མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་དང་ཐའེ་ཝན། ཡུ་གུར་བ་སོགས་ཚོགས་སྡེ་དང་མི་སྒེར་གྱི་གནས་ཚུལ་ལ་ཉུལ་ཞིབ་བྱས་ཏེ། མིས་བཟོས་རིག་ནུས་ལ་བརྟེན་ནས་རྒྱ་ནག་གི་དྲག་གནོན་གྱི་སྲིད་ཇུས་རྒྱ་བསྐྱེད་ཐབས་བྱེད་བཞིན་འདུག

Anthropic-threat-intelligence-report-september-2026

ཨ་རིར་རྟེན་གཞི་བྱས་པའི་ཨན་ཐི་རོ་པིག་ (Anthropic) ཅེས་པའི་མིས་བཟོས་རིག་ནུས་ཉམས་ཞིབ་ཁང་གིས། ཕྱི་ལོ་ ༢༠༢༥ ཟླ་ ༡༢ པ་ནས་ ༢༠༢༦ ཟླ་ ༩ བའི་བར་ད་ལྟ་དར་ཁྱབ་དང་སྤྱོད་སྒོ་ཆེ་བའི་མིས་བཟོས་རིག་ནུས་བཀོལ་སྤྱོད་བྱེད་ཕྱོགས་སྐོར་ལ་ཉམས་ཞིབ་བྱས་ཏེ། ཁ་བྱང་ལ་མིས་བཟོས་རིག་ནུས་ལོག་སྤྱོད་ལ་གདོང་ལེན་དང་ངོས་འཛིན་ཞེས་པའི་སྙན་ཐོ་ཞིག་བཏོན་པ་ལྟར་ན།  རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་དང་རྒྱ་ནག་བདེ་སྲུང་ལྷན་ཁང་། དེ་བཞིན་ཆོས་ལུགས་ལས་དོན་ལྷན་ཁང་བཅས་ཀྱིས་དམར་ཤོག་ཚོགས་པའི་ཆབ་སྲིད་ལངས་ཕྱོགས་དང་མཐུན་པའི་ཐོག་ནས་རིག་ནུས་ཀྱི་བྱེད་སྒོ་སྤྱད་དེ་བོད་མི་དང་ཡུ་གུར་བ། ཐའེ་ཝན། དེ་བཞིན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྡེ་ཁག་ལ་ལྟ་རྟོག་བྱེད་བཞིན་ཡོད་པ་ཟད། རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་ཡོད་འདུག

སྙན་ཐོ་དེའི་ནང་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་མིས་བཟོས་རིག་ནུས་ལ་བརྟེན་ནས་བོད་དང་ཐའེ་ཝན། ཡུ་གུར་སོགས་ཀྱི་གནད་དོན་ཐོག་རྒྱ་ནག་གི་ཆབ་སྲིད་ཀྱི་འགྲེལ་བརྗོད་རྒྱ་བསྐྱེད་ཐབས་བྱེད་བཞིན་ཡོད། དཔེར་ན་བོད་མིའི་སྒྲིག་འཛུགས་ནི་ཁྲིམས་འགལ་ཐོག་བཙུགས་པའི་ཁ་བྲལ་བའི་སྒྲིག་འཛུགས་ཤིག་ཡིན་ཟེར་བ་ལྟ་བུ་ཡོད་ཅིང་། རྒྱ་ནག་གི་དམིགས་འབེན་འོག་བོད་ཀྱི་གནད་དོན་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན། བོད་པའི་དགོན་སྡེ་ཁག་དང་བོད་དོན་ཞུ་གཏུག་གནང་མཁན་གྱི་ཚོགས་སྡེ་སོགས་ཚུད་ཡོད་འདུག

རྒྱ་ནག་གི་དྲ་དམག་སྡེ་ཁག་དེས། ཨ་རིའི་མིས་བཟོས་རིག་ནུས་ (Claude) ནང་རྒྱ་ནག་དམར་ཤོག་ཚོགས་པའི་ལངས་ཕྱོགས་དང་མཐུན་པའི་བྱེད་ནུས་རྐྱང་འཇུག་ཐབས་དང་རྒྱ་ནག་གཞུང་གི་ཁ་གཏད་དུ་གྱུར་བའི་གནས་ཚུལ་རིགས་བཀག་སྡོམ་བྱེད་པར་འབད་པ་བྱེད་བཞིན་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་དང་བོད་པའི་ཚོགས་སྡེ་ཁག དེ་བཞིན་བོད་མི་མི་སྒེར་སོགས་ཀྱི་གནས་ཚུལ་གསང་བའི་ལམ་ནས་བསྡུ་རུབ་ཀྱིས་རྒྱ་ཡིག་ཏུ་བསྒྱུར་ཏེ། རྒྱ་ནག་གི་གསང་བའི་སྒྲིག་འགོད་འོག་འཆར་གཞི་ལྡན་པའི་ཐོག་ནས་རྒྱ་ནག་གི་ཆབ་སྲིད་ཀྱི་འགྲེལ་བརྗོད་དང་མཐུན་པར་བཟོ་ཡི་ཡོད་འདུག

གནད་དོན་དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། བཙན་བྱོལ་བོད་གཞུང་དང་བོད་བརྒྱུད་ནང་བསྟན་གྱི་ཚོགས་སྡེ་ཁག དེ་བཞིན་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཞི་བའི་ལམ་ནས་བོད་མིའི་གཞི་རྩའི་ཐོབ་ཐང་ཞུ་གཏུག་གནང་བ་ཙམ་ལ་མིས་བཟོས་རིག་ནུས་བཀོལ་སྤྱོད་བགྱིས་ཏེ་དྲག་གནོན་བྱེད་པ་ནི་དེང་དུས་ཀྱི་འཕྲུལ་རིག་ལོག་སྤྱོད་བྱས་པ་ཙམ་མ་ཡིན་པར། དེ་ནི་རྣམ་པ་གསར་བའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཞིག་ཆགས་ཡོད་ཅེས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་མིས་བཟོས་རིག་ནུས་བཟོ་ལས་ཁང་ཁག་གིས། འཕྲུལ་རིག་གསར་བཏོད་ཀྱི་དམིགས་ཡུལ་ནི་འགྲོ་བ་མིའི་ཤེས་ཡོན་གོང་འཕེལ་གཏོང་ཆེད་ཡིན་པ་ལས། སྲིད་དབང་སྒེར་གཅོད་གཞུང་གི་སོ་ལྟ་དང་འཇིགས་སྐུལ་གྱི་བྱ་སྤྱོད་རྒྱ་བསྐྱེད་གཏོང་བ།  དེ་བཞིན་མི་རིགས་ཀྱི་ངོ་བོ་དང་ལོ་རྒྱུས་ནག་བསུབ་གཏོང་ཆེད་མིན་པ་ཁ་གསལ་བཟོ་དགོས་ཞེས་བརྗོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་མིས་བཟོས་རིག་ནུས་བཟོ་ལས་ཁང་རྣམས་ལ་འབོད་སྐུལ་དོན་ཚན་གཉིས་ཞུས་ཡོད་པའི་ནང་། དང་བོ། མིས་བཟོས་རིག་ནུས་བཟོ་ལས་ཁང་རྣམས་ཀྱིས་རིག་ནུས་ལ་བརྟེན་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་སྤེལ་མཁན་ཚོ་བཀག་སྡོམ་དང་གཏུགས་དགོས། ཆབ་སྲིད་དང་ཆོས་ལུགས། མི་རིགས་བཅས་ཀྱི་ངོ་བོ་གཏན་འཁེལ་བྱ་རྒྱུ་བཀག་སྡོམ་དགོས་པ། སྲིད་གཞུང་ཞིག་གི་ལྟ་རྟོག་འོག་བསམ་བློ་བསྒྱུར་བཅོས་བྱ་རྒྱུ་གཏན་འགོག་བྱེད་དགོས་པ། ཉེན་ཁ་ཡོད་པའི་ཚོགས་སྡེ་དང་མི་སྒེར་ལ་སྔོན་བརྡ་གཏོང་དགོས།

གཉིས་པ། ཨ་རི་ཚུད་པའི་རྒྱལ་སྤྱིའི་གཞུང་ཁག་གིས་རྒྱ་ནག་གི་མིས་བཟོས་རིག་ནུས་ལས་དོན་གྱི་དམིགས་འབེན་དུ་བཟུང་བའི་སྤྱི་ཚོགས་ལ་རྟོག་ཞིབ་དང་སྲུང་སྐྱོབ་བྱེད་དགོས།  ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་གི་མིས་བཟོས་རིག་ནུས་ཀྱི་ཉེན་ཁའི་དཔྱད་ཞིབ་ཁྲིམས་ཡིག་ (H.R. 6909) ཅེས་པ་ངོ་སྤྲོད་བྱས་ཡོད་ཅིང་། དེས་རྒྱ་ནག་གི་མིས་བཟོས་རིག་ནུས་ཀྱིས་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་སྐོར་ལ་གནས་ཚུལ་རྫུན་བཟོ་དང་། ཕྱིའི་ཤུགས་རྐྱེན་སོགས་ལ་ལྟ་རྟོག་བྱེད་བཞིན་པའི་གསང་བའི་གནས་ཚུལ་ལ་དབྱེ་ཞིབ་བྱས་པའི་སྙན་ཐོ་འདོན་དགོས་ཀྱི་ཡོད་པ་ལྟར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་ནག་གིས་མིས་བཟོས་རིག་ནུས་ལ་བརྟེན་ནས་བོད་མི་དང་ཡུ་གུར་བ། ཆོས་ལུགས་ཀྱི་སྡེ་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ལ་དམིགས་འབེན་འཛིན་བཞིན་པའི་གནས་ཚུལ་ལ་རྟོག་ཞིབ་བྱེད་དགོས་པ་དང་ཉེན་ཁ་ཡོད་པའི་མི་རྣམས་ལ་གནས་ཚུལ་མཉམ་སྤྱོད་བྱས་ཏེ་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

འཐབ་རྩོད་གཉིས།

ཆུ་ཚོད་ ༡༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

ཆུ་ཚོད་ ༡༦ སྔོན་ལ།
ཨ་མ་རྗེ་བཙུན་པདྨའི་གཟེངས་རྟགས་བཞེས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།

༢༠༢༦/༡༠/༠༧
TTTT
Mobile App

ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

༢༠༢༦/༡༠/༠༧
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཧྥ་རན་སིསི་ཧལ་ཛེན།

༢༠༢༦/༡༠/༠༧
Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

༢༠༢༦/༡༠/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese