མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་མ་ཤེས་བར་གྱི། {རང་ཉིད།}

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

སྤྲིན་པ་མེ་ལ་འཚིག་པའི་ཕྱིར་ཉིན་ནས།།
ཆུ་བོ་རླུང་གི་འཁུར་བའི་ཕྱི་དྲོ་ནས།།
ཉི་མ་ནུབ་ལ་བཞུད་པའི་ས་སྲོད་དེར།།
ཟླ་བའི་སྤྱན་ཆུབ་ཤོར་བའི་སྐར་ཚོགས་ཁྲོད།།

སེམས་དང་བསམ་པའི་ཀུ་ཞིག་འདེབས་འདོད་ཀྱང་།།
གོ་བ་ཚུར་ལ་ཕྱོགས་པའི་རྣ་བ་དབེན།།
གློག་འོད་སྐར་ཚོགས་ཆེམ་ཆེམ་འཕྲོ་བ་འདིས།།
སྲིད་པའི་ལྷིང་འཇག་དེང་རབས་རྫས་ཀྱིས་གཏོར།།

བརྩེ་བའི་སྙིང་ཁུ་ལྡུད་འདོད་མངར་ཁུའི་ཆང་།།
ལག་ཟུང་རྩེ་རུ་བཏེགས་ནས་འབུལ་འདོད་སའི།།
ཤོར་བའི་སེམས་ཀྱི་བདག་མོ་རྒྱང་རིང་དུ།།
གནས་བབ་གང་འདྲ་ཡིན་མིན་སྟོན་མཇུག་ལོ།།

དྲན་པའི་ཤིང་གི་རྩེ་ན་གྲགས་པ་ཡི།།
ཁུ་བྱུག་སྔོན་མོ་ཞིག་གི་འབོད་སྟངས་ཤིག།
གཟུགས་མེད་བྲང་ནས་འབུས་དེ་ཚུར་ཕྱོགས་དུས།།
ལུས་པོ་སྐྱུར་མོ་ཞིག་གིས་ནང་དུ་འཐེན།།

དགོས་ན་འདོད་པ་འདྲ་བའི་ཆགས་པ་ཞིག།
མི་དགོས་སྣ་མང་འདུ་པའི་བསམ་བྱ་ཡིས།།
བསྡོད་ན་གཟོད་དུ་མེད་པའི་སྣང་བ་དེར།།
བཙུར་ཡང་ཁ་ནས་མ་འབུད་དམར་པོ་མེ།།

སྐྱི་མོའི་འབག་རིས་འདི་ལ་འཐིམ་པ་ནས།།
གཙང་བཙོག་བཟང་ངན་མེད་པའི་ལྟོ་བ་རུ།།
བཙལ་ན་རྙེད་རྒྱུ་མེད་པའི་ཧམ་སེམས་ཀྱིས།།
མུན་ནག་ཁོལ་མོ་ཞིག་གི་བརྡ་ཞིག་བཏང་།།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 11

  1. sha tak ri sim says:
    ལོ་ 16 སྔོན།

    བདེན་པ་གསུམ་ལ་བསྔགས་པ་ཟེར་དུས་སྐུ་ཉིད་ཀྱང་། དཀོན་མཆོག་རིན་ཆེན་རྣམ་གསུམ་ལ་གོ་ཡི་ཡོད་པ་ཡིན་ན་ཅུང་ཙམ་ཆེ་དྲག་པ་འདྲ། དེ་མིན་བདེན་པ་དེ་གསུམ་གཞན་གསུམ་ལ་ཞིབ་མོ་བློ་ཡིས་འདང་ཞིག་རྒྱོབས་དང་། ད་དུང་། བདེན་པ་གསུམ་གཞན་ཞིག་གི་སྟེང་ནས་རྙེད་ངེས་ཡིན་ལགས།

    Reply
  2. chentsasopa says:
    ལོ་ 16 སྔོན།

    སྤྱང་གྲུང་ལྡན་པའི་རིགས་པས་དཔྱད་ལུགས་འདི།།ཟེར་དགོས་པ་རེད།
    བདེན་པ་གསུམ་ལ་བསྔགས་པ་འདི་རེ་སྤྲོ།།
    ཟེར་ན་མི་ཡག་གཱ

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    སྤྱང་དྲོང་ལྡན་པའི་རིགས་པའི་དབྱད་ལུགས་འདི།།

    Reply
  4. sha tak ri sim says:
    ལོ་ 16 སྔོན།

    སྐར་ཚོགས་ཁྲ་ལེར་ཁུ་སིམ་མཚན་མོ་འདིར།།
    ཁྲི་སྲོང་ལྡེ་བཙན་དྲན་པའི་གདུང་ཡས་ཤིག།
    བཙན་པོའི་བུ་རབས་ཡིད་སྙམ་བུ་ཆུང་གིས།།
    རྒྱུན་དུ་ཐག་རིང་ས་ནས་བཏང་བ་དགའ།།

    གཅན་གཟན་འཇིགས་པ་ཇི་འདྲ་རྒོད་ན་ཡང་།།
    བཟོད་བསྲན་སྙིང་རུས་ཅན་གྱི་སྤུན་ཟླ་ཉིད།།
    ཆོས་རྒྱམ་ཁྲི་འཕང་གོ་ས་མེད་ན་ཡང་།།
    དྲང་བདེན་ཁྲིམས་དཔོན་གཞོན་པའི་མཚན་ཞིག་ཡོད།།

    གནམ་མཁའི་ལྷ་ཡུལ་ཟེར་ན་མི་ཤེས་ཀྱང་།།
    འབོད་སྐུལ་ལྕགས་ཚན་དར་མའི་རང་གཤིས་དེ།།
    ནམ་ཡང་ལྷོད་དུ་མེད་པའི་ཤེས་རབ་ཅན།།
    བརྗེད་དུ་མེད་པའི་མུན་སེལ་སྒྲོན་མེ་ཞིག།

    བྲག་སྲིན་སྤྲེལ་རྒྱུན་གཅིག་པའི་སྤུན་ཟླ་ལགས།།
    འགོ་བོ་དཀྲུགས་ནས་བསམ་བློ་མ་བཏང་ན།།
    དཀོན་པ་མིན་ཡང་མཆོག་དུ་མ་ངེས་ཀྱང་།།
    དར་རྒྱས་ཡོད་མེད་མི་རེ་བསམ་ཚུལ་རེ།།

    ཁྲ་མོ་གླིང་དཀར་སྟོད་ནས་འཕུར་འོང་བའི།།
    གངས་རིའི་གླག་རྒོད་བོད་པའི་ཕོ་གསར་ཁྱེད།།
    སྤྱང་དྲོང་ལྡན་པའི་རིག་པའི་དབྱད་ལུགས།།
    བདེན་པ་གསུམ་ལ་བསྔགས་དང་འདྲ་བའི་སྤྲོ།།

    བསེ་རུ་ར་གཅིག་འཛམ་གླིང་སྤྱི་ནོར་ཡིན།།
    གངས་ཅན་བོད་ཀྱི་རིགས་གཅིག་རྐང་འཛིན་པ།།
    ལྷག་བསམ་ཟོལ་མེད་སྤུན་ཟླའི་ནང་ཁུལ་ལ།།
    སེམས་འཁུར་དང་ལེན་ཅན་ཁྱེད་དུས་ཀུན་བསྟོད།།

    Reply
  5. sherabt says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་བགྲོད་པའི་ཤུལ་ལམ་ལྟར།།
    མིག་ཟུང་ཁྲི་མ་འབུམ་གྱི་འདུན་ས་ན༎
    དབྱེན་དཀྲུག་ཕྱོགས་རིས་དབེན་པའི་བསེ་རུ་ལ།།
    ཀུན་གྱིས་བསྔགས་ཤིང་མིག་དཔེར་འགྱུར་བ་ངེས༎

    Reply
  6. samkhar says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་བགྲོད་པའི་ཤུལ་ལམ་ན།།
    ྱམིག་ཟུང་ཁྲི་མ་འབུམ་གྱིས་ཅེར་བཞིན་ཡོད།།
    དབྱེན་དཀྲུག་ཕྱོགས་རིས་དབེན་པའི་རྩོམ་རིགས་ལ།།
    ཀུན་གྱིས་བསྔགས་ཤིང་མིག་དཔེའི་ཡུལ་དུ་གྱུར།།

    འོན་ཏེ་ཟིན་བྲིས་རེ་རེའི་བར་གསེང་ནས།།
    ཡིག་ནོར་ཁྱར་ཁྱོར་ཐོན་པའི་ངང་ཚུལ་དེས།།
    དྲ་གྲོགས་དཔྱོད་ལྡན་རྣམ་པ་ངལ་བར་བྱས།།
    ད་དུང་གཟབ་དང་སྙིང་གི་དྲ་གྲོགས་ལགས།།

    Reply
  7. sherabt says:
    ལོ་ 16 སྔོན།

    སྤྲིན་པ་མེ་ལ་འཚིག་དང་རུལ་བ་དང༌༎
    ཆུ་བོ་རླུང་གིས་འཁུར་བའི་དཔེ་མེད་ཀྱང༌།།
    ཁྱེད་ཀྱི་མཆན་ནི་དྲ་རྒྱ་ཐམས་ཅད་ཀྱི༎
    ཟིན་བྲིས་ཚང་མའི་ནང་དུ་མེད་ས་མེད༎

    ཁྱེད་ཀྱིས་དུས་ཚོད་ཚང་མ་འདིར་བཏང་ནས༎
    ཉེ་དགའ་ཕྱོགས་རེས་མེད་པའི་གཏམ་བཤད་དེས༎
    བོད་རིགས་འདི་དང་བོད་ཀྱི་སྐད་ཡིག་ལ༎
    ལྷག་བསམ་སེམས་ཤུགས་ཡོད་པའི་ཚོར་སྣང་སྟེར༎

    Reply
  8. Dre Sha Zen says:
    ལོ་ 16 སྔོན།

    གབ་ཚིག་ཞིག་དང་འདྲ་བར་ཁག་པོ་འདུག

    Reply
  9. kkalsang says:
    ལོ་ 16 སྔོན།

    ཅི་ཡང་དགོས་ན་ཐབས་ཀྱིས་བཙལ་ནུས་པའི།།
    གཞི་བདག་རྐང་མགྱོགས་ཅན་ལ་གསོལ་བ་འདེབས།།
    དེ་རིང་གློ་བུར་འདི་ནས་མཇལ་བྱུང་བའི།།
    རྟོགས་ལྡན་རིན་པོ་ཆེར་ཡང་གསོལ་བ་འདེབས།།

    Reply
  10. chentsasopa says:
    ལོ་ 16 སྔོན།

    དེང་སང་འདི་ཚོས་དགེ་ཆོས་ཀྱི་མི་རྟགས་དྱན་མགུར་འདྲ་བ་རྐྱང་བྲིས་ན་ངས་ཅི་ཡང་མི་གོ་གི་ཡཱ། བྱ་འདི་ད་ཅི་བྱས་ན་བཟང་།

    Reply
  11. Baichung says:
    ལོ་ 16 སྔོན།

    ཅི་དགོས་ཡོད་པའི་འཇིག་རྟེན་འཁོར་བ་ན།།
    ཅི་འདོད་མི་འགྲུབ་སེམས་ནད་གསགས་ས་ན།།
    ཅི་ཡང་མི་རྟག་བསམ་བློ་གསར་བ་སྟེ།།
    ཅི་སྙམ་འདི་སྣང་མེད་པའི་ངེས་འབྱུང་ཞིག། ཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese