མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་མོལ་དེར་ཡི་རངས་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

སྲིད་འཛིན་ཨོ་བྷ་མ་མཆོག་གི་བཀའ་མོལ་དེར་ངོས་རང་གིས་རྗེས་སུ་ཡི་རངས་ཡོད།

སྲིད་འཛིན་ཨོ་བྷ་མ་དང་ཧུའུ་ཅིན་ཐའོ་གཉིས་ཐུག་འཕྲད་བྱས་ཏེ་དུས་ཚོད་འགའི་རྗེས་སུ། ༧གོང་ས་མཆོག་གིས་ཨི་ཊ་ལིའི་བྱང་ཕྱོགས་ཀྱི་རང་སྐྱོང་མངའ་སྡེ་གཉིས་ནང་ཆིབས་སྒྱུར་མཛད་འཕྲིན་སྐྱོང་བཞིན་དུ། ཨི་ཊ་ལིའི་ ANSA གསར་ཁང་ལ་གསུངས་དོན། ཨ་རིའི་གཞུང་གིས་བོད་ཀྱི་གནད་དོན་ཐོག་ཐུགས་སྣང་ཆེན་པོ་ཞིག་ཡོད་པ་རེད། ཡིན་ཡང་ཕོ་བྲང་དཀར་པོའི་ཕྱོགས་ནས་རྒྱ་ནག་ལ་བཤད་རྒྱུའི་ཐད་ནས་ཚད་བཀག་ཡོད་པ་དེ་ནི་ངོས་རང་གིས་བསམ་ཤེས་ཐུབ་གི་འདུག ངོས་རང་གིས་སྲིད་འཛིན་ཨོ་བྷ་མ་མཆོག་གི་བཀའ་མོལ་དེ་དག་ལ་རྗེས་སུ་ཡི་རངས་ཡོད་ཅེས་གསུངས་འདུག

སྲིད་འཛིན་ཨོ་བྷ་མ་མཆོག་གིས་པེ་ཅིན་ནས་ཨ་རིའི་གཞུང་གིས་བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་དང་། ཀྲུང་གོ་དང་ཏཱ་ལའི་བླ་མའི་སྐུ་ཚབ་བར་གྱི་འབྲེལ་མོལ་གྱི་རིམ་པ་དེ་བསྐྱར་གསོ་གནང་དགོས་སྐོར་བཤད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༢༢ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 22

  1. རྒྱང་རིང་ནས། says:
    ལོ་ 16 སྔོན།

    ཨོ་བྷ་མ་ཡིས་སྐད་ཆ་དེ་འདྲ་བཤད་ཡོད་ན་ཡང་ང་ཚོ་ཧ་ལས་དགོས་པ་ཡོད་མ་
    རེད་ཨོ་བྷ་མ་ཕར་བཞག་ལྷ་དང་ཚངས་པ་ཡིན་ཡང་ས་ཚོའི་ལོ་རྒྱས་བསུལ་ཐབས་ཡོད་མ་རེད། གང་ཡིན་ཀྲྱང་ང་ཚོས་རང་དབང་ཞིག་མ་ཐོབ་པ་དུ་འཐྦ་རྩོད་ཀྱི་རྒྱུ་བ་ནུབ་མི་ཉན།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    སྲིད་འཛིན་ཨོ་བྷ་མའི་བསམ་བློའི་ཤོད་ན་ཁོ་རང་སྲིད་འཛིན་ཀྱི་ཁྲི་ཐོག་ཏུ་བུད་པ་དང་ཨ་རིའི་དཔལ་འབྱོར་ཉམས་རྒུད་དུ་སོང་བ་གཉིས་ཁེལ་བས་མ་འོངས་པར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱུས་གཏང་དགོས་པ་གཙོ་བོ་བཟུང་ཡོད་པས། རྒྱ་ནག་དང་དཔལ་འབྱོར་མཉམ་ལས་བྱེད་དགོས་པ་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་ཆགས་ཡོད་རེད། ཨ་རིའི་སྲིད་འཛིན་དང་ཐེ་ཝན་སྲིད་འཛིན་གཉིས་སོ་སོའི་རྒྱལ་ཁབ་གཅིག་པོ་མ་གཏོགས་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་མཁན་མིན་པ་གསལ་བོ་རེད། ཨ་བྷ་མའི་་སྐད་ཆ་ཚིག་ཁ་ཤས་བོར་རིན་ཐང་ཏིལ་འབྲུ་ཙམ་མེད་ཀྱང་། ཆགས་སྡང་གི་བཙོན་དུ་ཡོད་པའི་བོད་པ་འགའ་རེ་སྙིང་རྗེ་བྱང་ཆུབ་སེམས་དཔའ་༸གོང་ས་མཆོག་གི་རྗེས་སུ་འབྲང་ནས་དགའ་ཐག་མགུ་ཐག་ཆོད་ཡོད་རེད།

    Reply
  3. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    སྔོན་ཆད་ང་རང་བོད་ནས་གསར་དུ་འབྱོར་ཞིང་གསར་འབྱོར་སློབ་གྲར་ཡུན་ཙམ་བསྡད་མྱོང་། སྐབས་དེར་ང་རང་གསར་འབྱོར་སློབ་གྲའི་ཉེ་འཁོར་གྱི་ཤིང་སྡོང་རིང་པོ་ཞིག་གི་འོག་ཏུ་བསམ་བློ་ཞིག་གཏོང་ནས་སྡོད་སྐབས་ཤིང་སྡོང་རྩེ་ནས་བྱིའུ་ཞིག་གིས་ངའི་མགོ་ལ་སྐྱག་པ་ཞིག་བཏང་མྱོང་། ངའི་བསམས་པར་རྒྱ་གར་གྱི་བྱ་དང་བྱིའུ་ཚོས་ཀྱང་མི་ཉམ་ཆུང་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱིན་འདུག་བསམས་མྱོང་། དེ་བཞིན་སྟོབས་ཆེན་རྒྱལ་ཁབ་ཚོས་བོད་དོན་དེ་བཞིན་རྒྱ་ནག་གིས་སྟོབས་འབྱོར་དང་དབང་ཤུགས་ཁོ་ནའི་གཞན་དབང་སྟབས་སྟུན་གྱིས་བོད་རིགས་ཉམ་ཆུང་ཚོ་ཁོང་ཚོའི་རྐང་རྩེད་སྤོ་ལོ་རང་རེད། ད་ནི་ང་ཚོ་ང་རང་ཚོར་སྙིང་རྗེ་བྱེད་རན་འདུག ང་ཚོ་ང་རང་ཚོར་བྱམས་པ་སྒོམ་རན་འདུག ང་ཚོ་ང་རང་ཚོ་འགུལ་རན་འདུག

    Reply
  4. ཁ་བ་སྐམ་པོ། says:
    ལོ་ 16 སྔོན།

    རྒྱ་ནག་གི་མངའ་ཁོང་བྱེད་མི་བྱེད་བོད་པ་རང་ལ་ཐུག་ཡོད་ཨོ་བྷན་མའི་བཤད
    ཆོག་པ་ཞིག་ཆེ་ཡིན་ཧམ་པ་ཚ་དྲག་འདུག་ཨ་བོད་པ་ཚང་ཡ་་་་་་་་་

    Reply
  5. དཔལ་འབརཔ་སངས། says:
    ལོ་ 16 སྔོན།

    བོད་རྒྱ་འབྲེལ་ལམ་བཟང་བར་སྨོན།

    Reply
  6. བསོད་ནམས་ཚེ་རིང་ says:
    ལོ་ 16 སྔོན།

    ༧་གོང་ས་མཆོག་གིས་ཡིད་རངས་ཡོད་ཞེས་པ་དེ་དཔལ་འབྱོར་གྱི་ཐད་ནས་
    རྒྱ་ནག་ལ་མི་རེ་ག་མེད་ཀྱི་དུས་འདིར་སྲིད་འཛིན་ཨོ་བྷ་མས་བོད་དོན་གླེང་པར་
    ང་ཚོ་བོད་མིས་ཐུགས་རྗེ་ཆེ་ཞུས་པ་དེ་ཡིན་ལ། དེང་གི་དུས་འདིར་དཔལ་འབྱོར་གྱི་
    སྐད་ཆ་མ་གཏོགས་ཉན་འདོད་མེད་པའི་རྒྱ་ནག་པོ་དེ་རྒུལ་ཐུབ་རྒྱུ་ནི་ཧ་ཅང་ལས་
    དཀའ་བོ་ཡིན་པ་གསལ་རྐྱང་ཡིན་པས་གྲུབ་འབྲས་ལ་ཐབས་བརྒྱ་ཇུས་སྟོང་བཀོད་རྒྱུ་དེ་
    གལ་ཆེན་རེད།

    Reply
  7. དགྲ་བཅོམ་པ། says:
    ལོ་ 16 སྔོན།

    ག་པ་འགྲོ་ན་འཇིག་སྣང་དང་སྡིག་ར་སྐུལ་མཁན་རྐྱང་རེད་ད་ཨ་རི་ལ་འགྲོ་ན་གང་དྲགས།

    Reply
  8. གངས་ཕྲུག་བློ་བཟང་ངག་དབང་ says:
    ལོ་ 16 སྔོན།

    ཨ་རོགས་ཚོ།་ཨ་རིའི་སྲིད་འཛིན་ལ་བོད་ཀྱི་ལས་དབང་ཐག་གཅོད་བྱེད་དབང་ཡོད་དམ།ཁོས་བོད་དེ་རྒྱ་ཁོངས་རེད་ཅེས་བརྗོད་པ་ཙམ་ལས་བོད་དེ་རྒྱ་ཁོངས་ཡིད་མི་སྲེིད།་བོད་ཀྱི་ལས་དབང་ལ་འགྱུར་བ་གཏོང་དགོས་ན།་བོད་མི་ནང་ཁུལ་རྡོག་རྩ་གཅིག་བསྒྲིལ་ངང་རང་རེའི་༸རླབས་ཆེན་གྱི་དབུ་ཁྲིད་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་ཐུབ་ན།་རང་གི་ཕ་ས་གང་མགྱོགས་རང་གི་འཛིན་ཐུབ་པའི་ཡིད་ཆེས་ཡོད།་་དེ་མིན་སྐུ་ངོ་མི་ཆེན་ནོར་བུ་གླིང་ཁ ལགས་དང་།་སྐུ་ངོ་ཟུར་པ་མི་ཆེན་ཡོན་ཏན་ལགས་ནང་བཞིན་གདོང་དང་གདོང་གཏུག་ནས་བཤད་མ་ནུས་པར་དངོས་སྦས་ཏེ་ཚིག་ངན་སྣ་ཚོགས་བེད་སྤྱད་དེ་མིའི་ལུང་པར་ཁྱིའི་སྒྱུ་མ་རྒྱངས་ཟེར་བའི་དཔེ་ལྟར།་ནང་ཁུལ་ཐུག་པ་བཀོལ་ནས་བསྡད་ན།་བོད་མི་མང་གི་སྐུ་ཚབ་ཇི་ལྟར་བྱེད་དམ།་་གུས་པས་ལག་གཉིས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་རྒྱུ་ནི།་གལ་སྲིད་ཁྱེད་གཉིས་ལ་བོད་སྤྱིའི་རྩ་དོན་ལ་སྨན་པའི་བཀའ་མོལ་མེད་ན།་རྒྱ་དམར་མཁོ་བའི་བཀའ་མོལ་དྲ་རྒྱའི་ཐོག་མ་འགོད་རོགས་གནང།་

    Reply
  9. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    བོད་དེ་རྒྱ་མིའི་ཆ་ཤས་རེད་ཟེར་བ་དེ་སྔོན་ནས་རེད་ཟེར་ཀྱི་ཡོད་དམ་
    ཡང་ན་ད་ལྟའི་དུས་སུ་རེད་ཟེར་ཀྱི་ཡོད་དམ།
    དེ་ནི་རྒྱལ་སྤྱིའི་མི་དམངས་རྣམས་མགོ་རྨོངས་བྱེད་ཀྱི་སྐད་ཆ་ཞིག་རེད་།
    ཁོ་པའི་སྐད་ཆ་དེ་རྒྱ་དམར་ལ་དགོས་རྒྱུ་བའི་སྐད་ཆ་ཞིག་མ་རེད་དམ་།
    ང་བོད་རང་བཙན་འཐབ་བརྩོད་པ་ཞིག་ཡིན་པའི་ཆ་ནས་ངོ་རྒོལ་ཡོད།

    Reply
  10. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    མཆན་བསུབ་པ་ལས་གནད་དོན་གསལ་བཤད་གནང་ན་མི་བཟང་ངམ།

    Reply
  11. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    གོང་གི་མཆན་དེ་དུས་བབ་ཚང་གིས་ལན་གཅིག་བསུབ་ཀྱང་སླར་རོ་ལང་རྒབ་ཡོད།

    Reply
  12. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    མིང་ལ་སློབ་དཔོན་ཅན་འདི་དོན་དམ་གྱི་སློབ་ཆུང་ལ་ཡང་འགྲིམ་མེད་པ་འདྲ། ཡ་མཚན་རེད་་་་འཇིག་རྟེན་ན་མི་འདི་འདྲ་བྱུང་བ་ང་ཚོའི་བསོད་ནམ་ཡིན་ཤས་ཆེ་ལ་ང་རང་ངོ་མ་ཡིད་འགུ་བ་ཞིག་ཀྱང་རེད། ཁྱོད་ཀྱི་མཆན་འདི་ཀློག་ཚེ་རང་ཉིད་ཀྱང་ངོ་ཚ་ནི་ཞིག་རེད། མགོ་མཇུག་མེད་པར་ཡིག་ནོར་དགུ་བརྩེགས་བྲིས་འདུག། འབྲི་མཁན་གྱི་གདོང་ལྤགས་འཐུག་རུང་ཀློག་པ་པོ་ངོ་ཚ་ནི་ཟིག་རེད། དེང་ཕྱིན་ཆད་ཁྱོད་ཀྱི་རང་མདོག་འདི་སྤྱི་ཚོགས་སྟེང་ལ་མི་སྟོན་རྒྱུར་རེ་སྐུལ་ཞུ། དགོངས་པ་མ་ཚོམ་་་་་ད་བདེ་མོ་བྱོས།

    Reply
  13. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    ཕྱོགས་གཅིག་ནས་ཐར་བ་ཐོབ་ཀྱི་འདུག། ཕྱོགས་གཅིག་ནས་ཐང་འདྲུད་ཀྱིན་འདུག།
    ཨ་རིའི་སྲིད་འཛིན་གྱི་ཚིག་དུམ་འདི་ལ་ཞིབ་འདང་རེ་རྒྱབ་ན་ང་ཚོ་བོད་ལ་ཁེ་ཕན་གང་ཡང་མི་འདུག་སྙམ། ཁོའི་སྐད་ཆ་དེ་ཡང་དབུ་མའི་ལམ་མིན་འགྲོ། ཕན་ཚུན་གཉིས་མོས་ཀྱི་སྒོ་ནས་བཏང་སྙོམས་སུ་བཞག་འདུག།
    འོན་ཀྱང་ཁོས་བོད་དོན་སྐོར་གླེང་བ་ཙམ་གྱི་ང་ཚོས་བཀའ་དྲིན་ཆེ་ཞུ་འོས་བ་རེད།

    Reply
  14. བཀྲ་ཤིས་དོན་འགྲུབ། says:
    ལོ་ 16 སྔོན།

    ཨོ་བྷ་མ་འཛམ་གླིང་གི་དབུ་ཁྲིད་ཡིན་པ་མི་ཤེས་ལ་ཞི་བདེའི་དེད་དཔོན་ཡིན་པ་དེ་བས་
    ཀྱང་ངོ། འོན་ཀྱང་རྒྱུ་ཆེན་གྱི་སྲིད་འཛིན་
    ཡིན་པར་རྩོད་པ་མེད། ཕྱི་མ་འདི་འཛམ་གླིང་གི་དབུ་ཁྲིད་ཡིན་པའི་རྒྱབ་ལྗོངས་ལགས་ན་བདེན་ལས་ཆེ།

    Reply
  15. ནད་པ says:
    ལོ་ 16 སྔོན།

    དབུས་ཕྲུག་ཚེ་རིང་ལགས། ད་རེས་སྲིད་འཛིན་ཨོ་བྷ་མའི་བཀའ་སློབ་དེ་༸ གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་། བོད་མི་དམངས་ཀྱི་གནས་བབ་བཅས་ཀྱི་ཐད་ལ་ཞིབ་དཔྱོད་ནན་མོ་ཞིག་བྱས་ན་ཕྱོགས་ཡོངས་ནས་ཁོང་གི་བཀའ་མོལ་དེ་གལ་ཆེའི་རང་བཞིན་ཞིག་ཆགས་ཡོད་སྟབས་དེས་ང་ཚོ་བོད་མི་རིགས་ཀྱི་གནད་དོན་དེར་ཕན་པའི་གཏམ་བཟང་ཞིག་ལོས་ཡིན།

    ༸གོང་ས་མཆོག་གིས་གསུང་དོན་ ”I very much apprecaite the words of Barack Obama on Tibet” ཞེས་མགོན་པོ་གང་ཉིད་ཀྱིས་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་གི་བཀའ་མོལ་དེར་ངས་རྗེས་སུ་ཡིད་རངས་ཆེན་པོ་ཞུ་བཞིན་ཡོད་ཅེས་བཀའ་ལན་གནང་ཡོད་པ་རེད།

    ང་ཚོས་ཀྱང་བསམ་གཞིགས་ནན་མོ་ཞིག་བྱེད་ཐུབ་པ་དགོས་རྒྱུ་དེ་གལ་ཆེན་པོ་རེད་སྙམ།

    Reply
  16. གཉན་མདང་ཕོ་ཉ། says:
    ལོ་ 16 སྔོན།

    རྟེན་འབྲེལ་གྱི་རང་བཞིན་ཡིན་དུས།
    གཅིག་ལ་གཅིག་ལྟོས་ཡིན་པས།
    རེ་བ་གཞན་ལ་རྒྱབ་ཀྱང་ཆོག་མོད།
    གཞན་ལ་རེ་བ་རྒྱབ་པའི་གཞི་རྟེན་ཞིག་རང་ལའང་ཡོད་དགོས་སྙམ།

    Reply
  17. ཨ་ལ་ལ says:
    ལོ་ 16 སྔོན།

    དབུས་ཕྲུག་ལགས། ཁྱེད་ཀྱིས་ཨོ་པ་མ་ལ་དབྱེ་ཞིབ་བྱས་པ་དེ་ཏག་ཏག་བསྡད་མ་སོང་། བོད་ཀྱི་གཏམ་དཔེ་ལ། གླིང་བུ་བཏང་ཡ་དང་རྩམ་པ་འགམ་ཡ་གཉིས་མཉམ་དུ་ཡོང་གི་མ་རེད་ལབ་ཡོད་པ་དེ་བཞིན་རེད། རྒྱ་མིའི་ངོ་གསོ་ཡ་དང་ཞི་བདེ་དེད་དཔོན་གྱི་མིང་དགོས་པ་གཉིས་གཞི་གཅིག་ལ་ཡོང་ཐབས་གཏན་ནས་མེད། ང་ཚོས་ཨ་པ་མ་གཙོས་ཕྱི་མི་སུ་གཅིག་ལའང་རེ་བ་རྒྱག་རྒྱུ་ཡོད་པ་མ་རེད་ད།

    Reply
  18. གཉན་མདང་ཕོ་ཉ། says:
    ལོ་ 16 སྔོན།

    ད་རེས་༧་གོང་ས་མཆཽག་གི་ཡིད་རངས་འདིས་ཅི་ཞིག་བསྟན་ཡོད་པ་རེད་དམ་
    གྲོགས་པོ་ཚོ།

    Reply
  19. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    ནད་པ་ལགས། དེ་ལྟར་མ་རེད་དྲན། ཨོ་བྷ་མར་ད་རེས་ལས་འགན་གཉིས་ཡོད། གཅིག་ཨ་རི་རྒྱལ་ཁབ་གི་སྲིད་འཛིན་གྱི་ཆ་ནས་རང་དོན་གཙོ་བོར་གཉེར་རྒྱུ་དང་། གཞན་དེ། ཁོ་པ་འཛམ་གླིང་ཞི་བདེ་དེད་དཔོན་ཏེ་འགྲོ་བ་མི་ཡོངས་ཀྱི་དབུ་ཁྲིད་ཅིག་གི་ངོ་བོ་ནས།
    བོད་དང་ཤིན་ཅང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་གླེང་དགོས་ཀྱང་།
    ལས་འགན་གཉིས་པ་འདི་ཁོ་པའི་རྡོག་འོག་ཏུ་ལྷུང་སོང་བས། ནོ་ཝེའི་གཟེངས་རྟགས་ཀྱི་རིན་ཐང་ཡང་མཚམས་འདི་ནས་ཉམས་པ་རེད།

    Reply
  20. ནད་པ says:
    ལོ་ 16 སྔོན།

    ཕྱོགས་གཅིག་ན་བཤད་ན་སྲིད་འཛིན་ཨོ་བྷ་མས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཨ་རིའི་གཞུང་ནས་ངོས་འཛིན་བྱེད་ཀྱིན་ཡོད་པའི་བསྒྲགས་གཏམ་སྤེལ་བ་དེ་ནི་ཆེས་མི་འོས་པའམ་མི་འཚམས་པའི་གཏམ་ཞིག་རེད།

    བོད་དེ་རྒྱ་མིའི་ཆ་ཤས་ཤིག་ཡིན་མིན་ཐད་ལ་བོད་མི་རིགས་ཀྱི་གནད་དོན་དེ་ནི་གཞིས་བྱེས་བོད་རིགས་ཡོངས་ཀྱི་ཐག་གཅོད་བྱེད་པར་འགན་དབང་ཆ་ཚང་ཡོད་པ་ཞིག་ལས་ཕྱི་རྒྱལ་གྱི་རྒྱལ་ཁབ་དང་སྲིད་དོན་གྱི་མི་སྣ་གང་ཞིག་གིས་ཐག་གཅོད་བྱེད་པའི་འགན་དབང་གཏན་ནས་མེད་པ་ཞིག་རེད།

    འོན་བཏང་ཁོང་གིས་བོད་མི་རིགས་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸ གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་ཀྱི་དབར་ལ་ཞི་བའི་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་གནང་བ་དེར་ང་ཚོས་སྙིང་དབུས་ནས་རྗེས་སུ་ཡིད་རངས་བྱེད་དགོས་པ་ཞིག་ཆགས་ཡོད།

    Reply
  21. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག།

    ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན།།
    བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་།།
    བཀའ་བཞིན་བསྒྲུབ་པའི་མཆོད་པའི་རབ་མཉེས་ནས།།
    ཀུན་བཟང་སྤྱོད་མཆོག་རྒྱ་མཚོ་མཐར་ཕྱིན་ཤོག།།

    Reply
  22. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    ཐུགས་བརྩེའི་བདག་ཉིད་གངས་ཅན་པའི་མགོན་དཔུང་དམ་པ། སྐྱེ་འགྲོ་ཀུན་དང་ལྷག་དོན་ཁ་བ་རི་པ་བ་རྣམས་ཀྱི་སླད། ཞབས་ཟུང་གང་ན་ཕྱོགས་ཀྱང་ཞི་བསིལ་དགྱེས་འཛུམ་གྱི་མེ་ཏོག་དང་། འཇམ་མཉེན་ཕྱག་ཟུང་གི་པད་འདབ་ལྷན་དུ་ཟུམ་སྟེ་དྲི་བསུང་གི་འོད་སྣང་རེ་འཕྱུར་དུས། ཅི་མི་དད།
    ཡང་ཨོ་བྷ་མ། སླར་ཡང་ང་རང་ནད་གཞི་དེའི་རྐྱེན་པས་སྐྱུགས་པ་སྐྱུག་གྲབས་བྱེད་ཀྱིན་འདུག
    དགོངས་མ་མ་འཚོམས། ལམ་འདི་ན་ས་གཙང་མ་ཞིག་མེད་དུས་ངའི་ངན་སྐྱུགས་དེ་ཡང་འཕོ་ས་ཞིག་མི་རྙེད་པས་ལོས་འཕངས།
    ཨོ་བྷ་མ། ཞི་བདེའི་དེད་དཔོན་གསར་པ། ཁོ་རང་གང་དུ་བུད་ཀྱང་གཤེགས་སུ་ཆུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese