མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐག་གཅོད་དྲང་པོ་བྱ་དགོས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས། ངེས་པར་དུ་བོད་མི་ཚོར་དངུལ་ག་ཚོད་བསྡུ་རུབ་བྱས་པ་དེ་དག་ཕྱིར་སློག་བྱ་རྒྱུ་དང་། ཐེངས་འདིའི་གནད་དོན་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་ཏེ་ཡང་དག་གི་ཐག་གཅོད་བྱ་དགོས།

དེ་རིང་ཉིན་གུང་ཆུ་ཚོད་ ༢ པའི་སྟེང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ཉེ་ཆར་རྒྱ་ནག་ཐེན་ཅིན་གྲོང་ཁྱེར་གྱི་ཁེ་ལས་ཚོགས་པ་ཞིག་གི་མགོ་སྐོར་བསླུ་བྲིད་འོག་ཚུད་པའི་བོད་མི་ ༢༠༠༠ ལྷག་གི་འཐུས་ཚབ་བོད་མི་  ༡༥༠ ཡིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་དྲང་བདེན་མིན་པའི་བྱེད་སྟངས་ལ་ངོ་རྒོལ་གྱིས་ཟས་བཅད་ངོ་རྒོལ་བྱས་པར། རྒྱ་ནག་གཞུང་ཕྱོགས་ནས་དྲང་བདེན་ལ་རྒྱབ་སྐྱོར་མི་བྱེད་པར།  རྒྱ་ནག་ཉེན་རྟོག་མི་སྣས་བོད་མི་ཚོར་ཉེས་རྡུང་བཏང་ཡོད་པ་དང་། མཐར་བོད་མི་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཏེ་སྨན་ཁང་དུ་ལུས་ཡོད་པ་དེ་དག་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཁྱེན་རྟོགས་ཡོང་བར་བྱ་ཆེད་གོང་གསལ་ཚོགས་པ་གཉིས་ནས་གསར་འགོད་གསལ་བསྒྲགས་ཤིག་གནང་སོང།

སྐབས་དེར། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡང་དྲུང་ལགས་ཀྱིས། སྤྱི་ལོ་ ༢༠༠༧ ལོ་ནས་བཟུང་རྒྱ་ནག་གི་སྒེར་གྱི་ཁེ་ལས་ཚོགས་པ་དེས་བོད་ཆོལ་གསུམ་ས་ཁུལ་གྱི་བོད་མི་རེར་རྒྱ་སྒོར་ ༢༨༠༠ བསྡུ་རུབ་ཀྱིས་མགོ་སྐོར་བསླུ་བྲིད་བཏང་ཡོད་འདུག་ལ། ད་ལྟའི་ཆར་བོད་མི་ ༢༠༠༠ ལྷག་ཐེན་ཅིན་གྲོང་ཁྱེར་གྱི་ཁེ་ལས་ཚོགས་པ་དེའི་ནང་འཛུལ་ཞུགས་བྱ་རུ་བཅུག་ཡོད་འདུག  རྩ་བའི་གནས་ཚུལ་འདི་བརྒྱུད་ལམ་ཁག་ཏུ་སྤེལ་ཟིན་ནའང་། ང་ཚོ་ནི་བོད་ཕྱི་ལོག་ཏུ་གནས་པའི་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ནང་གི་ཆབ་སྲིད་ཁོ་ན་མ་ཡིན་པར། བོད་པ་མི་རེ་ངོ་རེར་འཕྲད་བཞིན་པའི་དཀའ་ངལ་དེའི་རིགས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད། རྒྱ་ནག་གི་བྱེད་ཐབས་འདི་ནི་སྲིད་དབང་སྒེར་གཅོད་རིང་ལུགས་དང་ལྐོག་ཟ་རུལ་སུངས། མི་རིགས་དབྱེ་འབྱེད་ལ་གོམས་པའི་བྱེད་ཐབས་ཤིག་གི་འོག་ནས་བྱུང་བ་ཞིག་ཡིན་ཡང། རྒྱ་ནག་གཞུང་ནས་ངེས་པར་དུ་བོད་མི་ཚོར་དངུལ་ག་ཚོད་ཅིག་བསྡུ་རུབ་བྱས་པ་དེ་དག་ཕྱིར་སློག་དང་། གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ཡང་དག་གི་ཐག་གཅོད་བྱ་དགོས། ཅེས་དང། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ནས་ཀྱང་དྲང་བདེན་མིན་པའི་གནས་ཚུལ་འོག་གྱོང་གུད་ཕོག་པའི་བོད་མི་ཚོར་ཉེན་ཁ་མི་འབྱུང་ཆེད་ཕྱོགས་ཡོངས་ནས་རོགས་སྐྱོར་གནང་རོགས། ཅེས་འབོད་སྐུལ་ཡང་གནང་སོང།

ཐན་ཧྲེ་གནའ་འབྲེལ་ཚོགས་པ་ཞེས་པའི་རྒྱ་ནག་གི་ཁེ་ལས་ཚོགས་པ་དེའི་སྦྱིན་བདག་གི་མིང་ལ་ལིང་ཅན་ཡང་ཞེས་འབོད་ཀྱིན་འདུག་ལ། ཁོ་བོས་ ༢༠༠༧ ལོ་ནས་བཟུང་བོད་པ་ ༢༠༠༠ ལྷག་གི་དངུལ་སྒོར་ཁྲི་ཕྲག་མང་པོ་བསླུ་བྲིད་བྱས་ཡོད་པ་དང་། ཁོ་བོ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་འབྲེལ་བ་ཡོད་པའི་པར་རིས་སོགས་ཀྱང་གསར་ལམ་ཁག་ཏུ་གསལ་སྟོན་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 7

  1. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    ད་ལྟ་དཀའ་ངལ་འཕྲད་བཞིན་པའི་བོད་མི་དེ་དག་ལ་རྒྱ་ནག་གཞུང་ངོས་ནས་གུན་གསབ་སྤྲད་དེ་གྱོང་གུན་གསབ་ཐབས་དང་། ཕྱིས་འབྱུང་བོད་མིའི་སྤྱི་ཚོགས་ནང་རྒྱ་མི་རིགས་ཀྱིས་ཁྱབ་བསྒྲགས་འདྲ་མིན་བྱ་བཞིན་པའི་གཏམ་འཆལ་རིགས་ལ་མགོ་བོ་མ་འཁོར་བར་ངེས་པར་གཟབ་ནན་བྱ་དགོས་རྒྱུར་ང་ཚོ་ཚང་མས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན༎

    Reply
  2. སྨྱུག་རྒོད། says:
    ལོ་ 17 སྔོན།

    ཚོགས་གཙོ་འཆི་མེད་གཡང་དྲུང་སོགས་ལ་ཞུ་རྒྱུ།
    སེམས་ཤུགས་ཡོད་མདོག་གིས་བོད་ནང་གི་ག་ས་གང་ལ་ཁྱེད་ཆོ༹འི་དྲི་མ་ཅན་གྱི་ལག་པ་དེས་མ་འཆང་རོགས།ཁྱེད་ཆོ༹འི་གསར་འགོད་གསལ་བསྒྲགས་དེ་ལྟ་བུ་ཞིག་གིས་གཞུས་ལུས་བོད་མི་དག་ལ་ཕན་ལས་གནོད་ཆེ།དེ་ལས་རང་ཉིད་ཀྱིས་ངོས་ནས་བོད་མི་དམངས་དང་གཞུང་རྒྱུ་ལ་བསམ་བློ་ཏོག་ཅ༹མ་བཏང་ནས་མི་དམངས་ཀྱི་མདུན་ནས་སྐད་ཆ་བཤད་རོགས།

    Reply
  3. བསྟན་འཛིན་ཚེ་དཔག says:
    ལོ་ 17 སྔོན།

    བསེ་རུ་ལགས།

    ད་ལྟ་དྲ་ཐོག་ན་ཡོད་དམ་ཅི། ལན་ཞིག་གནང་རོགས།

    Reply
  4. བསེ་རུ། says:
    ལོ་ 17 སྔོན།

    སྔ་མ་ནོར་ལ་ཕྱི་མ་འགྲིག་པར་སེམས།

    ཚོགས་གཙོ་འཆི་མེད་གཡང་དྲུང་ལགས།
    ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས།

    ཐག་གཅོད་བྱ་དགོས། ཅེས་དང།
    ཐག་གཅོད་བྱ་དགོས། ཞེས་དང་།

    རོགས་སྐྱོར་གནང་རོགས། ཅེས་འབོད་སྐུལ་ཡང་གནང་སོང།
    རོགས་སྐྱོར་གནང་རོགས། ཞེས་འབོད་སྐུལ་ཡང་གནང་སོང་།

    Reply
  5. བདེ་བ་ཅན། says:
    ལོ་ 17 སྔོན།

    རྒྱ་ནག་གཞུང་གི་རྒྱུན་དུ་བོད་ཀྱི་གནད་དོན་ནི་ཆོས་ལུགས་ཀྱི་གནད་དོན་དང་མི་རིགས་ཀྱི་གནད་དོན་ཞིག་མ་ཡིིན་པར་དེ་ནི་དགྲ་དང་ལངས་ཕྱོགས་བར་གྱི་འགལ་ཟླ་ཞིག་ཡིན་པའི་ངོས་འཛིན་བྱ་གི་ཡོད། ཁོང་ཚོས་དགྲ་དང་ལངས་ཕྱོགས་བར་གྱི་འགལ་ཟླ་དེ་བོད་མི་ཞིག་ལས་དོན་གང་བྱས་པར་སྟངས་འཛིན་བྱ་རྒྱུའི་ཐད་བེད་སྤྱོད་བྱ་གི་ཡོད་པ་གསལ་པོ་མཚོན་ཡོད་ཅིང༌། ཆབ་སྲིད་ཀྱི་གནད་དོན་ཡོད་མིན་ལ་མ་ལྟོས་པར་སྤྱི་ཚོགས་ཁྲོད་རྒྱ་རིགས་ཁེ་ལས་ཚོང་པ་ཚོས་རང་སྣང་གང་དྲན་གྱིས་བོད་མི་ཚོར་མགོ་སྐོར་གཏོང་བའི་ཐབས་ལམ་དེ་དག་ལ་ཁྲིམས་ལུགས་ཀྱི་ཞིབ་འཇུག་མེད་པར་བཙན་པོ་དབང་ཡོད་ཁོ་ནས་བོད་མི་རྣམས་མགོ་གནོན་ཐབས་བྱ་གི་ཡོད་པ་རེད། གོང་གསལ་དེ་ནི་དཔེ་མཚོན་ཡག་ཤོས་ཤིག་རེད། ལྷག་པར་དུ་ད་རེས་བོད་མི་ཚོར་མགོ་བསྐོར་གཏོང་མཁན་གྱི་ཐན་ཅན་ཐེན་ཧྲེ་ཚོགས་པ་ཚད་ཡོད་ཀུང་སིའམ་ཐན་ཅན་གནམ་སྡེ་ཚོགས་པ་ཚད་ཡོད་ཀུང་སི་ཞེས་པ་དེའི་འགན་འགན་འཛིན་ལིའི་ཅང་ཡོན་ཞེས་པ་དེ་ནི་རྒྱ་ནག་གུང་ཁྲན་གཞུང་གི་སྒྲིག་འཛུགས་མང་པོའི་ནང་ཐེ་གཏོགས་ཡོད་པ་ཙམ་མ་ཟད།ཐན་ཅན་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་དང༌། རྒྱ་ནག་རྒྱ་གྲམ་དམར་པོ་ཚོགས་པའི་ལས་འཛིན་པ། རྒྱལ་ཁབ་མི་དོན་པུའུ་ཆེད་ལས་ཞབས་ཞུ་ལྟེ་གནས་ཁང་གི་ནུབ་ཕྱོགས་ས་ཁུལ་འཕེལ་རྒྱས་བློ་འདྲི་བྱ་ཡུལ་སོགས་གཞུང་གི་སྒྲིག་འཛུགས་ཁག་བཅུ་དྲུག་ལྷག་ནང་ཐེ་བྱུས་ཡོད་པའི་མི་སྣ་ཞིག་ཡིིན་བཟོ་འདུག་པས་ཁོ་པས་གཙོ་གཉེར་བྱས་པའི་ཁེ་ལས་དེར་རྒྱ་ནག་གཞུང་ཕྱོགས་ནས་ཏན་ཏན་ལག་སྦྲེལ་ཡོད་སྲིད་པས་བོད་མི་རྣམས་ལ་ཐག་གཅོད་དྲང་པོ་ཞིག་ཡོང་ཐུབ་ཐབས་མེད་པ་དེ་ཧ་ཅང་གསལ་པོ་ཆགས་ཡོད། ཡིན་ནའང་ད་ལྟ་དཀའ་ངལ་འཕྲད་བཞིན་པའི་བོད་མི་དེ་དག་ལ་རྒྱ་ནག་གཞུང་ངོས་ནས་གུན་གསབ་སྤྲད་དེ་གྱོང་གུན་གསབ་ཐབས་དང་། ཕྱིས་འབྱུང་བོད་མིའི་སྤྱི་ཚོགས་ནང་རྒྱ་མི་རིགས་ཀྱིས་ཁྱབ་བསྒྲགས་འདྲ་མིན་བྱ་བཞིན་པའི་གཏམ་འཆལ་རིགས་ལ་མགོ་བོ་མ་འཁོར་བར་ངེས་པར་གཟབ་ནན་བྱ་དགོས་རྒྱུར་ང་ཚོ་ཚང་མས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན༎

    Reply
  6. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    རེདརེད་ཡག་པོ་རེད། ཡིན་ན་གཡག་རྒྱབ་ཤིག་གིས་ཟོས་པ་ནང་བཞིན་ལས་མེད་པར་འདོད། རྒྱ་ནག་ལྟ་བུའི་ཁྲེལ་མེད་ངོ་ཚ་རྒྱུ་མེད་ནི་ཞིག་ལ་སུ་ཞིག་གིས་གནོད་ཤུགས་སྤྲོད་ཐུབ་ཀྱི་མ་རེད། དེ་ལས་ང་ཚོ་བཙན་བྱོལ་བའི་ནང་ན་ལྐོག་ཟ་རུལ་སོང་མཁན་དང་ལས་དོན་འཐུས་ཤོར་འགྲོ་བཞིན་འདུག་མིན་གསལ་བོར་ཞིབ་གཤེར་བྱེད་རན་རེད་སྙམ། སྐྱབས་བཅོལ་བ་ཆུང་ཆུང་འདིའི་ནང་གཙང་མ་ཆགས་ན་ད་བཟོད་ཕྱི་ལ་རྒོལ་ན་ནུས་པ་ཐོན་གྱི་རེད་དྲན་བྱུང་།

    Reply
  7. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    རྩ་བའི་གནས་ཚུལ་འདི་བརྒྱུད་ལམ་ཁག་ཏུ་སྤེལ་ཟིན་ནའང་། ང་ཚོ་ནི་བོད་ཕྱི་ལོག་ཏུ་གནས་པའི་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ནང་གི་ཆབ་སྲིད་ཁོ་ན་མ་ཡིན་པར། བོད་པ་མི་རེ་ངོ་རེར་འཕྲད་བཞིན་པའི་དཀའ་ངལ་དེའི་རིགས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese