མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གྲལ་མཐའ་བ་ཞིག་གི་འབོད་སྐུལ་ཡིན། གཉིས་པ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

རང་ཁ་གསེར་གྱི་སྒོ་མོ་ནས་རང་སྲོག་གཅོད་ཀྱི་སྟ་རེ་ཟེར་སྲོལ་སྲིད་པའི་གཏམ་དུ་ཡོད་པ་བཞིན། སྤྱི་མི་མིང་འཁུར་མཁན་བོད་མི་དམངས་ཀྱི་འཐུས་ཚབ་དུ་གཏོགས་པ་དེ་ཚོས་སྐད་ཆ་བཤད་ལུགས་འདིས་སེམས་པ་ལ་ན་ཟུག་རྒྱག་པ་དང་། ཨ་ཐང་ཆད་པ། རེ་བ་མེད་པ། རྒྱའི་སྲིད་གཞུང་གིས་འདོད་ཐོག་དུ་རྟ་རྒྱུག་རྒྱུར་རམ་འདེགས་བྱེད་མཁན་ཞེ་གཅིག་ལས། བོད་མི་མང་གི་འཐུས་ཚབ་མཚོན་ཐུབ་པའི་སྐད་ཆ་བཤད་ཤེས་པ་ནས་ལག་ལེན་དུ་འཁྱེར་ཐུབ་མཁན་གྱི་རྣམ་པ་ཞིག་མཐོང་མི་ཐུབ་པ་འདིས། བོད་རིགས་སེར་སྐྱ་མང་ཚོགས་རྒན་གཞོན་བོད་མི་རིགས་ཀྱི་བདེན་དོན་ལ་སེམས་འཁུར་ཡོད་མཁན་གང་ན་སུ་ཡོད་པ་དག་གིས་སེམས་ཁོང་དུ་ཆུ་འཁྱག་སྐྱོག་བཀང་དང་། རྒྱའི་སྲིད་གཞུང་གིས་འདོད་བློ་ཐེངས་ཤིག་སྐོང་སོང་ཞེས་བཤད་ཀྱང་། གཏན་ནས་ནོར་མེད་ཚོད་དུ་སྣང་བའི་གྲོས་ཚོགས་ཀྱི་ཟུར་འདི་མཐོང་དུས། བོད་ཟེར་བའི་མིང་ཚིག་འོག་ནས་སྐད་ཆ་བཤད་ཤེས་པ་ནས། བསམ་བློ་གཏོང་ཤེས། བསམ་བློ་གཏོང་ཤེས་པ་ནས་ཉན་ཤེས་པ། ཉན་ཤེས་པ་ལག་ལེན་དུ་འགེལ་མཁན་མེད་པ་འདི་ནི་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་གི་ཐུགས་རེ་ཆུད་ཟོས་དང་། བོད་ནང་གི་བོད་མི་ཁྲི་མ་འབུམ་གྱི་གཙོ་བའི་བོད་མི་མང་གི་ཆེད་དུ་ལུས་སྲོག་བཏང་ཟིན་པའི་དབའ་བོ་དབའ་མོ་དག་གི་རྣམ་ཤེས་ལ་ཡང་གུས་བརྩི་ཙམ་ཡང་བྱེད་མ་ཐུབ་པ་ཞིག་མཐོང་གི་འདུག་ན། རྗེས་ཕྱོགས་འདི་འདྲའི་བྱ་བ་ནོར་འཁྲུལ་ཅན་མི་འབྱུང་བའི་ཆེད་དུ། བོད་སྙིང་ཡོད་མཁན་གང་ན་སུ་བཞུགས་པ་དག་གིས་རང་གཅེས་རང་བདག་གིས་བོད་མི་རིགས་ཀྱི་ལས་དབང་ལ་འགན་ཞིག་ལེན་རྒྱུར་རེ་སྐུལ་སེམས་ཁོང་རུས་པའི་གཏིང་ནས་སླར་ཡང་ཐེངས་ཤིག་བྱེད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 8

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ལགས། དེ་རེད། ང་ཚོས་བོད་མི་གཅིག མི་རིགས་གཅིག སྐྱབས་བཅོལ་གཅིག སྐྱིད་སྡུག་གཅིག ཤི་ན་བོད་ཀྱི་རྣམ་ཤེས། གསོན་ན་བོད་ཀྱི་མི་ཞིག་གི་འདུ་ཤེས་ཀྱི་འོག་ནས་བསམ་བློའི་ཆིག་སྒྲིག་གོང་འཕེར་གཏོང་རྒྱུར་རང་རང་ས་ནས་གཅིག་ནས་བཅུ་དང་། བཅུ་ནས་བརྒྱ། བརྒྱ་ནས་སྟོང་། སྟོང་ནས་བོད་ཡོངས་སུ་རྫོགས་པའི་སེམས་ཁོང་དུ་ང་བོད་ཡིན། ངས་བོད་ཀྱི་ཆེད་དུ་རང་གི་གང་ཐུབ་པ་དེ་བྱེད་དགོས་ཀྱི་ཡོད་ཟེར་བའི་དམ་བཅའ་དང་ཆོད་སེམས་ངར་ཤུགས་དེ་རྒྱས་སུ་མཇུག་རྒྱུར་དབུགས་མ་ཆད་པར་དུ་ཤུ་རེ་བྱེད་ལགས། ལག་བརྡངས་སྤྲེལ་ནས་ཤོག

    Reply
  2. Baichung says:
    ལོ་ 16 སྔོན།

    དྲ་གྲོགས་བཟང་བོ་ངའི་ཡིད་ལ་འཇོག་གི་ཡིན། ནུས་པ་གང་ཡོད་ཀྱི་ཁྱེད་ལྟ་བའི་ཕྱོགས་ཞེན་གྱི་དྲི་མས་མ་གོས་པའི་ཟིན་བྲིས་པ་ཞིག་དང་རང་གི་རྒྱལ་ཁབ་ཀྱི་ཆེད་དུས་དང་ཀུན་དུ་བསམ་བློ་རྒྱ་ཆེན་པོ་གཏོང་ཤེས་མཁན་ཞིག་ལ་འབད་བརྩོན་ལྷོད་མེད་བྱེད་ངེས། ངའི་སྐྱོན་གཙོ་བོ་ཁ་རུ་ཁ་ཐུག་དང་ཁོག་རྒྱ་དོག་དྲག་པས། མི་ལ་གནོད་སྤྱད་ཅིག་མིན་བཤད་ཤེས་ཀྱི་མི་འདུག ཡིན་ན་གྲོགས་བཟང་བོ་ཁྱོད་ལྟ་བུ་ཡོད་པས་ངས་ཡར་རྒྱས་ལ་བདེན་དཔང་བྱེད་རོགས། ང་ལ་ཡོན་ཏན་གཅིག་རང་ཡོད་པ་དེ་གྲོགས་ལ་ཅི་བཤད་ཁ་བཤད་དོན་ལ་གནས་པ་དེ་ཡིན།

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    སྐར་ཁྲི་བཙན་ལགས། ཉིད་ཀྱིས་རང་གི་རིགས་ཀྱི་བུ་ང་ལ་སེམས་ཚོར་དང་ལྷག་བསམ་དྲི་མེད་ཀྱི་ངང་ནས་དུས་རྟག་དུ་ཡིད་ཆེས་གནང་གི་ཡོད་པ་དེར་བཀའ་དྲིན་ཆེ་ལགས། དེ་མཚུངས་ཀྱིས་ཉིད་ཀྱིས་རིགས་རུས་གཅིག་པའི་སྤུན་ཟླ་སུ་ཡིན་ལ་འདི་ལྟ་བུའི་ཡིད་ཆེས་ཤིག་ཡོང་རྒྱུར་འབད་བརྩོན་བྱེད་རྒྱུ་ནི་བདག་གི་རེ་བ་ཡིན་ལ། རེ་ཟུང་གི་ནོར་འཁྲུལ་ལ་བརྟེན་ནས་རང་ཉིད་ཀྱི་ཁོར་ཡུག་གི་སྤུན་ཟླ་དག་ལ་ཡང་བསམ་ཚུལ་ནོར་འཁྲུལ་ཅན་གྱི་རིགས་མི་སྤེལ་བའི་ཕྱོགས་སུ་ཤུགས་རྒྱག་རྒྱུར་བདག་གིས་ཤ་གསེང་རུས་པའི་གཏིང་ནས་འབོད་སྐུལ་ཞུ་རྒྱུ་ཡིན། འུ་ཅག་ནི་བདེ་སྐྱིད་ལྡན་པ་དང་རང་བཙན་ཡོད་པའི་རྒྱབ་ཁབ་ཞིག་གི་མངའ་འབུངས་སུ་སྐྱེ་བ་བླངས་མེད་པ་ཡིན་དུས། དེའི་ཐད་དུ་འུ་ཅག་ལ་རང་རང་གི་ཐད་ཀྱི་རང་གི་མི་ལ་ཤ་ཞེན་ཡོད་དགོས་པ་རེད་ལ། ཡོད་པ་དེ་ཡང་ཕྱོགས་ལྷུང་མེད་པ་ཞིག་བཟོ་བ་ནས་ཇེ་བརྟན་དུ་གཏོང་དགོས་པ་དང་། གལ་ལ་ཐུག་པ་དང་དགོས་མཁོ་བྱུང་ན། མི་རིགས་ཤིག་བདེ་སྡུག་སླར་གསོའི་ཆེད་དུ་རང་གི་ལུས་ངག་ཡིད་གསུམ་དང་བཅས་པ་གཏོང་རྒྱུར་གྲ་སྒྲིག་ཡང་དགོས་པ་ཡིན་དུས། ངས་ཉིད་རང་དུས་རྟག་དུ་རང་གི་མི་རིགས་ཀྱི་ལ་རྒྱའི་བཟི་བའི་ཞེན་རྩ་བོད་ལ་དཀར་བའི་རིགས་མཐུན་སྤུན་ཟླ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ་། ཡིད་ཆེས་བྱས་པ་དེ་ལྟར་དུ། དྲ་ཐོག་གི་བོད་ཡིག་འབྲི་མཁན་དང་བོད་དོན་གླེང་མཁན་སེར་སྐྱ་རྒན་གཞོན་སུ་ཡིན་ཡང་། བོད་དོན་ལ་སེམས་འཁུར་ཡོད་པ་ཤ་སྟག་དུ་ངོས་འཛིན་བྱེད་ཀྱི་ཡོད་ལགས། ཨ་མའི་བུ། ཤུ་རེ་བྱོས། ང་ཚོ་ཤི་རུང་མི་རིགས་ཀྱི་གནད་དོན་དེ་ལྟར་ཤི་མི་རུང་བ་ཡིན་ལགས།

    Reply
  4. Baichung says:
    ལོ་ 16 སྔོན།

    མ་གཞི་དྲ་གྲོགས་ལགས་ཁྱེད་གུས་པའི་དྲ་ཁང་འདིའི་ནང་གི་དམིགས་དཔེ་བྱ་་ས་ཡིན་པས། ཁྱེད་ཀྱི་གསུངས་ལ་རྒྱུ་མཚན་དང་གནས་ལུགས་འདུག ཡིན་ན་མཚམས་རེར་སྐུ་ངོ་འགའ་རེའི་སྟེང་དུ་སྙིང་ལངས་ཀི བོད་མི་ཉམ་ཆུང་ཚོ་རིག་ན་སེམས་པ་ན་ཡི།

    Reply
  5. sha tak ri sim says:
    ལོ་ 16 སྔོན།

    སྐར་ཁྲི་བཙན་ལགས། ཉིད་ཀྱིས་བསམ་ཚུལ་དེ་འདྲ་སྔོན་ཆད་ང་རང་བཙན་བྱོལ་དུ་སླེབས་ནས་ཡུན་རིང་མ་སོང་བའི་སྐབས་ཤིག་ལ་བདག་གིས་ཀྱང་དེ་འདྲ་དྲན་མྱོང་ཡོད། འོན་ཀྱང་། རྗེས་སུ་རང་ཉིད་ཀྱིས་བསམ་བློ་ཞིབ་དུ་གཏོང་སའི་གཞི་རྩ་ནི་༧གོང་ས་མཆོག་གིས་བོད་མི་རིགས་འདི་ཉིད་༧གོང་ས་སྐུ་ཕྲེང་རིམ་བྱོན་མ་བྱུང་གོང་ནས་བཟུང་དེ་གནས་ཡོད་པ་ཞིག་དང་། ལོ་རྒྱུས་ཡོད་པའི་མི་རིགས་རླབས་ཆེན་ཞིག་ཡིན་དུས། རྒྱ་གཞུང་གིས་༧གོང་ས་མཆོག་མེད་ཉིན་བོད་དོན་ཡང་རྫོགས་འགྲོ་ངེས་ཟེར་བ་དེ་ནི་བདེན་པ་གཏན་ནས་མིན་ཚུལ་བཀའ་སློབ་ཟབ་མོ་ཞིག་གནང་བ་དེ་ཉིན་ནས་བཟུང་དེ། བདག་གིས་ཀྱང་རང་ཉིད་ཀྱིས་བསམ་བློ་ལ་ནོར་འཁྲུལ་ཤོར་བ་དང་། དུས་རྒྱུན་དུ་༧གོང་ས་མཆོག་ལ་ཡིད་ཆེས་ཡོད་ཟེར་མཁན་གྱི་བོད་མི་ཞིག་གི་ངོས་ནས་༧གོང་ས་མཆོག་སྐུ་བཞུགས་མིན་ལ་མ་བལྟས་པར་རང་ཉིད་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་སེམས་ལ་བཅིངས་དེ་འབད་བརྩོན་བྱས་པ་ཡིན་ན། ༧གོང་ས་མཆོག་ལ་དད་གུས་དང་ཡིད་ཆེས་ཡོད་ཟེར་བ་དེ་ཡང་དོན་དངོས་ར་སྤྲོད་དུ་སྙམ་ནས་རང་གི་བསམ་ཚུལ་ལ་འགྱུར་བ་ཕྱིན་སོང་། ཉིན་དེ་ནས་བཟུང་། བདག་གིས་ཀྱང་སྐུ་ཉིད་ཀྱི་བསམ་ཚུལ་དང་འདྲ་བའི་བསམ་བྱ་དེའི་རིགས་ཀྱི་ནོར་འཁྲུལ་ལ་རང་ངོས་ནས་ངེས་ལེན་བྱས་དེ་རང་ཉིད་བོད་ཡིན་པ་མ་ཤི་བར་དུ་བརྗེད་མི་ཐུབ་པ་དང་། བརྗེ་བོ་རྒྱག་མི་ཐུབ། འགྱུར་བ་གཏོང་ཐབས་མེད་པ་བཅས་ལ་བསམ་བློ་བཏང་ནས། ཤི་རེག་བར་དུ་གང་དུ་བསྡད་ཀྱང་། ཆུ་ཐིགས་ཙམ་ཞིག་མ་གཏོགས་མ་བྱུང་རང་རང་ཉིད་བོད་ཡིན་ཟེར་བའི་མིང་དེའི་དོན་དུ་བོད་ཀྱི་བདེ་སྡུག་ལ་གང་ཐུབ་ཀྱིས་འགན་རེ་ལེན་རྒྱུར་དམ་བཅའ་བཞག་ཡོད་ལགས། སྐུ་ཉིད་ཀྱིས་ཀྱང་དུས་ཚོད་གང་ཡོད་ལ་༧གོང་ས་མཆོག་གི་བཀའ་སློབ་དེ་དག་ལ་ཞིབ་དུ་མཇལ་རྒྱུའི་རེ་བ་ཡོད། དེ་ནས་བསམ་བློ་ཞིབ་མོ་ཞིག་གཏོང་རོགས་ཞུ་ལགས།

    བསེ་རུ་ལགས། སྐུ་ཉིད་ཀྱིས་དུས་རྒྱུན་བདག་གི་བསམ་ཚུལ་ལ་རྒྱབ་སྐྱོར་དང་ཡིག་ནོར་ལ་དག་བཅོས་གནང་བ་བཅས་ཀྱི་བཀའ་དྲིན་བུ་ང་གང་དུ་ཡོད་མེད་ལ་བལྟས་པར་སེམས་ཁོང་རུས་པའི་གཏིང་ནས་དགའ་བཞིན་ཡོད། སྤྲོ་བཞིན་ཡོད། དུས་རྒྱུན་དུ་དུས་ཚོད་མེད་ཀྱང་། ཁོམ་པ་རེ་ཡོད་དུས་བསྐོར་ར་བྱེད་རྒྱུ་མ་བརྗེད་ཅིག་ལགས།

    གཅན་བཟོད་རྒྱམ་ལགས། སྐུ་ཉིད་ཀྱིས་གསུངས་པ་ལྟར་ད་རེབས་ཀྱི་འདི་ཁྱེད་རང་སྐྲག་དགོས་སའི་འཁྲབ་གཞུང་གི་ངོ་བོ་དང་འདྲ་བའི་གཏམ་བཤད་རིང་བོ་དེ་འདྲ་འབྲི་རྩིས་མེད་ལགས། ཁྱེད་རང་དགའ་ནི་ཞིག་འབྲི་ངེས་ཡིན། དེ་དུས་བསམ་ཚུལ་རེ་གསུངས་རོགས། ཨོ་རེད། དེ་ཡིན་ན་སྐུ་ཉིད་ཀྱིས་དགའ་ཕྱོགས་གང་རེད། ཕལ་ཆེར་་་་
    ད་ཚོད་དཔག་མི་བྱེད། མི་ཤེས་ཀི སྐུ་ཉིད་ཀྱིས་གསུང་དང་། ཨ་ལ་ཀུ་རེ་ཡིན། དུས་རྒྱུན་དུ་ཕེབས་མཁན་གྱི་སྤུན་ཟླ་ཁྱེད་ཅག་ལ་སེམས་ཁོང་རུས་པའི་གཏིང་ནས་ང་རང་དགའ་བཞིན་ཡོད།

    Reply
  6. chentsasopa says:
    ལོ་ 16 སྔོན།

    སྐྱབས་མགོན་མཁྱེན། ཡང་འདིས་མུ་འགོད་བྱེད་རྒྱུ་ཡིན་ས་རེད། ཝེ། ད་ཐེངས་ད་རིང་པོ་ལེའུ་ཞེ་གཉིས་ཞེ་གསུམ་ཅན་འདི་འབྲི་མི་དགོ་ཨ། ལེའུ་མང་ན་བརྗོད་གཞི་བརྗེ་བོ་རྒྱག་ནི་མ་རེད། དེ་ལས་བརྗོད་གཞི་བརྗེས་ཀིན་བརྗེས་ཀིན་བྲིས་ན་ཧྲ་གི་མོ

    Reply
  7. samkhar says:
    ལོ་ 16 སྔོན།

    སེམས་ཀྱི་ན་ཟུག་གིས་དྲངས་པའི་དྲང་བོའི་བསླུས་པའི་མདའ་མོ།
    སེམས་ཀྱི་ན་ཟུག་གིས་དྲངས་པའི་དྲང་པོས་བསླུས་པའི་མདའ་མོ།

    དྲ་གྲོགས་ལགས། དངོས་གནས་སེམས་ལ་ལྷད་མེད་པའི་སྐད་ཆ་འདི་ལྟར་ཐོན་དུས།
    ཁྱོད་ནི་ལྷད་མེད་པའི་བོད་མི་གཟུར་གནས་པ་ཞིག་ཡིན་པའང་ངེས་ཤེས་རྙེད་ཀྱིན་འདུག སེམས་ཁམས་ལ་སྤྱི་ཚོགས་རླུང་ཤུགས་ཀྱི་ནད་ཡམས་མི་ཕཽག་པར་སྨོན།
    ལས་བྲེལ་ཆེ་བས་དྲ་ཐོག་ཏུ་མྱུལ་ཁོམ་ཞེ་དྲགས་མི་འདུག དགོངས་འགལ་མེད་པ་ཞུ།

    Reply
  8. Baichung says:
    ལོ་ 16 སྔོན།

    དྲ་གྲོགས་བཟང་བོ་ལགས། ཁྱེད་ལྟ་བའི་ཕྱོགས་ཞེན་གྱི་དྲི་ངན་མི་ཐུལ་བ་བཙན་བྱོལ་སྤྱི་ཚོགས་ནང་ན་ཉིན་མོའི་སྐར་ལྟ་བུ་ཡིན་རེད། ང་ལ་མཚོན་ན་༸རྗེ་གོང་ས་མཆོག་སྐུ་མ་བཞུགས་ནས་ཉི་མ་དེ་ནས་བཙན་བྱོལ་བའི་སྐུ་ངོ་ཚོ་ལ་ཡིད་ཆེས་མེད་ད། ཁོ་ཚོ་ལ་མི་བསྟུན་པའི་དམ་བཅའ་བརྟན་པོ་ཡོད། འདི་ཚོའི་འོག་ལ་འདུག་པ་ལས་རྒྱ་མིར་མགོ་འདོགས་བྱས་ན་ཡག་གི་རེད། བོད་ཀྱི་དོན་དག་འགྲུབ་ན་མི་འགྲུབ་ན་༸གོང་ས་གཅིག་པོ་རེད། ཁོང་ཕེབས་ཚར་དུས་བོད་དོན་ཡལ་ཚར་རེད། སྐྱབས་བཅོལ་སྤྱི་ཚོགས་ནང་གི་ཁྱི་རྒན་ཚོས་བྱས་སྟངས་བྱ་སྟངས་ལ་ལྟོས་དང་། མགོན་པོ་བཞུགས་ཀྱི་རང་ལ་ཁོང་གི་འབངས་མི་རྣལ་མ་ཞིག་བྱེད་ཀྱི་ཡིན། ཕྱི་རྒྱལ་ལ་མི་འགྲོ་ལ། ཕ་ཡུལ་ལ་མི་འགྲོ། དམ་པ་ཁོང་་ཕེབས་སོང་ན་སྡར་མ་ང་ཁོང་གི་རྗེས་སུ་འགྲོ་ནུས་ཀྱི་མ་རེད། ཡིན་ན་ནང་རུལ་ཚོ་དང་མཉམ་དུ་མི་འདུག་ཁོ་ཐག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese