་ཚབ་ཀྱང་ཡིན། ལོ་འདིར་ལ་དྭགས་དང་མོན་རྟ་དབང་སོགས་སུ་གསུང་ཆོས་གནང་བཞིན་པ་འདི་ཡང་ས་གནས་མི་དམངས་ཀྱི་མངོན་འདོད་དང་། ༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་སྐུ་དབང་ཞིག་ཀྱང་ཡིན་ཆོག
འཛམ་གླིང་གི་དབུ་ཁྲིད་གཞན་རྣམས་དང་མི་འདྲ་བར། རྒྱ་ནག་གི་མགོ་ཁྲིད་རྣམས་ནི་དམངས་གཙོའི་འོས་འདེམས་བརྒྱུད་དེ་ཡོང་གི་མེད་པར། ཏང་གི་མགོ་ཁྲིད་ཚོས་སོ་སོའི་རྗེས་འཛིན་དུ་དམིགས་འཛུགས་ཀྱིས་བསྐོ་བཞིན་ཡོད་པས། ཁོང་ཚོ་ནི་རྒྱ་རིགས་མི་དམངས་དང་། ཤིན་ཅང་སོགས་གྲངས་ཉུང་མི་རིགས་གཞན་རྣམས་ཀྱི་ངོ་ཚབ་མིན་ལ། བོད་མི་རིགས་ཀྱི་ངོ་ཚབ་ནི་དེ་བས་ཀྱང་མིན། དེ་བས་ཉེ་ཆར་བཀའ་ཁྲི་མཆོག་གིས་རྒྱ་གར་གཞུང་ལ། ༧གོང་ས་མཆོག་གི་མོན་རྟ་དབང་ཆིབས་སྒྱུར་སྐོར་ལ་རྒྱ་ནག་གིས་སྐྱོན་བརྗོད་བྱེད་བཞིན་པ་དེར་ཉན་འཇོག་བྱེད་རན་མེད་པར་གསུངས་པ་ཡང་དོན་ལ་གནས་པ་ཞིག་ཡིན།
ལར་ནས་རྒྱ་ནག་གི་དཔོན་རིགས་དེ་དག་གིས་བཤད་ཀྱིན་པ་ནི་བོད་དང་ཞིན་ཅང་སོགས་གྲངས་ཉུང་མི་རིགས་དག་གི་མི་དམངས་ཀྱི་མངོན་འདོད་མིན་ལ། ཐ་ན་རྒྱ་རིགས་མི་དམངས་ཀྱི་མངོན་འདོད་ཀྱང་མིན་སྟབས། ཐེངས་འདིར་རྒྱ་ནག་གིས་རྒྱ་གར་གཞུང་ལ་གནོན་ཤུགས་དང་། ༧གོང་ས་མཆོག་གི་མཛད་འཕྲིན་ཁག་ལ་ཇུས་གཏོགས་བྱེད་བཞིན་པ་འདི་ཡང་ཉན་འཇོག་བྱེད་དགོས་པའི་སྐད་ཆ་ཅི་ཡང་མིན་ནོ།།
སྐྱབས་སུ་མཆི་ར། ངོ་ནས་བ་ཡས་ན། དེ་ལས་མོན་རྟ་དབང་ནི་རྒྱ་ནག་གི་ཆས་ཤིག་གཏན་ནས་མ་རེད་ཅེས་གསུང་ན་ལེ་ཡག་འདོད་དོ།།
གོང་གི་ཊི་ཝེ་ཊར་དེའི་སྔོན་ལ་བྲིས་པའི་ནང་དུ་འོད་ཟེར་ལགས་ཀྱིས། ༼ལོ་ ༥༠ སྔོན་ལ་སྐྱབས་མགོན་ཚང་རྟ་དབང་ལ་འབྱོར་དུས་ཁོང་གི་སྐུ་རྗེས་སུ་ཡོད་པ་ནི་བཙན་བྱོལ་བོད་མི་ཚོ་རེད། ༥༠ ལོ་རྗེས་ལ་སྐྱབས་མགོན་ཚང་སླར་ཡང་རྟ་དབང་ལ་ཕེབས་དུས། ཁོང་གི་རྗེས་སྙེགས་མཁན་ནི་བཙན་བྱོལ་བོད་མི་ཙམ་མིན་པར། འཛམ་གླིང་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་མི་དམངས་དང་གསར་འགོད་བརྒྱུད་ལམ་པ་དག་རེད། དངོས་གནས་དགའ་འོས་པ་ཞིག་རེད། རྟ་དབང་གི་ཚུར་ཕྱོགས་སུའང་དད་ལྡན་མང་ཚོགས་མང་ལ། ཁོང་ཚོས་སྐྱབས་མགོན་ཚང་ཕྱིར་ལོག་ཕེབས་རྒྱུར་རེ་སྒུག་བྱས་ནས་བསྡད་ཡོད།༽ཅེས་བྲིས་འདུག
དུས་ཚོད་གཉིས་ཀྱི་སྔོན་ལ་འོད་ཟེར་ལགས་ཀྱིས་པེ་ཅིན་ནས་ཊི་ཝེ་ཊར་ནང་བྲིས་དོན།
༼རྟ་དབང་དང་ལྷ་སའི་བར་གྱི་ལམ་ཐག་རིང་ཐུང་ཅི་ཙམ་རེད། ༡༩༥༩ ལོ་ནས་ ༢༠༠༩ ལོའི་བར་གྱི་དུས་ཡུན་རིང་ཐུང་གང་འདྲ་རེད། རིའི་ཕར་ཕྱོགས་ཀྱི་ཁྱོད་ཀྱིས་མཁྱེན་ངེས་ལ། རིའི་ཚུར་ཕྱོགས་ཀྱི་ངས་ཀྱང་ཤེས། ངས་བསམ་ན་འུ་ཅག་གི་བར་གྱི་བྷར་ལིན་རྩིགས་གྱང་དུ་གྱུར་ཞིང་། རི་རྩེ་གངས་ཀྱིས་གཡོག་པའི་རི་བོ་འདི་དག་ལ་འཛེགས་རྒྱུ་ནི་དེ་ཙམ་གྱི་དཀའ་ཁག་ཡིན་རྒྱུ་མ་རེད།༽ ཅེས་བྲིས་འདུག
རྒྱལ་བ་རིན་པོ་ཆེ་མཆོག་གིས། ༼རྟ་དབང་ནི་རྒྱ་གར་ལ་ཁ་བྲལ་ཐབས་མེད་པའི་ཆ་ཤས་གལ་ཆེན་ཞིིག་ཡིན་པའི་ངོས་ཀྱི་ལངས་ཕྱོགས་དེར་འགྱུར་བ་མེད་༽གསུངས་པ་འདི་ནི་རྒྱ་གར་གཞུང་གི་ལངས་ཕྱོགས་རེད། ལངས་ཕྱོགས་ཙམ་མ་གཏོགས་དངོས་ཡོད་ཀྱི་གནས་བབ་གླེང་ཡོད་པ་མ་རེད། འདིས་ལོ་རྒྱུས་ལ་ལག་པ་འཆིང་ཡོད་པ་མ་རེད། བོད་རྒྱ་ནག་གི་ཆ་ཤས་བྱེད་འདོད་ཡོད་ཅེས་པ་དང་རྒྱ་ནག་གི་མངའ་ཁོངས་ནས་འདུག་འདོད་ཡོད་ཅེས་པ་འདི་དག་གིས་ཀྱང་ལོ་རྒྱུས་ཀྱི་གནས་བབ་བཤད་ཡོད་པ་མ་རེད། སྲིད་དོན་གྱི་སྐད་ཆ་བཤད་དུས་ཚིག་དོན་གྱི་གོ་བ་མི་ནོར་རྒྱུ་གལ་ཆེན་པོ་རེད།
དངོས་ནས་བདེན་པ་རེད། བོད་མི་དམངས་ཇི་སྲིད་གནས་པ་དེ་སྲིད་དུ་༧གོང་ས་མཆོག་གི་བོད་མིའི་ངོ་ཚབ་མཚོན་ཐུབ་ཀྱི་ཡོད་ལ་བྱེད་ཀྱང་ཐུབ་ཀྱི་ཡོད་ལ། དེ་ལྟར་བརྩི་བཀུར་ཡང་བོད་མི་ཡོངས་ཀྱིས་བྱེད་ཀྱི་ཡོད།
རྩོམ་སྒྲིག་པ་ལགས། ཨན་སྒྲེས་ཏྲེ་བས་ཚང་གི་འཁྲུག་འཛིན་ཆེན་མོ་ཟེར་བའི་གསར་འགྱུར་དེ་བོད་ཡིག་སྟེང་སྒྱུར་ཐུབ་མཁན་འདྲ་ཡོད་ན་གང་མགྱོགས་སྒྱུར་ནས་དྲ་ངོས་སུ་འགོད་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག་བསམ་སོང་། སྐུ་ཉིད་ཀྱིས་བསམ་བློ་ཞིག་གཏོང་རོགས་ཞུ།
༧གོང་ས་མཆོག་གིས་༼རྟ་དབང་ནི་རྒྱ་གར་ལ་ཁ་བྲལ་ཐབས་མེད་པའི་ཆ་ཤས་གལ་ཆེན་ཞིིག་ཡིན་པའི་ངོས་ཀྱི་ལངས་ཕྱོགས་དེར་འགྱུར་བ་མེད་༽༼”My stand that Tawang is an integral part of India has not changed༽ ཅེས་ཁ་ཉིན་མོན་རྟ་དབང་ལ་ཕེབས་མ་ཐག་གསར་འགོད་པའི་དྲི་ལན་ནང་དུ་གསུངས་འདུག དེར་བརྟེན་ས་མཚམས་ཀྱི་སྐོར་ནས་གསལ་ཐག་ཆོད་ཅིག་གསུངས་ཡོད་པ་རེད། དེ་བཞིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་། ༧གོང་ས་མཆོག་གི་དགོངས་གཞི་འདི་བཞིན་གྱི་བཀའ་མོལ་ཐེངས་འགར་གསར་ལམ་ཁག་ཏུ་བསྒྲགས་ཡོད་པ་རེད། མགྲིན་པ་ཟབ་མོ་ལགས་ཀྱིས་གོང་དུ་བཤད་པ་དེར་གསལ་བཤད་ཙམ་ཡིན།
སྤྱི་ཡོངས་ཀྱི་ལྟ་ཚུལ་ནས་བཤད་ན། རྒྱ་གར་གྱིས་རྒྱ་ནག་ནི་དགྲ་བོ་་(Enemy) ཞིག་ལ་ངོས་འཛིན་བྱེད་པ་དང་། རྒྱ་ནག་གིས་རྒྱ་གར་ནི་མ་འོངས་པའི་ཁ་གཏད་ (Rival) ཅིག་ཏུ་ལྟ་གིན་ཡོད་པ་རེད། ཡང་རྒྱ་གར་གྱི་སྲིད་དོན་ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་ནི་རྒྱ་གར་གྱི་དགྲ་རུ་ངོས་བཟུང་ན་མི་འགྲིག་པར། རྒྱ་ནག་ནི་རྒྱ་གར་གྱི་འཇིགས་སྐུལ་( Threat) ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། ལྟ་ཚུལ་འདི་དག་གི་རྨང་གཞི་ནི་རྒྱལ་ཁབ་འདི་གཉིས་ཀྱི་སྟོབས་ཤུགས་ཆེ་ཆུང་དང་ཡིད་བརྟོན་ཡོད་མེད་ཀྱི་སྟེང་ནས་ཀྱང་བཤད་ཀྱིན་ཡོད། དཔེར་ན། རྒྱ་གར་གྱིས་རྒྱ་ནག་ནི་ཁ་དན་ལ་མི་གནས་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། འདི་དག་གི་ཡོང་རྐྱེན་དང་ཤུགས་རྐྱེན་ངོ་མ་ནི་ ༡༩༦༢ ལོའི་དམག་འཁྲུག་དེ་ཡིན། དམག་འཁྲུག་དེ་ལ་བརྟེན་ནས་རྒྱལ་ཁབ་འདི་གཉིས་ཀྱིས་ཕན་ཚུན་ལ་དབྱེ་ཞིབ་བྱེད་སྟངས་དང་། ཐ་སྙད་བེད་སྤྱོད་བྱེད་སྟངས་སོགས་བྱུང་ཡོད། རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་རྗོར་རྗི་ཧྥར་ནན་ཌ་ལགས་ཀྱིས་སྔོན་ཆད་རྒྱ་ནག་ནི་རྒྱ་གར་གྱི་དགྲ་དང་པོ་ཡིན་པའི་གསལ་བསྒྲགས་ཀྱང་སྤེལ་མྱོང་ཡོད་པ་རེད།
རྒྱ་གར་གཞུང་གིས་ཐེངས་འདིར་སྤྱང་པོ་གཉིས་འཁྲབ་པ་རེད། གཅིག་ནི་རྒྱལ་བ་རིན་པོ་ཆེ་མངའ་ཁུལ་དེར་ཕེབས་བཅུག་སྟེ་ས་ཁུལ་དེ་ནི་རྒྱ་གར་གྱི་ཡིན་པ་དང་རྒྱ་ནག་ལ་ཇུས་གཏོགས་ཀྱི་དབང་ཆ་མེད་པ་བསྟན་པ་རེད། གཉིས་པ་ནི། རྒྱལ་བ་རིན་པོ་ཆེས་ས་མཚམས་རྩོད་རྙོག་ལས་འཕྲོས་པའི་ཆབ་སྲིད་ཀྱི་སྐད་ཆ་མི་བཤད་རྒྱུའི་ཆ་རྐྱེན་བཏོན་པ་རེད།ཆ་རྐྱེན་ཕྱི་མ་དེ་ནི་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རེ་ཡིན་ཡང་སྲིད། གང་ཡིན་ཟེར་ན། མོན་རྟ་དབང་སུ་གི་ས་ཁུལ་འདི་རྒྱ་དཀར་ནག་གཉིས་ཀྱི་སུ་ལ་དབང་མིན་གསུང་དགོས་ན། ཐོག་མར་བོད་ཀྱི་ས་བབ་ལོ་རྒྱུས་ནས་གསུང་དགོས་པ་རེད། རྒྱ་ནག་ལབ་ན་མ་ལབ་ན་གཙོ་བོ་མོན་རྟ་དབང་འདི་བོད་དང་རྒྱ་གར་གཉིས་ཀྱི་སུ་ལ་དབང་གི་ཡོད་མེད་ཀྱི་སྐད་ཆ་རེད། ༧གོང་ས་མཆོག་གིས་ངོས་རང་ནང་བའི་དགེ་སློང་ཞིག་ཡིན་པའི་ཆ་ནས་སྐྱག་རྫུན་བཤད་ན་འགྲིག་གི་མ་རེད། ལོ་རྒྱུས་ལ་བཟོ་བཅོས་རྒྱག་ཆོག་གི་མ་རེད་ཅེས་ནམ་རྒྱུན་གསུང་གི་ཡོད་སྟབས། མོན་རྟ་དབང་གི་སྐོར་ལ་བཀའ་མོལ་གནང་བདེ་བོ་ཡོད་པ་མ་རེད།
མགྲོན་པ་ཟབ་མོས་ཡག་པོ་ཞིག་བཤད་འདུག གླེང་མོལ་མུ་མཐུད་ནས་ཡིན་ད།
གོང་གི་རྩོམ་དེ་ཚར་གཅིག་བཀླགས་ཡིན་ཨའུ་ཙམ་གོ་སོང་ད་དུང་ཚར་གཅིག་
བཀླག་བརྩིས་ཡོད།
ལོ་ ༥༠ ཡར་སྔོན་ལ་༧རྒྱལ་བ་རིན་པོ་ཆེ་སྐུ་འཁོར་དང་བཅས་པས་མོན་རྟ་དབང་གི་མཛེས་མའི་ཐང་ཞེས་པ་དེ་བརྒྱུད་ནས་བཙན་བྱོལ་དུ་ཞབས་སོར་བཀོད་པ་རེད། ལོ་ ༥༠ རིང་འཛམ་གླིང་གི་ཡུལ་ལུང་གང་སར་ཞབས་ཀྱིས་བཅགས་ཤིང་། དེ་རིང་སླར་ཡང་མོན་རྟ་དབང་ལ་ཞབས་སོར་བཀོད་པ་ནི་བསྐོར་བ་གཅིག་བརྒྱབས་ཏེ་སྔར་གྱི་ལམ་སྣེ་དེར་མཐུད་པ་རེད།
གནས་འདི་ནས་༧གོང་ས་མཆོག་གིས་སྔར་གྱི་ལམ་ཁ་དེ་བརྒྱུད་ནས་ཕྱིར་ཕ་ཡུལ་ལ་ཕེབས་ཐུབ་རྒྱུའི་ཐུགས་སྨོན་ཞིག་གནང་འོས་པ་རེད།
དེ་རིང་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུང་ཆོས་གནང་ས་མོན་རྟ་དབང་འདི་ནི་ཨེ་ཤ་ཡའི་དམག་འཁྲུག་གི་མེ་རྟ་མཆེད་ས་དེ་རེད།
མོན་རྟ་དབང་ལ་བསྟེན་ནས་ཨེ་ཤ་ཡའི་རྩོད་གཞི་མཐའ་དག་གི་ཁ་ཤོར་སྲིད་ལ། འབར་མ་ཡང་ནང་གི་ན་ཟུག་ཅིག་གིས་མནར་བཞིན་ཡོད། འདི་དག་ལ་བསམ་ན་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་བཞུགས་པའི་སྐབས་འདིར་ཞི་བདེའི་ལམ་ནས་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་ན་ཨེ་ཤ་ཡའི་མི་དམངས་བྱེ་བ་མང་པོའི་ཚེ་སྲོག་སྐྱོབ་ཐུབ་གི་རེད།
ད་མ་བྱུང་ཚེ་དམག་འཁྲུག་ལ་བསྟེན་ནས་མུ་གེ། དེའི་རྗེས་ནས་ནད་ཡམས་དང་། རྐུ་འཕྲོག་བཅོམ་གསུམ་སོགས་ཡ་ང་བའི་དུས་སྐབས་ཤིག་ཤར་རྒྱུ་རེད། རང་བྱུང་ཁོར་ཡུག་ལའང་གཞལ་དུ་མེད་པའི་གནོད་སྐྱོན་ཞིག་འབྱུང་ངེས་རེད།
རྒྱ་ནག་དང་རྒྱ་གར་གཉིས་ཀྱིས་དམག་བརྒྱབ་ན་ཕྱོགས་གཉིས་ཀར་དཀའ་ངལ་འདྲ་མཚུངས་རེ་ཡོད་པ་རེད། རྒྱ་ནག་གི་དཀའ་ངལ་ནི་བོད་དང་ཞིན་ཅང་གཉིས་རེད། དམག་འཁྲུག་འདིའི་གོ་སྐབས་ལ་བསྟེན་ནས་བོད་ནང་གི་བོད་མི་ཚོས་ཡར་ལངས་བྱེད་ངེས་ལ། དེ་དང་བསྟུན་ནས་ཞིན་ཅང་ཡང་མེ་བཞིན་དུ་འབར་ཆོག་ཆོག་ཡིན། པེ་ཅིན་གྱི་དཔོན་རིགས་ཚོའི་ནང་དུའང་ཕྱོགས་ཁག་ཡོད་སྟབས། དམག་འཁྲུག་འདི་ལ་འདོད་པ་མེད་མཁན་དང་དམར་ཤོག་གཞུང་ལ་འདོད་པ་མེད་མཁན་ཚོས་ཀྱང་གོ་སྐབས་འདི་སྤྱད་དེ་རྒྱ་ནག་གི་འགྱུར་བ་ཆེན་པོ་ཞིག་ལ་སྟ་གོན་བྱ་སྲིད་པ་ཡིན། དམངས་གཙོའི་རྩོད་ལེན་པ་ཚོས་ཀྱང་གོ་སྐབས་འདི་འདྲ་ཞིག་ལ་བསྒུག་ཡོད་ལ། འདི་དག་གི་སྒུལ་ཤུགས་འོག་ནས་རྒྱ་ནག་གི་ཞིང་བ་དང་བཟོ་བའི་ཕྱོགས་ནས་ཡར་ལངས་བྱས་ཏེ་དཀའ་ངལ་ཞིག་འཕྲད་སྲིད་པ་ཡིན།
རྒྱ་གར་ལ་ཡང་ཀ་ཤི་མུར་རང་བཙན་བརྩོད་ལེན་པ་དང་ཨ་སམ་རང་བཙན་རྩོད་ལེན་པ་དག་གི་དཀའ་ངལ་ཡོད། ཁོང་ཚོས་གོ་སྐབས་འདི་བརྒྱ་ཆ་བརྒྱ་ཐམ་པ་ལེན་གི་རེད། འདི་དག་གི་རྒྱབ་ནས་པ་ཀི་སི་ཐན་གྱིས་མེ་སྤར་གང་ཐུབ་བྱེད་ངེས་རེད།
བར་འདི་ནས་དོན་མེད་ལ་དཀའ་ངལ་གྱི་ནང་དུ་འཕྲད་སྲིད་པ་ནི་འབྲུག་དང་བལ་ཡུལ་གཉིས་རེད། འབྲུག་ནི་ད་ལྟའི་ཆར་རྒྱ་གར་གྱི་མཐུ་འོག་ན་ཡོད་རུང་དམག་འཁྲུག་ཅིག་བརྒྱབ་ཚེ་རྒྱ་ནག་གི་ལག་ལ་ཤོར་སྲིད་པ་རེད།
སྟབས་ཡག་ནས་རྒྱ་གར་གྱི་རྒྱབ་ནས་ཨ་རི་ལངས་སྲིད་པ་རེད། ཨ་རི་རྒྱ་གར་གྱི་རྒྱབ་ནས་མ་ལངས་ཚེ་ཨེ་ཤ་ཡའི་སྟོབས་ཤུགས་ངོ་མ་དེ་རྒྱ་ནག་གཅིག་པུའི་ལག་ལ་ཤོར་ཉེན་ཡོད་ལ། འདི་ལ་བསྟེན་ནས་ཨ་རིའི་སྟོབས་ཤུགས་ལ་ཚབས་ཆེའི་གནོད་སྐྱོན་འབྱུང་གི་རེད།
དེར་བརྟེན་རྒྱལ་ཁབ་འདི་དག་གིས་ཐོག་མར་དམག་རྒྱག་ཐུབ་མིན་དེ་གནད་དོན་གཙོ་བོ་རེད། ལྷག་པར་དུ་རྒྱ་ནག་ལ་མཚོན་ནའང་དམག་ཤུགས་ཀྱི་ཐད་ནས་གདེང་ཚོད་ཡོད་རུང་། མི་དམངས་དང་ཆབ་སྲིད་ཀྱི་རྩོད་རྙོག་ཐད་ནས་གདེང་ཚོད་ཡོད་པ་མ་རེད། དམག་འཁྲུག་འདིས་རང་ཉིད་གང་ཞིག་ཏུ་བསྐྱལ་ཡོང་སྙམ་པའི་དོགས་པ་ཞིག་གིས་ཉིན་མཚན་གཉིས་ཀར་བཟུང་ཡོད།
ཨེ་ཤ་ཡའི་དུས་བབ་ཅེས་པའི་ནང་པེ་ཊར་ལི་ཞེས་པ་ཞིག་གིས་ཞིབ་འཇུག་རྩོམ་ཡིག་ཅིག་བཀོད་པའི་ནང་དུ། བོད་ནི་ད་ཆར་འཛམ་གླིང་གི་སྟོབས་ཤུགས་ཆེན་པོ་གསུམ་སྟེ། རྒྱ་ནག་དང་རྒྱ་གར། ཨ་རི་བཅས་ཀྱི་རྩོད་རྙོག་ཏུ་གྱུར་ཡོད་པར་བཤད་ཅིང་། དེང་སྐབས་བོད་དོན་ཐད་འཛམ་གླིང་གི་སྟོབས་ཤུགས་ཆེན་པོ་དག་དང་བརྒྱུད་ལམ་ཁག་ནས་དོ་སྣང་གསར་དུ་བསླེབས་འདུག་ལ། བོད་མིའི་དབུ་ཁྲིད་དག་གིས་ཐབས་མཁས་པོའི་སྒོ་ནས་རྩོད་རྙོག་འདིའི་ནང་ཆ་ཤས་ལེན་ཐུབ་ན་བོད་དོན་ལ་ཁེ་ཕན་ཞིག་རག་སྲིད་པའི་སྔོན་དཔག་བྱས་འདུག
རྒྱ་གར་གྱི་བདེ་སྲུང་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པ་བྷ་ར་ཌུ་ཝེ་མ་ལགས་ཀྱིས། རྒྱ་ནག་གིས་ ༢༠༡༢ ལོར་རྒྱ་གར་ལ་དམག་རྒྱག་རྒྱུ་ཡིན་པའི་སྔོན་དཔག་བྱས་འདུག་པ་རྒྱ་གར་དུས་བབ་གསར་ཁང་གིས་གསར་འགྱུར་ནང་དུ་སྤེལ་འདུག