མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་བྱང་ཀོ་རི་ཡའི་དམག་འཐབ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རེས་གཟའ་མིག་དམར་ཉིན་གྱི་ཞོགས་པར་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ནུབ་ཕྱོགས་མཚོ་གླིང་མཐའ་མཚམས་ཁུལ་དུ་མཐའ་སྲུང་དམག་མིས་བར་འཁྲུག་འཛིང་བྱུང་སྟེ་བྱང་ཁོ་རེའི་དམག་མི་ ༡ བསད་ཡོད་པ་དང་། དམག་མི་ ༣ ལ་རྨས་སྐྱོན་ཕོགས་ཡོད་པ་རེད།

ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་བྱང་ཀོ་རི་ཡའི་མཐའ་སྲུང་དམག་གྲུ་ཞིག་ནུབ་ཕྱོགས་མཚོ་གླིང་མཐའ་ཐིག་བརྒལ་ཏེ་ལྷོ་ཀོ་རི་ཡའི་མངའ་ཁོངས་སུ་སིམ་འཛུལ་བྱས་ཡོད་པ་དང་། ལྷོ་ཀོ་རི་ཡའི་ཕྱོགས་ནས་ཐེངས་འགར་ཉེན་བརྡ་བཏང་ཡང་། བྱང་ཀོ་རི་ཡའི་དམག་གྲུས་ཡ་ལན་མ་སྤྲད་པར་སྤྱི་ལེ་ ༢ ཙམ་གྱི་མཚོ་ཁུལ་ལ་སིམ་འཛུམ་བྱས་པར་བརྟེན་མཚོ་ཐོག་དམག་གྲུ་གཉིས་བར་འཁྲུག་འཛིང་བྱུང་སྟེ། བྱང་ཀོ་རི་ཡའི་དམག་མི་ ༡ བསད་ཡོད་པ་དང་། དམག་མི་ ༣ ལ་རྨས་སྐྱོན་ཕོག་ཡོད་པ་རེད།

ལྷོ་ཀོོ་རི་ཡའི་དཔོན་རིགས་ཤིག་གིས་ལྷོ་ཀོ་རི་ཡའི་མཉམ་འབྲེལ་གསར་ཁང་དུ་བརྗོད་དོན།  ལྷོ་ཀོ་རི་ཡའི་མཚོ་འགག་མྱུལ་ཞིབ་དམག་གྲུ་ཞིག་ལྷོ་ཀོ་རི་ཡའི་ཕྱོགས་ནས་ཉེན་བརྡ་བཏང་བར་མ་ལྟོས་པར། ད་ནངས་ཞོགས་པར་མཚོ་ཁུལ་མཐའ་ཐིག་བརྒལ་ཏེ་ལྷོ་ཀོ་རི་ཡའི་མངའ་ཁུལ་དུ་ཚུར་རྒོལ་བྱས་པར་བརྟེན། དམག་གྲུ་གཉིས་ཀྱིས་སྒྱོགས་འདེད་འཕེན་རེས་ཀྱིས་འཁྲུག་འཛིང་བྱུང་ཡོད་པ་དང་། བྱང་ཀོ་རི་ཡའི་དམག་གྲུར་གཏོར་སྐྱོན་ཕོག་རྗེས་ཕྱིར་འཐེན་བྱས་ཡོད་ལུགས་དང་། མཚོ་ཁུལ་དེར་ཡོད་པའི་ལྷོ་ཀོ་རི་ཡའི་ཉ་འཛིན་མཚོ་གྲུ་ ༩ ཡོད་པ་ད་ལྟ་བདེ་འཇགས་མཚོ་ཁུལ་དུ་གནས་སྤོར་བྱས་ཡོད་ཚུལ་བརྗོད་ཡོད་པ་རེད།

མཚོ་གླིང་བྱང་ཐིག་ NLL དེ་ནི་ ༡༩༥༣ ལོར་ལྷོ་ཀོ་རི་ཡའི་དམག་འཐབ་མཇུག་སྒྲིལ་རྗེས་ཨ་རི་དང་མཉམ་འབྲེལ་ཞི་བདེ་དཔུང་ཁག་མཉམ་འབྲེལ་ཐོག་གཏན་འབེབས་གནང་བ་ཞིག་ཡིན་པ་དང་།  བྱང་ཀོ་རི་ཡས་མཐའ་མཚམས་མཚོ་ཐིག་དེར་ངོས་ལེན་གནང་གིན་མེད་པ་ཞིག་ཡིན་འདུག

དེ་བཞིན་ཟླ་སྔོན་མའི་ནང་ལྷོ་ཀོ་རི་ཡའི་མཚོ་དམག་གིས་བྱང་ཀོ་རི་ཡའི་མྱུལ་ཞིབ་དམག་གྲུ་ཉིན་གཅིག་ལ་ཐེངས་བཅུར་མཐའ་མཚམས་མཚོ་ཐིག་བརྒལ་ཏེ་ཟིང་ཆ་བསླངས་ཡོད་ཚུལ་འགྲེལ་བརྗོད་བྱས་ཡོད་པར་མ་ཟད། མཚོ་ཐིག་བརྒལ་བའི་སིམ་འཛུལ་གྱི་བྱ་སྤྱོད་ཅི་རིགས་ལ་རྒོལ་ལན་སློག་རྒྱུ་ཡིན་པའི་ཉེན་བརྡའང་བཏང་ཡོད་པ་རེད།

ལོ་བཅུའི་ཡར་སྔོན་དུའང་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་བར་མཚོ་གླིང་མཐའ་མཚམས་ཁུལ་དེར་དམག་འཁྲུག་བྱུང་མྱོང་ཡོད་པ་རེད། དེའི་ཁྲོད་ ༡༩༩༩ ལོའི་དམག་འཐབ་སྐབས་བྱང་ཀོ་རི་ཡའི་དམག་གྲུ་གཅིག་རྩ་གཏོར་དང་། ཕྱོགས་གཉིས་ཀྱི་དམག་གྲུ་རེ་འགར་གནོད་སྐྱོན་ཕོག་མྱོང་ཡོད་པ་རེད། ༢༠༠༢ ལོར་ལྷོ་བྱང་མཐའ་མཚམས་ཁུལ་གཉིས་སུ་ཡང་བསྐྱར་དམག་འཐབ་བྱུང་སྟེ། ལྷོ་ཀོ་རི་ཡའི་དམག་དཔོན་ ༤ དང་བྱང་ཀོ་རི་ཡའི་དམག་མི་ ༣༠ ལྷག་ཆུ་ཚོད་སྐར་མ་ ༢༠ ནང་རྐྱེན་འདས་སུ་བཏང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 4

  1. འཇམ་བཟང says:
    ལོ་ 17 སྔོན།

    གཅིག་ལ་རྒྱ་ནག་གིས་རྒྱབ་སྐྱོར་ཡོད།
    གཅིག་ལ་ཨ་རིག་གིས་རྒྱ་སྐྱོར་ཡོད།
    དམག་རྒྱོབ་ཡ་ངའི་ལྟད་མོ་ཞིག་བལྟ་འོང་།
    དངོས་གནས་ཧུ་ཐུག་དུས་དཀའ་མོ་ཡིན། ད་དམག་ཞིག་རྒྱོབ་དང་།

    Reply
  2. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    རྒྱལ་ཁབ་སྟོབས་ཆེ་ཆུང་གང་ཞིག་ཡིན་ནའང་། དམག་འཁྲུག་ནི་མཐའ་གཅིག་ཏུ་སྡུག་བསྔལ་ཞིག་ཡིན་ལ། མ་ཟད་དེའི་མཐར་འབྲས་ཡང་སྡུག་བསྔལ་ཞིག་ཡིན། དེས་ན་དམག་འཁྲུག་ཆེ་ཆུང་གང་ཞིག་བྱུང་ན་མྱུར་དུ་དེ་མེད་ཐབས་དང་། ཕྱོགས་གཉིས་ལ་ཞི་བདེ་འོངས་ཐབས་འབད་དགོས། གལ་སྲིད་དངོས་སུ་ཕར་ཐོགས་ཐུབ་པའི་ནུས་པ་མེད་ན་སྨོན་ལམ་ཡག་པོ་རེ་དང་། གསོལ་འདེབས་ཤུགས་དྲགས་རེ་བྱེད་རྒྱུ་གལ་ཆེ།

    Reply
  3. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ཞི་བདེ་མི་དགོས་ན་དམག་རྒྱོབ་ཡ།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཨོ་ད་འདི། ཉིན་གུང་རྒྱ་ཡིག་དྲ་རྒྱ་ནས་ཨ་ཧྭ་མ་ཞིག་བཀླགས་པ་དེ་འགྲིག་ག
    ཨོ་རེད་རེད། གསར་འགྱུར་འདིའི་ཚན་པ་གསུམ་པའི་ཡིག་ཕྲེང་དང་པོའི་འགོ་ནས་”ལྷོ་ཀོ་རི་ཡའི་མཚོ་འགག་མྱུལ་ཞིབ་དམག་གྲུ་ཞིག་ལྷོ་ཀོ་རི་ཡའི་ཕྱོགས་ནས་ཉེན་བརྡ་བཏང་བར་མ་ལྟོས་པར། “ཞེས་པ་འདི་བྱང་ཀོ་རི་ཡའི་མཚོ་འགག་མྱུལ་ཞིབ་ཅེས་པ་ཡིན་ནམ་སྙམ་པས་དཔྱད་བཅོས་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese