མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མནར་གཅོད་འོག་གི་བཙོན་པ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས། ད་ལྟའི་ཆར་ཡང་བོད་པའི་བཙོན་མ་ཚོར་མི་ཆོས་ལས་འདས་པའི་མནར་གཅོད་གང་མང་གཏོང་གི་འདུག་ཟེར།

ཕྱི་ཚེས་ ༢༦ ཉིན་ཉེ་ཆར་བོད་ནས་འབྱོར་བའི་བླ་བྲང་དགོན་པའི་གྲྭ་འཇིགས་མེད་ཐབས་མཁས་ལགས་ཀྱིས་འདི་གར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སྔར་ལོའི་བསང་ཆུ་རྫོང་གི་ཞི་རྒོལ་གྱི་སྣེ་ཁྲིད་པ་བླ་བྲང་ཡིག་ཆུང་ཐང་ནས་ཡིན་པའི་གྲྭ་ཚུལ་ཁྲིམས་ལགས་ ༢༠༠༨ ལོའི་ཕྱི་ཟླ་ ༥ བ་ཡས་མས་སུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ཁྲིམས་ཞིབ་པ་དང་ནང་མི་སོགས་ཅི་ཡང་མེད་པའི་ཐོག་ཀན་ལྷོ་གཙོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མི་ལོ་ ༢༠ ཁྲིམས་ཆད་བྱས་ཡོད་པ་དང་།  དུས་འཁོར་ཐབས་མཁས་ལགས་ཀྱང་ ༢༠༠༨ ལོའི་ཟླ་གསུམ་པའི་ཚེས་ ༢༠ ཡས་མས་སུ་ཞི་རྒོལ་གྱི་དོན་རྐྱེན་དེར་རྐྱེན་བྱས་ཏེ་རྒྱ་ནག་གིས་འཛིན་བཙོན་འཇུག་བྱས་ཏེ་ཀན་ལྷོ་གཙོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མི་ལོ་ ༡༥ ཁྲིམས་ཐག་བཅད་ཡོད་འདུག

 དེང་སྐབས་གྲྭ་ཚུལ་ཁྲིམས་ལགས་ཀྱི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་རུ་ཕྱིན་ཡོད་པ་མ་ཟད། དུས་འཁོར་ཐབས་མཁས་ལགས་ལ་རྒྱ་གཞུང་གི་ཐེངས་དང་པོར་འཛིན་བཟུང་བྱས་པ་ནས་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ་ཉེ་ཆར་བཙོན་ཁང་དུ་བཤག་བཅོས་བཏང་ཡོད་པའི་གནས་ཚུལ་བརྗོད་ཀྱིན་པ་མ་ཟད། ཁོང་གི་ཀླད་པ་དང་མིག་ལ་སྐྱོན་ཞུགས་ཡོད་པའི་གནས་ཚུལ་བྱུང་ཡོད་འདུག་ལ།  བླ་བྲང་དགོན་པའི་གྲྭ་སྐལ་བཟང་རྒྱ་མཚོ་ལགས་ཀྱང་འདི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་ཉེས་བ་ཅི་ཡིན་དང་ཐག་གཅོད་ཀྱི་གནས་ཚུལ་ཅི་ཡང་མེད་པར་ལན་ཀྲུའུ་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་ཚུལ་བརྗོད་བྱུང།

གོང་གསལ་གྱི་གནས་ཚུལ་དེ་དག་དང་འབྲེལ་ཁོང་གིས། འདས་ལོ་བཙོན་ཁང་དུ་ཚུད་པའི་བོད་མི་མང་ཆེ་བས་བརྗོད་དོན་ལྟར་ན། རྒྱ་གཞུང་གིས་ལྕགས་ཀྱི་རྐུབ་སྟེགས་དང་ལྕགས་ཀྱི་ཉལ་ཁྲི་ཅེས་པའི་ཁྲིམས་ཆད་ཀྱི་ལག་ཆ་མི་འདྲ་བ་དག་བེད་སྤྱོད་བྱས་ཏེ་བཟོད་ལྷག་མེད་པའི་མནར་གཅོད་གཏོང་གི་ཡོད་པ་མ་ཟད། མེ་འཐབ་ནང་གི་རྐམ་པ་དམར་བོ་བཟོས་ཏེ་མི་ལ་མེ་བསྲེགས་དང་རྐང་ཆག་ལག་ཆགས་བྱུང་བར་སྣང་དོགས་ཅི་ཡང་མེད་པར་གཅར་རྡུང་བྱེད་ཀྱིན་པའི་སྡུག་རྩུབ་ཀྱི་བྱ་སྤྱོད་གང་མང་ཞིག་ལག་བསྟར་བྱེད་ཀྱིན་ཡོད་པའི་གནས་ཚུལ་སོགས་འགྲེལ་བརྗོད་གནང་བྱུང།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༨ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 11

  1. བདེ་བ་ཅན། says:
    ལོ་ 16 སྔོན།

    བོད་ནང་བོད་མི་ཚོར་རྒྱ་ནག་དམར་པོའི་གཞུང་གིས་ཁྲིམས་གཅོད་གཏོང་སྲོལ་དེ་དག་ཐད་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མེད་ལ། རྒྱ་ནག་རང་ཉིད་ཀྱིས་བཟོས་པའི་ཁྲིམས་ལུགས་དང་ཡང་མཐུན་གྱི་མེད། ང་ཚོས་འདས་པའི་ལོ་ངོ་ལྔ་བཅུག་ལྷག་གི་རིང་བོད་མི་སྲིད་དོན་བཙོན་པ་དང༌།ཉེས་དོན་ཉེས་ཅན་པ་ཚོར་ཁྲིམས་ཆད་བཏང་རྗེས་རིམ་པ་གོང་མར་ཞུ་གཏུགས་བྱ་སྐབས་ཁྲིམས་ཉེས་གཏོང་ཚད་ཤུགས་ཆེར་འགྲོ་གི་ཡོད་པ་ལས་ཉེས་པ་ཡང་དུ་གཏོང་ཐུབ་ཀྱི་མེད་པའི་དངོས་ཡོད་གནས་སྟངས་ད་བར་ལྷག་ཡོད། ད་ལྟ་བར་ཁྲིམས་ཆད་བཏང་ཟིན་པའི་སྲིད་དོན་བཙོན་པ་སུ་ཞིག་ལའང་ཁྲིམས་རྩོད་པ་གླ་རྒྱུའི་གོ་སྐབས་སྤྲོད་ཀྱི་མེད་ལ། ཁྲིམས་རྩོད་པའང་གདན་ཞུ་བྱ་ཡུལ་མེད། ཁྲིམས་རྩོད་པས་ཀྱང་སྲིད་དོན་བཙོན་པར་ཉེས་པ་ཕོག་པ་དེར་ཁྲིམས་གཏུགས་རྒྱབ་གཉེར་བྱ་རྒྱུར་འཇིགས་སྣང་ཡོང་གི་ཡོད་སྟབས་བོད་མི་ཁྲིམས་རྩོད་པ་རྣམས་ཀྱང་རང་བཞིན་དུ་དཔའ་ཞུམ་སྟེ་ཕྱིར་ཐོན་ནས་ཁྲིམས་རྩོད་བྱ་འདོད་ཡོང་གི་མེད། དཔེར་ན། ལྷ་ས་ཁུལ་དུ་བོད་རིགས་ཁྲིམས་རྩོད་པ་དབྱང་ཅན་ནས་ཐེངས་མང་པོར་ཉེས་དོན་ཉེས་ཅན་པའི་ཐད་དུ་ཁྲིམས་གཏུགས་བྱས་ཏེ་ཕན་ཐོགས་བྱུང་ཡོད་པའི་གནས་ཚུལ་ལོ་ཤས་སྔོན་གོ་རྒྱུ་ཡོད། ཡིན་ནའང་བོད་ནང་ཆབ་སྲིད་ཐད་དམ་དྲག་བྱ་ཤུགས་ཆེ་རུ་ཕྱིན་པ་དེས་བོད་རིགས་ཁྲིམས་རྩོད་པ་ཚོས་བོད་མིར་ཁྲིམས་གཏུགས་རྒྱབ་གཉེར་བྱ་རྒྱུར་རྦད་དེ་ཡིད་ཐང་ཆད་དེ་ལུས་ཡོད་པ་རེད༎

    Reply
  2. བྱམས་རྒྱལ། says:
    ལོ་ 16 སྔོན།

    ཡིད་རེ་སྐྱོ་

    Reply
  3. འབྲོང་བུ། says:
    ལོ་ 16 སྔོན།

    བོད་པ་འཛམ་གླིང་སྟེང་གི་ཉེས་མེད་ཉེས་ཅན་དུ་གྱུར་ཉིན་ནས། རྒྱ་ནག་གི་ཁྲིམས་ལུགས་ལ་དྲང་བདེན་མེད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཞེས་པ་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཞེས་པ་ཡང་དོན་ནུས་སྟོང་བའི་བམ་པོ་ཞིག་རེད།

    Reply
  4. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    རྒྱ་ནག་སྲིད་གཞུང་གིས་ཁྲིམས་གཅོད་དྲང་པོ་བྱེད་ཀྱི་མི་འདུག མི་དེ་ལ་ནག་ཉེས་མེད་ཀྱང་ནག་ཉེས་ཀྱི་སྒྲོ་བཏགས་ཏེ་ལོ་མང་བཙོན་འདུག་བྱས་པ་ནི། གྲངས་ཉུང་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་མིན་ན་གང་ཡིན་ནམ། དཔེར་ན་མི་གཅིག་ལ་ནག་ཉེས་གང་གི་དྭོགས་པ་ཡོད་ན། དེ་ལ་ནག་ཉེས་ཡོད་ཀྱང་རུང་མེད་ཀྱང་རུང་། ངོ་ལེན་མ་བྱེད་བར་གློག་གི་ཡོ་ཆས་འདྲ་མིན་བེད་སྤྱད་བཏང་སྟེ་མཁས་ལེན་བཅུག་གི་ཡོད། བཙོན་ཁང་ནས་གྲོལ་དུས་མི་དེ་དབང་པོ་སྐྱོན་ཅན་ཆགས་དགོས་པའི་རྒྱུ་མཚན་ཀྱང་དེ་ལྟར་ཡིན།

    Reply
  5. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    རྒྱ་གཞུང་གིས་བལ་ཡུལ་དུ་བོད་དོན་ལས་འགུལ་བཀག་འགོག་ཆེད་གོ་མཚོན་ཁོ་ནའི་ཆེད་དུ་ཧིན་སྒོར་ས་ཡ་བརྒྱ་ཡི་རོགས་དངུལ་བྱས་པ་དང་། འབྱུང་འགྱུར་ལོ་རེའི་ནང་ཧིན་སྒོར་ས་ཡ་༡༦༠༠ རོགས་རམ་བྱ་རྒྱུའི་གྲོས་འཆམ་བྱུང་ཡོད་པ་མ་ཟད། བལ་བོད་གཉིས་ཀྱི་ས་མཚམས་སུ་དམག་དཔུང་འཕར་སྣོན་སོགས་ཀྱིས་དམ་དྲག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད་ཅེས་བོད་ཀྱི་བང་ཆེན་ལས་བཤུས་པ་ཡིན། ད་ནི་ང་ཚོས་ཀྱང་གྲ་སྒྲིག་ཅིག་བྱ་དགོས་པའི་དུས་ལ་བབས་ཡོད་པ་འདྲ། གལ་ཏེ་ང་ལ་དམག་འཐབ་བྱ་རྒྱུའི་དྲག་རྩལ་གྱི་སྦྱོང་བརྡར་ཞིག་ཡོད་པ་ཡིན་ན་བལ་ཡུལ་གྱི་རྒྱལ་ས་ཀ་ཐན་མན་ཀྲུ་རྩ་མེད་དུ་གཏོང་འདོད་པ་ཡིན། ཡིན་ན་ཡང་གོ་སྐབས་ཤིག་བྱུང་ན་ཟིང་འཁྲུག་ཐེངས་ཤིག་གིས་འཇིགས་སྐུལ་དྲག་སྤྱོད་ཚོགས་པར་རེ་སྐུལ་ཞིག་མ་ཞུ་ཀ་མེད་ཡིན། ནེ་པ་ལི་ཐལ་བའི་རྡུལ་བཞིན་བརླགས་བར་སྨོན།

    Reply
  6. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    འདས་བའི་ལོ་ལ་བོད་འདི་རང་བཙན་ཡིན།།
    ད་ལྟའི་སྐབས་སུ་བོད་འདི་སྐྱབས་བཅོལ་ཡིན།།
    སྐྱབས་འཇུག་ཞུ་ས་མེད་པའི་བོད་མི་ཚོར།།
    སྡིག་ཅན་རྒྱ་མིས་གང་བསམ་གང་དྲན་རེད།།

    བཙོན་པའི་ལས་འདི་རང་གིས་མ་མྱངས་ཀྱང་།།
    བསམ་ན་བཟོད་བརླག་མེད་པའི་ལས་ཤིག་རེད།།
    ལྷ་དང་སྲུང་མ་ཞེས་པའི་བོད་ཞེན་ཅན།།
    རྟགས་དང་མཚན་མ་མེད་པར་ཧ་ཅང་སྐྱོ།།

    Reply
  7. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    སྟོད་རྒྱ་གར་ཡུལ་གྱི་བྱང་ཤར་དང།།
    སྨད་རྒྱ་ནག་ཡུལ་གྱི་ལྷོ་ནུབ་ཀྱི།།
    བོད་གངས་ཅན་ཆོས་ཀྱི་རྒྱལ་ཁམས་འདི།།
    ལོ་གཉིས་སྟོང་སྔོན་ནས་རང་བཙན་ཡིན།།

    སྨད་རྒྱ་དམར་ཀླ་ཀློ་བཙན་འཛུལ་བས།།
    བོད་གངས་རིའི་སྣོད་བཅུད་ཧམ་ཟོས་བྱས།།
    སེང་གཡུ་རལ་ཅན་པོ་བཙན་གྱིས་ཕུད།།
    སེང་དཀར་མོའི་བུ་རྒྱུད་གྲངས་མེད་བསད།།

    བོད་བཙན་པོའི་བུ་རྒྱུད་གངས་ཅན་གྱི།།
    ལུས་ཤ་ཁྲག་གཅིག་པའི་ཆོལ་གསུམ་ཁྱོན།།
    དཔའ་འགྱུར་མེད་སྟག་སེང་དར་མའི་དཔུང།།
    དགྲ་རྒྱ་དམར་གདུང་ན་ལྷག་ཏུ་ངར།།

    རྒྱ་དམར་པོའི་བཙོན་ཁང་མུན་ནག་སྦུག།།
    བདོ་གངས་རིའི་དཔའ་རྒོད་སྤུན་ཟླའི་ཚོགས།།
    ལུས་ཤ་ཁྲག་རུས་གསུམ་འཐོར་ཞོར་དུ།།
    ཡ་ང་བའི་མནར་གཅོད་མྱོང་བཞིན་ཡོད།།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་ནང་གི་བོད་མི་དེ་དག་ནི་བོད་མི་དག་རྒྱའི་མངའ་འོག་དུ་བསྡད་པ་ཡིན་ན། རྗེས་ཕྱོགས་ཁྲིམས་ལུགས་ཟེར་བ་ཞིག་ཞུ་གཏུགས་བྱེད་ས་མེད་པ་དང་། བོད་མི་རང་གི་མི་རིགས་ཀྱི་སྐད་ཡིག་གི་བསྐོར་ཚུན་ཆད་སྲུང་སྐྱོབས་བྱེད་དབང་གཏན་ནས་སྤྲོད་འདོད་མེད་པའི་རྣམ་པ་དེ་ཉིད་ཡོངས་སུ་ད་ལྟ་ནས་སྟོན་བཞིན་ཡོད་དུས། འུ་ཅག་གིས་ཁྲིམས་མེད་ལུགས་མེད་ཀྱི་རྒྱའི་དཔོན་ངན་དེ་དག་གི་སྲིད་གཞུང་རུལ་བ་དེ་གཏོར་ཐབས་སུ་ཐབས་ཤེས་གང་ཡོད་དེའི་ཐད་དུ་བསམ་བློ་གཏོང་ཐུབ་པ་གཅིག་བུས་འགྲིག་གི་མེད་པར། རྐང་ལག་འགུལ་བསྐྱོད་ཀྱི་ལས་སུ་མ་ཞུགས་པ་ཡིན་ན། ནམ་ཡང་བོད་མི་དག་ཉེས་མེད་ཀྱི་རྒྱའི་སྲིད་གཞུང་གི་མངའ་འོག་གི་བཙོན་མ་ཞེ་གཅིག་ལས་མེད་པར་འགྱུར་རྒྱུ་ཡིན་པ་ནི་གདོན་མི་ཟ་བར་མཐོང་།

    Reply
  9. བསེ་རུ། says:
    ལོ་ 16 སྔོན།

    མི་ཉག་སྐལ་བཟང་ལགས། ང་ཡང་ཁྱེད་ཀྱི་ཞབས་རྗེས་དང་གྲིབ་གཟུགས་ཕོག་སའི་གནས་དེར་ཁུ་སིམ་མེར་གནས་ཡོད།
    ངས་དྲི་བ་བཏོན་པ་དེར་ལན་ཐེབས་མིན་ལ་མ་བལྟོས་པར་ལན་འདེབས་གནང་བ་བཀའ་དྲིན་ཆེ།
    རྒྱ་ནག་གི་ཁྲིམས་ལུགས་ལྟར་ན། ཉེས་ཅན་པ་སུ་ཞིག་ཡིན་ན་ཡང་མཐོ་རིམ་མི་མང་ཁྲིམས་ཁང་ལ་ཞུ་གཏུགས་བྱས་ཆོག་ལ། འདས་པའི་ལོ་རྒྱུས་ནང་མི་གསོད་ལག་དམར་བའི་རིགས་དང་། ཇག་རྐུན་གྱི་རིགས་གང་མང་ཞིག་ཞུ་གཏུགས་བྱས་མྱོང་བ་ཞིག་རེད། འོན་ཀྱང་ཆབ་སྲིད་བཙོན་པའི་རིགས་ཞུ་གཏུགས་བྱེད་མཁན་ཡང་བྱུང་མེད་ལ། བྱེད་དབང་ཡང་མེད། བྱས་ཀྱང་ཁྱེད་ཀྱིས་གསུངས་པ་ལྟར་ལས་མ་འདས། འོན་ཀྱང་། ཁོ་བོས་དྲི་བ་འདི་དག་ལ་དྲ་གྲོགས་ཚོའི་དགོངས་ཚུལ་ཅི་ཐོན་ལ་ཉན་རྒྱུའི་ཆེད་དུ་སྨྲས་པ་ཞིག་ཡིན་ནོ།།

    ད་དུང་ཞུ་འདོད་པ་ཞིག་ལ། ཆབ་སྲིད་བཙོན་པའི་རིགས་ཀྱིས་རང་ཉིད་ལ་སྡུག་སྦྱོང་མནར་གཅོད་སོགས་གཏོང་ལུགས་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་བཙོན་ཁྲིམས་སོགས་དང་སྦྱར་ཅི་ཐུབ་ཀྱིས་ཐེར་འདོན་དང་དག་སེལ་བྱས་ན་ཕན་ཐོགས་དང་ནུས་པ་ཅུང་ཐོན་མི་ཡོང་ངམ་སྙམ་གྱིན་འདུག །

    Reply
  10. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    གྲོགས་བསེ་རུ་ལགས། མཐོ་རིམ་མི་དམངས་ཁྲིམས་ཁང་དུ་སུ་ཞུ་གཏུགས་བརྒྱབ་ས་གཏན་ནས་མེད་ཅིང་ཞུ་གཏུགས་བརྒྱབ་ཕོད་མཁན་མེད་ལ། གལ་ཏེ་སུ་ཞིག་གིས་ཞུ་གཏུགས་བརྒྱབ་འདོད་པ་དེ་ཉིད་ཀྱང་ཉིན་དེ་ནས་བཟུང་བཙོན་ཁང་ལས་གཞན་འགྲོ་ས་མེད་ལ། ཞུ་གཏུགས་བརྒྱབ་ས་ཞིག་གང་ན་འདུག གལ་ཏེ་ཞུ་གཏུགས་བརྒྱབ་ས་ཞིག་ཡོད་པ་ཡིན་ན། བོད་ལ་རང་དབང་ཡོད་པ་མ་ཟད་ང་ཚོས་བཙན་བྱོལ་བོད་གཞུང་གི་རྒྱ་མིས་བོད་ལ་རང་དབང་མེད་ཅེས་སྒྲོག་བཞིན་པའམ་རྫུན་མ་ཆགས་འགྲོ་གིན་ཡོད་རེད།

    Reply
  11. བསེ་རུ། says:
    ལོ་ 16 སྔོན།

    བོད་མི་ཆབ་སྲིད་བཙོན་པ་ཚོར་ཁྲིམས་ལུགས་ལྟར་ཁྲིམས་ཁང་གི་འགྲོ་ལུགས་ཇི་བཞིན་འགྲོ་གི་མེད་པ་དེར་ང་ཚོས་དོ་སྣང་ངེས་པར་བྱ་དགོས་པ་ཡིན།

    སྤྱིར་འཛམ་གླིང་གི་ཁྲིམས་ཀྱི་འགྲོ་སྟངས་དང་། ལྷག་པར་རྒྱ་ནག་ནང་གི་ཁྲིམས་ཀྱི་འགྲོ་སྟངས་ལ་གཞིགས་ན་ཡང་། བཙོན་པ་སུ་རུང་ཁྲིམས་ཐག་གཅོད་སྐབས། ནང་མི་སྤུན་ཉེ་སོགས་ཁྲིམས་ཁང་དུ་འཛོམས་དགོས་པ་མ་ཟད། དགོས་དབང་གིས་ཁྲིམས་རྩོད་པ་ཡང་སྐད་བཏང་ཆོག་པ་ཡིན། འོན་ཀྱང་། ང་ཚོ་བོད་རིགས་ཆབ་སྲིད་བཙོན་པའི་རིགས་ལ་ཁྲིམས་ར་ཚོགས་སྐབས། ནང་མི་སྤུན་མཆེད་ཁྲིམས་ཐག་གཅོད་སྐབས་སྐད་གཏོང་རྒྱུ་ལྟ་ཅི། ཁྲིམས་རྩོད་པ་ཡང་སྐད་གཏོང་དབང་མེད། ད་དུང་ཁྲིམས་ཁང་གི་ཁྲིམས་དཔོན་དང་ཁྲིམས་དཔོན་ལས་རོགས། ཞིབ་དཔྱོད་ཁང་གི་ཞུ་སྦྱོར་བའི་ལས་བྱེད་ཁག་ཅིག་འཛོམས་ཏེ་གྱོད་ཡར་སྐད་ཆ་ཚིག་གཅིག་ཀྱང་ཤོད་དབང་མེད་པར། སྲོག་ཐོག་དང་ལོ་གཉིས་སྲོག་ཐོག ལོ་ངོ་ཉི་ཤུ། བཅོ་ལྔ། བཅུ་སོགས་ཁྲིམས་ཐག་བཅད་དེ་དཔྱད་ཁྲ་སྒྲོག་སྦྱང་བྱེད་ཀྱིན་ཡོད།
    ཁྲིམས་ཁང་གི་དཔྱད་ཁྲའི་སྟེང་ཁྲིམས་ཐག་བཅད་པ་དེར་འདོད་པ་མེད་ན་ཉིན་བཅུའི་ནང་ཚུན་དུ་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུགས་བྱས་ཆོག་པའི་ཚིག་ཙམ་གྱི་མཆན་བུ་ཞིག་ཀྱང་བཏབ་ཡོད་པ་ཡིན། ད་བར་བོད་མི་སུ་ཞིག་གིས་མཐོ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུགས་བརྒྱབས་ཡོད་པ་ཡིན་ནམ། དེ་ལྟར་མེད་པའི་རྒྱུ་རྐྱེན་གང་ལ་ཐུག་འདུག་གམ།

    བོད་མི་ཚོ། འདི་ནི་རྒྱ་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་ཚོར་ཁྲིམས་ཐག་གཅོད་སྐབས་ཀྱི་ཆ་ཤས་ཙམ་ཞིག་རེད།
    ཁྱེད་རྣམས་ལ་དགོངས་ཚུལ་ཅི་ཞིག་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese