རྒྱ་གཞུང་གིས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་དོ་དམ་པ་དཀོན་མཆོག་ཚེ་འཕེལ་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲག་བྱེད་མཁན་གྱི་ཉེས་མིང་བཀལ་ཏེ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
རྨ་ཆུའི་སྒྲོལ་དཀར་སྐྱབས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་དོན། བདུན་ཕྲག་སྔོན་མར་རྒྱ་གཞུང་གིས་འདི་ལོ་ཕྱི་ཟླ་ ༢ པའི་ཚེས་ ༢༦ ཉིན་ཀན་ལྷོ་རྨ་ཆུ་རྫོང་ནས་ཡིན་ཞིང་མཆོད་མེ་བོད་ཀྱིརྩོམ་རིག་དྲ་རྒྱའི་དོ་དམ་པ་དཀོན་མཆོག་ཚེ་འཕེལ་ལགས་ཀན་སུའུ་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གློ་བུར་འཛིན་བཟུང་བྱས་ཏེ་ལན་ཀྲུའུ་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་བཀག་སྐྱིལ་བྱས་ཡོད་པ་དང་། ཕྱི་ཟླ་ ༡༡ པའི་ཚེས་ ༡༠ ཉིན་རྒྱ་གཞུང་གིས་ཁོང་གི་ནང་མིར་བརྡ་བཏང་སྟེ་ཕྱི་ཚེས་ ༡༢ ཉིན་ཁོང་ལ་ཁྲིམས་གཅོད་ཀྱི་ཉིན་མོ་ཡིན་སྟབས་ཁྲིམས་རྭར་ཡོང་དགོས་ཚུལ་བརྗོད་ཡོད་འདུག་ལ། ཁྲིམས་རྭ་ནས་ཁོང་གི་ནང་མི་དང་ལས་གྲོགས་གཉིས་ལ་འཛིན་བཟུང་གི་དུས་དེར་གཞུང་བཞེས་བཏང་བའི་གློག་ཀླད་དང་པར་ཆས་ལས་གཞན་པའི་ཅ་དངོས་ཁག་ཅིག་རྩིས་སྤྲོད་བྱས་ཡོད་པ་རེེད། ཁྲིམས་གཅོད་ཀྱི་མགོ་མཇུག་བར་གསུམ་དུ་ཁོང་གི་ནང་མིར་ཐུག་འཕྲད་ཀྱི་གོ་སྐབས་གནང་མེད་ཀྱང་ཉིན་བཅུའི་རིང་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཆོག་ཚུལ་བརྗོད་ཡོད། དེ་ལྟར་ཡང། ཟླ་འདིའི་ཚེས་ ༡༢ ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས། ཁོང་ལ་ ༡༩༩༥ལོར་ཆབ་སྲིད་ཀྱི་དོགས་གཞིའི་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་གནད་དོན་དང་མཆོད་མེ་དྲ་རྒྱའི་ནང་རྒྱ་ནག་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་རྩོམ་ཡིག་དང་པར་རིས་འགྲེམས་བཀོད་བྱས་པ་སོགས། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱེད་མཁན་གྱི་ཉེས་མིང་འོག་ལོ་ ༡༥ ཁྲིམས་ཆད་དང་ལོ་ལྔའི་ཆབ་སྲིད་ཀྱི་དབང་ཆ་འཕྲོག་ཡོོད་འདུག ད་ལྟའི་ཆར་ཁོང་གི་ནང་མིས། གལ་སྲིད་རྒྱ་གཞུང་གིས་དོན་དངོས་ཐོག་ཁྲིམས་ཁང་ལ་ཞུ་གཏུགས་གྱི་གོ་སྐབས་སྤྲད་ཚེ་བསྐྱར་དུ་ཁྲིམས་གཏུག་བྱ་འཆར་ཡོད་འདུག
དེ་བཞིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་པར་པ་དང་ལོང་དཀར་དགོན་པའི་གྲྭ་ཀུན་དགའ་ཚངས་དབྱངས་ངམ་སྨྱུག་མིང་ལ་གངས་ཉིད་དུ་འབོད་པ་ཁོང་ཉིད་ཀྱང་རྒྱ་གཞུང་གིས། བོད་ཀྱི་སྐད་ཡིག་དྲ་རྒྱའི་ཟིན་བྲིས་སྟེང་བཀོད་པའི་རྩོམ་ཡིག་”ཁ་བྲལ་བ་ངོ་མ་དེ་སུ་རེད་དམ” ཅེས་པ་དང་ ‘རྒྱ་ནག་གིས་ངེས་པར་དུ་ཏཱ་ལའི་བླ་མར་དགོངས་དག་ཞུ་དགོས’’ ཅེས་པའི་རྩོམ་ཡིག་དང་པར་རིས་དག་ལས་གསང་བ་ཕྱིར་བསྒྲགས་ཀྱི་ཉེས་མིང་བཀལ་ཏེ་ཀན་ལྷོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
རྒྱལ་སྤྱིའི་སྟེང་ལ་མཚཽན་ན་འདི་ནི་བོད་ནང་སྨྲ་བརྗོད་རང་དབང་མེད་པའི་དན་རྟགས་ངེས་ཅན་ཞིག་རེད།
བདེན་པ་ལ་དགའ་ཞིང་
བོད་ཀྱི་ཟུངས་ཁྲག་སྙིང་ཁ་ནས་བཞཱུར་བ་དང་
སྨྱུག་གུ་ཞིག་ལ་ལག་པ་འཆང་མཁན་ཞིག་གི་ངོས་ནས་ནམ་ཡང་ཁོང་ལ་ཁོང་འདྲ་བ་དག་ལ་གདུང་སེམས་མཉམ་བསྐྱེད་ཡོད་ལ།
ནམ་ཡང་བདེན་རྒྱབ་ལངས་ངེས་ཡིན།
འདི་ཚོ་བཙན་བྱོལ་ནང་སྨྱུག་ཚཽགས་དང་གནད་ཡོད་གྱི་ཚཽགས་སྡེ་ཁག་གཙོས་པའི་ངའི་ཚཽས་རྒྱལ་སྤྱིའི་སྟེང་གླེང་ནས་ནམ་ཡང་ཁ་ཁུ་སིམ་པོ་དང་།
བདག་མེད་ཞིག་འཇོག་མི་རུང་།
ནམ་ཡང་
འདི་འདྲའི་ལས་ལ་བརྩོན་པས་བོད་ལ་སྙིང་ཁུངས་རིག་པ་སྟེང་ནས་རང་གི་བླ་སྲོག་ལ་ཡང་མི་འཛིན་པའི་མི་དེ་ལ་ཁྲིམས་ཆད་ཕོག་པ་དེ་བློ་ཕམ་ཆེན་པ་ལ་ ཨ་ གནམ་རྒན་མ་ ཁྱེད་ཀྱི་ཞབས་རྗེས་རློབས་པོ་གང་ན་འཆིས།།
གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །
སྐུ་ཞབས་རྨོག་རུ་བསྟན་པ་ལགས། ཐུགས་འཕྲལ་མ་གནང་ཅིག་བྱས་ན་ ཐུགས་ཁག་མི་འདུག། ཡིན་ན་ཡང་ང་ཚོར་གཞིས་ལུས་རྒྱ་ཆེ་མི་མང་གི་སྙིང་ སྟོབས་འདིས་གདེང་ཚོད་ཞིག་སྤྲད་ཀྱིས་མི་འདུག་གམ།
ལྡུམ་ར་འདི་ནང་ཕེབས་པའི་སྦྲང་བུ་རྐང་གཉིས་ཅན་རྣམས་ལ་གུས་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གིན་ཡིན་ལ་སླར་མི་མཐུད་དེ་རང་གི་མི་རིགས་ཀྱི་རིག་གནས་འདི་སྟེང་རང་ལ་ནུས་ཤུགས་གང་ཡོད་དང་སྔར་གུས་པས་ལྟ་ཀློག་མང་ཙམ་བྱས་པ་ཡིན་པས་གང་མཚམས་ཕན་པོ་བྱུང ཐུགས་རྗེ་ཆེ་ རྟག་ཏུ་ཕན་འབྲས་ལ་རི་སྒུག་བྱ་ན་ཡོད་
རེད་རེད། ང་ཡང་དྲ་གྲོགས་ཚོའི་སྟེང་དུ་སྤྲོ་ལང་མཁན་ཞིག་མིན་བསམས་ཡོད། དེའི་ནང་ནས་ཀྱང་ཤ་ཁྲག་ཁྱོད་ལ་སྤྲོ་ལང་གི་མ་རེད། ཁྱོད་ང་ལ་བསམ་ཤེས་བྱས་འདུག དངོས་གནས་བློ་དཀྱེལ་ཡངས་པོ་བྱེད་དགོས་པ་གལ་ཆེན་ནང་གི་དོན་དེ་རེད།
རྨོག་རུས་གསུང་བ་ཡང་བདེན་པ་རེད། བསྟན་པར་དགྲ་བྱུང་ན་འཁར་གསིལ་མདུང་ཡུ་བྱེད་དགོས་ཟེར་བ་ཡང་བཤད་སྟངས་ཤིག་རེད། གང་ལྟར་སྐྱ་སེར་གཉིས་ཀྱིས་འགན་འཁུར་དགོས་ནི་རེད། ལྷག་པར་ང་ཚོའི་བོད་དོན་འདོ་བོད་མི་རིགས་དང་རིག་གནས་(གཙོ་བོ་ནང་བསྟན་རིག་གནས)དང་བཅས་པའི་ཆགས་འཇིག་གི་མཚམས་ལ་སླེབས་བསྡད་པས་ན། སྐྱ་སེར་རྒན་གཞོན་ཚང་མས་ཤུ་རེ་བྱེད་དགོས་པ་རེད། བསམ་བློ་དཀྲུགས་དགོས་པ་རེད། འཕྱིས་མེད་ན་སྔ་བའི་ཚོད་མིན་པ་ཡང་ཚང་མས་ཤེས་མདོག་མདོག་གིས་བཤད་ཀིན་ཡོད་པ་རེད། ཁ་ནས་བཤད་རྗེས་རང་གིས་ཀྱང་བརྗེད་སོང་ལྟ་བུ་རེ་བྱས་བསྡད་ཡོད་པ་རེད། ད་དེའི་ཚོད་མ་རེད། འདི་རེ་ཞུ་ཙམ་ཡིན། འཇོན་མཁན་ཚོས་འཇོན་ཚོད་དང་མི་འཇོན་མཁན་ཚོས་ཀྱང་རང་ཚོད་ཀྱིས་ཅིག་བྱེད་རན་རེད་མི་འདུག་གམ།
ཅོ་རི་ཉི་མ་ལགས།་་་ཉེ་ཆར་ཁྱེད་ཀྱིས་བྲིས་བའི་རྩོམ་ཡིག་ཁ་ཤས་ཤིག་ཀློག་ཡིན་ལ།་་ཤ་ཀླན་འཇམ་དབྱངས་དང་ཁྱེད་ཚོའི་རིག་རྩོད་ཀྱི་གཡུལ་སར་ལྟད་མོ་མང་ཙམ་བལྟས་མྱོང་།་་ཁྱོད་ལ་སྙུག་གུའི་མཚོན་ཆ་རྣོན་པོ་ཞིག་འདུག་པས་དམག་སྤྱི་རྒན་པར་བསྐོས་ན་གང་འདྲ་འདུག་་་ཀུ་རེ་ཡིན།
གཞིས་ལུས་དཔའ་བོ་དཔའ་མོའི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་ཙམ་ལས་གང་ཡང་མི་འདུག་་
ཆོས་ཀྱི་ཉི་མ་ལགས། བོད་པ་ཚང་མ་གཅིག་ཡིན་པས། ཕན་ཚུན་ལ་བསམ་ཤེས་དང་ཀུ་ཡངས། ནོར་འཁྲུལ་ཡོད་ས་ནས་ཕན་ཚུན་ལ་གནས་ལུགས་ཡོད་པའི་སྒོ་ནས་ཁ་བརྡ་བྱེད་རྒྱུ་དེ་ནི་འུ་ཅག་གི་ལས་འགན་ཞིག་ཡིན་དུས། བདག་གིས་སྐད་ཆ་ནོར་འཁྲུལ་ཅན་དང་། མི་འོས་པ། བོད་པ་ནང་ཁུལ་ལ་མི་འཚམ་པའི་ཚིག་ངན་སོགས་དེ་འདྲ་ཤོར་མྱོང་མེད་ངེས་ཡིན་ཟེར་ནས་བཤད་དཀའ་ཡང་། དེ་འདྲ་ཡོད་ས་ནས་འཛུབ་མོ་རི་སྟོན་བྱེད་རྒྱུ་དེ་ནི་སྐུ་ཉིད་ལ་ཡང་འོས་བབས་ཡོད་པ་ཡིན་ལགས། འུ་ཅག་ཚང་མ་སྐྱིད་སྡུག་གཅིག་པའི་མི་རིགས་ཤིག་ཡིན་ལགས།
རྨོག་རུ་བསྟན་པས་བཤད་པ་ལ་གཞི་ན་ཤ་ཕྲག་གསུམ་ཁྱེད་མི་ཡག་པོ་ཞིག་ཡིན་པ་འདྲ།
རྨོག་རུ་ལགས་ཀྱིས་དམག་སྤྱི་བྱས་ནས་རྒྱ་མི་གཅིག་ཀྱང་བསད་མི་ཐུབ་པ་རང་སེམས་སྡོམ་པ་ཤོར་ན་དེ་ལས་ཡག་པོ་མེད་ཁུ་ཡཧཧཧཧཧཧཧཧཧཧཧ
མ་གཞི་ནས་དེ་རིང་ག་རེ་རེད་དྲ་གྲོགས་གཅིག་གིས་གཅིག་ལ་བསྟོད་ར་རེ་བཤད་ཤེས་པ་དེ་ཡ་མཚོན་རེད
ནམ་རྒྱུན་ང་རང་ཚོཧཧཧཧཧཧཧཧོ
རྨོག་བུ་ཁུ་བྱུག་སྔོན་མོ་ལགས། ཉིད་ཀྱིས་བདག་ལ་དེ་འདྲའི་གདེང་འཇོག་གནང་བ་དེ་ནི་དངོས་ནས་བཀའ་དྲིན་ཆེ་ལགས། རེད་དེ། འུ་ཅག་གིས་སེམས་ཁོང་གི་ན་ཟུག་ནི་གཅིག་པ་ཡིན་པ་ལས། ང་རང་ལ་དེ་བས་ཀྱང་ཁྱད་དུ་འཕགས་པ་ཞིག་ཡོད་པ་མ་རེད་ལགས། དེ་ཡིན་དུས་སྐུ་ཉིད་ལྟ་བུའི་བོད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་སྣ་མང་བྱེད་མྱོང་བའི་ཁྲོད་དུ་མྱི་ཁ་སྣ་ཚོགས་ལ་མ་འཛེམ་པར་མི་རིགས་ཤིག་གི་བདེན་དོན་ཆེད་དུ་དཀའ་སྤྱད་སྡུག་རུས་མི་ཉུང་བ་ཞིག་བྱེད་མྱོང་བ་དེ་དག་ནི། ཤེས་མཁན་མི་ཉུང་བ་ཞིག་ཡོད་པ་ནི་བཤད་མ་དགོས་པ་ཡིན་ལ། མི་ཤེས་མཁན་རེ་ཟུང་གིས་རང་གི་ཁ་ལ་བདག་པོ་མེད་པར་སྐད་ཆ་འདྲ་མིན་ཞིག་བཤད་བཞིན་པ་དེ་དག་ལ་གཏན་ནས་བདག་པོ་རྒྱག་རན་མེད་པ་སྐུ་ཉིད་ཀྱིས་ཀྱང་མཁྱེན་གསལ་ཡིན་པས་དེའི་ཐད་དུ་ངས་མང་བོ་ཞིག་མི་ཞུ་ལགས། དེ་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔས་དེ་ལ་མི་དགའ་བྱས་ཅི་ཕན་ཟེར་བ་དེ་ནི་བདག་གིས་ཀྱང་རྒྱུན་དུ་དྲན་བཞིན་ཡོད་ལགས། དེ་རིང་བསྐྱར་དུ་ཉིད་ཀྱིས་དྲན་སྐུལ་གནང་བ་དེར་ཐུགས་རྗེ་ཆེ་ལགས།
སྤུན་ཟླ་གཅན་བཟོད་རྒྱམ་ལགས། སྐད་ཆ་ཅུང་ཙམ་རེ་ཁོག་ལ་མི་ཤོང་རྒྱུ་ཅང་ཨེ་ཡོད་ན། མེད་ན་དེའི་ཚོད་ཀྱིས་ལས་དོན་སྒྲུབ་རྒྱུ་མང་ནི་རེད། དགོངས་པ་མ་ཚོམས་ཟེར་ནས་གསུངས་འདུག་ལགས། དངོས་ནས་ང་རང་གི་སེམས་ལ་གཏན་ནས་དེ་འདྲ་ཞིག་དྲན་མེད་ལགས། ལྷག་པར་དུ་བོད་རིགས་གཅིག་པ་ཞིག་གི་སྟེང་ལ་ང་རང་དུས་ནམ་ཡང་ཁོང་ཁྲོ་ཞིག་སྐྱེ་མི་སྲིད་ཟེར་ན་ཁྱེད་རང་རློམ་དཀའ་ཡང་། ང་རང་ནི་དུས་རྟག་དུ་བོད་ཟེར་བ་ནི་རང་གི་ཚེ་སྲོག་ལས་ཀྱང་གལ་ཆེན་དུ་འཛིན་མཁན་ཞིག་དང་། རང་ཉིད་ཀྱིས་འཇོན་མེད་ལ་མ་བལྟས་པར་དེའི་ཐད་དུ་དུས་ཚོད་གང་ཡོད་ལ་སེམས་འཁུར་ཡོད་མཁན་ཞིག་དང་། ཁོག་ནས་གང་ཤར་བ་ཁ་ནས་བཤད་དགོས་མཁན་ཞིག་ཡིན་པ་ལས། སྤུན་ཟླ་ཁྱེད་རང་ལྟ་བུ་ཞིག་ལ་གཏན་ནས་ཁོང་ཁྲོ་ཟེར་བ་ཞིག་སྐྱེ་མྱོང་མེད་པ་ཐུགས་འཇག་འཚལ། ལྷག་པར་དུ་སྐུ་ཉིད་དང་བསེ་རུ་གཉིས་ནི་བདག་གི་ཆེས་བཟང་བའི་ལྷག་བསམ་གཉིས་ལྡན་གྱི་སྤུན་ཟླ་བཟང་བོ་ཞིག་དུ་ངོས་འཛིན་བྱེད་མྱོང་ལ། ད་ལྟ་ཡང་དེའི་བསམ་ཚུལ་ལ་འགྱུར་བ་ཁབ་རྩེ་ཙམ་ཡང་སོང་མེད་པ་ཐུགས་འཇག་འཚལ། བོད་དོན་གླེང་དུས་སུ་སྐབས་རེར་སེམས་ཚོར་ཤུགས་ཆེ་དྲག་སྟབས། སྐད་ཆ་རེ་ཟུང་མི་འགྲིག་པ་དང་ནོར་འཁྲུལ་རེ་ཤོར་སྲིད་ན་དེ་ལུགས་ཕན་ཚུན་ལ་གསལ་བཤད་བྱེད་རྒྱུ་དང་ནོར་འཁྲུལ་ལ་ནོར་འཁྲུལ་དུ་ངོས་འཛིན་བྱས་དེ་བཟང་ཕྱོགས་ནས་ལམ་སྟོན་རེ་གནང་རྒྱུ་སྔར་ལྟར་མ་བརྗེད་ཅིག་ལགས། ངས་དེ་རིང་སྐུ་ཉིད་ལ་གཏན་ནས་བསྲེག་འདྲི་འདོད་ཀྱི་བསམ་བློ་ཞིག་ཤར་མེད་ལགས། དེ་དོན་ཡིད་ལ་བཟུང་དེ་སྔར་རྒྱུན་ལྟར་ཡིན་པ་དགོངས་དངས་ཡོང་བ་ཞུ།
ཤ་ཁྲག་རུས་གསུམ་ལགས།་་ང་ཁྱེད་རང་ལ་རྒྱུས་ཡོད་ཞིག་ཡིན་པའི་ཆ་ནས་ངོ་མ་ཁྱེད་ཀྱི་བཤད་པ་དང་སེམས་ཤུགས་གཉིས་དོ་མཉམ་པའི་ཡིད་ཆེས་ཡོད།་་ངོ་བསྟོད་མིན།་་་སྔོན་ཆད་ཁྱེད་རང་ལུང་ཁུག་ཅིག་ཏུ་རང་གི་འཚོ་ཐབས་འགྲིག་མིན་གྱི་གནས་བབ་འོག་ཡོད་ཀྱང་།་་ཁྱེད་ཀྱིས་མི་རིགས་དང་།་་རིག་གཞུང་།་རྒྱལ་ཁབ་དང་།་་བོད་དོན་གླེང་གིན་ཡོད་ལ།་་་རྒྱུན་གཏན་གྱིས་ང་ཚོར་སེམས་ཤུགས་དང་སྐུལ་མ་གནང་གིན་ཡོད།་་་སྐབས་དེ་དུས་ང་ཁྱེད་ལ་དེ་ཙམ་གྱིས་ཡིད་ཆེས་མེད་མོད།་་ད་བསམ་ན་ངོ་མ་ཡ་མཚན་ཞིག་རེད།་་་
ཁྱེད་ཀྱིས་ལག་པ་སྙོབ་དཀའ་སར་བསམ་བློ་གཏོང་བ་མང་དྲགས་པའི་ངོ་གདོང་སྐྱ་བོ་དེ་ངའི་སེམས་ངོར་ཝ་ལེར་འཆར་གྱིན་འདུག་པས།་་་གལ་ཏེ་བཅོས་སུ་མེད་ན་ནི།།དེ་ལ་མི་དགའ་བྱས་ཅི་ཕན་་་ལེགས་བཤད་ཟབ་མོ་འདིར་དགོངས་པ་བཞེས།
བཟོད་རྒྱམ་ལགས།
དགེ་སློང་དམག་དཔོན་བྱེད་པའི་དུས།།་མ་ཎི་གླུ་རུ་ལེན་པའི་དུས།།་་ད་ངོ་མ་དུས་སྙིགས་མར་སླེབས་འདུག་པས་རྒྱ་དམར་ཚང་ལ་ཞི་བ་ག་ཚོད་བྱས་ཀྱང་ཡ་ལན་མི་བྱེད་གི།་་བསྟན་པར་དགྲ་བྱུང་ན་མཁར་གཟེད་མདུང་བྱེད་དགོས་པའི་གདམ་ངག་ཞིག་ཡོད།་་་ད་ངོ་མ་ཨུ་ཐུག་གི་ཡ་་་
ཨ་རོ་བཟོད་རྒྱམ།་་་དམག་སྤྱི་རྒན་པ་སུ་བསྐོ་བཞག་བྱས་ཡོད་དམ།
དེ་རིང་ཤ་ཁྲག་རུས་གསུམ་འདིས་གསེག་གཏམ་འདྲ་ཞིག་བཤད་ཀིན་འདུག ཁྱོད་ཀྱིས་དྲ་གྲོགས་ལན་བརྒྱབས་ཡོད་པར་བསྐྱར་ལྟ་ཞིག་བྱོས་དང་། ཁྱོད་ཀྱིས་ཀྱང་རང་གི་སྲོག་འདི་བོད་མི་རིགས་ཆེད་དུ་གཏོང་ཕོད་ན། ད་ནི་གཏོང་རན་རེད་བསམ་ནས་བཤད་པ་དེ་ཡིན། སྲོག་གཏོང་མ་རན་ན་ན་ནིངས་བོད་མི་མང་པོ་ཞིག་བཞུར་ནས་བུད་ཐལ། ད་དུང་མུ་མཐུད་ནས་འགྲོ་བཞིན་འདུག ཁྱོད་ལ་སྐད་ཆ་དེ་འདྲ་ཞིག་བཤད་ཡིན། འདི་ལྟ་བུ་ཞིག་ངོས་ནས་བོད་མི་ཡོངས་ལ་སྡོམ་མ་རྒྱགས་རོགས། གྲུབ་འབྲས་མ་བྱུང་བ་རེད་ཟེར་ན། བྱུང་ཡོད་པ་རེད་ཟེར་གི་ཡིན། ཐོག་མར་སྐྱབས་བཅོལ་དུ་ཡོང་སྐབས་ཅི་འདྲ་ཡིན་ནམ། ཁྱོད་ལ་གསལ་ཆ་དང་ཆ་རྒྱུས་ཙམ་ཡོད་དམ། དེང་སྐབས་གང་འདྲ་རེད། ཕྱོགས་ཙམ་ནས་བཤད་རྒྱུ་ཡོད་དམ། སྤྱི་འཐུས་རེ་འགས་སྒྲུབ་བཞིན་པ་དེ་ཚོར་དེ་འདྲས་ཧ་ལས་དགོས་པ་ཞིག་མ་རེད། ད་དུང་ལོ་རྗེས་མ་ནས་གྲོས་ཚོགས་དེ་དེ་ལས་ཀྱང་འཁྲིག་ཆ་དོད་པོ་ཞིག་ཡོང་པ་སྲིད་པ་རེད། འགའ་ཤས་ཀྱིས་གྲོས་ཚོགས་དགོས་དང་མི་དགོས་སྐད་འདྲ་ཡང་བཤད་ཀིན་འདུག འདི་ཚོས་ཡང་སྙིང་ཅི་ཞིག་བསམས་ཀྱིན་ཡོད་པ་ཡིན་ནམ། གྲོས་ཚོགས་མེད་པའི་ནིན་དེར་ཅི་ཞིག་བྱེད་རྩིས་ཡོད་ན། གྲོས་ཚོགས་འཛམ་གླིང་གི་ཡང་ཏོན་ཅན་གྱི་རྒྱལ་ཁབ་ཚོའི་འགྲོ་སྟངས་ཤིག་མ་རེད་དམ། སྐད་ཆ་ཅུང་ཙམ་རེ་ཁོག་ལ་མི་ཤོང་རྒྱུ་ཅང་ཨེ་ཡོད་ན། མེད་ན་དེའི་ཚོད་ཀྱིས་ལས་དོན་སྒྲུབ་རྒྱུ་མང་ནི་རེད། དགོངས་པ་མ་ཚོམས། ཐུགས་དཀྱེལ་ཡངས་པོ་བྱོས་ཤེས་ཀྱང་སྐུལ་ལོ།།
འབྲོག་ཁྱི་ལགས། གོ་གནས་ཤིག་རེག་ན་དམག་སྤྱིའི་གོ་གནས་ཤིག་ཡིན་དགོས་དོན་མེད། དེ་ལས་གོ་གནས་ལ་ཞེན་ཆགས་མེད་པའི་བོད་འབུངས་ལ་ཤ་ཚ་ཡོད་མཁན་གྱི་རྒྱལ་གཅེས་དབའ་བོ་ཞིག་ཆགས་རྒྱུར་འབད་པ་བྱོས་ན་ཡག་པོ་ཡོད་པ་རེད་ལ། བོད་མི་མང་ལ་ཕན་པ་ཡང་དེ་ཡིན་ངེས། འུ་ཅག་ལ་གོ་གནས་ཡོད་མཁན་གྱི་མི་ནི་མང་མེད་ཀྱང་ཉུང་མེད་པ་ཡིན་ལགས།
ཨེ་་་་ཤ་ཁྲག་རུས་གསུམ་ལགས་་་་་་་་་ང་ཡང་དམག་སྤྱི་ཞིག་ཡོང་གི་འདུག་བས་་་་
གོ་གནས་ཤིག་རེག་ན་བསམ་དགུག་ནས་འདུག་ཡོད།
འབྲོག་ཁྱི་ལགས། གནམ་འོག་འདི་ན་དྲང་བདེན་གྱི་ཁ་གཡང་རླུང་དང་འགྲོག་ནས་ཡོད་ལ། དྲང་བདེན་གྱི་དར་ཆ་རླུང་ཁྲོད་དུ་ལྷབ་ལྷབ་དུ་བསྐྱོད་བཞིན་ཡོད་ཀྱང་། དྲང་བདེན་ལ་ལག་ལེན་དང་དངོས་སུ་སྒྲུབ་མཁན་གྱི་འཛམ་གླིང་གི་སྲིད་འཛིན་པ་དཀོན་ནས་དཀོན་དུ་འགྲོ་བཞིན་ཡོད་པ་དེ་ནི་དཔལ་འབྱོར་ཨང་དང་བོར་བཞག་པ་དེའི་ཉེར་ལེན་ལས་བྱུང་བ་རེད། ད་དུང་། མུ་མཐུད་དུ་ལམ་ཁ་འདི་ནས་བསྐྱོད་པ་ཡིན་ན། ང་ཚོ་བོད་མི་རིགས་ཀྱི་གནད་དོན་ཕར་ཞོག འགྲོ་བ་མིའི་བདེན་དོན་གྱི་གཞི་རྩ་འཕྱུགས་འགྲོ་ངེས་ཡིན།
ཨ་ཁ་ཁ་ཡང་དྲང་བདེན་མིན་པའི་ཁྲིམས་ཆད་་་་་་་་་་་་་་་་་་་་་
ཡིན་ན་ཡང་བོད་རིགས་མ་རྫོགས་ན་བདེན་པའི་འབོད་སྒྲ་རྫོགས་དཀའ་གི་མོ།
ཨོ་རེད། སྤུན་ཟླ་གཅན་བཟོད་རྒྱམ་ལགས། ཁྱེད་རང་གིས་ད་ལྟ་གསུངས་པ་ཐག་པའི་སྐད་ཆ་འདི་ལྟར་བོད་པ་ཚོས་ཁྱེད་རང་རྒྱུགས་དང་ངས་བལྟ་ཟེར་ནས་ད་བར་དུ་ལུས་སྟབས། གྲུུབ་འབྲས་ཤིག་མ་བྱུང་བ་ཡིན་དུས། དེ་རིང་ཡང་སྐུ་ཉིད་ཀྱིས་ཀྱང་དེ་ལྟར་གཅིག་མཚུངས་སུ་གསུངས་པ་དེ་ནི་ང་རང་ལ་དྲན་སྐུལ་ཞིག་ཀྱང་བཏང་སོང་ལགས།
ལགས་སོ་ལགས། འཐབ་རྩོད་བྱེད་ཕྱོགས་དེ་ཡང་། ངས་བསམ་ཚུལ་དང་མཐུན་མིན། ཡང་ན་དེ་ལ་ཕུགས་བརྟན་པོ་ཞིག་ཡོད་མེད། ཡང་ན། མར་མེ་ཁྲོམ་བསྐོར་ལྟ་བུ་ཞིག་ཡིན་ན་ནི། དགོས་པ་ཡོད་མེད་གཉིས་ལས་མེད་ཟེར་རྒྱུ་དཀའ་ཡང་། དེ་ཙམ་གྱིས་བོད་དོན་ལ་ཕན་ཐོག་མེད་པ་ཡིན་ལགས།
ཨོ་རེད། ད་ཡིན་ན་ཁྱོད་རང་འགྲོ་རྒྱུ་འཕྱིས་མི་འདུག བོད་དོན་འཐབ་རྩོད་གང་ན་བྱེད་ཀྱིན་པའི་གནས་དེར་ད་ལྟ་རང་དུ་རྒྱུགས་ཤིག་ཀྱེ།
རྣལ་འབྱོར་བ་ཞིག་དམག་ལ་འདྲེན་འདོད་ང་ལ་མེད་ལ། རང་གིས་ཀྱང་དམག་སྤྱོང་བྱེད་རྩིས་མེད། ང་རང་མི་སྡར་མ་ཞིག་མིན་ཡང་། སྲོག་གཅོད་ཀྱི་ལུས་སུ་ཞུགས་རྒྱུར་གཏན་ནས་དགའ་བོ་མེད། དེ་ལས་ནམ་ཞིག་དགོས་མཁོ་བྱུང་བ་ཡིན་ན། ང་རང་གི་སྲོག་འདི་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་འབུལ་དོན་དངོས་ནས་ཡོད།
གཅན་བཟོད་རྒྱམ་ལགས། ང་རང་ལ་མཚོན་ཆའི་ཞལ་འདེབས་དེ་འདྲ་རྒྱག་རྒྱུ་མེད་ལ། མཚོན་ཆ་བཟོ་མཁན་གྱི་རྒྱལ་ཁབ་དེ་ཚོའི་མིང་གོ་ན་ཚུགས་པ་ཟ་ནས་ཡོང་གི་འདུག
རྨོག་རུ་ཁྱོད་གྲྭ་དམག་གི་དམག་སྤྱི་གཞོན་པར་བསྐོས་ནི་ཡིན། དམག་སྦྱོར་བྱེད་དུ་གང་ལ་འགྲོ་དགོས་མིན་ང་ཚོས་བསམ་བློ་གཏོང་གིན་ཡོད། ཤ་ཁྲག་གིས་མཚོན་ཆ་ཅུང་ཙམ་གྱི་ཞལ་འདེབས་རེ་ཨེ་ཏང་གི་ལྟོས་ཤིག
གྲོགས་ཤ་ཁྲག་རུས་གསུམ་ལགས།
ཁྱོད་ཀྱི་གནས་ཡུལ་དེ་ནི་དཔའ་བོ་དང་དཔའ་མོའི་རྒྱལ་ཁབ་ཞིག་ཡིན་ཚོད་འདུག་པ་མ་ཟད།་་དྲག་པོའི་མཚོན་ཆ་གསར་བཟོ་སོགས་ཧ་ཅང་གཡུལ་འཁྲུག་གི་ལས་རིགས་ལ་དོ་སྣང་ཅན་ཞིག་ཡིན་ཚོད་འདུག་་་ཁྱོད་ཀྱིས་རང་གི་བུ་རབས་ཚ་རྒྱུད་ཚོར་དྲག་པོའི་དམག་སྦྱོང་ངེས་ཅན་ཞིག་སློབ་ཏུ་ཆུག་དང་།་་ད་བླ་རྒན་ངེད་ཚོས་ཀྱང་གཟན་ཤམ་ལྟེབ་རྩིས་རྒྱབ་ཏེ་ཀི་ཤར་འདེབས་རྒྱུར་གྲ་སྒྲིག་བྱེད།།
ངོ་མ་རྒྱ་རྒན་ཚོས་འདུག་གི་མི་འཇུག་གི
ང་ཚོས་དངོས་ནས་ཞིབ་དུ་བཏང་ནས་བསམ་བློ་གཏོང་ཐུབ་དགོས་པ་ཞིག་ནི། རྒྱ་ནག་སྲིད་གཞུང་གིས་དུས་ནམ་ཡང་བོད་དོན་འདི་ནི་རྒྱ་ནག་ནང་ཁུལ་གྱི་རྩ་དོན་ཞིག་ལ་གཏན་ནས་ངོས་འཛིན་བྱས་མེད་པ་དེ་ཡིན། དེ་ནི་ནང་ཁུལ་གྱི་དོན་དག་ཞིག་ཡིན་ན། ནང་ཁུལ་ལ་ནང་ཁུལ་གྱི་ཁྲིམས་ལུགས་ཤིག་ཡོད་པ་དང་ཁྲིམས་ལུགས་དེ་ལ་ཡང་ནང་ཁུལ་གྱི་མི་དམངས་ལ་ཡང་ཁྲིམས་རྩོད་བྱེད་པའི་དབང་ཚད་སོགས་ཡོད་པ་ནི་བཤད་མ་དགོས་པ་རེད། དེ་ནི་ནམ་ཡང་བོད་མི་ལ་ཡོད་མ་མྱོང་བ་ཞིག་ཡིན། དེ་ཡིན་དུས། རྒྱའི་སྲིད་གཞུང་གིས་བོད་མི་རྩ་མེད་དུ་གཏོང་རྒྱུ་དེ་ཁོ་ན་དམིགས་ཡུལ་དུ་བཟུང་དེ་བསྡད་ཡོད་པ་དེ་ཡིན། བོད་ཟེར་བའི་མིང་དེ་ཡང་དེང་སང་བོད་ནང་གི་དྲ་རྒྱུའི་ཁག་དུ་གླེང་བ་ཡིན་ན་ཁྲིམས་འགལ་དུ་བརྩི་རྒྱུར་ཐག་མི་རིང་བའི་དུས་ཚོད་ཛ་དྲག་ཞིག་སླེབས་ཡོད་དུས། ད་ནི་བཟོད་བསྲན་བྱེད་རྒྱུ་དེ་ཡང་མཚམས་ཤིག་ཡོད་པ་ངོས་ཟིན་ཐོབ་ན་རེད། དེ་མིན་བོད་དོན་ཆེད་དུ་སྐད་ཆ་བཤད་མཁན་དང་ཉན་མཁན་གཉིས་ལ་ནམ་ཞིག་འདྲ་མཉམ་གྱི་ཁྲིམས་ཐག་མི་གཅོད་པའི་ངེས་པ་མེད།
སུ་ཞིག་གིས་མི་རིགས་ཀྱི་གནད་དོན་དུ་ངོས་འཛིན་བྱ་གི་ཡོད་དམ། རྒྱ་ནག་གཞུང་གིས་དུས་ཡུན་རིང་པོའི་སྔོན་མི་རིགས་ཀྱི་གནད་དོན་ནི་གྲལ་རིམ་ལས་བྱུང་བར་ངོས་འཛིན་བྱས་ཡོད་ཅིང༌། གྲལ་རིམ་གྱི་གནད་དོན་ལས་མི་རིགས་ཀྱི་གནད་དོན་བྱུང་མེད་པ་ཞིབ་རྟོགས་བྱུང་རྗེས། རྒྱ་ནག་གཞུང་གིས་བོད་མིར་འཛིན་པའི་འཐབ་རྩོད་ནི་མི་རིགས་ཀྱི་གནད་དོན་ཞིག་མིན་པར་དགྲ་དང་ལངས་ཕྱོགས་བར་གྱི་འགལ་བར་ངོས་འཛིན་བྱ་བཞིན་ཡོད། དོན་དངོས་སུ་མཐོང་བ་ནི་མི་རིགས་དབྱེ་འབྱེད་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་པར་བརྟེན་ལོ་སྔོན་མའི་གཞི་རྒྱ་ཆེ་བའི་ཆོལ་གསུམ་གྱེན་ལངས་འབྱུང་གཞི་གཙོ་བོར་གྱུར་ཡོད་པ་དེས་འཐབ་རྩོད་ཀྱི་ངོ་བོ་མི་རིགས་ཀྱི་གནད་དོན་དུ་རྒྱ་གཞུང་རང་ཉིད་ནས་ཆེད་དུ་འཁྲིད་བཞིན་ཡོད། གནས་སྟངས་དེ་ཚོའི་ཕྱི་ནང་རྒྱ་རིགས་ཤེས་ཡོན་ཅན་པ་མང་པོས་རྩོམ་ཡིག་སྤེལ་ཡོད་ལ། རྒྱ་ནག་དབུས་གཞུང་ནས་ཡིག་ཆ་ཨང་ 33 ཞེས་པ་ཞིག་སྤེལ་ཏེ་བོད་ཀྱི་ས་ཁུལ་དུ་ཟླ་ 3 པའི་གྱེན་ལངས་རྗེས་སུ་ས་གནས་ཁག་ཅིག་ཏུ་མི་རིགས་དབྱེ་འབྱེད་ཀྱི་གནས་ཚུལ་ཐོན་ཡོད་པ་ཁས་ལེན་བྱས་ཡོད། ཡིན་ནའང་འགྱུར་བ་གཏོང་འདོད་རྩ་བ་ནས་མེད་པ་འདི་ནི་རྒྱ་གཞུང་དམར་ཤོག་ཧམ་ཤེད་ཅན་པའི་བྱེད་སྟངས་ངན་པ་འདི་ཡིན་པས་མི་རིགས་དབྱེ་འབྱེད་བྱེད་པའི་གནས་ཚུ་དེ་བས་ཁ་གསལ་དུ་འགྲོ་བཞིན་ཡོད། གོང་གི་རྩོམ་པ་པོ་གཉིས་པོ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གོང་འཕེལ་སླད་རང་ནུས་གང་འཇོན་གྱིས་བོད་ཀྱི་སྐད་ཡིག་བེད་སྤྱོད་ཀྱིས་རྩོམ་ཡིག་སྤེལ་བ་སོགས་ལས་དེ་ནི་རྒྱལ་ཁབ་ཕྱི་ལོག་ཏུ་འབྲེལ་བ་ཡོད་པའི་ཉེས་མིང་སོགས་བཙུགས་ཏེ་ཆབ་སྲིད་ཀྱི་གནད་དོན་དུ་གྱུར་ཏེ་ཁ་བདམས་ལག་བདམས་ཀྱིས་མུན་དོང་གི་བཙོན་རའི་ནང་བཅུག་པ་རེད།
ལྷག་པར་དུ་བོད་མི་ཚོར་ཕྱིར་ཐོན་ནས་༸གོང་ས་མཆོག་གི་མཇལ་ཁ་དང་གསུང་ཆོས་ཞུས་ཚེ་དེ་ནི་དེ་བས་ཀྱང་ཉེས་པ་ཚབས་ཆེན་བསགས་པར་ངོས་འཛིན་བྱ་གི་ཡོད། ཡིན་ནའང་རྒྱ་རིགས་རྩོམ་པ་པོ་ཞིག་གིས་རྒྱ་མིའི་ལག་འཁྱེར་ཐོག་ཏུ་བཙནབྱོལ་བོད་གཞུང་གི་བསྟི་གནས་སུ་ཆེད་དུ་དམིགས་ཏེ་ཡོང་ཕོད་པ་མ་ཟད། མཇལ་རྒྱུ་ཡོད་ཚད་མཇལ་བ་དང་། གསར་འགྱུར་ཁག་ནང་སྦིར་གྲགས་དེ་ལྟར་བྱུང་ཡང་ད་དུང་ལོག་མཁན་གྱིས་འཇིགས་ཞུམ་བྱ་གི་མེད་ལ། རྒྱ་ནག་གཞུང་ཕྱོས་ཕྱོགས་ནས་ཀྱང་དགའ་བསུའི་སྣེ་ལེན་བྱེད་པ་ལས་གཞན་གྱི་དཀའ་ངལ་མེད་པ་དེའི་ཐོག་ནས་ག་རེ་མངོན་གྱི་ཡོད་དམ། དེ་ནི་གཞན་གང་ཡང་མིན་པར་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་བྱེད་པའི་ཐབས་ལམ་དང་སྲིད་བྱུས་ལ་འགྱུར་བ་རྩ་བ་ནས་ཕྱིན་མེད་པར་བོད་མི་ཚོར་དབྱེ་འབྱེད་ཀྱི་བྱ་ཐབས་བཟུང་སྟེ་རྡུང་རྡེག་གཏོང་གི་ཡོད་པ་མངོན་ ཐུབ་པ་དེ་རེད། ཤེས་སོང་ངམ༌༌༌༌༌༌༌
རྒྱ་བཙོག་ཚང་གིས་ཡང་བོད་མི་ན་གཞོན་གཉིས་ཁྲུན་མུན་དུ་བཅུད་བཏང་ཐ་མོ། ད་དངོས་གནས་བ་རྒྱུ་མ་རེད་ཡ། ཆུ་ཐིགས་ཤིག་གིས་རྡོ་ལ་ཨུ་ཁུང་བརྟོལ་རགས་བར་དུ་བོད་མི་ཚོ་ཚར་རྒྱུ་ཡིན་ས་རེད།
མི་ལོ་བཅོ་ལྔ་ཟེར་ན་མི་ཚེའི་སུམ་ཆའི་གཉིས་དེར་འདུག་དགོས་ནི་རེད། འདི་ཚོ་མགྱོགས་མྱུར་གློད་གྲོལ་ཡོང་བར་ཐབས་ཤེས་ཅི་ཞིག་ཡོད་ནི་རེད།