མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

བོད་ཀྱི་དུས་བབ།
༢༠༢༦/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པའི་སྟེང་། སྤྱི་འཐུས་སྒེར་གྱིས་བསྣམས་ཕེབས་པའི་ཡིག་ཆ་ཨང་ ༢༢ པ་སྟེ་བོད་རང་བཙན་འཐབ་རྩོད་རྒྱུན་འཁྱོངས་ཀྱི་གྲོས་ཆོད་དང་། ཡིག་ཆ་ཨང་ ༢༣ པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་རྣམས་ཀྱིས་བོད་སྐད་བཀོལ་སྤྱོད་གནང་རྒྱུ། དེ་བཞིན་ཡིག་ཆ་ཨང་ ༢༤ པ་ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཅས་ལས། ཡིག་ཆ་ ༢༣ པར་སྤྱི་མོས་གཏན་འབེབས་བྱུང་བ་དང་། ཡིག་ཆ་ཨང་ ༢༢ དང་ ༢༤ གཉིས་མར་ཟགས་སོང་།

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཡིག་ཆ་ ༢༣ པ་ཀློག་འདོན་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨

དེ་རིང་སྤྱི་འཐུས་སྒེར་གྱིས་བསྣམས་ཕེབས་པའི་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༢༣ པའི་ཁྲོད། ད་ཕན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཞབས་ཞུ་བར་གཏོགས་པ་ཚང་མས་གཞུང་འབྲེལ་ཕྱག་ལས་གནང་སྐབས་ཕ་སྐད་གཙང་མ་བཀོལ་སྤྱོད་གནང་རྒྱུའི་གྲོས་ཆོད་གཏན་འབེབས་གནང་ཡོད་ཅིང་། གནད་དོན་དེ་དང་འབྲེལ་ནས་བོད་མི་མང་སྤྱི་འཐུས་ལྷག་པ་ཚེ་རིང་མཆོག་གིས།  ཝ་ར་ན་སི་ལ་སྤྱི་འཐུས་རྣམས་ཕེབས་པའི་སྐབས་གྲོས་ཆོད་དེ་འདྲ་ཞིག་འཇོག་རོགས་གནང་། རྣམ་པ་ཚོ་ལ་སྐུ་དབང་ཡོད་རེད། དེ་དུས་ང་ཚོ་ནི་སེམས་བསམ་པའི་བར་སྣང་ལ་རྟ་རྒྱུགས་ཀྱང་། རྒྱུགས་མི་ཐུབ་སྤར་མོ་ལ་སོ་མི་འཐེབས། ཟེར་བ་དང་ལག་པ་རིང་ཡང་། ཕུ་ཐུང་ཐུང་ཟེར་བ་ལྟ་བུ་རེད། དེ་བས་རྣམ་པ་ཚོ་ལ་རེ་བ་བཅོལ་བ་བཞིན་གནང་འདུག ཡིན་ནའང་། དེ་རིང་གལ་ཆེན་ལ་དོན་ཆེན། དམ་པའི་ཆོས་ལ་བརྒྱ་ཚར་ཟེར་བ་ལྟར་མི་ཤོད་་ཐབས་མེད་ཅིག་དང་། འུ་ཐུག་ཐབས་ཟད་ཟེར་ནའང་མ་འགྲིག་པ་ཕལ་ཆེར་མེད། ཕྱོགས་གཅིག་ནས་(རྒྱ་ནག་གིས)བཞི་ཅུ་ཞེ་གྲངས་དང་ལྔ་བཅུ་གྲངས་ནས་བཟུང་འཆར་གཞི་དང་ལྡན་པའི་སྒོ་ནས་མི་རིགས་རྩ་མེད་བཟོ་རྒྱུའི་གཞི་བཏིངས་ཡོད་རེད། ཁོ་ཚོ་ལ་ལྟ་གྲུབ་ཡོད་རེད། མི་རིགས་ཤིག་རྩ་མེད་བཟོ་དགོས་ན་མི་རིགས་དེའི་སྐད་ཡིག་རྩ་མེད་བཟོ་དགོས་རེད་ཅེས་ཤོད་མཁན་དེ་ནི་ཆབ་སྲིད་དང་དཔལ་འབྱོར། སྐད་ཡིག་མཁས་པ་རེད། སྐད་བརྡ་རིག་པའི་འགྲོས་ལྟར་ན་སྐད་དང་ཡི་གེ་གཉིས་ལས་སྐད་གལ་ཆེ་བ་ཡོད་རེད། སྐད་མེད་པ་ཡིན་ན་ཡི་གེ་ལ་སྲོག་མེད་པ་རེད། དེ་ལ་ད་ལྟ་འདི་ལ་བཞུགས་མཁན་ཚོ་དང་ཕྱི་ལོགས་སུ་བཞུགས་མཁན། བོད་ཀྱི་འབྲོག་པ་དང་ཞིང་པའི་བུ་ཕྲུག་རྣལ་མ་དང་གཞན་དག་བསྡུར་ན། ཧ་གོ་ཡོང་གི་རེད། ཁ་ཤས་ཀྱིས་ཟླ་བ་དྲུག་ལ་སྦྱང་རྒྱུ་དེ་འགའ་ཤས་ཀྱིས་ལོ་བཅུ་གཉིས་ལ་སྦྱོང་མི་ཐུབ་པ་དེ་འདྲ་ཡོད་རེད། དེ་བས་སྐད་ནི་ཤིན་ཏུ་གལ་ཆེན་པོ་དང་དེ་རིང་ངས་སྐད་ཤོར་བའི་རྒྱུ་མཚན་ཡང་དེ་རེད།  བུ་ཕྲུག་སྐྱེས་མ་ཐག་ནས་རྒྱུགས་དགོས་ཟེར་བ་ཡང་མིན། དེ་ལ་སྔ་འཕྲོས་དང་། བོད་སྐད་བཤད་དགོས་རེད། བོད་སྐད་གཙང་མ་བཤད་དགོས་རེད་ཟེར་བ་དང་།སྔ་འཕྲོས་ཟེར་བ་དེ་ལ་སྙན་ངག་ནང་དུ་སྦྱར་རྒྱན་ཟེར་བ་རེད། ང་ཚོའི་ཕྱག་ལས་གནང་པའི་སྐབས་ལ། གཞུང་དོན་སྒྲུབ་པའི་སྐབས་ལ་གནང་རྒྱུ། དེ་ནས་རིམ་པའི་ག་ལེར་གོམས་ན་སྐད་གཙང་མ་བཤད་པའི་ནུས་པ་ཞིག་སླེབས་ཡོང་གི་རེད། དེ་ནས་ཕྱི་ནང་མེད་པར་ཆུ་ཚོད་ཉེར་བཞི་ཟེར་ནའང་འདྲ། དེ་འདྲ་ཡོང་ཐུབ་དུས་མང་ཚོགས་ལ་ལས་སླ་པོའི་སྒོ་ནས་བསླབ་ཐུབ་རེད། དེ་མ་གཏོགས་ང་ཚོ་བོད་ཀྱི་གཏམ་དཔེ་ལ་བྱད་གཟུགས་བཤད་པ་ལ་གདོང་གཟུགས་དགོས་ཀྱི་ཡོད། མི་ལ་མཆན་ཞིག་རྒྱག་པ་ལ་སོ་སོའི་གདོང་ལ་བཟོ་ལྟ་གང་འཚམས་ཤིག་དགོས་རེད། ཀེ་མ་ལབ་ཀེ། སྒྲ་མ་གྲགས་མ་གྲགས་བྱས་ནས་སྒྲ་གྲགས་པ་ནང་བཞིན་ནོ།། ཤ་མ་ཟ་བླ་མས་གསུང་གི་རེད། ཤ་ཞིམ་པོ་བླ་མས་ཟ་ནི་རེད་ཟེར་བ་ལྟ་བུའི་དོན་དག་མཚོན་བྱེད་ཀྱི་དཔེ་མང་པོ་ཡོད་རེད། ཐོག་མར་སོ་སོ་ལ་གང་འཚམས་ཚང་དགོས་པ་དང་། དེ་སྦྱོང་བརྡར་གྱི་ཚུལ་དུ་སྔ་འཕྲོས་ཞུ་དགོས་པའི་རྒྱུ་མཚན་གཅིག་དེ་རེད། སྔ་འཕྲོས་ཞུ་དགོས་པའི་རྒྱུ་མཚན་གཉིས་པ་ནི། ང་ཚོ་ཞབས་ཞུའི་ལས་རིགས་ལ་གཏོགས་པའི་ནང་ཁུལ་ཚགས་ཚུད་དུ་ཆགས་སོང་ན། གཞི་ནས་འབངས་མི་སེར་ལ་བསླབ་ཐུབ་པའི་རིམ་པར་སླེབས་ཡོང་གི་རེད་བསམ་གྱིན་འདུག ལྷག་དོན་དུ་དེ་རིང་མང་ཚོགས་ཀྱིས་ཐད་གཏོང་ལ་གཟིགས་ཀྱིན་ཡོད་རེད། གལ་ཆེན་པོ་བྱས་ནས་ཞུ་རྒྱུ་ལ་སྐད་ཡིག་དང་རིག་གཞུང་ཉམས་ཟེར་བའི་བརྒྱུད་རིམ་དང་ལོ་རྒྱུས་ཀྱི་ཕྱག་དཔེ་ལ་གཟིགས་པ་ཡིན་ན། མི་རབས་མི་རབས་ཟེར་གྱི་ཡོད་རེད་མ་གཏོགས་ལོ་ལྔ་དྲུག་དེ་འདྲ་ཟེར་གྱི་ཡོད་མ་རེད། ལོ་བཅུ་བཅོ་ལྔ་ཟེར་གྱི་ཡོད་མ་རེད། སྐད་དང་རིག་གཞུང་ཟེར་བ་ནི་མི་རབས་ནས་མི་རབས་རྩིས་སྤྲོད་བྱེད་རྒྱུའི་དངོས་པོ་ཞིག་རེད་མ་གཏོགས། གཅིག་ཤོར་སོང་ན་དངུལ་ཁང་ལ་བཅོལ་ནས་ལེན་རྒྱུ་ཡོད་པ་ལྟ་བུ་དང་། ཁྲོམ་ནས་ཉོ་རྒྱུ་ཡོད་པ་ཞིག་མ་རེད། རྒན་པ་འཚོ་བའི་སྐབས་ལ་གཞོན་པ་སྤྲོད་ཐུབ་པའམ། ཕ་མའི་བུ་ཕྲུག་ལ་སྤྲོད་ཐུབ་ན་ཐུབ་པ་རེད་མ་གཏོགས། ཕ་མ་གཉིས་ཀྱིས་སྤྲོད་མ་ཐུབ་ན། དེའི་བུ་ཕྲུག་དེ་ལ་ཀུན་སློང་ཡག་པོ་ཞིག་སླེབས་ཐུབ་ནའང་། དེའི་རྗེས་ཀྱི་མི་རབས་གསུམ་པ་དེ་ལ་སྤྲོད་དགོས་བསམ་ནའང་སྤྲོད་རྒྱུ་ཡོད་མ་རེད། དེ་དུས་སྔོན་གྱི་ཕ་མ་དྲིན་ཆེན་གྱི་ཚབ་ལ་ཕ་མ་དྲིན་ཆུང་དུ་བསམ་པའི་ཉེན་ཁ་མེད་པ་མ་རེད། ཅེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨

ཡང་བོད་མི་མང་སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་ལགས་ཀྱིས། ཡིག་ཆ་ཨང་ ༢༣ ལ་རྒྱབ་སྐྱོར་དང་། དེའི་ཀུན་སློང་དེ་ཡང་བོད་ཀྱི་སྐད་ཡིག་གནས་རྒྱུའི་ཆེད་དུ་འབད་བརྩོན་ཟེར་ནའང་འདྲ། རྣམ་འགྱུར་ཞིག་ཡིན་པས་ཆ་ནས་རྒྱབ་སྐྱོར་ཞུས་པ་ཞིག་དང་། གཉིས་ནས་བོད་མིའི་བོད་སྐད་བཤད་རྒྱུ་དང་བོད་ཡིག་བཀོལ་སྤྱོད་བྱེད་སྟངས་ལ་གྲོས་ཆོད་དུ་འཁུར་ཡོང་བ་དེ་ཕྱོགས་གཅིག་ནས་བལྟས་ན། ཐབས་སྐྱོ་བོ་དང་ཡ་མཚན་པོ་ཞིག་ཡོད་རེད། ཡིན་ནའང་། འཛམ་གླིང་གི་རང་བཙན་ཅན་གྱི་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་སྐད་ཡིག་བྱེ་བྲག་པ་གང་འདྲ་ཞིག་བེད་སྤྱོད་གཏོང་ཕྱོགས་ཐད། གཞུང་སྒྲིག་འཛུགས་ཀྱི་ངོས་ནས་འོས་འཚམས་ཀྱིས་གཏན་འབེབས་དང་ཁྲིམས་སྒྲིག་གཞི་བཟོས་ཡོད་རེད། དེ་བཞིན་འདས་པའི་གྲོས་ཚོགས་ར་བ་འདིར་གཞུང་འབྲེལ་གྱི་ཡིག་ཆ་དག་བོད་ཡིག་གི་ཐོག་ཏུ་གྲོས་ཆོད་ཕེབས་དགོས་པ་མཐོང་སོང་། དེའི་ནང་བྲིས་པ་བཞིན་གཞུང་འབྲེལ་གྱི་ཡིག་ཆ་མང་པོ་ཞིག་བོད་ཡིག་ཏུ་བྲིས་ཡོད་ལ། ལྷག་པར་དུ་གཞུང་ཞབས་བྱ་འདོད་ན་བོད་ཡིག་གང་འཚམས་ཤིག་ཤེས་དགོས་རེད་ཅེས་དང་། གཞུང་ཞབས་བྱ་རྒྱུར་གྲ་སྒྲིག་གིས་ས་རཱ་ལ་སོགས་པའི་མཐོ་སློབ་ཏུ་ལོ་གཅིག་ལྟ་བུར་བོད་ཡིག་སྦྱོང་མཁན་དང་། གཞོན་སྐྱེས་མཐོ་སློབ་ཐོན་མ་ཐག་ཧོན་སུར་སོགས་སུ་གཞུང་འབྲེལ་གྱིས་འགྲོ་སོང་བཏང་ནས་ཟབ་སྦྱོང་ལ་འཛུལ་ཞུགས་ཀྱི་ཀུན་སློང་ནི།བོད་མིའི་སྒྲིག་འཛུགས་སུ་ཞུགས་དགོས་ཡོད་ན། དབྱིན་སྐད་ཙམ་གྱིས་འགྲིག་གི་མེད་པ་དེ་ནི་སྔོན་མ་བཞག་པའི་གྲོས་ཆོད་ཀྱི་ཤུགས་རྐྱེན་ནམ་འབྲས་བུ་ཞིག་ཆགས་ཡོད་རེད། བོད་སྐད་བཤད་དགོས་པ་དང་། ལྷག་པར་དུ་མང་གཙོའི་ཀ་བ་གསུམ་གྱི་གཞུང་ཞབས་རྣམས་ཀྱིས་མི་མང་དང་གཞུང་གི་ལས་དོན་བྱེད་པའི་སྐབས་སུ། རང་གི་འགན་དང་བོད་སྐད་གཙང་མའི་སྒོ་ནས་འབྲེལ་མོལ་བྱེད་ཐུབ་པ་ཡིན་ན་བུ་རབས་རྗེས་མ་དང་། བོད་མའི་སྒྲིག་འཛུགས་ཀྱི་ཁོངས་གཏོགས་མིན་པ་དག་ལ་མིག་དཔེ་དང་། གཞུང་ཞབས་ལྷན་འཛོམས་སྐབས་དང་། ཁ་འཐོར་ལ་སྡོད་མཁན་སྐད་རིགས་གཞན་ངན་གོམས་སུ་སོང་བ་དག་གཞུང་ཞབས་འགྲམ་དུ་སླེབས་དུས་ཅུང་ཙམ་འཚབ་འཚུབ་ཆགས་པ་དང་། དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་མདུན་དུ་ཕ་མ་ཡིན་ཡང་འཚབ་འཚུབ་ཆགས་པའི་གནས་ཚུལ་མང་པོ་བྱུང་ཡོད་རེད། དཔེར་ན། དཔེ་སྟོན་སློབ་གྲྭའི་སློབ་མ་ཞིག་མེག་གྷན་གྱི་ཚོང་ཁང་དུ་འཁྲིད་སྐབས། སློབ་ཕྲུག་དེའི་ང་ལ་ཚོན་མདོག་ལི་ཝང་དགོས་ཟེར་དུས། ཨ་མ་དེའི་ཚོན་མདོག་ལི་ཝང་ཟེར་བ་ངོས་མ་ཟིན་པའི་གནས་ཚུལ་ཡོད་རེད། དཔེ་སྟོན་སློབ་གྲྭའི་འཛིན་གྲྭ་བཅུ་པ་ཐོན་པ་རེད་ཟེར་དུས་རང་བཞིན་གྱིས་བོད་ཡིག་ཤེས་པ་ཞིག་ལ་ཆ་འཇོག་བྱ་ངེས་རེད། དེ་དག་ནི་དངོས་ཤུགས་ཀྱི་ཐོག་ནས་ནུས་པ་ལྡན་པ་ཞིག་ཆགས་པ་རེད། བོད་སྐད་བཤད་དགོས་ཞེས་རྒྱ་ནག་གི་ཁྲིམས་སྒྲིག་དེ་ལ་ཆེད་དམིགས་ཀྱི་རྣམ་འགྱུར་ཞིག་དང་། གཞུང་ཞབས་པ་རྣམས་གཙོས་པའི་བོད་པ་ནང་ཁུལ་དུ་བོད་སྐད་བཤད་པ་ནི་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་། རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་རེད། བོད་པ་ཟེར་ན་སུ་རེད། དེའི་ངོ་བོ་སྟོན་བྱེད་ལ་བོད་སྐད་བཤད་དགོས་རེད། དེ་བས་ཡིག་ཆ་དེ་ལ་རྒྱབ་སྐྱོར་ཞུ་བའི་སྒོ་ནས་གཞུང་ཞབས་གཙོས་པའི་ང་ཚོ་བོད་རིགས་མགོ་ནག་རྩམ་གཟན་ཡོད་དོ་ཅོག་གིས་བོད་སྐད་བཤད་རྒྱུ་དེ་ལ་འབད་བརྩོན་བྱ་རྒྱུ་དང་། བོད་སྐད་ཐོག་ལ་འབྲེལ་མོལ་དང་དྲི་བ་འདྲི་རྒྱུ་ཁ་ཚ་དགོས་གཏུགས་དང་འཕྱི་མ་དྲགས་ན་སྔ་ནམ་ཡང་དྲགས་ཡོད་མ་རེད། ཅེས་གསུངས་སོང་། 

སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས། གྲོས་ཆོད་གྲོས་འཆར་དེའི་སྔོན་གླེང་དང་གྲོས་ཆོད་གཉིས་ཀ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། བཀུར་འོས་སྤྱི་འཐུས་ལོ་བཅུ་ཕྲག་གི་སྔོན་ནས་གདན་ས་གྲྭ་ཚང་ཁག་དང་གཞིས་ཆགས་ཁག་ཏུ་ཕ་སྐད་གཙང་མ་དང་འབྲེལ་བ་དང་། བོད་སྐད་ཡིག་དང་འབྲེལ་བའི་ཐོག་ལ་ལས་འགུལ་རྒྱ་ཆེན་སྤེལ་སྡོད་མཁན་ཞིག་རེད། སོ་སོ་སྒེར་ཡང་དེའི་ཐོག་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན། ཕ་སྐད་རྒྱུན་རིང་དུ་གནས་རྒྱུའི་ཆེད་ཀུན་སློང་གཙང་མའི་ཐོག་ནས་གྲོས་ཆོད་གྲོས་འཆར་འདོན་མཁན་གཉིས་ཀར་རྒྱབ་སྐྱོར་ཞུ་གི་ཡོད། བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་གཞུང་ཞབས་གཏོགས་པ་ཚང་མའི་གཞུང་འབྲེལ་ཕྱག་ལས་གནང་སྐབས། ཕ་སྐད་བཤད་རོགས་བྱོས་ཟེར་བ་མ་རེད། རྣམ་པ་ཚོ་ཚང་མའི་བཤད་བསྡད་ཡོད་རེད། ཕ་སྐད་གཙང་མ་བཤད་རོགས་གནང་ཟེར་དུས། ལྷན་ཁང་ཁག་གི་ལོ་ཆུང་ཚོས་སྐད་ཆ་བཤད་སྐབས། ཡོངས་གྲགས་སུ་ར་མ་ལུག་གི་སྐད་དང་། དེ་མིན་སྐད་ཆ་བསྲེས་ལྷད་བྱས་ནས་བཤད་སྡོད་དུས་བོད་སྐད་གཙང་མ་ཡོང་ཐུབ་པ་མི་འདུག དེ་འདྲ་ལ་མང་གཙོའི་ཀ་བ་གསུམ་ལས་སུ་ཡིན་རུང་རྣམ་པ་ཚོས་དགོངས་པ་བཞེས་དང་།གྲོས་ཚོགས་ནང་ཡིན་ནའང་། མང་པོ་ཞིག་གིས་བོད་སྐད་ཀྱི་ཐ་སྙད་ཡོད་བཞིན་དུ་དབྱིན་ཇིའི་ཚིག་ཉམས་བྱས་ནས་ཤོད་མཁན་ཡོད་རེད། དེ་ཚོ་ལ་ཚོད་འཛིན་བྱ་དགོས་རྒྱུའི་འབོད་སྐུལ་རླབས་ཆེན་དུ་མཐོང་གི་འདུག མང་གཙོའི་ཀ་བ་གསུམ་དུ་ཕྱག་ལས་གནང་མཁན་མི་ལྔ་བརྒྱ་དྲུག་བརྒྱ་ལྷག་ཡོད་རེད། དེ་དག་ལྷན་ཁང་ཆ་ཚང་ལ་ཁྱབ་ཡོད་དུས། དེ་ཚོ་ཕ་སྐད་གཙང་མའི་ཐོག་ནས་འགྲོ་ཐུབ་པ་ཡིན་ན། གཞན་གྱིས་ཕ་སྐད་གཙང་མའི་སྒོ་ནས་བཤད་ཡོང་གི་རེད། ད་ལྟའི་དུས་སུ་ང་ཚོ་ལ་ཕ་སྐད་གཙང་མ་མེད་པའི་དཀའ་ངལ་ཞིག་འདུག་པས། དེ་ལ་འབོད་སྐུལ་དང་ཧ་ཅང་གལ་ཆེན་པོ་ལ་བརྩི་བཞིན་ཡོད། བོད་ནང་དུ་རྒྱ་ནག་གིས་ང་ཚོའི་ཕ་སྐད་མ་ཡིག་ལ་བཀག་སྡོམ་བྱེད་སྟངས་དང། ལྷག་པར་དུ་ཉེ་ཆར་རྒྱ་ནག་གཞུང་གི་ཁྲིམས་འཆར་གང་ལ་བལྟས་ཀྱང་། བོད་ནང་དུ་ཕ་སྐད་གཙང་མ་ལ་མངོན་འདོད་དང་སྦྱོང་འདོད་ཡོད་མཁན་ཚང་མ་ལ་རྒྱ་ནག་གཞུང་གིས་གོ་སྐབས་སྤྲད་རྒྱུ་རེད་དམ་མ་རེད། དམ་དྲག་ག་འདྲ་བྱེད་ཀྱིན་འདུག དེ་ཚོ་གང་ལ་བལྟས་ཀྱང་བཙན་བྱོལ་ནང་དུ་དྲན་སྐུལ་བྱེད་པའི་གོ་སྐབས་འོས་ཤིང་འཚམ་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེའི་ཐོག་ལ་ཉེ་ཆར་ནང་སྲིད་ཁྱབ་ཁོངས་ས་གནས་མགོ་འཛིན་ཁག་གི་ཚོགས་འདུ་ལ་མཉན་རྒྱུ་བྱུང་སོང་། སྐད་ཡིག་བཀོལ་སྤྱོད་བྱེད་སྟངས་སྐོར་ལ་གྲོས་ཆོད་བཞག་སོང་། གྲོས་ཆོད་དེ་ཐོག་མ་བྱེད་མཁན་དྷ་ས་ས་གནས་མགོ་འཛིན་རེད། དེ་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་བ་ཡིན། ང་ཚོ་བཙན་བྱོལ་ལ་གྲོས་ཆོད་མང་པོ་ཞིག་བཞག་ནས་ཡིག་ཐོག་ལ་བཀོད་དེ་བཞག་ཡོད་རེད། དྷ་ས་ས་གནས་མགོ་འཛིན་གྱིས་ཉིན་གཉིས་ཀྱི་རྗེས་སུ་ཆེད་དུ་ཁྱབ་བསྒྲགས་ཀྱིས་ས་གནས་འགོ་འཛིན་ལ་སྙན་ཞུ་ག་འདྲ་ཡོང་བ་ཡིན་ནའང་། ཕ་ཡིག་དང་ཕ་སྐད་རང་གི་ཐོག་ནས་འབྲི་དགོས་ཡོད་ཅེས་པའི་བཀོད་ཁྱབ་བཏང་སོང་། དེ་ཚོའི་གྲངས་ལ་ལེགས་པར་མཐོང་བའི་སྒོ་ནས་ཡི་རངས་བྱ་རྒྱུ་དང་། དྷ་ས་ས་གནས་མགོ་འཛིན་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་ཡང་གསལ་བསྒྲགས་བཏང་བ་ཙམ་མིན་པར་མ་འོངས་པར་མུ་མཐུད་ནས་རྒྱུན་སྐྱོང་གནང་རོགས་གནང་ཞེས་ཞུ་བ་ཡིན། ཞེས་གསུངས་སོང་། 

གསར་འགོད་པ། རྟ་མགྲིན་མཚོ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས། 

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་།

༢༠༢༦/༠༩/༡༦
དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་བླང་དོར་བཀའ་སློབ་བསྩལ། པར་བོད་ཀྱི་དུས་བབ། ༢༠༢༣།༡༠།༢༦
Mobile App

དབུ་དགེ་དམ་པའི་དམིགས་ཡུལ་ནང་བཞིན་སློབ་གཉེར་བ་རྣམས་ཀྱིས་སློབ་སྦྱོང་བྱས་པའི་དོན་དག་འགྲུབ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས།

༢༠༢༣/༡༠/༢༦
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

༢༠༢༣/༠༩/༢༧
Deputy Speaker Dolma Tsering Teykhang Attends IPAC Prague Summit 2023
Mobile App

སྤྱི་འཐུས་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ལྷན་ཚོགས་སུ་བོད་དོན་གསུང་བཤད་གནང་།  

༢༠༢༣/༠༩/༠༨
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་ཁེ་ན་ཌའི་
Mobile App

ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་གསར་པར་འཚམས་འདྲི་ཞུས།

༢༠༢༣/༠༧/༢༩
Tibetan delegation with MEP Tomáš Zdechovský from Czech Republic.
Mobile App

ཡུ་རོབ་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག

༢༠༢༣/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese