མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་དངུལ་གྱི་འཛའ་ཐང་ལས་འཕྲོས་བའི་གཏམ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།

1)གླེང་སློང་བ།

ཉེ་བའི་བདུན་ཕྲག་འགའི་སྔོན་ནས་བཟུང་། གསར་འགྱུར་བརྒྱུད་ལམ་ཁག་དང་ཚགས་པར་ཁག བརྙན་འཕྲིན་ཁག་བཅས་ན་ཨ་རིའི་སྒྲོ་ལོར་གྱི་འཛའ་ཐང་མར་ཆགས་བཞིན་པའི་གནས་ཚུལ་ཡོང་གིན་འདུག དེ་ཡང་སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན་ཐོན་པའི་རྒྱལ་སྤྱིའི་དུས་བབ་ཚགས་དེབ་ཀྱི་ཤོག་ངོས་སོ་བདུན་གྱི་མདུན་དུ་ཡང་ཨ་རིའི་སྒྲོ་ལོར་གྱི་རིན་ཐང་བརྒྱ་ཆ་ ༡༥ མར་ཆགས་པའི་གནས་ཚུལ་ཐོན་འདུག དེར་བརྟེན། ངེད་ཀྱིས་དངུལ་གྱི་འཛའ་ཐང་དང་འབྲེལ་ནས་རྨོངས་འཆར་ཐུང་ཐུང་ཞིག་འབྲི་རྒྱུའི་འགོ་བསླངས་བ་ཡིན།
འོན་ཀྱང་། རྩོམ་ཐུང་འདི་འབྲི་ཡུན་ཏུ་སོང་བའི་རྩོམ་ཞིག་མིན། རྩོམ་ཐུང་འདི་དཔལ་འབྱོར་རིག་པའི་རྨང་གཞིའི་ཤེས་བྱ་འགའ་རྒྱབ་རྟེན་ལ་བཟུང་ནས་བྲིས་བ་ཞིག་ཡིན། རྩོམ་ཐུང་འདིའི་ནང་དུ། རྒྱལ་ཁབ་ཞིག་གི་དངུལ་གྱི་འཛའ་ཐང་འཕར་ཆགས་ཇི་ལྟར་ཡོང་གི་ཡོད་མེད་དང་དེ་ཡོང་རྐྱེན་ཅི་ཡིན་མིན། དངུལ་གྱི་འཛའ་ཐང་འཕར་ཆགས་ཀྱིས་རྒྱལ་ཁབ་གང་དེའི་དཔལ་འབྱོར་ལ་ཤུགས་རྐྱེན་ཇི་ སྤྲོད་སོགས་ཀྱི་སྐོར་ནས་ཡིན།

འཚོ་སྡོད་ཀྱི་འགྲོ་བ་མི་ཞིག་ལ་མཚོན་ན། རྒྱབ་ལ་གོན་རྒྱུ་དང་ཁ་ལ་ཟ་རྒྱུ་ཞིག་དགོས་བ་ནི་སྨྲས་མེད་རེད། དེ་ཡང་དེ་རིང་སང་ཉིན་གྱི་གོ་ལ་གཅིག་གྱུར་གྱི་གནས་སྟངས་འདིའི་འོག་ཏུ། ཁྱེད་ཀྱིས་སྤྱོད་བཞིན་པའི་ལྟོ་གོས་ཕལ་ཆེ་བ་ཡང་ཁྱེད་རང་ནས་ཐོན་སྐྱེད་བྱས་བ་རྐྱང་མ་ཡིན་པར་གཞན་གྱིས་ཐོན་སྐྱེད་བྱས་ཚར་བའི་རིགས་ལ་ཁྱེད་ཀྱིས་དངུལ་སྤྲད་ནས་ཉོ་གི་ཡོད། གཞན་གྱི་ཅ་དངོས་ཉོ་དགོས་ཐུག་དུས། ཉོ་མཁན་དེས་རང་གི་དངུལ་དེ་ཉོ་ས་དེའི་དངུལ་ལ་བརྗེ་ནས་ཉོ་དགོས་ཐུག་གི་ཡོད། དཔེར་ན། ཁྱེད་ཀྱིས་རྒྱལ་ཁབ་ཕྱི་ནས་ཅ་དངོས་ཤིག་ཉོ་བའི་སྐབས་སུ། ཕྱིའི་དངུལ་བེད་སྤྱོད་གཏོང་དགོས་ཐུག་གི་ཡོད་ལ་ཕྱི་མི་ཞིག་གིས་ཁྱེད་ཀྱི་ལུང་ བའི་ཅ་དངོས་ཉོ་དུས་ཀྱང་དེ་མཚུངས་ལྟར་བྱེད་དགོས་ཐུག་གི་ཡོད། རྒྱལ་ཁབ་གང་ཞིག་གི་དངུལ་གྱི་རིན་ཐང་དེ་རྒྱལ་ཁབ་གཞན་ཞིག་གི་དངུལ་གྱི་ནང་ལ་ བརྗེ་བསྒྱུར་བྱས་ཚར་བའི་རྗེས་ཀྱི་རིན་ཐང་དེ་ལ་དངུལ་བརྗེ་ལེན་གྱི་གོང་ཚད་ ཟེར། དཔེར་ན། ཕྱི་ལོ་༢༠༠༧ལོའི་ཟླ་བཅུ་བའི་ནང་དུ། ཨ་སྒོར་༡ལ་ཡོ་སྒོར་༠.༧༠རེད། དེའི་སྐབས་ཀྱི་ཨ་སྒོར་དང་ཡོ་སྒོར་དབར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་ནི་༡ :༠༧༠རེད།
སྤྱིར་བཏང་ནས་དངུལ་གྱི་འཛའ་ཐང་ལ་འཕར་བ་དང་ཆགས་པ་གཉིས་ཀ་ཡོང་ གི་རེད། རྒྱལ་ཁབ་གང་ཞིག་གི་དངུལ་གྱི་འཛའ་ཐང་འཕར་བ་རེད་ལབ་དུས། རྒྱལ་ཁབ་དེའི་དངུལ་གྱི་གོང་ཚད་དེ་རྒྱལ་ཁབ་གཞན་ཞིག་གི་དངུལ་གྱི་གོང་ཚད་དང་ བསྡུར་ནས་འཕར་བ་རེད་བརྗོད་ཀྱི་ཡོད་རེད། ཡང་རྒྱལ་ཁབ་གང་ཞིག་གི་དངུལ་གྱི་འཛའ་ཐང་ཆགས་པ་རེད་ལབ་དུས། རྒྱལ་ཁབ་དེའི་དངུལ་གྱི་གོང་ཚད་དེ་རྒྱལ་ཁབ་གཞན་དེའི་དངུལ་གྱི་གོང་ཚད་དང་ བསྡུར་ནས་མར་ཆགས་པ་རེད་བརྗོད་ཀྱི་ཡོད་རེད། དཔེར་ན། ཕྱི་ལོ་༡༩༩༩ནས་༢༠༠༡བར། ཨ་སྒོར་གྱི་འཛའ་ཐང་དེ་ཡོ་སྒོར་༠.༨༦ནས་༡.༡༨བར་འཕར་སྣོན་བྱུང་འདུག ཁྱོན་ཨ་སྒོར་གྱི་འཛའ་ཐང་དེ་བརྒྱ་ཆ་༣༧ཙམ་ཡར་འཕར་བ་རེད། དེ་འཕར་སྣོན་ཡོང་རྐྱེན་ནི་ཨ་རིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དེ་ཡོ་ རོབ་ལས་མགྱོགས་པ་བྱུང་བ་མ་ཟད་ཨ་རིའི་དངུལ་ཁང་ཕལ་མོ་ཆེའི་དངུལ་གྱི་སྐྱེད་ཀ་ དེ་ཡོ་རོབ་ལས་བརྒྱ་ཆ་༢མཐོ་བ་ཆགས་པས་རེད། ཡང་ཕྱི་ལོ་༢༠༠༡ནས་༢༠༠༧བར་། ཨ་སྒོར་གྱི་འཛའ་ཐང་དེ་ཡོ་སྒོར་༡.༡༨ནས་༠.༧༠མར་ཆགས་པ་རེད། ཁྱོན་ཨ་སྒོར་གྱི་འཛའ་ཐང་དེ་བརྒྱ་ཆ་༤༠ཙམ་མར་ཆགས་པ་རེད། དེ་མར་ཆགས་པའི་རྐྱེན་ནི་གོང་དང་ལྡོག་ཕྱོགས་ནས་རེད།
དེས་ན། རྒྱལ་ཁབ་ཞིག་གི་དངུལ་གྱི་འཛའ་ཐང་འཕར་ཆགས་ཡོང་རྐྱེན་ཅི་ཡིན་ནམ་ཞེ་ན། ཐོག་མར་ང་ཚོས་ཕྱི་དངུལ་བརྗེ་ལེན་བྱེད་སའི་ཁྲོམ་ར་ནས་འགོ་བཙུགས་དགོས། ཕྱི་དངུལ་བརྗེ་ལེན་བྱེད་སའི་ཁྲོམ་རའི་ཐོག་ཏུ་ང་ཚོས་དངུལ་བརྗེ་ལེན་གྱི་གོང་ཚད་ལ་འཕར་ཆགས་ཇི་ལྟར་ཡོང་གིན་ཡོད་མིན་འཚོལ་ཐུབ་ཀྱི་ཡོད། རྒྱུ་མཚན། ཉོ་མཁན་དང་བཙོང་མཁན་གཉིས་ཀ་ཁྲོམ་རའི་ཐོག་ཡོད་པས་ཡིན། ཉོ་མཁན་དང་བཙོང་མཁན་གཉིས་ཀྱི་ཤུགས་རྐྱེན་ནི་གཙོ་བོ་ཡིན། གཤམ་ནས་ཉོ་མཁན་དང་བཙོང་མཁན་གཉིས་ཀྱིས་ཤུགས་རྐྱེན་སྤྲོད་སྟངས་སྐོར་ནས་མདོར་ཙམ་གླེང་གི་ཡིན།
ཉོ་མཁན་གྱི་ཕྱོགས་ཤུགས་རྐྱེན་སྤྲོད་སྟངས།

2)དེ་ཡང་ཉོ་མཁན་གྱི་ཕྱོགས་ནས།

ཁྲོམ་ རའི་དངུལ་བརྗེ་ལེན་གྱི་གོང་ཚད་ཀྱི་འཕར་ཆགས་དང་རྒྱལ་ཁབ་ཕན་ཚུན་དབར་གྱི་དངུལ་ ཁང་ཁག་གི་དངུལ་ཀྱི་སྐྱེད་ཀ་སྤྲོད་སྟངས། གཞན། ཁྲོམ་རའི་ཐོག་ཏུ་འབྱུང་འགྱུར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་ལ་ཚོད་དཔག་དང་ རེ་བ་རྒྱག་སྟངས་ཀྱི་ཕྱོགས་བཅས་གསུམ་ནས་ཤུགས་རྐྱེན་ཡོང་གི་ཡོད། རྒྱུ་མཚན་ཅི་ཞིག་གི་དབང་གིས་ཉོ་མཁན་ལ་ཨ་རིའི་སྒྲོ་ལོར་དགོས་མཁོ་ཆགས་ཀྱི་ ཡོད་དམ་ཞེ་ན། དེ་ལ་རྒྱུ་མཚན་གཉིས་རང་མ་གཏོགས་མེད། གཅིག་དེ་ཨ་རིས་ཕྱིར་གཏོང་བྱས་བའི་ཅ་དངོས་རྣམས་ཉོ་བའི་སླད་དང་གཞན་དེ་ཨ་རིའི་ རྒྱུ་དངོས་རྣམས་ཉོ་བའི་སླད་དུ་རེད། འདིའི་སྐབས་ཀྱི་ཨ་རིས་ཕྱིར་གཏོང་བྱས་བའི་ཅ་དངོས་ལབ་དུས་( Goods and Services ) གོ་བ་དང་ཨ་རིའི་རྒྱུ་དངོས་ལབ་དུས་ ( Bank accounts, bonds, stocks, businesses and real estate) སོགས་ལ་གོ་གི་ཡོད་པ་རེད། ཉོ་མཁན་གྱི་ཕྱོགས་ནས་བལྟས་ན། ཅི་ཙམ་གྱིས་ཨ་སྒོར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་མཐོ་བ་ཡོད་ན། ཨ་སྒོར་ཉོ་མཁན་ཉུང་དུ་འགྲོ་གི་རེད། རྒྱུ་མཚན་ཨ་སྒོར་གྱི་གོང་ཚད་མཐོ་རུ་ཕྱིན་པའི་རྐྱེན་གྱིས་རེད།
དེ་ཡང་། གལ་སྲིད་ཨ་རིའི་ཚོང་ཟོག་ཕྱིར་གཏོང་གི་གྲངས་འབོར་འཕར་བ་ཡིན་ན། དེ་ཙམ་གྱིས་ཉོ་མཁན་དག་ལ་ཨ་རིའི་སྒྲོ་ལོར་གྱི་དགོས་མཁོ་ཆེ་རུ་འགྲོ་གི་ཡོད་པ་རེད།
དཔེར་ན། ཨ་རིའི་སྒྲོ་ལོར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་དེ་ཡོ་སྒོར་༠.༨༠ནས་༠. ༧༠བར་མར་ཆགས་པ་ཡིན་ན། ཡོ་སྒོར་བེད་སྤྱོད་གཏོང་མཁན་གྱི་ཉོ་མཁན་རྣམས་ལ་ཨ་རིའི་ཕྱིར་གཏོང་གི་ཚོང་ ཟོག་རྣམས་རིན་གོང་ཁེ་བོ་ཆགས་ཀྱི་ཡོད་ཙང་། ཨ་རིའི་ཚོང་ཟོག་ཉོ་མཁན་མང་དུ་འགྲོ་གི་རེད་ལ་ཨ་རིའི་ཕྱི་གཏོང་གི་ཚོང་ཟོག་ཉོ་ མཁན་མང་དུ་ཕྱིན་པ་ལ་བརྟེན་ནས་ཨ་སྒོར་ཉོ་མཁན་ཡང་མང་དུ་འགྲོ་གི་ཡོད་པ་རེད། ཡང་ཕྱོགས་གཞན་ཞིག་ནས། ཉོ་མཁན་ཚོའི་ཁྲོད་དུ་། ཨ་སྒོར་བེད་སྤྱོད་མ་བཏང་བར་ལག་ཏུ་ཉར་བསྡད་པ་ཡིན་ན་ཉེ་བའི་འབྱུང་འགྱུར་གྱི་ ཁྲོད་དུ་ཁེ་ཕོག་ཆེན་པོ་རེག་གི་རེད་བསམ་པའི་ཚོད་དཔག་རྒྱག་མཁན་མང་དུ་ཕྱིན་པ་ ཡིན་ན། དངུལ་བརྗེ་ལེན་གྱི་ཁྲོམ་རའི་ཐོག་ཏུ་ཨ་སྒོར་ཉོ་མཁན་མང་དུ་འགྲོ་གི་རེད། དཔེར་ན།
ད་ལྟ་ཨ་སྒོར་༡གི་གོང་ཚད་དེ་ཡོ་སྒོར་༠ .༩༠ཡིན་ན། ཉོ་མཁན་ཚོའི་ཚོད་དཔག་ལ་ཨ་སྒོར་གྱི་གོང་ཚད་དེ་ལོ་མཇུག་ལ་ཡོ་སྒོར་༠. ༨༠ལལྷུང་གི་རེད་བྱུང་བ་ཡིན་ན། ད་ལྟ་ཨ་སྒོར་ཉོ་མཁན་མང་དུ་འགྲོ་གི་རེད། གང་གིས་ཞེ་ན། ད་ལྟ་ཉོས་བའི་ཨ་སྒོར་གྱི་འབོར་དེས་ལོ་མཇུག་ལ་ཨ་སྒོར་ད་ལྟ་ལས་མང་བ་ཉོ་ཐུབ་ཀྱི་ཡོད་པས་རེད།
 དེ་ནས་རྒྱལ་ཁབ་ཕན་ཚུན་དབར་གྱི་དངུལ་ཁང་ཁག་གི་དངུལ་གྱི་སྐྱེད་ཀ་སྤྲོད་ སྟངས་ཀྱིས་དངུལ་གྱི་འཛའ་ཐང་འཕར་ཆགས་ལ་ཤུགས་རྐྱེན་ཞིག་ཡོང་གི་ཡོད་པ་རེད། གལ་སྲིད། ཨ་རིའི་དངུལ་ཁང་ཁག་གི་དངུལ་གྱི་སྐྱེད་ཀ་དེ་ཚོང་ཤག་རྒྱལ་ཁབ་གཞན་ཁག་གི་དངུལ་ ཁང་ལས་མཐོ་བ་ཡོད་ན། ཨ་རིའི་དངུལ་ཁང་ཁག་ལ་དངུལ་བཅོལ་འཇོག་བྱེད་མཁན་མང་དུ་འགྲོ་གི་རེད། ཅི་ཙམ་གྱིས་དངུལ་བཅོལ་འཇོག་བྱེད་མཁན་མང་དུ་ཕྱིན་ན། དེ་ཙམ་གྱིས་ཨ་སྒོར་ཉོ་མཁན་མང་དུ་འགྲོ་གི་རེད། ཅི་ཙམ་གྱིས་ཨ་སྒོར་ཉོ་མཁན་མང་དུ་ཕྱིན་ན་། དེས་ཨ་སྒོར་གྱི་འཛའ་ཐང་འཕར་སྣོན་ལ་ཤུགས་རྐྱེན་ཡོང་གི་ཡོད་པ་རེད།
ད་ དུང་། ཁྲོམ་རའི་ཐོག་ཏུ་འབྱུར་འགྱུར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་ལ་ཚོད་དཔག་དང་ རེ་བ་རྒྱག་སྟངས་ལ་བརྟེན་ནས་དངུལ་གྱི་འཛའ་ཐང་ལ་ཁྱད་པར་ཡོང་གི་ཡོད་རེད། བཟོ་ཚོང་ཁང་ཆེན་པོ་དག་གི་བསམ་པར། འབྱུར་འགྱུར་ཨ་སྒོར་གྱི་གོང་ཚད་འཕར་གྱི་རེད་བསམ་ན། ད་ལྟ་ཡོད་པའི་ཡོ་སྒོར་རྣམས་བཙོས་ནས་ཨ་སྒོར་མང་ཙམ་ཉོ་གི་རེད། འོན་ཀྱང་། ཚོད་དཔག་རྒྱག་སྟངས་ཀྱི་རིགས་འདི་དག་ཕུགས་བརྟན་ཞིག་ཡོང་མིན་བརྗོད་ཁག་པོ་རེད། གང་ལྟར། ཉོ་མཁན་གྱི་ཕྱོགས་ནས་བསམ་ན། གོང་གི་རྒྱུ་རྐྱེན་འདི་དག་ལ་བརྟེན་ནས་དངུལ་གྱི་འཛའ་ཐང་ལ་ཤུགས་རྐྱེན་ཡོང་གི་ ཡོད་པ་རེད།

3)བཙོང་མཁན་གྱི་ཕྱོགས་ནས་ཤུགས་རྐྱེན་སྤྲོད་སྟངས།

བཙོང་ མཁན་གྱི་ཕྱོགས་ནས་ཤུགས་རྐྱེན་སྤྲོད་སྟངས་ཀྱི་ཁུངས་དེ་ཉོ་མཁན་ནང་བཞིན། ཁྲོམ་རའི་ཐོག་གི་དངུལ་བརྗེ་ལེན་གྱི་གོང་ཚད་དང་རྒྱལ་ཁབ་ཕན་ཚུན་དབར་གྱི་དངུལ་ ཁང་ཁག་གི་དངུལ་གྱི་སྐྱེད་ཀ་སྤྲོད་སྟངས། ཁྲོམ་རའི་ཐོག་ཏུ་འབྱུང་འགྱུར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་ལ་ཚོད་དཔག་དང་ རེ་བ་རྒྱག་སྟངས་བཅས་གསུམ་ཡིན་རུང་། ཤུགས་རྐྱེན་སྤྲོད་སྟངས་ལོགས་ཀ་རེད། དཔེར་ན། ཉོ་མཁན་གྱི་གནས་སྟངས་གཞིར་བཞག་ཐོག་དངུལ་བརྗེ་ལེན་གྱི་གོང་ཚད་ཀྱིས་དངུལ་གྱི་ འཛའ་ཐང་ལ་ཤུགས་རྐྱེན་བཟོ་སྟངས་དང་བཙོང་མཁན་གྱི་གནས་སྟངས་གཞིར་བཞག་ཐོག་དངུལ་ གྱི་འཛའ་ཐང་ལ་ཤུགས་རྐྱེན་སླེབས་སྟངས་གཉིས་ལོགས་ཀ་རེད། རྒྱུ་མཚན་ཅི་ཞིག་གི་དབང་གིས་ཁྲོམ་རའི་ཐོག་ལ་ཨ་སྒོར་བཙོང་མཁན་ཡོང་གི་ཡོད་དམ་ ཞེ་ན། དེ་ལ་ཡང་རྒྱུ་མཚན་གཉིས་རང་རེད།  ཕྱི་ནས་ཐོན་སྐྱེད་བྱས་བའི་ཅ་དངོས་རྣམས་ཉོ་བའི་སླད་དང་ཕྱིའི་རྒྱལ་ཁབ་ཁག་གི་ རྒྱུ་དངོས་ཉོ་བའི་སླད་དུ་ཁྲོམ་རེའི་ཐོག་ལ་ཨ་སྒོར་མཁོ་འདོན་བྱེད་ཀྱི་ཡོད། དེ་ཡང་། ཨ་སྒོར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་ཅི་ཙམ་འཕར་བ་ཡིན་ན། དེ་ཙམ་གྱིས་ཨ་སྒོར་ཕྱི་ལ་བཙོང་མཁན་གྱི་གྲངས་འབོར་འཕར་གྱི་ཡོད་པ་རེད། དཔེར་ན། གལ་སྲིད་ཨ་སྒོར་༡གི་གོང་ཚད་དེ་ཡོ་སྒོར་༠.༨༠ནས་ཡོ་སྒོར་༠.༩༠ལ་འཕར་བ་ཡིན་ན། ཨ་སྒོར་ཕྱི་བཙོང་གི་གྲངས་འབོར་ཁྲོམ་རའི་ཐོག་མང་དུ་འགྲོ་གི་རེད།
དེ་ཡང་། ཨ་རིའི་ངོས་ནས་ཕྱིའི་ཅ་དངོས་ནང་འདྲེན་གྱི་གྲངས་འབོར་འཕར་བ་ཡིན་ན། དེ་ཙམ་གྱིས་ཨ་སྒོར་ཕྱིར་བཙོང་གི་གྲངས་འབོར་ཡང་འཕར་གི་རེད། དེར་བརྟེན།
ཨ་སྒོར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་འཕར་བ་ཡིན་ན། ཨ་སྒོར་གཅིག་གིས་ཕྱིའི་ཅ་དངོས་རྣམས་རིན་གོང་ཁེ་བོའི་ཐོག་ནས་ཉོ་ཐུབ་ཀྱི་ཡོད་པ་རེད།  རིན་གོང་ཁེ་བོ་ཆགས་པ་ལ་བརྟེན་ནས་ཉོ་མཁན་མང་དུ་འགྲོ་གི་ཡོད་པ་རེད། ཉོ་མཁན་མང་དུ་ཕྱིན་པ་ལ་བརྟེན་ནས་ཨ་སྒོར་ཕྱི་བཙོང་གི་གྲངས་འབོར་ཡང་མང་དུ་འགྲོ་གི་ཡོད་པ་རེད།
ཡང་ཕྱོགས་གཞན་ཞིག་ནས། ཁྲོམ་རའི་ཐོག་གི་བཙོང་མཁན་མང་པོ་ཞིག་གི་བསམ་པར། ཕྱི་དངུལ་འབོར་ཆེན་ཉར་བ་ཡིན་ན་དེས་ཁེ་བཟང་འབོར་ཆེན་ཟ་ཐུབ་ཀྱི་རེད་བསམ་ནས་ཨ་ སྒོར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་འཕར་བའི་སྐབས་དང་བསྟུན་ནས་ཕྱི་དངུལ་མང་ པོ་ཉོ་གི་ཡོད་པ་རེད། ཕྱི་དངུལ་ཅི་ཙམམང་བ་ཉོས་ན། དེ་ཙམ་གྱིས་ཨ་སྒོར་མང་ཙམ་ཕྱི་བཙོང་བྱེད་དགོས་ཐུག་གི་ཡོད་།  དེ་ནས། རྒྱལ་ཁབ་ཕན་ཚུན་དབར་གྱི་དངུལ་ཁང་ཁག་གི་དངུལ་གྱི་སྐྱེད་ཀ་སྤྲོད་ལུགས་ཀྱིས་ ཤུགས་རྐྱེན་སྤྲོད་སྟངས་ནི།
གལ་སྲིད། ཨ་རིའི་དངུལ་ཁང་ཁག་གི་དངུལ་གྱི་སྐྱེད་ཀ་དེ་ཚོང་ཁག་རྒྱལ་ཁབ་ཁག་གི་དངུལ་ཁང་ལས་མཐོ་བ་ཡོད་ན། བཙོང་མཁན་གྱི་ཕྱོགས་ནས་ཨ་སྒོར་ཕྱི་གཏོང་གི་གྲངས་འབོར་མར་ཆགས་ཀྱི་ཡོད་པ་རེད། ཨ་སྒོར་ཕྱི་གཏོང་གི་གྲངས་འབོར་མར་ཆགས་པ་ལ་བརྟེན་ནས་ཕྱི་དངོས་ནང་འདྲེན་གྱི་གྲངས་འབོར་ཡང་མར་ཆགས་ཀྱི་ཡོད་པ་རེད།
གཞན། ཕྱིའི་རྒྱལ་ཁབ་ཁག་གི་དངུལ་ཁང་གི་དངུལ་གྱི་སྐྱེད་ཀ་དེ་ཨ་རི་ནས་མཐོ་བ་ཡོད་ན། ཨ་སྒོར་ཕྱིར་གཏོང་གི་གྲངས་འབོར་འཕར་ཡོང་གི་རེད། ཨ་སྒོར་ཕྱིར་གཏོང་གི་གྲངས་འབོར་འཕར་བ་ལ་བརྟེན་ནས། རིམ་བཞིན་ཨ་སྒོར་གྱི་འཛའ་ཐང་མར་ཆགས་པའི་ཤུགས་རྐྱེན་སླེབས་ཀྱི་ཡོད། ད་དུང་། ཁྲོམ་རའི་ཐོག་ཏུ་འབྱུང་འགྱུར་གྱི་དངུལ་བརྗེ་ལེན་གྱི་གོང་ཙད་ལ་ཚོད་དཔག་དང་ རེ་བ་རྒྱག་སྟངས་ལ་བརྟེན་ནས་དངུལ་གྱི་འཛའ་ཐང་ལ་ཤུགས་རྐྱེན་བཟོ་གི་ཡོད་པ་རེད། གལ་སྲིད་བཟོ་ཚོང་ཁང་ཆེན་པོ་དག་གི་ཚོད་དཔག་ལ། ཕྱི་དངུལ་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་དེ་འབྱུང་འགྱུར་གྱི་ལོ་ཤས་ནང་ཡར་ འཕར་གྱི་རེད་བསམ་པ་ཡིན་ན། ཨ་སྒོར་བཙོང་ནས་ཕྱི་དངུལ་ཉོ་གི་རེད། ད་ལྟ་ཕྱི་དངུལ་གྱི་གོང་ཚད་དམའ་བའི་སྐབས་སུ་ཨ་སྒོར་བཙོང་ནས་ཕྱི་དངུལ་ཉོ་ཐུབ་ པ་ཡིན་ན། རྗེས་སུ་ཕྱི་དངུལ་གྱི་གོང་ཚད་འཕར་བའི་སྐབས་སུ་ཨ་སྒོར་ལ་གྱོང་རེ་གི་མ་རེད་ བསམ་པ་དེ་རེད། གང་ལྟར། བཙོང་མཁན་གྱི་ཕྱོགས་ནས་ཤུགས་རྐྱེན་སྤྲོད་སྟངས་འདི་ཙམ་རེད།

4)མཐའ་དོན།
འདི་ ལྟར། ཉོ་མཁན་དང་བཙོང་མཁན་གཉིས་ཀྱི་ཕྱོགས་ནས་མདོར་ཙམ་གླེང་ཚར་བའི་རྗེས་སུ། མི་མང་པོ་ཞིག་གི་བསམ་པར། དངུལ་བརྗེ་ལེན་གྱི་གོང་ཚད་དེ་འཕར་ཆགས་མེད་པའི་སྒོར་ནས་དངུལ་གྱི་འཛའ་ཐང་དེ་ གཏན་འཇགས་ཤིག་ཡོང་གི་རེད་དམ་ཞེ་ན། དེ་ཧ་ཅང་ཁག་པོ་རེད་ཞུ་འདོད་བྱུང་། ཁག་པོ་ཡིན་པའི་རྒྱུ་མཚན་ནི། ཉོ་མཁན་དང་བཙོང་མཁན་གཉིས་ཀའི་ཕྱོགས་ནས་ཤུགས་རྐྱེན་སྤྲོད་སྟངས་དེ་ཆ་སྙོམས་ ཤིག་དང་གཏན་འཇགས་ཤིག་མེད་པ་དེ་རེད། དཔལ་འབྱོར་རིག་པ་བ་མང་དག་ཅིག་གི་བསམ་པར། གལ་སྲིད་ཨ་སྒོར་༡ལ་ཁ་ཎ་སྒྲའི་སྒྲོ་ལོར་༡.༣༣ཡིན་པའི་ཆ་འཇོག་ཐོག  ཅ་དངོས་གཅིག་ལ་ཁ་ཎ་སྒྲིའི་སྒྲོ་ལོར་༤དང་ཨ་སྒོར༣གནས་བ་ཡིན་ན། དངུལ་གྱི་རིན་ཐང་གཅིག་པ་ཡིན་པ་མ་ཟད་དངུལ་དེ་ཨ་རི་དང་ཁ་ཎ་སྒྲ་གང་དུ་སྤྱད་ ཀྱང་རུང་དེས་ཅ་དངོས་ཉོ་བའི་ནུས་བ་གཅིག་མཚུངས་རེད་ཟེར་གྱི་ཡོད་པ་རེད་ལ་དེ་ ལྟ་བུའི་རྣམ་པ་དེ་ལ་དཔལ་འབྱོར་རིག་པ་པའི་ནང་དུ་  (Purchasing Power Parity )ཟེར། འོན་ཀྱང་། དེ་ལྟར་ཡོང་རྒྱུ་ནི་ཧ་ཅང་ཁག་པོ་རེད་བསམ། རྒྱུ་མཚན། དཔལ་འབྱོར་གྱི་ཁྲོམ་རའི་ཐོག་ཏུ། ཉོ་མཁན་དེས་རིན་གོང་དམའ་བོའི་ཐོག་ནས་ཉོ་ཐུབ་རྒྱུར་རྩིས་རྒྱག་གི་ཡོད་ལ་བཙོང་ མཁན་དེས་ཀྱང་རིན་གོང་མཐོ་བོའི་སྒོ་ནས་བཙོང་ཐུབ་རྒྱུར་འབད་བརྩོན་ཞུ་གི་ཡོད། འོ་ན། དབུས་དངུལ་ཁང་ཁག་ནས་དངུལ་གྱི་འཛའ་ཐང་ལ་སྟངས་འཛིན་བྱེད་ཀྱི་མེད་པ་རེད་དམ་ལབ་ ན། དེ་ཡང་མ་རེད།
རྒྱ་ནག་ལྟ་བུར་ཆ་བཞག་ན། དངུལ་བརྗེ་ལེན་གྱི་གོང་ཚད་དེ་གཏན་འཇགས་རེད། ཨ་རི་ལྟ་བུ་ཡིན་དངུལ་བརྗེ་ལེན་གྱི་གོང་ཚད་དེ་རྒྱུན་འགྱུར་རེད། ཧོང་ཀོང་ལྟ་བུར་མཚོན་ན་དངུལ་བརྗེ་ལེན་གྱི་གོང་ཚད་དེ་བསྟུན་འགྱུར་རེད། འོན་ཀྱང་། རྒྱལ་ཁབ་སོ་སོའི་དབུས་དངུལ་ཁང་ཁག་ནས་དངུལ་གྱི་འཛའ་ཐང་གི་འཕར་ཆགས་ལ་སྟངས་ འཛིན་བྱེད་སྟངས་ཀྱི་ལམ་ལུགས་འདྲ་གི་མ་རེད། ཡང་རྒྱལ་ཁབ་ཁ་ཤས་ཀྱིས་དབུས་དངུལ་ཁང་གིས་དངུལ་བརྗེ་ལེན་གྱི་གོང་ཚད་དེ་བསྟུན་ མར་འཕར་ཆགས་མ་ཡོང་བའི་སླད་དུ། དེ་ལ་སྟངས་འཛིན་གང་ཐུབ་བྱེད་ཀྱི་ཡོད་པ་རེདཔེར་ན། ཨ་སྒོར་༡ལ་ཡོ་སྒོར་༠.༨༠ཡིན་པའི་དབང་དུ་བྱས་ན། གལ་སྲིད་དངུལ་བརྗེ་ལེན་གྱི་གོང་ཚད་དེ་ཡོ་སྒོར་༠.༨༠གྱི་སྒང་ལ་འཕར་བ་ཡིན་ན། དངུལ་བརྗེ་ལེན་གྱི་གོང་ཚད་དེ་བསྟུན་མར་འཕར་སྣོན་མ་ཡོང་བའི་སླད་དུ། དངུལ་ཁང་ཁང་གི་ངོས་ནས་ཨ་སྒོར་རྣམས་བཙོང་གང་ཐུབ་བྱེད་ཀྱི་ཡོད་པ་རེད། གལ་སྲིད་དངུལ་བརྗེ་ལེན་གྱི་གོང་ཚད་དེ་ཡོ་སྒོར་༠. ༨༠གྱི་འོག་ལ་མར་ཆགས་པ་ཡིན་ན། དངུལ་བརྗེ་ལེན་གྱི་གོང་ཚད་དེ་བསྟུན་མར་མ་ཆགས་པའི་སླད་དུ། དངུལ་ཁང་གི་ངོས་ནས་ཨ་སྒོར་གང་མང་ཉོ་གི་རེད། དངུལ་ཁང་ནས་ཨ་སྒོར་ཉོ་བའི་སྐབས་སུ་དངུལ་ཁང་རང་ལ་ཡོད་པའི་གསོག་དངུལ་ཡོ་སྒོར་ རྣམས་བདེ་སྤྱོད་གཏོང་གི་ཡོད་པ་རེད། དངུལ་ཁང་ནས་ཨ་སྒོར་བཙོང་བའི་སྐབས་སུ་ཨ་སྒོར་རྣམས་ཡོ་སྒོར་ལ་བརྗེས་ནས་གསོག་ དངུལ་ཡོ་སྒོར་གྱི་གྲངས་འབོར་མང་དུ་གཏོང་གི་ཡོད་པ་རེད། འདི་ཞོར་འཕྲོས་ཙམ་ཡིན། གང་ལྟར། དངུལ་གྱི་འཛའ་ཐང་འཕར་ཆགས་ཇི་ལྟར་ཡོང་གི་ཡོད་མེད་དང་དེའི་ཡོང་རྐྱེན་སོགས་ངོ་ འཕྲོད་རྒྱུ་འདི་ཡང་དེང་གི་སྤྱི་ཚོགས་ཁྲོད་གལ་ཆེན་ཆགས་འདུག་སྙམ། ངེད་ཀྱི་རྨོངས་འཆར་རེ་ཞིག་འདི་རུ་མཇུག་བསྡུས་བ་ཡིན། བརྗོད་གཞི་འདིའི་ཕྱོགས་ན་མ་ཚང་བ་དང་མ་འཐུས་བ་ཡོད་ན་ཁ་སྣོན་རྒྱག་རོགས། ཀློག་པ་པོ་ཚོའི་བསམ་ཚུལ་དང་མ་མཐུན་པ་ཡོད་ན་བགྲོ་གླེང་བྱེད་རོགས་ཀློག་མཁན་རེ་གཉིས་ལ་ཕན་རེ་ཐོགས་སོང་ན་རྩོམ་ཐུང་འདིའི་དགོས་དམིགས་འགྲུབ་པ་ ཡིན།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 30

  1. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 15 སྔོན།

    རིག་འབྱུང་ལགས། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་སྐོར་ལ་འབྲི་ཐུབ་ན་ང་ཚོར་ཕན་ཐོག་འདུག

    Reply
  2. རྡོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 15 སྔོན།

    དཔལ་འབྱོར་སྐོར་ལ་རྩོམ་ཡིག་འབྲི་མཁན་མེད་པའི་སྐབས་སུ་འདི་འདྲ་བྲི་ན་ཡག་པོ་བྱུང་འདུག
    བསྟོད་པ་ཕུལ་མཁན་དང་སྨད་ར་གཏོང་མཁན་གཉིས་ཀ་ལ་སློབ་སྦྱོང་ཡོད་པའི་བཟོ་མི་འདུག བོད་པ་ཚང་མ་འདི་འདྲ་ཡིན་ན་སེམས་སྐྱོ་བོ་རེད།
    རིག་འབྱུང་བཀྲ་ཤིས་ལ་། ཐུགས་རྗེ་ཆེ། མུ་མཐུད་དུ་འབྲི་རོགས་གནངས།

    Reply
  3. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    རིགསདོན་ལགས། བློ་ཁ་ནང་དུ་བསྐོར་ནས་རང་རྩོམ་སྐྱར་ཀློག་ཅིག་བྱོས། སྟོད་མཁན་ཚོས་ཀྱང་མཛུབ་མོ་ནང་དུ་བཀུགས་ནས་རྩིས་ཤིག་རྒྱོབས། ངས་བསམས་པར། ལུག་གི་གོང་ཆུང་དུས་ཕར་ཚོངས། ཆེ་དུས་ཚུར་ཉོས་ཤིག་ཟེར་བ་འདྲ་སེ་འདུག་གོ།

    Reply
  4. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    སྐུ་ཉིད་ཀྱིས་གསུངས་བ་དེ་ལ་ཡང་རྒྱུ་མཚན་འདུག

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    བསམ་བློ་མ་བཏང་བ
    འབྲུ་རིགས

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    རིག་འབྱུང་ལགས། ངས་ཀྱང་དང་བོ་ཁ་རོག་གེར་ཀློག་ནས་སྐུ་ཉིད་ལ་རེ་སྐུལ་ཞིག་ཞུས་དེ་སོང་བ་ཡིན། དཔལ་འབྱོར་རིག་པའི་བསྐོར་ལ་རྩོམ་ཡིག་འབྲི་མཁན་ནི་དངོས་ནས་འུ་ཅག་བོད་པ་ཚང་ལ་དཀོན་པོ་ཡིན། དེ་ནི་བོད་པ་ཚོ་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུར་དགའ་བ་འཛམ་གླིང་གི་མི་དག་དང་འདྲ་མཚུངས་ཡིན་ན་ཡང་། དཔལ་འབྱོར་རིག་པའི་བསྐོར་ལ་བསམ་བློ་གཏོང་བ་ནས་རྩོམ་ཡིག་སྤེལ་བ། དེའི་ཐད་དུ་བསམ་ཚུལ་ལྷུག་པོར་གནང་མཁན་ནི་དཀོན་པོ་རེད།

    བདག་གིས་ཀྱང་དབལ་འབྱོར་རིག་པའི་བསྐོར་ལ་སློབ་སྤྱོང་བྱས་མྱོང་མེད་ཀྱང་། དེའི་ཐད་དུ་བསམ་བློ་གཏོང་མྱོང་བ་མ་ཟད། དེའི་ཐད་དུ་རྒྱལ་ཁབ་འདིའི་ནང་གི་དཔལ་འབྱོར་ལོ་སྔོན་མ་ལས་ཉམས་ཆག་ལ་འགྲོ་བཞིན་པའི་བསྐོར་ལ་རྒྱལ་ཁབ་འདིའི་ནང་གི་གཞུང་སྒེར་མི་ཉུང་བ་ཞིག་གིས་སྐད་རྒྱག་གི་འདུག དེ་དུས་ང་རང་གི་ངོ་ཤེས་པ་ཁ་ཤས་ལ་ངས་འདི་ལྟར་བཤད་པ་ཡིན།

    ཁྱེད་ཚོ་ལ་རང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་ཆག་དུ་ཕྱིན་པ་དེར་སེམས་འཁྲལ་ཡོང་གི་འདུག་ན། དེའི་འབྱུང་ཁུངས་ལ་བསམ་བློ་གཏོང་དགོས་ཀྱི་ཡོད་པ་རེད། དཔེར་ན། ཁྱེད་ཅག་གི་རྒྱལ་ཁབ་ནང་གི་ཅ་དངོས་མང་ཤོས་ཤིག་རང་གི་རྒྱལ་ཁབ་ནས་ཐོན་བསྐྱེད་བྱེད་ཀྱི་མེད་པ་དང་། ཐོན་བསྐྱེད་བྱེད་ས་དེ་ཡང་རྒྱ་ནག་རང་ནས་བྱེད་ཀྱི་ཡོད་པ་དེ་ཡིན། དེའི་སྟབས་ཀྱི་དཔལ་འབྱོར་གྱི་གྱོང་རྒུད་ཐེབས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ལོ་ངོ་འདི་དག་གི་རང་གི་ཁྱེད་ཅག་གི་རྒྱལ་ཁབ་ཀྱི་ཕྱུག་བདག་མི་ཉུང་བ་ཞིག་གིས་རང་གི་ཁེ་ཕན་ཁོ་ན་ལས་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་མ་བཏང་བར། གང་ན་ཁེ་བཟང་ཡོད་པ་དེ་གཅིག་བུ་ལས་རང་ཉིད་ཀྱི་དཔལ་འབྱོར་དེ་ཡང་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་ཉམས་ཉེས་དང་འབྲེལ་བ་ཡོད་པ་གཏན་ནས་ངེས་ཟིན་ཐོབ་ཀྱི་མེད་ལ། དེའི་ཐད་དུ་བསམ་བློ་ཡང་གཏོང་གི་ཡོད་པ་མ་རེད། དེ་ལ་བསམ་བློ་བ་བཏང་བ་ཡིན་ན། དེའི་རྐྱེན་བྱས་དེ་རྒྱལ་ཁབ་རང་གི་ནང་དུ་ལས་བཟོ་བ་ཆེས་མི་ཉུང་བ་ཞིག་ལས་མེད་ཆགས་ཀྱི་ཡོད་ལ། ལས་མེད་ཆགས་པའི་མི་དེ་དག་ལ་སྔར་རྒྱུན་བཞིན་རང་ས་ནས་དཔལ་འབྱོར་གྱི་ཡོངས་ཁུངས་མེད་པ་ཆགས་ཀྱི་ཡོད་པ་ཡིན་དུས། ནང་ཁུལ་གྱི་དཔལ་འབྱོར་གྱི་ཉམས་ཉེས་ཀྱང་དེ་མཚུངས་ཀྱིས་འགྲོ་བཞིན་ཡོད་པ་རེད། དེ་ལྟར་ཡིན་དུས། མུ་མཐུད་དུ་རང་ས་ནས་འཛུགས་བསྐྲུན་མ་བྱས་པ་ཡིན་ན། ནམ་ཞིག་རང་ས་ནས་འབྲི་རིགས་ཚུན་ཆད་ཀྱང་འདེབས་རྒྱུར་དཀའ་ངལ་འཕྲད་ངེས་ཡིན། དེ་དུས་གཞི་ནས་རྒྱལ་ཁབ་ནང་གི་ཕྱུག་བདག་ཁ་ཤས་ལས་རྒྱལ་ཁབ་ཀྱི་མི་དམངས་སྤྱི་ལ་དབལ་འབྱོར་ཡོངས་ཁུངས་རང་བཞིན་གྱིས་མེད་པར་འགྱུར་གྱི་ཡོད་པ་རེད།

    དེ་མཚུངས་ཀྱིས་སྐད་ཆ་ཆེས་མི་ཉུང་བ་ཞིག་བཤད་མཐར་ཁོང་ཚོས་ང་རང་རྒྱ་ནག་ལ་མི་དགའ་བའི་དེ་ལྟར་བཤད་ཀྱི་ཡོད་པ་རེད་ཟེར་དུས། ངས་དེ་ལྟར་མིན་པའི་སྒྲུབ་བྱེད་ཆེས་མི་ཉུང་བ་ཞིག་བྱས་པ་དེར། ཁོང་ཚོས་དེ་ནི་ངེད་ཅག་སྒེར་ངོས་ནས་བྱེད་ཐུབ་པ་ཞིག་མ་རེད་ཟེར། དེ་ནི་ངས་ཁོང་ཚོ་བྱེད་ཐུབ་པ་ཞིག་ཡིན་པ་རེད། དཔེར་ན། རང་ས་ནས་འཛུགས་བསྐྲུན་བྱས་པའི་ཅ་དངོས་ཉོ་བ་དང་། རང་མིས་རང་ས་ནས་ལས་མེད་མི་ཆགས་པའི་ཐད་དུ་རང་མི་དང་གཞན་མི་རང་མི་ལ་ཐོག་མར་ལས་ཀ་སྤྲོད་པ་སོགས་ཐབས་ལམ་མི་ཉུང་བ་ཞིག་བཤད་དུས། མཐར་ང་རང་ལ་འདི་ལྟར་ཟེར། དེས་ན་ཁྱེད་རང་རྒྱལ་ཁབ་འདི་ནས་ལས་ཀ་མ་སྤྲད་པ་ཡིན་ན་ག་འདྲ་འདུག་ཟེར་བས། ངས་དེ་ནི་ང་རང་གཅིག་བུ་ལ་མི་སྤྲོད་པའི་ཐབས་ཤེས་ཤིག་མིན་དུས། ངས་དེ་ལ་དགའ་བསུ་ཞུ་ངེས་ཡིན་ཟེར་ནས་ལན་བཏབ་དུས། ཁོང་ཚོས་ཁྱེད་རང་གི་དཔལ་འབྱོར་རིག་པའི་བསྐོར་སྤྱོང་མྱོང་ཡོད་དམ་ཟེར། ངས་དཔལ་འབྱོར་རིག་པའི་བསྐོར་ལ་སྤྱོང་མྱོང་མེད་ཅེས་ལན་སྤྲད་ཀྱང་། ཁོང་ཚོས་ཡིད་ཆེས་ལ་མི་ཆེས་ཀྱི་ངང་དུ་ང་རང་གིས་སྐད་ཆ་མི་ཉུང་བ་ཞིག་ལ་བདེན་ཁ་སྤྲད་སོང་།

    དེ་མཚུངས་རེད། དེང་སང་ཨ་རིའི་དཔལ་འབྱོར་ཉམས་ཉེས་འགྲོ་བ་དེ་ཡང་གོང་གི་རྒྱུ་ཆེན་དང་གཅིག་མཚུངས་ཡིན། ཨ་རིའི་ཕྱུག་བདག་ཚོ་དང་། སྲིད་འཛིན་དག་གིས་རང་ས་ནས་བཟོ་བསྐྲུན་ཁང་སོགས་རྒྱ་ནག་ནང་དུ་གནས་སྤོར་བྱེད་རྒྱུ་མཚམས་མ་བཞག་པ་ཡིན་ན། ཨ་རིའི་མི་རིང་བར་ཆེས་དཔལ་འབྱོར་ཉམས་ཉེས་ཐེབས་ཡུལ་གཙོ་བོ་དེ་ཆགས་ནས། རྒྱ་ནག་ནི་སུས་ཀྱང་ཁ་ཡ་མི་བྱེད་རང་བྱེད་དགོས་པའི་རྒྱལ་ཁབ་ཅིག་ཆགས་ངེས་ཡིན། ད་ལྟ་ཡང་དེའི་སྔ་ལྟས་མི་ཉུང་བ་ཞིག་འུ་ཅག་གིས་མཐོང་གསལ་རེད་ཅེས་ཞུ་འདོད་བྱུང་།

    Reply
  7. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    སྔོན་ཆད་ང་རང་བོད་ནས་གསར་དུ་འབྱོར་ཞིང་གསར་འབྱོར་སློབ་གྲར་ཡུན་ཙམ་བསྡད་མྱོང་། སྐབས་དེར་ང་རང་གསར་འབྱོར་སློབ་གྲའི་ཉེ་འཁོར་གྱི་ཤིང་སྡོང་རིང་པོ་ཞིག་གི་འོག་ཏུ་བསམ་བློ་ཞིག་གཏོང་ནས་སྡོད་སྐབས་ཤིང་སྡོང་རྩེ་ནས་བྱིའུ་ཞིག་གིས་ངའི་མགོ་ལ་སྐྱག་པ་ཞིག་བཏང་མྱོང་། ངའི་བསམས་པར་རྒྱ་གར་གྱི་བྱ་དང་བྱིའུ་ཚོས་ཀྱང་མི་ཉམ་ཆུང་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱིན་འདུག་བསམས་མྱོང་། དེ་བཞིན་སྟོབས་ཆེན་རྒྱལ་ཁབ་ཚོས་བོད་དོན་དེ་བཞིན་རྒྱ་ནག་གིས་སྟོབས་འབྱོར་དང་དབང་ཤུགས་ཁོ་ནའི་གཞན་དབང་སྟབས་སྟུན་གྱིས་བོད་རིགས་ཉམ་ཆུང་ཚོ་ཁོང་ཚོའི་རྐང་རྩེད་སྤོ་ལོ་རང་རེད། ད་ནི་ང་ཚོ་ང་རང་ཚོར་སྙིང་རྗེ་བྱེད་རན་འདུག ང་ཚོ་ང་རང་ཚོར་བྱམས་པ་སྒོམ་རན་འདུག ང་ཚོ་ང་རང་ཚོ་འགུལ་རན་འདུག

    Reply
  8. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ནོར་བཅོས། དཔལ་འབྱོར།

    Reply
  9. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    གོང་གི་ངེད་ཀྱི་རྩོམ་ཡིག་འདིའི་ཐོག་ལ་བསམ་ཚུལ་མེད་ན། ལྷག་པར་དུ་ཁ་གཏད་ཀྱི་བསམ་ཚུལ་མེད་ན། ནོར་བའི་ཆ་ལ་ཁ་སྣོན་མེད་ན།
    མཆན་བུ་འདི་གྲོགས་པོ་ཟླ་ཞུན་དང་ཐིག་གསར་གཉིས་ལ་བཏབས་པའི་མཆན་བུ་མཐའ་མ་དེ་ཡིན།
    དང་པོ། གྲོགས་ཟླ་ཞུན་ལགས་ནས་ངེད་ཀྱི་སློབ་སྦྱོང་དང་མདུན་ལམ་སོགས་ལ་དྲིན་ཆེན་ཕ་མ་ལྟ་བུའི་ཐུགས་ཁུར་གནང་བར་བསྐྱར་དུ་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
    གཉིས་པ། ངེད་ཀྱིས་དཔེ་འབྱོར་རིག་པའི་སྐོར་གྱི་དེབ་འདྲ་མིན་བྐླགས། བྐླགས་པ་རྣམས་ཀྱི་སྐོར་ལ་བསམ་བློ་འདྲ་བཏང་། ྐླད་པ་དཀྲུགས། དེ་ནས་རྩོམ་ཞིག་བྲིས་ན་ཕལ་ཆེར་འགྲིག་གི་མ་རེད་ཟེར་བའི་བསམ་ཚུལ་འདི་ཟླ་ཞུན་དང་ཐིག་གསར་གཉིས་ལ་གཅིག་མཚུངས་སུ་འདུག དེ་ལ་རྗེས་སུ་ཡི་རངས་ཞུ། ངེད་ཀྱི་རེ་བར། ཁྱེད་གཉིས་མཉམ་སྦྲེལ་སྒོས་དཔལ་འབྱོར་རིག་པའི་སྐོར་ལ་རྩོམ་ཐུང་རེ་འབྲི་རོགས་གནང་། བསྐྱར་དུ་རེ་སྐུལ་ཞུ་བཞིན་ཡོད། ལྷག་པར་དུ་ཐིག་གསར་ལགས་ཀྱི་དབྱིན་ཡིག་གི་མཆན་བུ་དེ་ལ་བལྟས་ན། ཏན་ཏན་དཔལ་འབྱོར་རིག་པའི་སྐོར་ལ་སློབ་སྦྱོང་བྱེད་མཁན་ཞིག་རེད་འདུག་སྙམ། སྐུ་མཁྱེན། སྐུ་ཉིད་ཀྱིས་ཅིག་འབྲི་རོགས་གནང་། བསྐྱར་དུ་རེ་བ་ནན་གྱིས་ཞུ་བཞིན་ཡོད།
    གསུམ། ད་དུང་ཁྱོད་གཉིས་གཅིག་པོ་མ་རེད། ད་དུང་ངེད་ལ་དྲ་གྲོགས་གངས་གླག་ཟེར་མཁན་ཞིག་ཡོད། ཁོང་གིས་ཀྱང་དཔལ་འབྱོར་རིག་པའི་སྐོར་ལ་གང་འཚམ་མཁྱེན་གྱི་ཡོད་པའི་སྐོར་ངེད་ཀྱི་རྩོམ་ཡིག་སྔ་མ་ཞིག་གི་ནང་ལ་གསུངས་སོང་། ཁོང་ལ་ཡང་ཁྱེད་གཉིས་བརྒྱུད་ནས་ལན་ཞིག་སྤྲོད་རོགས་གནང་། ཁོང་དེ་རིང་སང་ཉིན་རྒྱ་གར་ལྷོ་ཕྱོགས་ན་བཞུགས་ཡོད།
    རྒྱ་གར་ནང་ནས་ཁྱོད་ཚོ་ཕན་ཚུན་ལ་ལན་སྤྲོད་རྒྱུ་སྟབས་བདེ་བ་ཡོད་ཙང་། ཁོང་ལ་ཡང་དཔལ་འབྱོར་རིག་པའི་སྐོར་ལ་རྩོམ་ཞིག་འབྲི་རོགས་ལབ་ནས་ལན་ཞིག་སྤྲོད་རོགས་གནང་།
    བཞི། ཁྱེད་ཅག་གིས་ངེད་ཀྱི་འཆལ་རྩོམ་འདི་ལ་དོ་སྤྲད་རེ་སྤྲད་པར་ཡང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ལགས། རྗེས་སུ་ག་ལེར་མཇལ་ཡོང་།
    ཞོར་འཕྲོས། དྲ་གྲོགས་ནད་པ་ལགས་ཀྱི་དྲི་བ་དང་པོ་དེའི་སྐོར་ལ་་སྔ་ལོར་ངེད་ཀྱིས་རྩོམ་ཞིག་བྲིས་ཡོད། རྩོམ་དེ་ཁ་བརྡ་སྒང་གི་དཔལ་འབྱོར་རིག་པའི་སྡེ་ཚན་གྱི་ནང་ན་ཡོད། དེ་ནས་གཟིགས་རོག་ནང་། དེ་ཙམ་ཞུ།

    Reply
  10. ཐིག་གསར་རྫ་ཕྲུག says:
    ལོ་ 15 སྔོན།

    sorry for the spelling mistakes …….

    Reply
  11. ཐིག་གསར་རྫ་ཕྲུག says:
    ལོ་ 15 སྔོན།

    དོན་གྲུབ་བཀྲིས་ལགས། ངས་ཁྱེད་ཀྱི་ལོ་རིམ་དང་པོའི་དཔལ་འབྱོར་རིག་པའི་སློབ་དེབ་་དེ་ཉིད་མར་བོད་ཡིག་ནང་དུ་ཕབ་བསྒྱུར་བྱས་ཏེ་རྩོམ་ཡིག་འདི་བྲིས་ཁུལ་བྱས་པར་ངས་ཧ་གོ་ཡོད། འོན་ཀྱང་སོ་སོས་ཐོག་མར་ཕབ་བསྒྱུར་བྱེད་དུས་བསམ་བློ་མ་བཏང་པར་རྣམ་མེད་ཀྱི་ཕབ་བསྒྱུར་བྱེད་པ་ཡིན་ན། ནོར་འཁྲུལ་ཕྲ་མོ་མང་པོ་ཤོར་སྲིད་ཀྱིས་རེད། འདི་ནི་ངས་ཁྱེད་ཀྱི་རྩོམ་ཡིག་ལགས་བསམ་ཚུལ་ཙམ་ཡིན་མ་གཏོགས་ཁྱེད་ལ་མ་ཐད་པ་དང་མ་རངས་པ་དེ་འདྲ་རྩ་བ་ནས་མིན་ལ། ཁྱེད་ཀྱིས་ཀྱང་དེའི་ཐད་བསམ་གཞིགས་ཡོད་པར་མཁྱེན།

    Reply
  12. འཇིགས་མེད། says:
    ལོ་ 15 སྔོན།

    རྒན་རྨོག་རི་དང་མི་ཉག་སྐལ་བཟང་འདི་བ་གཉིས་ཀས་དྲ་ངོས་ཚང་མ་ལ་གཅིན་སྐྱག་བཏང་འདུག ངོ་ནས་ཡག་པོ་མ་རེད།

    Reply
  13. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ནད་པ་ལགས་ནས་དྲི་བ་གནང་བ་བཀའ་དྲིན་ཆེ། ཁྱེད་ཀྱི་དྲི་བའི་ལན་ཕལ་ཆེ་བ་ངེད་ཀྱི་ཁ་བརྡའི་སྒང་ལ་བཏབ་ཚར་ཡོད།
    སྐུ་མཁྱེན། དེ་ནས་ྐློག་རོགས་གནང་།
    གྲོགས་ཟླ་ཞུན་ལགས་ཀྱི་རེ་སྐུལ་ལ་ཡང་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
    དྲ་གྲོགས་ཐིག་གསར་རྫ་ཕྲུག་ལ་ཞུ་རྒྱུར། ངེད་ཀྱི་རྩོམ་ཐུང་འདི་དཔལ་འབྱོར་རིག་པའི་གཞུང་ལུགས་རྒྱབ་རྟེན་ཏུ་བཟུང་ནས་བྲིས་ཡོད།
    དེ་ཡང་འབྲི་སྟངས་དེ་མང་མང་གིས་གོ་བདེ་བ་ཞིག་གི་ཚུལ་གྱིས་བྲིས་ཡོད། གོང་གི་རྩོམ་ཡིག་དེའི་ཁོངས་སུ་མ་འཐུས་བ་དང་མ་ཚང་བ་ཡོད་ན་། ཁ་སྣོན་བྱེད་རོགས་ལབ་ཡོད།
    བསམ་ཚུལ་མི་མཐུན་པ་ཡོད་ན་། དགག་པ་ཆར་བ་འབབ་འབབ་གནང་རོགས།

    དེ་ཙམ་ཞུ།

    Reply
  14. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    རྩོམ་ཞིག་བྲིས་ཚར་བའི་རྗེས་སུ་ྐློག་མཁན་ཞིག་ཡོང་གི་ཡོད་པ་དང་། ྐློག་མཁན་དག་གི་ཁྲོད་ན་རྩོམ་ཡིག་གི་ཐོག་ལ་ཐད་ཕྱོགས་ནས་བསམ་ཚུལ་འདོན་མཁན་དང་ལྡོག་ཕྱོགས་ནས་བསམ་ཚུལ་འདོན་མཁན་ཡང་ཡོང་གི་ཡོད་པ་རེད། ད་དུང་རྩོམ་འབྲི་བ་པོར་་དགའ་མཁན་དང་མི་དགའ་མཁན་སོགས་ཀྱང་ཡོང་གི་ཡོད་པ་རེད། འདི་དག་ཆོས་ཉིད་ཅིག་རེད་ལ་འདི་དག་ང་ཚོའི་སྤྱི་ཚོགས་ཀྱི་ཁ་དོག་ཀྱང་རེད། དེ་དག་ལ་ཡང་རྗེས་སུ་ཡི་རངས་སོ།

    Reply
  15. ཟླ་ཞུན། says:
    ལོ་ 15 སྔོན།

    དྲ་གྲོགས་དག་གི་བསྟོད་པ་འདི་ཁྱེད་ཀྱི་དམིགས་ཡུལ་མིན་པར་སྨོན།
    གང་ལྟར་སློབ་སྦྱོང་ལ་ཤུགས་རྒྱོབ།
    ད་དུང་འདི་དག་ལན་པོ་ཡོད་པ་མ་རེད། ཧ་གོ་སོང་ངས།

    འདི་ལ་བལྟས་ཡོང་དུས་དཔལ་འབྱོར་རིག་པའི་དེབ་ཅིག་ལ་བལྟས་ཏེ་བྲིས་པར་འདྲ་བོ་ཞིག་འདུག
    འདིས་ས་རྒྱ་ཅང་ཆོད་ནི་མ་རེད། དེ་ལས་སྐབས་བབས་ཀྱི་སློབ་ཚན་ལ་ཤུགས་རྒྱབ་ནས་རྒྱུགས་འཕྲོད་རྒྱུ་དེ་གལ་ཆེན་པོ་རེད།
    ཡིག་ཚད་མ་འཕྲོད་ན་མི་མང་པོའི་གྲལ་ནས་བོད་ཀྱི་ཞབས་འདྲེན་ཞུས་པ་མ་རེད་དམ།
    མི་རིགས་གཞན་པ་དེ་དག་དང་མཉམ་འགྲོ་མཉམ་འདུག་བྱེད་ཐུབ་པ་ཞིག་བྱེད་རྒྱུ་གལ་ཆེན་དུ་མཐོང༌།
    བླུན་པོའི་གྲལ་གྱི་མཁས་པ་བཟོ་རྒྱུ་གལ་ཆེན་པོ་མ་རེད།

    སྔོན་མ་སྐར་གྲངས་ཁྱོད་ཀྱི་གོང་གི་མི་དེ་ལ་སྐྱོན་འཛུགས་བྱས་ཏེ་རང་ཉིད་ལ་ཕྱི་རྒྱལ་སློབ་སྦྱོང་བྱེད་དུ་འགྲོ་རྒྱུའི་རྒྱལ་ཁབ་ཐོབ་པ་ལྟར་ཕྱི་རྒྱུལ་དུའང་དེ་ལྟར་རྣམ་རིག་གྲུང་པོ་བྱེད་དགོས། ཧ་གོ་སོང་ངས།

    Reply
  16. ནད་པ says:
    ལོ་ 15 སྔོན།

    རིགས་འབྱུང་དོན་བཀྲ་ལགས། དང་པོ། སྔ་ལོར་ཨ་རིའི་དཔལ་འབྱོར་ཉམས་གུད་དུ་སོང་བ་དང་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་དམ།

    གཉིས་པ། རྒྱ་ནག་དེ་ད་ལྟའི་ཆར་དཔལ་འབྱོར་གྱི་ཡར་རྒྱས་ཇེ་འགྱོགས་སུ་འགྲོ་བའི་རྒྱུ་མཚན་གཙོ་བོ་དེ་གང་ལ་ཐུག་ཡོད་དམ།

    གསུམ་པ། རྒྱལ་ཁབ་གཅིག་གི་དངུལ་གྱི་འཛའ་ཐང་ཡར་འཕར་ན་རྒྱལ་ཁབ་དེའི་དཔལ་འབྱོར་གྱི་འཕེལ་རྒྱས་ཆེ་རུ་སོང་བ་ཡིན་མིན་དང་དངུལ་གྱི་འཛའ་ཐང་མར་ཆགས་པ་ཡིན་ན་རྒྱལ་ཁབ་དེའི་དཔལ་འབྱོར་ཉམས་གུད་དུ་འགྲོ་བཞིན་ཡོད་མེད་ཐད་ལ་ལན་གསལ་ཞིག་གནང་རོགས་ཞུ། ཐུགས་རྗེ་ཆེ།

    Reply
  17. ཐིག་གསར་རྫ་ཕྲུག says:
    ལོ་ 15 སྔོན།

    Dear friend:
    I appreciate whatever you intend to write and convince, but before you writing, you should think about the elements that determine the Exchange Rate and how it is being like this. and also, you have to think about the effectiveness of the ER, it is confused if you do not think about it properly.
    I know that you are just applying the basic concept of Economic theory eg demand and supply, buyer and seller. but I hope you go through your article again, you will find many mistakes, I have seen many of the readers commented it is a good and helpful article, It is merely because they do not have Economic knowledge, whereas, you should write a proper article for them, only this you can give them knowledge, otherwise, it is just seek of your practice in writing. take care

    Reply
  18. འཁྱམས་པོ། says:
    ལོ་ 15 སྔོན།

    དངོས་གནས་རྩོམ་ཡིག་ཡག་པོ་དང་དོན་གནད་ཅན་ཞིག་སྤེལ་འདུག
    ཧ་ཅང་ཡག་པོ་འདུག་རེ་བ་ཆེན་པོ་ཡོད། འབོད་སྐུལ་ཡང་ཡང་ཞུ།
    འདིའི་རིགས་ང་ཚོ་ལ་ཏག་ཏག་མཁོ་པས་རེད།
    རིག་འབྱུང་ལཊ་ཐུགས་རྗེ་ཆེ་ཞུ།
    ཀློག་རྒྱུ་དེ་དང་པོ་ཞིག་ནས་ཀློག་ཚར་ཡིན་ཚར་ཡིན།
    འཆན་དེ་ཅུང་རྗེས་ལུས་ཐེབས་སོང་། གང་ལྟར་དེར་ཁྱད་པར་ཅིང་མི་འདུག

    Reply
  19. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོའི་རེ་སྐུལ་སེམས་ལ་ཉར་ཡོད། བཀའ་དྲིན་ཆེ།

    Reply
  20. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་འདྲ་འབྲི་མཁན་སུ་ཡིན་ཡང་དགའ་བོ་ཡོད་ལ། རྗེས་སུ་དེའི་ཕྱོགས་སུ་ཆེད་ལས་པ་ཞིག་ཆགས་རྒྱུར་ཡང་འབོད་སྐུལ་ཡོད།

    Reply
  21. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    རིག་འབྱུང་ལགས།་་ཉིད་ཀྱིས་བོད་ཀྱི་དུས་བབ་དང་།་ཁ་བརྡ་སོགས་སུ་རྩོམ་ཡིག་སྤེལ་བ་སྤྱི་ཚོགས་ཀྱི་དགོས་མཁོར་རན་པས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།་་ལྷག་པར་དཔལ་འབྱོར་རིག་པའི་སྐོར་ལ་མུ་མཐུད་རྩོམ་ཡིག་མང་ཙམ་སྤེལ་བས་འབོད་སྐུལ་ཞུ་རྒྱུ་ཡིན།་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཚོས་ད་ལྟའང་དཔལ་འབྱོར་འཚོལ་བསྒྲུབ་ཀྱི་ཁ་ཕྱོགས་བརྟན་པ་ཞིག་རྙེད་མེད་པ་རེད།་་གཞིས་ཆགས་ཞིག་ཡིན་ན་དབྱར་དགུན་གྱི་སུལ་ཚོང་ངམ་གྱོན་གོས་ཀྱི་འཚོང་འགྲེམས་ཁོ་ན་ལ་བརྟེན་གྱིན་ཡོད་པ་དང་།་་གསར་འབྱོར་ཞིག་ཡིན་ན་བག་ལེབ་དང་ལང་ཧྤན་བཙོང་བ།་་ཟ་ཁང་ཉར་བ་དང་ཟ་ཁང་ལག་གཡོག་བྱེད་པ་སོགས་ཀྱི་ཁ་ཕྱོགས་ངེས་གཏན་ཅན་ཞིག་ཆགས་ཀྱིན་འདུག་་དེ་ལས་གཞན་པའི་དཔལ་འབྱོར་རིག་པའི་ཐབས་ལམ་དང་།་་ཁ་ཕྱོགས།་་ངོ་བོ་སོགས་སློབ་སྟོན་གྱི་རྩོམ་བསྒྱུར་རིགས་སྤེལ་ཐུབ་ན་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་མཐོང་གིན་འདུག་་རྨོངས་འཆར་ཙམ་ཡིན།

    Reply
  22. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    རླབས་ཆེན་གྱི་རྩོམ་སྒྲིག་པ་ལགས།་གང་ཟག་སྒེར་གྱི་ཞེ་འདོད་ཙམ་ལ་སྟབས་བསྟུན་མ་ཡིན་པར་དགོས་མེད་དང་ཁུངས་མེད།་་གང་ཟག་སྒེར་གྱི་སྣང་བར་འགྲོ་མིན་གྱི་སྐད་ཆའི་རིགས་ལ་ཚོད་འཛིན་བྱེད་རྒྱུ་ནི་རྩོམ་སྒྲིག་པ་ལྷན་རྒྱས་ཀྱི་འགན་དབང་དུ་མཐོང་བ་མ་ཟད་སྟངས་འཛིན་ནན་པོ་བྱེད་པས་འབོད་སྐུལ་ཞུ་རྒྱུ་ཡིན།་་་གང་ལ་ཞེ་ན་རྩོམ་པ་པོ་མང་པོ་ཞིག་ཟིན་བྲིས་སུ་ཞུགས་འདོད་ཆེ་ནའང་འཚེར་སྣང་དང་དོགས་ཟོན་བྱེད་ཀྱིན་འདུག་་གང་ལ་ཞེ་ན།་ཟིན་བྲིས་སུ་རྫུན་མིང་བེད་སྤྱོད་གཏོང་མཁན་རེ་ཟུང་གིས་འགན་འཁུར་མེད་པའི་སྐད་ཆ་སྣ་ཚོགས་བཤད་པར་བརྟེན་མང་པོ་ཞིག་ཟིན་བྲིས་ལ་སུན་སྣང་སྐྱེས་བཞིན་འདུག་་ཟིན་བྲིས་སུ་ཞུགས་ཟིན་པ་རེ་ཟུང་འང་སྡིགས་ར་དང་།་འཆལ་གཏམ་སོགས་ལ་ཡིད་མུག་ཏེ་ཕྱིར་ཐོན་པ་མང་།་་དེ་ཙམ་མ་ཟད་ཟིན་བྲིས་ནི་རིག་གཞུང་དང་།་ཆབ་སྲིད།་ལོ་རྒྱུས།་་སྙན་ངག་སོགས་སྙུག་ཐོགས་པ་ཚོས་སེམས་ཚོར་དང་དོན་དངོས་གླེང་སའི་སྡིངས་ཆར་མཚན་མཐོང་བསྐྲུན་དགོས་པ་ལས།་་་ཁུངས་ལུང་མེད་པའི་འཆལ་གཏམ་གྱི་ཞིང་ས་ཞིག་ཏུ་ངོས་འཛིན་ཐོབ་ན་མི་འགྲིག་པའི་འགན་འཁུར་ནི་ཟིན་བྲིས་པ་ཚོར་ཡོད་པ་མ་ཟད་རྩོམ་སྒྲིག་པར་དེ་བས་ཀྱང་ཡོད།་་་ལྷག་པར་ནག་མོའི་འཁོན་འཛིངས་ལྟ་བུའི་ཕན་ཚུན་ལ་སྡིགས་ར་རྐྱང་རྐྱང་བཀོད་བསྡད་ན་གཞིས་ལུས་རྒྱ་ཆེའི་མི་མང་གི་མདུན་སར་བྱེས་སྡོད་ཟིན་བྲིས་པ་ཚོས་རང་མདོག་བསྟན་པ་མ་ཡིན་ནམ།་་་རྩོམ་སྒྲིག་པ་ལགས།་་ཟིན་བྲིས་གཙང་མ་དང་གུ་ཡངས་པོ་ཚིག་འདི་གཉིས་ལ་ངེས་པར་བདག་པོ་རྒྱག་རོགས་་་་ཐུགས་རྗེ་གཟིགས།།

    Reply
  23. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    གལ་ཏེ་བོད་ཀྱི་དུས་བབས་ཞེས་པ་མིང་བསྒྱུར་ནས་ལུང་རིགས་རྒྱལ་ཀྱི་དུས་བབས་ཞེས་འདོགས་པ་ཡིན་ན། ང་རང་དུས་ནམ་ཡང་ཁྱེད་ཟིན་བྲིས་ཀྱི་མགྲོན་དུ་མི་སླེབས་རྒྱུ་རྩ་བའི་དམ་བཅའ་ཡིན།

    Reply
  24. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལགས། ཁྱེད་རང་གི་ང་ངོ་ཤེས་ཀྱང་རུང་མ་ཤེས་ཀྱང་རུང་ངའི་མཆན་འདི་དག་བསུབས་དགོས་དོན་གང་ཡིན་ནམ། ཁྱོད་ཀྱིས་གསུངས་པ་ལྟར་ན་དྲ་ཐོག་གི་ཁོར་ཡུག་འདི་གཙང་མ་དང་་གུ་ཡངས་པོ་ཞིག་བསྐྲུན་རྒྱུར་ཧུར་ཐག་གྱིས་
    ཞེས། གཙང་མ་དང་གུ་ཡངས་པོ་ཞིག་བསྐྲུན་དགོས་ན་ཁྱེད་རང་དེ་མ་ཐག་བོད་ཀྱི་དུས་བབ་ཚགས་ཤོག་དང་རྒྱང་རིང་དུ་འགྲོ་རོགས། ངའི་་བཤད་བཞིན་པ་དག་ནི་བོད་སྤྱིའི་རྩ་དོན་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན། སྒོ་ནས་༧གོང་ས་མཆོག་གིས་བཀའ་སློབ་ལྟར་བོད་མི་མི་རེ་ངོ་རེ་ལ་འགན་རེ་ཡོད་ཅེས་གསུངས་པ་སེམས་ལ་བཅངས་ཏེ་བཤད་ཀྱིན་ཡོད། དྲ་གྲོགས་ཐུབ་བསྟན་ཟེར་བ་དེར་ལན་ཞིག་བཏབ་ཡོད་ཀྱང་སྒེར་གྱི་འཁོན་རྩོད་མིན། དོན་དག་རེ་རེ་བཞིན་ར་འཕྲོད་གསལ་པོ་ཤོད་དགོས་ན་མགོ་ནས་མཇུག་བར་དུས་ཚོད་མཁོ་མིན་ལ་མ་ལྟོས་པར་གསལ་བཤད་ཞུ་ཆོག དེ་མིན་ཕྲག་དོག་དང་དགའ་མི་དགའ། ངོ་ཤེས་དང་མ་ཤེས། ཕ་ཡུལ་གཅིག་པ་ཡིན་མིན། ཚིགས་བཅད་རྩོམ་ཡིག་ཤོ་ལོ་ཀ་རེ་འབྲི་ཐུབ་མིན། སོགས་ཀྱི་གདོང་ལ་བལྟས་ཏེ་བསུབས་པ་ཡིན་ན་ནམ་ཡང་ངོ་རྒོལ་ཡོད།

    Reply
  25. འབྲོང་བུ། says:
    ལོ་ 15 སྔོན།

    རིག་འབྱུང་བུ། བྲིས་ནོ་བཟང་གི ཁྱེད་ལ་རྟེན་འབྲེལ་ཞུ།

    Reply
  26. འཇིགས་མེད། says:
    ལོ་ 15 སྔོན།

    ཁྱེད་ཀྱིས་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་སྐོར་ལ་རྩོམ་ཡིག་རིན་ཐང་ཅན་མང་པོ་འབྲི་བཞིན་འདུག་པར་བསྔགས་བརྗོད་ཞུ།
    མུ་མཐུད་དེ་འབྲི་རོགས་གནང། ང་ལྟ་བུའི་ྐློག་པ་པོ་ཕལ་བ་རྣམས་ལ་ཕན་ཐོགས་ཡག་པོ་འདུག ཐུགས་རྗེ་ཆེ།

    Reply
  27. འཇམ་དབྱངས་ཤཱསྟྲཱི། says:
    ལོ་ 15 སྔོན།

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།་་་་་་་་ཁྱེད་ནས་ཨ་རིའི་དངུལ་གྱི་འཛའ་ཐང་སྐོར་ལ་རྩོམ་ཡིག་སྤེལ་བར་དགའ་བསུ་ཞུ།་་་ད་བར་ཆབ་སྲིད་དང་ཆོས་ཕྱོགས་ཁོ་ན་ལས་དཔལ་འབྱོར་སྐོར་གླེང་མཁན་ཤིན་ཏུ་དཀོན་པས་སྐུ་ཉིད་ནས་དཔལ་འབྱོར་སྐོར་ལ་ད་དུང་མུ་མཐུད་གླེང་ན་རྒྱ་ཆེའི་ཀློག་པ་པོར་དཔལ་འབྱོར་གྱི་གོ་རྟོགས་མཐོར་འདེགས་ཀྱི་ཞབས་འདེགས་ཡོང་རྒྱུ་ལགས་ན་ཁྱེད་ལ་རྗེས་སུ་ཡི་རངས་ཞུ།

    Reply
  28. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    རྒྱུན་འགྱུར། བསྟུན་འགྱུར།

    ངའི་རྣ་ཅོག་ཏུ་ཐེངས་དང་པོར་ཐོས་པའི་སྙན་ཆ་ཡོད་པའི་བརྡ་ཚིག་གསར་པ་གཉིས།
    ངས་སང་ཉིན་ནས་ང་རང་གི་ཉིན་རེའི་འཚོ་བའི་ནང་ཐ་སྙད་འདི་གཉིས་བེད་སྤྱོད་བྱེད་པའི་དམ་བཅའ་བྱེད།

    འོན་ཀྱང་ཡིག་སྐད་དང་འབྲེལ་བའི་ཐ་སྙད་གང་ཐུབ་ཀྱིས་སྤྱོད་དུས་མིག་དཔེ་བལྟ་རྒྱུའི་ཚབ་ལ་འཕྱ་ལད་བྱེད་པ་གང་ཞིག་ལ་བོད་ཀྱི་རིག་གནས་ལ་དགའ་མོས་ཡོད་ཟེར་མཁན་དེ་འདྲ་ཡང་གང་མང་ཐུག་མྱོང་། མི་འདི་ཚོའི་བསམ་བློ་ངས་མགོ་ཚོས་ཀྱི་མི་འདུག

    Reply
  29. chokri nyima says:
    ལོ་ 15 སྔོན།

    སྒྲོ་ལོར་གོང་ཆག་ན་ཕྱི་རྒྱལ་ལ་འགྲོ་མཁན་ཚོར་ཇི་མི་སྡུག་དེ་ལས་རྒྱ་གར་བལ་ཡུལ་དུ་སྡོད་མཁན་རྣམས་དཀའ་ངལ་ཆེ། དཔེ་ན། ཕྱི་རྒྱལ་བ་རྒྱུ་བདག་དང་ངོ་ཤེས་སྤུན་ཆེད་རྣམས་ཀྱིས་སྐུར་བའི་རོགས་དངུལ་སྒྲོ་ལོར་༡༠༠ཐམ་པ་ལ་སྔོན་མ་ཧན་སྒོར་༥༠༠༠དང་བལ་སྒོར་༨༠༠༠རེད།
    དེང་སང་ཕྱི་རྒྱལ་ནས་སྒྲོ་ལོར་༡༠༠ཐབ་པ་སླེབས་དུས་སྔོན་མ་ནང་བཞིན་ཧན་སྒོར་བལ་སྒོར་མང་པོ་རག་གི་མེད་པ་དེ་ནི། ཕྱི་རྒྱལ་ཁབ་ཀྱི་རོགས་དངུལ་དང་སྤྱིན་བདག་ཁག་གི་སྐྱབས་གསོ་དངུལ་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་པའི་མི་དམངས་ཉམ་ཆུང་དེ་ཚོར་སྙིང་རྗེ།
    དེ་མིན་བཙན་བྱོལ་སྤྱི་ཚོགས་ནང་གི་དཔོན་ངན་ལྐོག་ཟས་པ་དང་ཡོ་རོ་ཨ་མེ་ཀའི་བོད་མི་འབྱོར་ལྡན་པ་དག་དཀའ་ངལ་མེད།

    Reply
  30. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    སྒྲོ་ལོར་གོང་ཆག་ན་ཕྱི་རྒྱལ་ལ་འགྲོ་མཁན་ཚོར་སྙིང་རྗེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese