མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་འཛིན་ཚངས་དབྱངས་རྒྱ་མཚོ་བྱིས་པའི་དུས་ཀྱི་རྩེད་རྭ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

གནས་འདིར་རྡོ་རྗེ་གདན་གྱི་མཆོད་རྟེན་གྱི་དབྱིབས་གཟུགས་ལྟ་བུའི་མཆོད་རྟེན་ཆེན་པོ་ཞིག་བཞེངས་དགོས། དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་དགུང་གྲངས་བརྒྱ་དང་ཉེར་ལྔ་ ༡༢༥ བཞུགས་རྒྱུ་དང་། རིག་འཛིན་ཚངས་དབྱངས་རྒྱ་མཚོའི་ཐུགས་སྨོན་མཐའ་དག་མེ་ཏོག་བཞིན་ཁ་འབྱེད་པའི་རྟེན་འབྲེལ་ཡིན། འདི་ལ་དགོས་པ་ཁྱད་པར་ཅན་ཡོད། ཅེས་མཁའ་མགྲོ་ཚེ་རིང་མཆེད་ལྔས་བཀའ་ལུང་ཕེབས་ཡོད་ཟེར། 

 

མོན་རྟ་དབང་ཁུལ་གྱི་༧གོང་ས་མཆོག་གི་ཐེངས་འདིའི་མཛད་འཆར་ཡོངས་རྫོགས་མཇུག་སྒྲིལ་ལ་ཉེ་བའི་ཉིན་དེར། ༧རྒྱལ་དབང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་སྐུའི་འཁྲུངས་ཡུལ་ཨོ་རྒྱན་གླིང་དགོན་པར་ཞབས་སོར་བཀོད་ཡོད་པ་དང་། དེའི་རྗེས་ཨོ་རྒྱན་གླིང་གི་གཡོན་འགྲམ་དུ་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་ཆུང་ངུའི་དུས་ཀྱི་རྩེད་རྭ། རྡོ་ཕ་བོངས་ཆེན་པོ་ཞིག་ཡོད་པ་དེར་མོན་རྟ་དབང་འཇམ་དབྱངས་དྭ་ཕྲུག་གཅེས་སྐྱོང་ཁང་གིས་ ༼ འཇིགས་སྐྱོབས་མཐོང་གྲོལ་མཆོད་རྟེན ༽ ཞུ་བ་ཞིག་གསར་བཞེངས་གི་སྔོན་འགྲོ་ཚ་ཚ་འུར་འུར་གྱིས་སྒྲུབ་ཀྱིན་ཡོད་སྟབས། སྤྱི་ནོར་༧གོང་ས་མཆོག་གནས་དེར་ཞབས་སོར་བཀོད་དེ། མཆོད་རྟེན་གསར་བཞེངས་ཀྱི་ས་ཆར་རབ་གནས་དང་བྱིན་རླབས་ཐུགས་སྨོན་མཛད་ཡོད།

 

ཕྱི་ཚེས་ ༡༡ ཉིན་འདི་གའི་གསར་འགོད་པ་ཆེད་དུ་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་སྐུའི་འཁྲུངས་ཡུལ་ཨོ་རྒྱན་གླིང་དུ་བསྐྱོད་དེ་གནས་ཚུལ་རྒྱུས་ལོན་བྱས། ད་ལྟ་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་གཞིས་ཁྱིམ་གྱི་ཤུལ་དུ་རྙིང་མའི་དགོན་པ་ཨོ་རྒྱན་གླིང་ཞུ་བ་ཞིག་འདུག་ལ། དེར་ལྷ་ཁང་ཉིས་ཐོག་ཅན་ཞིག་གི་འོག་ཤོད་དུ་མཆོད་རྟེན་ཆུང་ངུ་བརྒྱད་དང་། ཐོག་ཁང་དུ་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གོས་ཐང་དང་། རྡོ་ལ་བབས་པའི་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་དབུ་དང་ཞབས་ཀྱི་ཤུལ་རྗེས་བཅས་འདུག ལྷ་ཁང་དེའི་བདག་ཉར་བ་མོན་པ་རྒན་རབས་པ་ཞིག་འདུག་ལ། ཁོང་ལ་སྐད་ཆ་འདྲི་སྐབས། ཁོས་བོད་སྐད་ཐན་ཐུན་ལས་བཤད་མི་ཤེས་ཀྱང་། ཧ་ཅང་དད་པའི་ཉམས་ཀྱིས་འདི་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་རེད། ད་ལྟའང་ཚངས་དབྱངས་རྒྱ་མཚོ་མཆོག་གི་ཕ་རྒྱུད་དང་མ་རྒྱུད་གཉིས་ཀ་བཞུགས་ཡོད་པ་རེད། གཅིག་གི་མིང་ལ་ག་གེ་མོ་ཟེར། ཞེས་བརྗོད་སོང་མོད། ཁོང་དགུང་ལོ་བགྲེས་ཤིང་བོད་སྐད་ལ་བྱང་ཆ་མེད་སྟབས་གསལ་བོ་གོ་ཐུབ་མ་བྱུང་།

 

དེ་ནས་ཨོ་རྒྱན་གླིང་གི་གཡོན་འགྲམ་དུ་ཡོད་པའི་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་རྩེད་རྭར་བསྐྱོད་དེ། རྟ་དབང་འཇམ་དབྱངས་དྭ་ཕྲུག་གཅེས་སྐྱོང་ཁང་གི་འགན་འཛིན་ཐུབ་བསྟན་ཕུན་ཚོགས་ལགས་སུ་མཆོད་རྟེན་གསར་བཞེངས་ཀྱི་གྲ་སྒྲིག་སྐོར་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། ས་འདིར་རིག་འཛིན་ཚངས་དབྱངས་རྒྱ་མཚོ་སྐུ་ན་ཕྲ་བའི་སྐབས་སུ་སྐུ་རྩེད་གནང་སའི་རྡོ་ཕ་བོངས་ཆེན་པོ་ཞིག་ཡོད། དེ་ནི་ང་ཚོའི་མོན་ཡུལ་གྱི་གནས་རི་འགེངས་ཆེན་ཞིག་ཆགས་ཡོད་སྟབས། འཇམ་དབྱངས་དྭ་ཕྲུག་གཅེས་སྐྱོང་ཁང་གིས་འགན་ལེན་ཐོག་མཆོད་རྟེན་ཆེན་པོ་ཞིག་བཞེངས་རྒྱུའི་འཆར་གཞི་བཏིང་ཡོད་ལ། ལྷག་པར་དུ་མོན་རྟ་དབང་ཁུལ་གྱི་གཞུང་གི་ལས་བྱེད་མང་ཆེ་ཤས་ནང་པ་ཡིན་ན་ཡང་། ཆོས་ཀྱི་གནས་སྟངས་གསལ་བོ་མཁྱེན་མཁན་ཉུང་སྟབས། ནང་ཆོས་ངོ་སྤྲོད་དང་ཆོས་ཀྱི་བགྲོ་གླེང་སོགས་ཀྱི་བྱེད་སྒོ་སྤེལ་ས་ཞིག་ཀྱང་བསྐྲུན་རྒྱུ་ཡིན། ཞེས་དང་།

 

ཐོག་མར་ང་ཚོས་ས་འདིར་མཆོད་རྟེན་ཆུང་ཆུང་ཞིག་དང་ཆོས་ཀྱི་བགྲོ་གླེང་གནང་ས་སྟབས་བདེ་ཞིག་བཞེངས་འཆར་ཡིན་ཡང་། ད་ལོའི་ཕྱི་ཟླ་ ༥ བའི་ནང་མཁའ་འགྲོ་ཚེ་རིང་མཆེད་ལྔས་བཀའ་ལུང་ཕེབས་ཏེ། ནམ་རྒྱུན་མཆོད་རྟེན་བརྒྱད་བཞེངས་སྲོལ་ཡོད་ཀྱང་། གནས་འདིར་རྡོ་རྗེ་གདན་གྱི་མཆོད་རྟེན་གྱི་དབྱིབས་གཟུགས་ལྟ་བུའི་མཆོད་རྟེན་ཆེན་པོ་ཞིག་བཞེངས་དགོས། དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་དགུང་གྲངས་བརྒྱ་དང་ཉེར་ལྔ་ ༡༢༥ བཞུགས་རྒྱུ་དང་། རིག་འཛིན་ཚངས་དབྱངས་རྒྱ་མཚོའི་ཐུགས་སྨོན་མཐའ་དག་མེ་ཏོག་བཞིན་ཁ་འབྱེད་པའི་རྟེན་འབྲེལ་ཡིན། འདི་ལ་དགོས་པ་ཁྱད་པར་ཅན་ཡོད། ཅེས་བཀའ་ལུང་ཕེབས་པར་བརྟེན། ང་ཚོའི་སྐུ་ཚབ་ཁག་ཅིག་༧གོང་ས་མཆོག་གི་མདུན་དུ་བཅར་ཏེ་སྙན་གསེང་ཞུས་པར་ཁོང་གིས་ཀྱང་དེ་ལ་དགོས་པ་ཏན་ཏན་ཡོད་པ་རེད། ཅེས་མོས་མཐུན་གནང་སྟེ་ལས་གཞི་དེ་དངོས་སུ་མགོ་འཛུགས་བྱས་པ་ཡིན། ཞེས་གསུངས་བྱུང་།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། དེའི་རྗེས་ང་ཚོས་མཆོད་རྟེན་གསར་བཞེངས་ཀྱི་ཚོགས་ཆུང་ཞིག་བཙུགས་ཤིང་། ཚོགས་ཆུང་དེའི་ཚོགས་གཙོར་མངའ་སྡེ་བློན་ཆེན་གྱི་བུ་རྒན་པ་པད་མ་མཁའ་འགྲོ་དང་སློབ་སྟོན་པ་རྡོ་རྗེ་མཁའ་འགྲོ་སྐུ་ཉིད་ཡིན། ང་ཚོའི་དམིགས་ཡུལ་མཆོད་རྟེན་འདི་ཡག་པོ་ཞིག་གྲུབ་ཅིང་། འདིའི་དགེ་བའི་མཐུ་ལ་བརྟེན་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པ་དང་། ཡང་སྒོས་བོད་ཀྱི་རང་དབང་རང་བཙན་བསླར་གསོ་ཡོང་སྟེ། སངས་རྒྱས་བསྟན་པ་སྔར་ལས་དར་ཞིང་རྒྱས་བའི་སྨོན་ལམ་རྒྱག་གིན་ཡོད་ལ། རེ་བ་ནང་བཞིན་འགྲུབ་པའི་ཡིད་ཆེས་ཀྱང་ཡོད། གང་ཡིན་ཟེར་ན། ང་ཚོའི་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མི་རྗེ་རྡོ་རྗེ་མཁའ་མགྲོ་མཆོག་རེད། ཁོང་ལ་ཆོས་དད་ཆེན་པོ་ཡོད་ལ་ལས་གཞི་འདི་རིགས་ལ་སེམས་ཤུགས་ཡག་པོ་ཡོད། དེར་བརྟེན། ཁོང་གི་ཐུགས་འཁུར་དང་རྒྱབ་སྐྱོར་འོག་དཀའ་ངལ་གང་ཡང་འཕྲད་གི་མ་རེད་སྙམ་པའི་ཡིད་ཆེས་ཡོད། ཅེས་ངོ་སྤྲོད་གནང་བྱུང་།

 

ཡང་ཁོང་ལ་རྡོ་ཕ་བོངས་འདིར་དེ་འདྲའི་འགེངས་ཆེན་དུ་རྩི་དོན་གང་ཡིན་སྐོར་དྲིས་པར་ཁོང་གིས་ཞིབ་རྒྱས་སུ་བསྟན་དོན། རིག་འཛིན་ཚངས་དབྱངས་རྒྱ་མཚོ་སྐུ་ཆུང་ངུའི་དུས་སུ་ཉིན་རྒྱུན་ཕ་བོངས་འདིའི་སྟེང་འཛེགས་ཏེ་རྩེད་མོ་རྩེ་བཞིན་ཡོད་པ་དང་། ཉིན་ཞིག་སྐུའི་གཅེན་མོ་ཨ་ཅག་ཆོས་སྒྲོན་ཀྱིས། ཁྱོད་རང་རྡོ་ཐོག་ནས་མར་ལྷུང་ན་ཤི་རྒྱུ་མ་རེད་དམ། ཞེས་ཉེས་རྡུང་ཕྲན་བུ་བཏང་བའི་ལོ་རྒྱུས་ཡོད་ལ། བོད་ནང་གི་ཁམས་ཕྱོགས་སུ་(ཨ་རྩེད) དགོན་པ་ཟེར་བ་ཞིག་ཡོད། དེ་ནི་སྔོན་༧རྒྱལ་དབང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་རྒྱང་འཕུད་བཏང་སྐབས། ཁོང་ཁམས་ཕྱོགས་བརྒྱུད་ཨ་རྩེད་དགོན་དུ་སླེབས་ཏེ་གནས་ཚང་གཡར་སྐབས། ཨ་རྩེད་དགོན་པའི་མཁན་པོས་ཚངས་དབྱངས་རྒྱ་མཚོ་ཡིན་པ་མཁྱེན་ཏེ་གསོལ་ཚིགས་ལ་གདན་དྲངས་སྐབས། མཁན་པོ་ཁོང་གི་སྒོ་འགྲམ་དུ་སྤྲེའུ་ཞིག་བཏགས་ཡོད་པ་དེ་ནམ་རྒྱུན་དང་མི་འདྲ་བར་གནམ་ལྡིང་ས་ལྡིང་གིས་མཚམས་རེར་དགའ་མཆོངས་རྒྱག་པ་དང་། མཚམས་རེར་ངུ་ཤུམ་རྒྱག་པ་སོགས་བྱས་ཡོད།

 

སྐབས་དེར་མཁན་པོས་ཚངས་དབྱངས་རྒྱ་མཚོ་ལ། ཁྱེད་ཀྱིས་གསལ་བོར་གཟིགས་དང་སྤྲེའུ་འདི་ངོ་ཤེས་ཀྱིན་འདུག་གམ། ཞེས་དྲིས་པར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་གིས། འདི་ངའི་ཨ་ཅག་ཆོས་སྒྲོན་རེད། ང་ཆུང་དུས་ཕ་ཡུལ་མོན་ནས་རྡོ་ཕ་བོངས་ཆེན་པོ་ཤིག་གི་སྟེང་ནས་རྩེད་མོ་རྩེད་སྐབས། ཨ་ཅག་ཆོས་སྒྲོན་གྱིས་ང་ལ་བྱམས་བརྩེ་ཡིས་ཉེས་རྡུང་ཕྲན་བུ་བཏང་བ་རེད། འོན་ཀྱང་། བྱང་ཆུབ་སེམས་དཔར་ཉེས་རྡུང་བཏང་བའི་ཉེས་དམིགས་ཀྱིས་ཁོ་མོ་སྤྲེའུ་འདིར་སྐྱེས་པ་རེད། ང་འདི་ནས་ཐོན་ཏེ་ཉིན་གཉིས་གསུམ་རྗེས་སྤྲེའུ་འདི་ཡང་གྲོངས་རྒྱུ་རེད། སྐབས་དེར་ཁྱེད་ཅག་གིས་སྤྲེའུ་འདིའི་ཕུང་པོ་དུད་འགྲོ་སྤྱིར་བཏང་བ་ལྟར་སྣང་མེད་མི་གནང་པར་སྦྱིན་བསྲེགས་གནང་རོགས། ཞེས་བཀའ་ཕེབས་ཏེ་བྱོན་ཡོད་པ་དང་། ཉིན་འགའི་རྗེས་སུ་སྤྲེའུ་དེ་ཡང་གྲོངས་ཡོད་འདུག ཅེས་ངོ་སྤྲོད་གནང་སོང་།

 

ཡང་ཁོང་ལ་ཐེངས་འདིར་༧གོང་ས་མཆོག་ཕེབས་ཏེ་ལས་དོན་ག་རེ་གནང་འཆར་ཡོད་སྐོར་དྲིས་པར་ཁོང་གིས་གསུངས་དོན། ཉེ་ཆར་ང་ཚོའི་འཐུས་མི་གཉིས་བཞུགས་སྒར་ངྷ་རམ་ས་ལར་ཆེད་དུ་བཅར་ཏེ། ༧གོང་ས་མཆོག་ལ་མཆོད་རྟེན་སྐོར་སྙན་གསེང་ཞུས་སྐབས་ཁོང་གིས། ད་ལོའི་ཕྱི་ཟླ་ ༡༡ ནང་ང་མོན་རྟ་དབང་ལ་ཡོང་གི་ཡིན། སྐབས་དེར་ཡིན་གཅིག་མིན་གཅིག་གནས་རྩ་ཆེན་དེར་ཡོང་རྒྱུ་ཡིན། ཞེས་ཞལ་བཞེས་གནང་ཡོད་པ་ལྟར། དེ་རིང་༧གོང་ས་མཆོག་གནས་འདིར་ཆིབས་སྒྱུར་བསྐྱངས་ཏེ་བྱིན་རླབས་ཐུགས་སྨོན་དང་། མཆོད་རྟེན་གྱི་ཞལ་བྱང་སྒོ་འབྱེད་གནང་རྒྱུ་རེད། དེ་ནི་སྤྱིར་འཛམ་གླིང་ཞི་བདེ་ལ་ཕན་པ་དང་། སྒོས་མོན་པའི་མི་མང་བསྐལ་བ་བཟང་པོ། ཡང་སྒོས་ང་ཚོ་བོད་པར་རང་དབང་དང་བདེ་སྐྱིད་ཀྱི་ཉི་མ་མགྱོགས་མྱུར་ངང་འཆར་བའི་རྟེན་འབྲེལ་སྒྲིག་གིན་ཡོད། ཅེས་བཅོས་མིན་གྱི་བརྩེ་སེམས་ཤིག་མངོན་བཞིན་གསུངས་བྱུང་།

 

མཇུག་མཐར་གསར་འགོད་པས་ཁོང་འདས་པའི་ལོ་རྒྱུས་དང་འབྲེལ་ཏེ། འཇམ་དབྱངས་དྭ་ཕྲུག་གཅེས་སྐྱོང་ཁང་གི་སྐོར་དྲིས་པར་ལན་འདེབས་གནང་དོན། ང་རང་གིས་སློབ་སྦྱོང་བྱེད་ས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ཡིན། ༧གོང་ས་མཆོག་གིས་ནམ་རྒྱུན། གདན་ས་ཁག་དང་རྒྱུད་གྲྭ་སྟོད་སྨད་ནས་སློབ་སྦྱོང་ཐོན་རྗེས་སོ་སོའི་ལུང་པར་ལོག་སྟེ། མི་མང་སྐྱོ་བོའི་རིགས་དང་ཆོས་ཕྱོགས་ཀྱི་ལས་ཀ་བྱ་དགོས་སྐོར་ཡང་ཡང་གསུང་གིན་ཡོད་པ་ལྟར། ང་རང་རྒྱུད་སྨད་ནས་སློབ་སྦྱོང་ཐོན་རྗེས་ཕྱིར་ཡུལ་དུ་ལོག་སྟེ། འཇམ་དབྱངས་དྭ་ཕྲུག་གཅེས་སྐྱོང་ཁང་འདི་བཙུགས་པ་ཡིན། ད་ལྟ་དྭ་ཕྲུག་དང་ཉམ་ཐག་རིགས་བརྒྱ་དང་བཞི་བཅུར་ཉེ་བ་ཞིག་ཡོད། རང་ཉིད་ལ་ནུས་པ་དང་འཇོན་ཐང་ཡོད་པ་མ་རེད་དེ། སོ་སོར་ཀུན་སློང་གཙང་མ་ཞིག་དང་བསམ་པ་རྣམ་དག་ཅིག་གི་ཐོག་ནས་ལས་ཀ་བྱས་པའི་ཉེར་ལེན་ལ་བརྟེན་ཏེ། ང་ལ་ ༢༠༠༧ ལོའི་རྒྱ་གར་གཞུང་གི་པཱ་ཊི་མ་ཤཱི་རི་གཟེངས་རྟགས་དེ། ལོ་དེའི་ཟླ་ ༥ ནང་རྒྱལ་ས་ལྡི་ལིའི་སྲིད་འཛིན་ཚོགས་ཁང་ནས་གནང་བྱུང་། ཁེངས་སྐྱུངས་དང་བཅས་ངོ་སྤྲོད་གནང་བྱུང་།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ཨཱ་སམ་རྒྱལ་ས་གྷོ་ཧ་ཊེ་ནས་སྤེལ ༽

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༤ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 12

  1. ཚེ་རིང་བཀྲ་ཤིས། says:
    ལོ་ 16 སྔོན།

    ལོ་རྒྱུས་རང་བཞིན་གྱི་མཚམས་སྦྱོར་རྩོམ་ཡིག་ཁྱད་འཕགས་ཤིག་སྤེལ་འདུག

    Reply
  2. ས་དཀར་བུ། says:
    ལོ་ 17 སྔོན།

    རྒན་ལགས་ཀྱིས་ཡག་པོ་བྲིས་གནང་འདུག།

    Reply
  3. རང་བཙན་གཙང་མ། says:
    ལོ་ 17 སྔོན།

    གསར་བརྗེ་སྐྱབས་དང་་་་གཅན་བཟོད་རྒྱམ་གཉིས་ཀྱིས་ཧ་གོ་དགོས་རྒྱུ་ལ་་་་་ཚུལ་ཁྲིམས་འོད་ཟེར་་་ཟེར་བ་དེ་གསེར་རྟ་ཟིག་མ་རེད་འདུག དེའི་སྐོར་གྱི་རྩོམ་ཡིག་ཁ་ཤས་འདུག

    Reply
  4. བློ་གྲོས་རྒྱལ་པོ། says:
    ལོ་ 17 སྔོན།

    སྐྱུག་བྲོ་བའི་བཙན་གཡེམ་གྱི་གནས་ཚུལ་འདི་བྱུང་ནས་ཉིན་ལྔ་དྲུག་ཅིག་གི་རྗེས་ནས་ང་རང་དུས་བབ་གསར་ཁང་དུ་འགྲོ་ཞོར་ཞིག་ལ་འདིའི་སྐོར་གྱི་སྐད་ཆ་སྐུ་ཞབས་ལུང་རིགས་ལགས་སོགས་གསར་ཁང་གི་མི་གསུམ་ལ་བཤད་པ་ཡིན། སྐབས་དེར་ང་ནི་རེ་བ་ཆེན་པོ་ཞིག་གིས་བཅངས་ནས་སོང་བ་ལས་སྲང་ལམ་གྱི་ཅ་ཅོ་ཡོད་ཚད་གསར་ཤོག་ཏུ་འགོད་རེ་གཏན་ནས་འཆང་མེད། འོན་ཀྱང་གནས་ཚུལ་འདི་ཁོང་ཚོས་སྔ་མོ་ནས་ཤེས་ཟིན་འདུག་པས་ང་རང་བློ་བདེ་བོའི་ངང་ཕྱིར་ལོག གང་ཞེ་ན་ད་ནི་དུས་བབ་གསར་ཁང་གིས་འདིའི་སྐོར་གྱི་གསར་འགྱུར་ཚ་བོ་སྐོར་ཞིག་ཁྱེར་ཡོང་ནས་མི་ངན་ཐེར་འདོན་བྱེད་པར་ཡིད་ཆེས་བྱས་པ་ཡིན། འོན་ཀྱང་ད་ལྟའི་བར་ཏུ་གནས་ཚུལ་འདི་གསར་ཤོག་གང་དུ་ཡང་མ་སླེབས་པར་རྒྱ་མཚོའི་ནང་དུ་རྡོ་འཕང་བ་ཇི་བཞིན་དུ་གྱུར། ངས་འདིའི་སྐོར་ལ་ཡང་ཡང་བསམ་གཞིག་བྱས་དུས་སྐྱུག་བྲོ་བའི་བཙན་གཡེམ་འདིའི་རྒྱབ་ལྗོངས་ན་ཆེས་འཇིགས་རུང་གི་གསང་བ་ཞིག་མེད་དམ་སྙམ་པའི་དོགས་པ་ཞིག་ཀྱང་རང་བཞིན་གྱིས་ཡོང་གིན་འདུག འདི་ལ་རྒྱུ་མཚན་གཉིས་ཡོད། དང་པོ། དྲ་གྲོགས་མི་འཁྱམ་གྱིས་འཇམ་དབྱངས་རྒྱ་མཚོའི་སྐད་ཆ་ཞིག་འདྲེན་བཀོལ་བྱས་པའི་ནང་དུ་གནས་ཚུལ་འདིར་མདོ་སྨད་དབུས་རྒྱུན་ནས་ཇུས་གཏོགས་བྱས་ཀྱང་བྱེད་མ་ཐུབ་པར་མ་ཟད་སྦས་སྐུང་བྱ་རོགས་བྱས་པའི་གནས་ཚུལ་ཞིག་བཀོད་འདུག་པ་འདི་ལྟར།(འཇམ་དབྱངས་རྒྱ་མཚོ་ནས།
    སྤྱི་ལོ་༢༠༠༩ཟླ་༩ ཚེས་༡ གི་ཆུ་ཚོད་༥ སྐར་མ་༥༤
    བཙན་གཡེམ་བྱས་པའི་སྐོར་བཤད་ན།ཉེ་སྔོན་མ་སུ་རི་བོད་ཁྱིམ་གྱི་ཁྱིམ་ཚང་པཱ་ལགས་ཞིག་ནས།སློབ་ཕྲུག་ཨ་མདོའི་བུ་མོ་ལོ་བཅུ་དྲུག་ཅན་ཞིག་ལ་བཙན་གཡེམ་བྱས་པ་དེ་སློབ་གྲྭའི་ངོས་ནས་གསང་བ་བྱས་སོང་ངཱ༌།གསང་བ་དེ་ཕྱི་ལ་ཤོར་ནས་མདོ་སྨད་དབུས་རྒྱུན་ཟེར་བས་དང་པོར་ངར་ངར་རྫིག་རྫིག་གིས་བརྩད་ཞིབ་བྱས།མཐའ་མ་དེར་མ་སུ་རི་སློབ་གྲྭས་ཐག་གཅོད་དེ་འགྲིག་འདུག་ཅེས་ནང་ཚག་གི་ཐག་གཅོད་དང༌།མཐའ་མ་དེ་བོད་པའི་སྤྱི་ཚོགས་ཀྱི་མཚན་ཤས་རེད་ཟེར་ནས་གསང་བ་བྱས་སོང་ངཱ༌།
    བུ་མོ་དེར་བཙན་གཡེམ་བྱས་པ་ཐེངས་གཅིག་ཡིན་ས་མ་རེད།འདིའི་སྐོར་མདོ་སྨད་དབུས་རྒྱུན་ལ་གསལ་ཆ་ཡོད་ནའང༌།གསང་བ་བྱས་ནས་བསྡད་ཡོད་རབས་གོ་རྒྱུ་འདུགམི་ཚོས་བཤད་སྟངས་ལྟར་ན།མ་སུ་རི་བོད་ཁྱིམ་གྱི་ཐག་གཅོད་ནི་བུ་མོ་དེ་མ་སུ་རི་སློབ་གྲྭ་ནས་སློབ་གྲྭ་གཞན་ཞིག་ལ་བཏང་ཡོད་པ་དེ་དང༌།མདོ་སྨད་དབུས་རྒྱུན་གྱིས་བརྩད་ཞིབ་རྗེས་མ་སུ་རི་བོད་ཁྱིམ་དང་མདོ་སྨད་དབུས་རྒྱུན་གཉིས་ཀྱིས་ནང་ཚག་གི་ཐག་གཅོད་ནི།ཁྱིམ་ཚང་པཱ་ལགས་ཀྱི་གསོག་དངུལ་བརྒྱ་ཆ་ཕྱེད་ཀ་བུ་མོ་དེར་སྤྲོད་རྒྱུའི་ཐག་གཅོད་བྱས་ཏེ།བཙན་གཡེམ་གྱི་གནས་ཚུལ་ཚབས་ཆེན་འདི་མུ་མཐུད་གསང་བའི་ངོ་བོར་བཞག་རྒྱུ་བྱས་ཡོད་པ་རེད་འདུག)
    གཉིས་པ་ནི། གནམ་ལྕགས་ལགས་ཀྱིས་ཟིན་བྲིས་སུ་བཙན་གཡེམ་སྐོར་གྱི་གནས་ཚུལ་འདི་སྤེལ་འདུག་ལ།

    <གནམ་ལྕགས་ལགས་ཀྱི་ཟིན་བྲིས་ལ་གཟིགས་འདོད་ན་ཁ་བྱང་འདི་ཡིན https://tibettimes.net/wordpress/blogs.php?id=96&post_id=4112> སྐབས་དེར་སྐུ་ཞབས་ལུང་རིགས་རྒྱལ་ལགས་ནས་གནས་ཚུལ་འདི་དང་དངོས་སུ་འབྲེལ་བ་མེད་མོད་ཤུགས་ལ་ཅུང་ཟད་གོ་རྒྱུ་ཡོད་པའི་མཆན་ཞིག་བཏབ་སྟེ་ཚ་ཚ་འུར་འུར་གྱི་སྐད་ཆ་འདི་ཁ་གཞན་དུ་སྒྱུར་ཅི་ཐུབ་བྱས་འདུག་པ་དེ་རེད། སྐུ་ཞབས་ལུང་རིགས་ཀྱི་སྐད་ཆ་ནི་འདི་ལྟར།

    (ངའི་སེམས་ཁྲལ་གཞན་ཞིག་ནི། ལོ་སྔོན་མ་ནས་བཟུང་ང་ཚོས་བཙན་བྱོལ་ནང་གི་ཤེས་ཡོན་འཐུས་ཤོར་གྱི་སྐོར་སྐད་གསེང་མཐོན་པོས་གླེང་བ་རེད། སྐད་ཆ་འདི་རིའི་ཕར་རྒྱབ་ནས་ཀྱང་གོ་ཡོད་ཚོད་ཡིན། བློ་ཕམ་ཡང་བྱུང་ཡོད་ཚོད་ཡིན། གཅིག་བྱས་ན་སེམས་ནང་ལ་ཐག་གཅོད་རེ་ཡང་བཟུང་ཡོད་ཚོད་ཡིན། ཤེས་ཡོན་འཐུས་ཤོར་གླེང་རྒྱུ་གལ་ཆེ་ལ། དེ་ལས་ཀྱང་གལ་ཆེ་བ་ནི་འཐུས་ཤོར་དེར་ཁ་གསབ་དང་བཅོས་སྒྱུར་གྱིས་ཤེས་ཡོན་གྱི་སྤུས་ཚད་མཐོར་འདེགས་བྱ་དགོས་པ་དེ་རེད། འདིའི་ཐད་ནས་ཁུ་སིམ་མེར་གནས་འདུག གྲགས་འགུལ་འདྲ་མི་འདུག ཁ་ཉིན་ང་སུ་ཇ་སློབ་གྲྭར་ཕྱིན་པ་ཡིན། བོད་ནས་ཡོང་མཁན་འགག་སྟེ་སློབ་ཁང་གསུམ་བཞི་ཞིག་སྟོང་བར་ལྷག་འདུག བོད་ནས་གསར་དུ་འབྱོར་མཁན་ཚོ་སྔོན་མར་འཛིན་གྲྭའི་ནང་མ་ཤོངས་པར་ཕྱི་ལོག་ནས་སློབ་ཁྲིད་བྱས་པའང་བྱུང་མྱོང་ཡོད། དེ་བས་འཛིན་གྲྭ་ཞིག་གསར་དུ་བརྒྱབས་འདུག འོན་ཀྱང་། ལོ་སྔོན་མ་ནས་བོད་ནས་ཡོང་མཁན་ཇེ་ཉུང་དུ་ཕྱིན་ཏེ་ད་སྟབས་གསར་པ་ཚོའི་ཆེད་དུ་བརྒྱབས་པའི་འཛིན་ཁང་གསར་པ་དེའི་ནང་དུ་འཛིན་རིམ་བདུན་པའི་སློབ་ཕྲུག་ཚོ་སྤར་འདུག རིམ་པ་བཞིན་རྒྱ་ནག་གིས་མཐའ་མཚམས་ནས་བཀག་པ་དང་། ཕ་མ་ཚོས་འདི་ཕྱོགས་ཀྱི་ཤེས་ཡོན་འཐུས་ཤོར་གྱི་སྡུག་སྐད་དེ་དག་གོ་ཚེ་བུ་ཕྲུག་ཚོ་ཉེན་ཁ་ཆེན་པོ་གཅིག་བརྒྱུད་དེ་ཉེན་ཁ་ཆེན་པོ་ཞིག་གི་ནང་ལ་འཇུག་འདོད་ཡོད་མེད་ཐེ་ཚོམ་རེད) སྐད་ཆ་འདིའི་ཟུར་ངོས་གང་ནས་བལྟས་ཀྱང་སྐུ་ཞབས་ལུང་རིགས་ལགས་བཙན་གཡེམ་འདིའི་སྐོར་ལ་ཚོར་བ་ཅུང་ཟད་ཀྱང་མེད་པའི་ཟོལ་ཞིག་བསྟན་འདུག དོན་དངོས་ཐོག་སྐུ་ཞབས་ལུང་རིགས་ལགས་ཀྱང་ང་ཚོ་དང་འདྲ་བར་གནས་ཚུལ་འདིར་སྡང་སེམས་ཆེན་པོ་ཡོད་པ་སྨྲོས་མེད་ཡིན་སྙམ། འོན་ཀྱང་ཁུང་གིས་གནས་ཚུལ་འདི་མིག་འོག་ནས་སྣང་མེད་བྱེད་སྟངས་སོགས་ལ་བལྟས་ན་དངོས་གནས་སྐྲག་སྣང་ཞིག་དབང་མེད་དུ་འོང་མོད་གནས་ཚུལ་འདི་རང་དགར་འཇོག་ཐུབ་པ་ཞིག་གཏན་ནས་མ་རེད།སྤྱིར་གསར་ཁང་ཞིག་ལ་མཚོན་ན་གསར་འགྱུར་འཚོལ་སྒྲུབ་བྱེད་པ་ལས་གསར་འགྱུར་ལ་གཡོལ་གང་ཐུབ་བྱེད་པའི་གསར་ཁང་ཞིག་དུས་བབ་གསར་ཁང་སོགས་བཙན་བྱོལ་བོད་མིའི་གསར་ཁང་དག་ལས་འཇིག་རྟེན་འདིར་མི་སྲིད་པ་ཞིག་རེད་སྙམ། དེའི་ཕྱིར་ཉམ་ཐག་བུ་མོ་འདིར་ཕོག་པའི་བརྙས་བཅོས་འདི་མི་མང་གི་ཤེས་རྟོགས་ཡོང་ཆེད་ཕྲན་ནས་ཀློག་པ་པོ་ཆེས་དཀོན་པའི་དུག་གི་སྐྱེད་ཚལ་སྟེ་ང་རང་ཉིད་ཀྱི་ཟིན་བྲིས་སུ་བཀོད་ནས་སྐྱུག་བྲོ་བའི་གནས་ཚུལ་འདི་ཐེར་འདོན་བྱེད་ཁུལ་བྱས་པ་ཡིན། དེ་ལྟར་བྱེད་དགོས་པའི་དམིགས་ཡུལ་ཡང་ཉམ་ཐག་བུ་མོ་འདིར་ལྷག་བསམ་རྣམ་དག་གིས་རོགས་པ་བྱེད་མཁན་ཞིག་ཨེ་ཡོང་གི་རེ་བ་ཁོ་ན་ལས་ཡུ་ནན་པ་བཀྲ་ཤིས་ལ་སྒེར་གྱི་སྙིང་ནད་སྤུ་ཙམ་ཡང་མེད། །

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཉེ་བའི་དུས་ནས་བཟུང་དྲ་ཐོག་གི་གསར་འགྱུར་དང་རྩོམ་ཡིག་གི་གཤམ་ལ་འབྲེལ་མེད་ཀྱི་མཆན་འབྲི་མཁན་དང་། མི་སྒེར་གྱི་མིང་གིས་བཟུང་སྟེ་འཁོན་རྩོད་དང་དམོད་ཚིག་འབྲི་མཁན་མང་དུ་འབྱུང་གིན་འདུག འདི་དག་གི་གྲས་སུ་ངོ་ཤེས་མཁན་དང་མི་ཤེས་མཁན་གཉིས་ཀ་འདུག གང་ལྟར་རྗེས་ཕྱོགས་ནས་དྲ་གྲོགས་ཚོས་འདིའི་རིགས་ཀྱི་མཆན་མི་འགོད་རྒྱུར་འབད་བརྩོན་གནང་རོགས།

    གསར་འགྱུར་འདིའི་གཤམ་གྱི་མཆན་སྐོར་ཞིག་བསུབས་པ་ཡིན། རྗེས་ཕྱོགས་ཀྱང་འདིའི་རིགས་ལ་སྟངས་འཛིན་བྱེད་རྒྱུ་ཡིན་ལ། འབྲེལ་མེད་དང་ཉེན་ཁ་ཆེ་བའི་མཆན་འབྲི་མཁན་མཐོང་ན་དྲ་གྲོགས་ཚོས་དུས་བབ་དྲ་རྒྱའི་དོ་དམ་པར་འབྲེལ་བ་གནང་རོགས། ང་ཚོས་དྲ་ཐོག་གི་ཁོར་ཡུག་འདི་གཙང་མ་དང་གུ་ཡངས་པོ་ཞིག་བསྐྲུན་རྒྱུར་ཧུར་ཐག་བྱེད།

    Reply
  6. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 17 སྔོན།

    བྱང་ཆུབ་སེམས་དཔའ་ལ་བྱམས་བརྩེ་ཡིས་ཉེས་རྡུང་བཏང་ན་སྤྲེའུར་སྐྱེ་ན་ཞེ་སྡང་གས་རྟ་ལྕག་གྲབ་ན་གང་དུ་སྐྱེ། ཡ་མཚན་་་་་་་་

    Reply
  7. སྨར་དྷི་ཟེར། says:
    ལོ་ 17 སྔོན།

    དྲྭ་རྒྱ་འདིའི་སྒང་ལ་མི་བཀྲ་ཤིས་མི་ཤེས་པ་ཇེ་མང་འགྲོ་བཞིན་འདུག དཔེར་ན་ཚུལ་ཁྲིམས་འོད་ཟེར་དང་ཐུབ་བསྟན་ཟེར་བ་ལྟ་བུ་རེད་དེ་ཚོ་ལ་གཟབ་གཟབ་གནང་ན་དགའ་ནི་རེད།

    Reply
  8. དུག་ཚེར། says:
    ལོ་ 17 སྔོན།

    བཀླགས་ཡོད

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    གསེར་རྟ་ཡིན་ན་འདིས་གོང་གི་ཚིག་ཚོ་མ་གཏོགས་མི་ཤེས་ས་ཡོད་ཀ གང་སར་འདི་བཀྲམས་ནས་འདུག་གཱ གསེར་རྟ་ལགས། ད་རང་གི་བསམ་ཚུལ་འདྲ་ཕྲིས་དང་རང་གཞན་གཉིས་ཀ་དེས་ཕན་གི་རེད། ཁྱོད་ཚོ་འདི་ལུང་འདྲེན་ལོབ་ནས་ཡོད་དེ་ཡང་སྒྱུར་རན་རེད་འདུག་དཱ།

    Reply
  10. གསར་བརྗེ་སྐྱབས། says:
    ལོ་ 17 སྔོན།

    མཆོད་རྟེན་དེ་བཞེངས་གྲུབ་ན་སྐུ་མདུན་དགུང་ལོ་བརྒྱ་དང་ཉེར་ལྔ་བར་བཞུགས་ཐུབ་ཟེར། དགའ་ནི་ཞིག་རེད། འོན་ཀྱང་ཚེ་རིང་མཆེད་ལྔས་ཁོ་མོ་ལོ་དུ་ལ་འདུག་མིན་ཤེས་ཀྱི་ཡོད་དམ། དེང་སང་ཁོ་མོས་བྱས་སྟངས་ལས་སྟངས་ལ་གོ་རྒྱུ་ཐོས་རྒྱུ་མང་པོ་འདུག་ག

    གསེར་རྟ་ཚུལ་ཁྲིམས་ཀྱིས་ཆིབས་བསྒྱུར་དང་འབྲེལ་བའི་གསར་འགྱུར་ཚང་མའི་རྔ་མར་གོང་གི་ཞབས་བརྟན་དེ་དག་བཀོད་འདུག རིམ་གྲོ་འདྲ་སྒྲུབ་ཀྱིན་ཡོད་ན་མ་གཏོགས་ཞེ་དྲག་ཁོམ་ཡོད་པའི་སྲོལ་ཞིག་འདུག

    Reply
  11. རྨོག་རུ་བསྟན་པ། says:
    ལོ་ 17 སྔོན།

    དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།བར་ཏུ་མདོ་སྔགས་རིག་པའི་གཞུང་ལ་སྦྱངས།།་ཐ་མར་ཉམ་ཐག་འགྲོ་ལ་བརྩེ་བས་གཟིགས།།ཐུབ་བསྟན་ཕུན་ཚོགས་ཞབས་ལ་གསོལ་བ་་འདེབས།།
    མང་དུ་ཐོས་བ་སེམས་པའི་སྟེང་ལ་སྦྱར།།སེམས་པ་རྣམ་དག་རྒྱལ་བའི་བཀའ་བཞིན་བསྒྲུབ།།རང་ལས་གཞན་གཅེས་འགྲོ་བའི་ཞབས་ཞུར་འབད།།ཁྱོད་ནི་སྟོན་པ་མཆོག་གི་རྗེས་འཇུག་དངོས།།

    Reply
  12. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    ཇི་སྐད་དུ་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེའི་ཞལ་སྔ་ནས།

    མགོན་མེད་གངས་ཅན་ཞིང་འདིའི་འགྲོ་བ་རྣམས།།
    ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པ།།
    དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།།
    སྡེ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས།།

    ཉམ་ཐག་སྨག་རུམ་འཐིབས་པའི་གངས་ཅན་འདིར།།
    མགོན་ཁྱོད་ཐུགས་རྗེའི་སྒྲོན་མེ་འབར་བའི་གཟིས།།
    ཕན་དང་བདེ་བའི་སྣང་བ་འགྱེད་བཞིན་དུ།།
    སྲིད་ཞིའི་བར་དུ་མི་གཡོ་རྟག་བརྟན་ཤོག།
    ཞེས་གསུངས་པ་དང།

    རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པའི་ཞལ་སྔ་ནས།

    སྲིད་པ་གསུམ་ན་ངོ་མཚར་ཟླ་མེད་པ།།
    ཨུ་དམ་ཝཱ་ར་ལྟར་འཕགས་ཐམས་ཅད་མཁྱེན།།
    འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་གཙུག་ནོར་ཆེ།།
    རྒྱལ་མཆོག་ཕྱག་ན་པདྨོ་ཞབས་བརྟན་ཤོག།

    ཅེས་གསུངས་པ་ལྟར་འགྲུབ་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese