མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་དགེ་ལུགས་དགོན་ཁག་དགུ་ཐུན་མོང་མཉམ་བཙུགས་གནང་བའི་འཇང་དགུན་ཆོས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་འཇང་དགུན་ཆོས་ཐེངས་དང་པོ།

༄༅། ། དེ་ཡང་སྟོན་པ་དོན་ལྡན་མ་ལས། ཀྱེ་ཧུད་དགེ་ལྡན་བསྟན་པ་འདི། །དཔལ་དང་འབྱོར་པས་རབ་རྒྱས་ཀྱང་། ། བཤད་དང་སྒྲུབ་པས་ཆེས་ཕྲ་བ། །བསམ་གྱིན་སྙིང་ནས་ཤེས་པ་འཕྱོ། ། ཞེས་ཇི་སྐད་གསུང་པ་ལྟར་རང་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཛམ་གླིང་ཞི་བདེ་དེད་དཔོན་ཆེན་པོ་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་རང་ཅག་སྟོན་པ་སངས་རྒྱས་ཀྱི་རྗེས་སུ་འཇུག་པ་རྣམས་ནས་ནང་པའི་ལྟ་གྲུབ་ཤེས་པ་བྱེད་རྒྱུ་གལ་ཆེ་བའི་ཐུགས་བརྩེའི་བཀའ་སློབ་སྔ་ཕྱི་དུ་མ་བསྩལ་བའི་བཀའ་དྲིན་ལམ་སྟོན་རྣམས་སྙིང་དབུས་སུ་བཅངས་པའི་ཐོག་དགོན་པ་སོ་སོའི་མཚན་ཉིད་རྩོད་པ་རྣམས་སྔར་ལས་ཡར་རྒྱས་སྲ་བརྟན་ཡོང་སླད་འདི་ག་བལ་ཡུལ་ཁུལ་དུ་ཡོད་པའི་དོན་རྒྱལ་སྤང་བླང་ཚུལ་བཞིན་ཞུས་པའི་དགེ་ལུགས་དགོན་པ་ཁག་དགུ་ཐུན་མོང་ནས་མཉམ་བཙུགས་གནང་བའི་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་འགོ་ཁྲིད་འོག་བོད་ཟླ་ ༩ ཚེས་ ༢ ཉིན་འདི་ག་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་དུ་གོང་གསལ་དགོན་པ་ཁག་གི་སློབ་གཉེར་བ་རྣམས་མཉམ་ཚོགས་ཀྱི་ཚད་མ་རྣམ་འགྲེལ་གྱི་རྩོད་པ་འཇང་དགུན་ཆོས་ཐེངས་དང་པོ་ཚོགས་ཐུབ་པ་བྱུང་བ་དང་། དེའི་ཉིན་དང་པོའི་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་སློབ་གཉེར་བ་རྣམས་འདུ་ཁང་ནང་ཚང་འཛོམ་གནང་བའི་ཚོགས་དབུས་སུ་དགོན་པ་ཁག་གི་མཁན་བླ་རྣམས་དང་། ཕྱག་མཛོད་ལས་སྣེ་བཅས་ནས་སྤོས་སྣེ་མཆོད་སྤྲིན་སྔོན་བསུས་ཀྱི་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་བཞུགས་ཁྲི་རིན་པོ་ཆེར་བཞུགས་སུ་གསོལ་བ་དང་། དབུ་མཛད་ཆེན་མོ་ནས་ཞལ་འདོན་དབུ་ཚུགས་ཐོག་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་ཕུལ་ཞུས་པ་དང་། དེ་རྗེས་དགོན་པ་ཁག་གི་མཁན་བླ་རྣམས་དང་ལས་སྣེ་རྣམས་ནས་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། འདུས་མང་ཡོངས་ལ་གསོལ་ཇ་འབྲས་སིལ་ཕུལ་བའི་ཐོག་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་བསྩལ་བའི་མཆོག་ཆན་བཀའ་ཡིག་དང་དེའི་རྗེས་དཔལ་ལྡན་རང་གཞུང་ཆོས་དོན་ལྷན་ཁང་གི་ཆོག་མཆན་བཀའ་ཡིག་རྣམས་སྙན་སྒྲོན་དང་འབྲེལ་འཇང་དགུན་ཆོས་ཚོགས་དགོས་པའི་དགོས་པ་རྒྱུ་མཚན་དང་མ་འོངས་བྱེད་སྒོ་ཁག་ལམ་སྟོན་ཞུས་པ་དང་། དེ་རྗེས་ཚོགས་གཞོན་དང་། དྲུང་ཆེ། ཀོ་པན་དགེ་བསྐོོས་བཅས་ནས་རིམ་བཞིན་བཀའ་སློབ་ལམ་སྟོན་གནང་རྗེས་སྐུ་མགྲོན་རྣམས་ལ་རྟེན་མཚོན་ལེགས་འབུལ་ཕུལ་ནས་རྩོད་པ་དབུ་ཚུགས་ཞུས་པ་དང་། ཉིན་བདུན་རིང་སློབ་གཉེར་བ་རྣམས་ནས་རྩོད་ཟླ་དང་དེའི་རྗེས་འཛིན་གྲྭ་རྩོད་པ་དང་། དེ་ནས་དགོན་པ་ཕན་ཚུན་བགྲོ་གླེང་གི་དམ་བཅའ་ཆེན་མོའི་རྩོད་པ་གནད་ལ་སྨིན་པ་གནང་བ་དང་། ཉིན་བདུན་གྱི་རྩོད་པ་ལ་བརྟེན་ནས་སློབ་གཉེར་བ་རྣམས་ལ་སྔར་ལས་ལྷག་པའི་རྩོད་པ་ལ་དོན་གཉེར་འཕེལ་བ་སོགས་ཀྱི་སྐབས་འདིའི་དུས་ཐུང་ཡང་ཕན་ཐོགས་རྒྱ་ཆེ་གཏིང་ཟབ་བྱུང་བའི་ཐོག་མ་འོངས་པར་འཇང་དགུན་ཆོས་ལོ་ལྟར་འཚོག་རྒྱུ་གཏན་འཁེལ་བྱུང་བ་དང་། སྤྱིར་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་འདི་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་འཇམ་མགོན་བླ་མ་ཙོང་ཁ་པ་ཡབ་སྲས་རྣམས་ནས་དག་ཐེར་ལེགས་པར་མཛད་པའི་དཔལ་ན་ལེན་ཌའི་ཆོས་རྒྱུད་དྲི་མ་མེད་པ་འདི་ཉིད་རྩོད་པ་སྲ་བརྟན་ཡོངས་སླད་ལོ་ལྟར་གཞུང་ཆེན་སོ་སོར་རྒྱུགས་སྤྲོད་ཆེན་མོ་འཚོག་རྒྱུ་དང་། གཞུང་ཆེན་སོ་སོའི་རབ་འབྱམས་པའི་ཕྱག་འཁྱེར་འབུལ་རྒྱུ་དང་། ལོ་རེ་ནང་དགོན་པ་ཕན་ཚུན་དབུ་ཕར་གྱི་གཞུང་ལ་བགྲོ་གླེང་གང་མང་འཚོག་རྒྱུ། དེ་བཞིན་ལོ་རེའི་ནང་མི་མང་ལ་ནང་ཆོས་གོ་རྟོགས་འཕེལ་ཆེད་ནང་ཆོས་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ་སོགས་ཀྱི་ལས་འཆར་ཡོད་པའི་ལྷན་ཚོགས་ཞིག་ཡིན་པ་བཅས་སོ། །

བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ནས་བོད་ཟླ་ ༩ པའི་ཚེས་ ༡༠ ལ་ཕུལ། །

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese