མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་མི་ཞིག་ལས་གང་ཡང་རེད་མི་འདུག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྙི་མོ་སེམས་ལ་ན་ཟུག་ལྕི་ན་ཡང་།།
གོར་མོ་རྡོ་ལ་སྐད་ཆ་བཤད་མི་འདོད།།
ཡིན་ཡང་སེམས་ཀྱི་ཆུ་ཐིགས་རེ་རེ་ཡིས།།
རྡོ་འཁྱག་གོར་མོ་ཨུ་ཁུངས་གཏད་པ་མཐོང་།།

རང་གཤིས་གསེར་དུ་འཁྲུལ་བའི་གཤིས་ཀ་མེད།།
རང་རྩིས་ནོར་དུ་རློམ་པའི་ལྟ་བ་མེད།།
རང་ཉིད་བདེན་དུ་འཁྲུལ་བའི་རྣམ་དཔྱོད་མེད།།
མེད་མུག་འདི་གསུམ་རྒྱུན་དུ་ང་ལ་ཡོད།།

གྲགས་ན་སྲིད་པ་འགུལ་པའི་མིང་བྱང་མེད།།
དར་ནས་གླིང་བཞི་བསྐོར་བའི་སྒོར་མོ་མེད།།
དབའ་ནས་གཞན་སྲོག་གཅོད་པའི་མཚོན་ཆ་མེད།།
མེད་མུག་འདི་ཡིས་ང་རང་དམ་དུ་བཏེགས།།

མཚན་རེ་འཁྲུགས་པ་སྤྱོད་པའི་མཇེ་ཤུགས་མེད།།
ཉིན་རེ་ཆོ་འཕྲུལ་སྟོན་པའི་གཡོ་སྒྱུ་མེད།།
ཡོད་ཚད་གཞན་ལ་རེ་བའི་འདུན་པ་མེད།།
མེད་མུག་ཡི་ག་ལོག་པའི་གཅེར་བུ་ཡིན།།

ཆུང་དུས་བརྣག་སེམས་ཆེ་བའི་ངན་སྤྱོད་མེད།།
གཞོན་དུས་ལོང་ཚོ་ཚོང་བའི་འདུན་པ་མེད།།
རྒས་དུས་གཞན་གྱི་གསོ་བར་རེ་སྒུག་མེད།།
མེད་མུག་འཁྲུལ་སྣང་འདི་ཡིས་སེམས་པ་བསླུས།།

སྟོད་ནས་ཇག་པ་བྱས་པའི་ལོ་རྒྱུས་མེད།།
བར་ནས་གཞན་རྒྱུ་རྐུས་པའི་ནག་ཉེས་མེད།།
སྨད་ནས་རང་རིགས་བསླུ་བའི་རེ་འདོད་མེད།།
མེད་མུག་བྱང་ལ་ཆུབ་པའི་མི་རིགས་མིན།།

ཁ་ནས་གང་ཐོན་སྨྲ་བའི་མཁས་འདོད་མེད།།
ཁོག་ནས་གང་ཤར་བྱེད་བསམ་ལག་ལེན་མེད།།
ལུས་འདི་ཚེ་གཡོག་བྱེད་པའི་ཆོ་ལོ་མེད།།
མེད་མུག་འདི་ཡི་མི་ཚེ་རིན་ཐང་བཙལ།།

གཞན་སྲོག་བཅད་དེ་སེམས་ཅན་ཟེར་མྱོང་མེད།།
རང་སྲོག་སྲུང་དེ་གཞན་སྲོག་གཅོད་རྩིས་མེད།།
རང་གཞན་མི་གཅིག་བསམ་པའི་བསམ་བློ་མེད།།
མེད་མུག་ཤར་ཤར་གླེང་བའི་གཡོ་མཁན་མིན།།

བོད་དོན་གླིང་ལ་བསྒྲགས་པའི་བྱས་རྗེས་མེད།།
བོད་མི་རྒྱ་ལ་བཙོང་བའི་ཁེ་གྲགས་མེད།།
བོད་རིགས་ཁ་ཁར་གཏོང་བའི་སྤོབས་པ་མེད།།
མེད་མུག་འདྲེན་མཁན་ཚོ་ལ་ཡི་ཁ་ལོག།

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༣ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༦ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

མཆན། 10

  1. sherabt says:
    ལོ་ 16 སྔོན།

    མི་ཞིག་གིས་ད་ཕན་མི་ཚེ་ཅི་འདྲ་བསྐྱེལ་ཡོད་མེད་དེ། མི་དེ་ལོ་ག་ཚོད་ཡིན་པར་བལྟ་རྒྱུ་མིན་པར། མི་དེས་ལས་ཀ་ག་རེ་བྱས་འདུག་པར་བལྟ་དགོས།
    ལིན་ཁེན་གསུང༌།

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    ཁ་བ་དཀར་པོ་ལགས། སྐུ་ཉིད་ཀྱིས་ཐུགས་འཁུར་ཆེན་པོའི་འོག་ནས་བདག་ལ་བསམ་སྐུལ་གནང་བ་དེར་བཀའ་དྲིན་ཆེ་ལགས། དེང་སང་ལས་བྲེལ་གྱི་དབང་གིས་སྒྲུང་རིང་དེའི་མཇུག་འབྲི་ཁོམ་མ་བྱུང་མོད། ཕྱིས་སུ་དུས་ཚོད་ངེས་ཅན་ཞིག་བཏང་ནས་སྒྲུང་དེའི་མཇུག་འཕུད་ངེས་ཡིན་ལགས། བློ་བཟང་གི་རེ་འདོད་ཀྱང་དེ་ཡིན་པས་ངས་ཁོ་རང་ལ་དམ་བཅའ་བཞག་ཡོད།

    སྐར་ཆེན་འོད་བཞག་འཁྱིལ་བའི་རིན་ཆེན་ནོར།།
    ཁྲི་འབུམ་བསྟར་ལ་བརྒྱུས་པའི་མུ་ཏུག་བཞིན།།
    བཙན་པོའི་གདུང་རྒྱུད་ཅིག་གི་གཏམ་རྒྱུད་ལ།།
    རུས་ཞེན་བརྩེ་འདང་ཟབ་པའི་སྤུན་ཟླ་ཡིན།།

    བློ་རིག་ཧ་ཅང་བསྐྲུན་པའི་སྤུན་ཟླ་ལགས།།
    ས་ཐོ་བྷ་བྷེ་མང་སའི་ཡུལ་གྲོང་ནས།།
    རིགས་ཞེན་སྙིང་ལ་བཅིངས་པའི་གངས་ཅན་བུ།།
    དུས་ཚོད་ཅི་ཡོད་འདི་རུ་ཕེབས་རོགས་ཞུ།།

    གངས་ཅན་ཕ་ཡུལ་གཅིག་པའི་རུས་འདིས།།
    ཆུ་དང་བྲག་རིའི་བར་ཐག་རིང་ན་ཡང་།།
    གླིང་རྗེ་གེ་སེར་རྒྱལ་བོའི་མཛད་རྗེས་དེ།།
    བུ་ངའི་ནམ་ཡང་མི་བརྗེད་སེམས་སུ་འཛིན།།

    ཇིང་གི་སྲས་ཤིག་ཡིན་པ་སྔ་ནས་ཤེས།།
    མིག་གི་རིག་ས་ཞིག་མེད་ན་ཡང་།།
    སེམས་ཀྱི་བརྡ་གསུམ་བདག་ལ་སྐུར་བ་དེ།།
    པ་མགོ་གྱུར་ཡང་ཡིད་ཀྱི་གཏིང་སར་འཇོག།།

    འབྲོང་གི་ཕ་ས་ཞིག་ནས་སྐྱེ་བ་ཡིས།།
    བུ་རྒོད་སྟོང་གི་སྤྲོད་ཀྱི་དབའ་བོ་ཞིག།།
    དགོས་པའི་ཚིག་གི་ནང་དོན་ཞིབ་མོ་འདིས།།
    སྤུན་ཟླ་བདག་གི་སེམས་ལ་དྲན་ཞིག་བསླེང་།།

    Reply
  3. dongbu says:
    ལོ་ 16 སྔོན།

    རེད་ཡ། ཁྱེད་ཉིད་ཁྱེད་ཉིད་ཀྱི་འཇིག་རྟེན་ན་འཚོ་བས། ཁྱེད་ཀྱིས་ཁྱེད་ཀྱི་རིན་ཐང་རྟོགས་ཡོད་ཚོད་འདུག མི་ལ་རང་ཚུགས་དགོས་པ་ཅི་མི་བདེན།

    Reply
  4. free sopu says:
    ལོ་ 16 སྔོན།

    སྙན་མོ་ཞིག་བྲིས་འདུག

    Reply
  5. ajamyang says:
    ལོ་ 16 སྔོན།

    སེམས་ཤུགས་མ་ཆག་ང་ཚོ་ནམ་ཡང་ཁྱེད་རྒྱབ་མདུན་དུ་འགྲེང་ནས་ཡོད།
    དེང་སྐབས་འཇང་དགུན་ཆོས་ཀྱི་རྩོད་གསེང་ནས་ཁོམ་ལོང་ཞིག་མི་འདུག

    Reply
  6. qwerty says:
    ལོ་ 16 སྔོན།

    མཚན་རེ་འཁྲུགས་པ་སྤྱོད་པའི་མཇེ་ཤུགས་མེད།།
    ཉིན་རེ་ཆོ་འཕྲུལ་སྟོན་པའི་གཡོ་སྒྱུ་མེད།།
    ཡོད་ཚད་གཞན་ལ་རེ་བའི་འདུན་པ་མེད།།
    མེད་མུག་ཡི་ག་ལོག་པའི་གཅེར་བུ་ཡིན།།

    Reply
  7. Baichung says:
    ལོ་ 16 སྔོན།

    ཁྱོད་ཀྱི

    Reply
  8. Baichung says:
    ལོ་ 16 སྔོན།

    བོད་ཀྱི་ལ་རྒྱ་འཛིན་པའི་སྙིང་སྟོབས་ཡོད།།
    རིགས་ལ་སེམས་པ་དཀར་བའི་རང་གཤིས་ཡོད།།
    ཀུན་དང་མཐུན་ལམ་ལེགས་པའི་བཟང་སྤྱོད་ཡོད།།
    ཡོད་པ་གསུམ་འདི་ཁྱོད་ཀྱི་ནོར་དུ་སྣང་།།

    སྒྲུང་རྩོམ་རིང་བོ་འབྲི་བའི་སྨྱུག་རྩལ་ཡོད།།
    དྲང་བདེན་སྐད་ཆ་བཤད་པའི་བློ་སྟོབས་ཡོད།།
    ཞེན་ངན་དྲི་མས་མ་གོས་བཟང་ཆ་ཡོད།།
    ཡོད་པ་གསུམ་འདི་ཁྱོད་རྒྱན་ཆ་ཉིད།།

    མཐོན་པོར་ལྕེ་ནར་མེད་པའི་གོམས་སྲོལ་ཡོད།།
    དམན་ལ་ཐུབ་ཚོད་མེད་པའི་བྱམས་སེམས་ཡོད།།
    བར་ལ་ལྐོག་གཡོ་མེད་པའི་དམ་བཅའ་ཡོད།།
    ཡོད་པ་འདི་གསུམ་ཁྱོད་གཟི་བརྗིད་ལགས།།
    ད་རུང་ཡོད་དང་། མི་ཁོམ་གྱི་ལོ་བརྒྱ་མ་ལོན་རུང་དྲུག་བཅུ་ལ་སེམས་འཁྲལ་མེད་པའི་སྨོན་ལམ། ད་ང་འགྲོ་རན་སོང་།

    Reply
  9. kawakarpo says:
    ལོ་ 16 སྔོན།

    ཁྱོས་སྦྱིན་བདག་མི་བྱེད། གྲྭ་པ་མི་དགོས་ཟེར་བའི་སྒྲུང་སྙན་མོ་དེ་ཧོབ་སྟེ་མཇུག་བསྡུས་བཞག་སོང་བ་དེ་ཅི་ཞིག་མ་འགྲིགས་པ་རེད། ངས་ཞིབ་ཏུ་ལྟ་དུས་ཁྱོས་སྤྱིན་བདག་ཅེས་ས་པ་བཏགས་བྲིས་འདུག འདི་ལ་ས་བ་བཏགས་འབྲི་དགོས་ནི་རེད། ས་པ་བཏགས་སྤ་ཡ་བཏགས་སྤྱིན་ཞེས་པ་ནི་དུས་རྭ་ཅོ་དང་ཀོ་བ་སོགས་རྒྱུན་རིང་བསྐོལ་ནས་གཤེར་ཁུ་བཟོས་ཏེ་ཤིང་ལེབ་དང་ཤིང་ལེབ་སྦྱོར་དུས་བར་དུ་ལྡུག་པ་དེ་རེད། དེ་སྤྲོད་མཁན་ཞིག་ཡིན་ན་ཁྱོས་སྤྱིན་བདག་ཅེས་བྲིས་ན་ཡང་ངས་ཅང་མི་ཟེར། ད་དུང་སྐྱེས་པའི་ཁུ་བ་དེ་སྐབས་རེར་སྤྱིན་འདྲ་བོ་ཞིག་ཀྱང་ཡོད་པས་དེ་སྤྲོད་མཁན་ལ་གོ་ལ་ཡང་ངས་ཅང་མི་ཟེར། ཡིན་ན་ཡང་ཁྱོའི་སྒྲུང་གི་ནང་དུ་གསར་བུ་དེ་ལ་སྒོར་མོ་སོགས་སྦྱིན་ནས་རོགས་རམ་བྱེད་མཁན་ཞིག་ལ་གོ་གིན་འདུག་པས་འདི་ལ་ངེས་པར་དུ་སྦྱིན་བདག་ཅེས་འབྲི་དགོས། འདི་ངས་དེ་རིང་མ་གཏོགས་མཉམ་མ་བཞག མཉམ་གཅིག་བཞག་དུས་ཁྱོས་སྒྲུང་འདི་འབྲི་མཚམས་བཞག་འདུག

    Reply
  10. kawakarpo says:
    ལོ་ 16 སྔོན།

    ཨ་རོ་མེད་མུག་མ་རྩི་མ་གཏོགས། རྡོ་སྦིས་དགེ་བཤེས་ཟེར་བའི་བླ་རྒན་མན་ཚར་ཅན་དེས་ཀྱང་རྗེ་ཙོང་ཁ་པར་བསྟོད་པ་བྱེད་དུས་སྨད་པའི་ཟོལ་གྱིས་བསྟོད་ཀི་ཡིན་ཟེར་ནས། གྲུབ་རྟགས་སྤྱི་བོར་སྤུངས་པའི་རལ་བ་མེད། །སོགས་མེད་མུག་ལུང་བ་གང་བྲིས་པས། རིག་གསར་སྐབས་དམར་སྲུང་དམག་གསར་བུ་འགས་བླ་རྒན་གསོན་པོར་བརྡུངས་ནས་བསད་བཏང་བ་རེད། རྟགས་རྟེན་འབྲེལ་འདི་ལ་གཟབ་དགོས་ཡ། འཇིགས་སྣང་བསྐུལ་ནི་ཡིན་ན་ངའི་མཇེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese