མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཛད་འཕྲིན་ལེཊ་འགྲུབ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པའི་ཆུ་ཚོད་ ༨ དང་ཕྱེད་ཀའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་ནས་ཆིབས་ཐོན་གྱིས་རྟ་དབང་རྫོང་གི་ཁྲོམ་རྭ་རྙིང་བའི་དཀྱིལ་དུ་ལྷ་ཁང་གསར་པ་ཞིག་ཡོད་པ་དེར་ཞབས་སོར་བཀོད་ཡོད་པ་དང་། དེའི་རྗེས་རྟ་དབང་འཇམ་དབྱངས་དྭ་ཕྲུག་གཅེས་སྐྱོང་ཁང་དང་ཁྱི་མེད་དགོན་པ། སེར་བྱེས་ཡན་ལག་དགོན་འཇམ་དབྱངས་ཆོས་འཁོར་གླིང་བཅས་སུ་ཕེབས་ཏེ་རབ་གནས་ཐུགས་སྨོན་མཛད་ཅིང་། འབྲེལ་ཡོད་ལས་སྣེ་རྣམ་པར་མཇལ་ཁ་གནང་ཡོད། ཉིན་རྒྱབ་ཆུ་ཚོད་ ༡ ཡས་མས་སུ་མོན་རྟ་དབང་གི་ཉིན་ལྔའི་རིང་གི་མཛད་འཕྲིན་ཡོངས་ལེགས་པར་འགྲུབ་པར་མཛད་དེ། རྟ་དབང་ནས་གནམ་གྲུ་བརྒྱུད་དེ། སྡེ་རཱེང་ཞེས་པར་ཆིབས་ཐོན་གནང་འཆར་ཡོད་འདུག

 

ཐེངས་འདིར་༧གོང་ས་མཆོག་གིས་ཕྱི་ཚེས་ ༨ ཉིན་མོན་རྟ་དབང་དགོན་པའི་འགྲེམས་སྟོན་ཁང་དང་སློབ་གྲྭའི་དཔེ་མཛོད་ཁང་སྒོ་འབྱེད་དང་། ཚེས་ ༩ ཉིན་མཁའ་འགྲོ་འགྲོ་བ་བཟང་མོའི་སྨན་ཁང་སྒོ་འབྱེད། ཉིན་དེའི་ལྷ་བབ་དུས་ཆེན་དང་བསྟུན་ཏེ། ཉིན་གསུམ་རིང་གི་རྟེན་འབྲེལ་བསྟོད་པ་དང་ཐོག་མཐའ་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་སོགས་ཀྱི་གསུང་ཆོས་གནང་ཡོད་ལ། ཚེས་ ༡༡ ཉིན་གྱི་ཞོགས་པར་མི་མང་ལ་ཚེ་དབང་གནང་གྲུབ་རྗེས། མོན་རྟ་དབང་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་ཐུན་མོང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་གཟབ་རྒྱས་ཤིག་བསྟར་འབུལ་ཞུས་ཡོད། ཉིན་གོང་ཆུ་ཚོད་དང་པོར་༧རྒྱལ་དབང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ཨོ་རྒྱན་གླིང་དགོན་པར་ཞབས་སོར་བཀོད་དེ། ཚངས་དབྱངས་རྒྱ་མཚོའི་གཞིས་ཁྱིམ་གྱི་ཤུལ་དུ་ལྷ་ཁང་ཞིག་ཡོད་པ་དེར་ཐུགས་སྨོན་མཛད་ཅིང་། ཉེ་འཁྲིས་སུ་ཚངས་དབྱངས་རྒྱ་མཚོ་སྐུ་ཆུང་ངུའི་དུས་སུ་སྐུ་རྩེད་གནང་ཡུལ་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་ས་དེར་རྟ་དབང་འཇམ་དབྱངས་དྭ་ཕྲུག་གཅེས་སྐྱོང་ཁང་གིས་མཆོད་རྟེན་གསར་བ་ཞིག་བཞེངས་འཆར་ཡོད་པའི་ས་ཆར་རབ་གནས་མཛད་ཡོད།

 

ཉིན་རྒྱབ་བསླར་ཡང་གསུང་ཆོས་ར་བར་ཞབས་སོར་བཀོད་དེ། མོན་རྟ་དབང་མི་མང་གིས་༧གོང་ས་མཆོག་མོན་ཡུལ་དུ་ཡང་ཡང་ཞབས་སོར་བཀོད་པའི་བཀའ་དྲིན་རྗེས་དྲན་མཚོན་པའི་ཕྱག་རྟགས་ཤིག་ཕུལ་ཡོད་ཅིང་། དེ་དང་མཉམ་དུ་༧གོང་ས་མཆོག་གིས་མོན་རྟ་དབང་མི་མང་གཙོས་པའི་ཆོས་ཞུ་བ་ཡོངས་ལ་བླང་དོར་གྱི་བཀའ་སློབ་ཟབ་མོ་གནང་ཡོད། དེའི་རྗེས་མོན་རྟ་དབང་གི་ས་གནས་སོ་སོ་ནས་རང་རང་གི་ཁྱད་ཆོས་མཚོན་པའི་གླུ་གར་དང་ཞབས་བྲོ་སོགས་རིག་གཞུང་འཁྲབ་སྟོན་བྱས་ཤིང་། རྟ་དབང་རྫོང་གི་རྫོང་དཔོན་མཆོག་གིས་ཐེངས་འདིར་༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དཀའ་ངལ་དང་གཞན་གྱི་གནོན་ཤུགས་ལ་མ་འཛེམས་པར། མོན་རྟ་དབང་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཏེ་མི་དམངས་ལ་ཆོས་ཀྱི་བདུད་རྩི་བསྩལ་བར་ཐུགས་རྗེ་ལེགས་གསོལ་དང་། ད་དུང་མ་འོངས་པར་ཡང་ནས་བསྐྱར་དུ་ཕེབས་རྒྱུར་ཐུགས་རྗེ་བཀའ་དྲིན་བསྐྱང་རྒྱུའི་སྐྱབས་འཇུག་ནན་གྱིས་ཞུས་སོང་།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་མོན་རྟ་དབང་ནས་སྤེལ ༽

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 4

  1. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    དུས་བབ་གསར་འགོད་པས་དཀའ་བ་ཁྱད་བསད་ཀྱིས་གསར་འགྱུར་དུས་ཐོག་བཏོན་པར་བཀའ་དྲིན་ཞུ།།

    Reply
  2. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    ཇི་སྐད་དུ་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེའི་ཞལ་སྔ་ནས།

    མགོན་མེད་གངས་ཅན་ཞིང་འདིའི་འགྲོ་བ་རྣམས།།
    ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པ།།
    དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།།
    སྡེ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས།།

    ཉམ་ཐག་སྨག་རུམ་འཐིབས་པའི་གངས་ཅན་འདིར།།
    མགོན་ཁྱོད་ཐུགས་རྗེའི་སྒྲོན་མེ་འབར་བའི་གཟིས།།
    ཕན་དང་བདེ་བའི་སྣང་བ་འགྱེད་བཞིན་དུ།།
    སྲིད་ཞིའི་བར་དུ་མི་གཡོ་རྟག་བརྟན་ཤོག།
    ཞེས་གསུངས་པ་དང།

    རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པའི་ཞལ་སྔ་ནས།

    སྲིད་པ་གསུམ་ན་ངོ་མཚར་ཟླ་མེད་པ།།
    ཨུ་དམ་ཝཱ་ར་ལྟར་འཕགས་ཐམས་ཅད་མཁྱེན།།
    འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་གཙུག་ནོར་ཆེ།།
    རྒྱལ་མཆོག་ཕྱག་ན་པདྨོ་ཞབས་བརྟན་ཤོག།

    ཅེས་གསུངས་པ་ལྟར་འགྲུབ་པར་སྨོན།

    Reply
  3. རྒྱང་རིང་ནས། says:
    ལོ་ 17 སྔོན།

    མཐའ་མེད་པའི་མཛད་འཕྲིན་ལེགས་གྲུབ་ཡོངས་བའི་སྨོན་འདུན་ཞུ།

    Reply
  4. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    གསར་འགོད་པ་དོན་གྲུབ་བཀྲ་ཤིས་ལགས། སྐུ་ཉིད་ནས་ངལ་བ་འཛེམས་མེད་ཀྱིས་སྐུ་ལས་བསྐྱོན་ཏེ་གསར་འགྱུར་དུས་ཐོག་ཏུ་གཏོང་ཐུབ་པར་ཡི་རང་ཞུ་གི་ཡོད། མ་ཟད་རེ་བ་ཆུང་ཆུང་ཞིག་ཡོད་པ་ནི་སྐུ་ཉིད་ནས་བཏང་གནང་བའི་གསར་འགྱུར་གྱི་དག་ཆར་དུས་ཚོད་མང་ཙམ་བཏང་སྟེ་སྤུས་ཀ་ལེགས་སུ་གཏོང་ཐུབ་ཚེ་གང་མིན་ཚད་ཀྱི་ཡག་པོ་ཡོང་བ་འདུག་གོ། ཐུགས་རྗེ་ཆེ། སྐུ་ཉིད་ལ་བཅོས་མིན་གྱི་བཀྲ་ཤིས་བདེ་ལེགས་ཞུ༎

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese