མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོང་གི་རྨི་ལམ་གྱི་མཐའ་རྒྱ་སྙེག་པ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

 
གྲྭ་སྨོན་ལམ་ལགས་ཀྱི་དྲིན་ལ། ད་ནི་ང་ཚོའི་གློག་ཀླད་ཀྱི་ནང་དང་དྲ་རྒྱའི་ངོས་སུ་བོད་ཡིག་གི་ཚིག་མཛོད་དེ་དབྱིན་ཡིག་དང་ཇི་མ་ཇི་བཞིན་གྱི་སྟབས་བདེ་བོ་ཞིག་ཡོང་རྒྱུ་རེད། མ་མཐར་ཡང་ལོ་གཅིག་གི་རྗེས་ནས་དཀའ་ངལ་འདི་སེལ་རྒྱུ་རེད།

ཁ་སང་དེ་རིང་ངའི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་དུ་དབྱིན་ཡིག་གི་ཚིག་མཛོད་དང་མཉམ་དུ་བོད་ཡིག་གི་ཚིག་མཛོད་ཀྱང་ཡོད། དབྱིན་ཡིག་གི་དག་ཆ་འཚོལ་དུས་གང་འདྲ་རེད། བོད་ཡིག་གི་དག་ཆ་འཚོལ་དུས་ཀྱང་དེ་དང་གཅིག་མཚུངས་རེད། འདི་ནི་གྲྭ་སྨོན་ལམ་ལགས་ཀྱིས་ཉེ་ཆར་ཚོད་ལྟའི་ཚུལ་དུ་སྒྲིག་པའི་དག་ཡིག་དེ་ཡིན་ལ། ངེས་དགོས་པ་ཞིག་ལ་ད་ལྟའི་ཆར་ཚོད་ལྟ་རང་རེད།

ཇི་སྲིད་གློག་ཀླད་དང་མཉེན་ཆས་ཀྱི་དར་སྲོལ་མཚམས་མ་བཞག་བར་དུ། འདི་དག་བོད་ཡིག་ཅན་དུ་བསྒྱུར་རྒྱུའི་གྲྭ་སྨོན་ལམ་ལགས་ཀྱི་རྨི་ལམ་དེ་ནི་མཚམས་འཇོག་རྩིས་ཁྱོན་ནས་མི་འདུག
 
གྲྭ་སྨོན་ལམ་ལགས་ཉེ་ཆར་ཉི་ཧོང་ནས་ཕྱིར་སླེབས་མཚམས་རེད། དེ་བས་ཕྱི་ཚེས་ ༢༤ ཉིན་ཁོང་དང་མཉམ་དུ་དུས་ཡུན་རིང་པོ་ཞིག་ལ་སྐད་ཆ་བྱུང་། ངས་ཁོང་ད་རེབ་ཉི་ཧོང་ལ་སོང་བའི་ལས་དོན་སྐོར་ནས་དྲིས་ལ། ཁོང་གིས་ང་ཐེངས་འདིར་ཉི་ཧོང་དུ་ཡོད་པའི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་དུ་ ཐོག་མར་རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་ཅན་གྱི་བོད་ཡིག་འཇུག་མཁན་ཨཱོ་ཐ་ན་མཐོ་སློབ་དང་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ལས་ཁུངས་གཉིས་མཉམ་འབྲེལ་གྱིས་མགྲོན་འབོད་ལྟར་ཕྱིན་པ་ཡིན། དེར་སོང་ནས་ཐོག་མར་སྨོན་ལམ་བོད་ཡིག་གསུམ་པའི་སྐོར་ནས་གྲོས་བསྡུར་བྱས་པ་ཡིན་ལ། ཁོང་ཚོས་རྗེས་མ་སྨོན་ལམ་བོད་ཡིག་གསུམ་པ་དེ་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་དུ་འཇུག་རྒྱུའི་མོས་མཐུན་བྱས་བྱུང་། དེ་ནས་ཞོར་དུ་འདས་པའི་ཟླ་ཤས་རིང་ངས་སྒེའུ་ཁུང་རྟགས་ཅན་གྱི་གློག་ཀླད་ནང་དུ་ཚིག་མཛོད་ཅིག་བཟོ་བཞིན་ཡོད་པ་ལྟར། ད་རེབ་སྟབས་ཡག་ནས་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ཆེད་མཁས་པ་ཚོས་ལམ་སྟོན་གནང་བྱུང་བས་ཕན་ཐོགས་ཞེ་དྲག་བྱུང་། དེ་ནས་ཞོར་ཏུ་ཊོག་ཀྱོ་རུ་ཡོད་པའི་བོད་པ་དང་བོད་ཡིག་དོན་གཉེར་ཅན་སྐོར་ཞིག་ལ་སྨོན་ལམ་བོད་ཡིག་གསུམ་པའི་བཀོལ་སྤྱོད་སྐོར་ལ་ཟབ་སྦྱོང་ལྟ་བུ་ཞིག་ཀྱང་འཚོགས་པ་ཡིན། ཐེངས་འདིར་ཉི་ཧོང་དུ་ཡོད་པའི་རྒྱ་རི་རིག་འཛིན་དང་། བློ་བཟང་ཡེ་ཤེས། ཁུ་རོ་ཁྱི། ནུ་མུ་ར། ཧེ་རོ་ཤི་མར་ཡོད་པའི་སྒོ་མང་གྲྭ་ཚང་གི་ཆོས་ཚོགས་སོགས་ཀྱིས་རོགས་རམ་ཞེ་དྲག་གནང་བྱུང་ཟེར། དེ་ནས་ཉི་ཧོང་གི་བོད་རིག་པའི་ཚོགས་ཆེན་ཐོག་སྨོན་ལམ་བོད་ཡིག་སྐོར་ངོ་སྤྲོད་བྱས་འདུག

 དེ་ནས་ཚིག་མཛོད་དེ་གང་འདྲ་ཞིག་ཡིན་མིན་ཤེས་འདོད་ཀྱི་འབུ་དེ་ངའི་སེམས་པའི་གཏིང་ནས་འགུལ་མགོ་བརྩམས་པ་དང་མཉམ་དུ་དྲི་བ་དེ་ཁ་ནས་ཤོར། ཁོང་གིས་བཤད་དོན། ད་ལྟའི་ཆར་བོད་ཡིག་གི་ཚིག་མཛོད་དེར་ཐ་སྙད་དྲུག་ཁྲི་ལྷག་ཡོད་ལ། གཞི་བཅོལ་ས་གཙོ་བོ་ནི་དག་ཡིག་གསར་སྒྲིག་དང་བོད་རྒྱ་ཚིག་མཛོད་གཉིས་ཡིན། འདི་ནི་བོད་ཡིག་གི་མིང་ཚིག་བོད་ཡིག་གི་ཚིག་མཛོད་ནང་དུ་འཚོལ་ས་དེ་ཡིན། དེ་བཞིན་དབྱིན་ཡིག་ནས་བོད་ཡིག་ལ་འཚོལ་སའི་ཚིག་མཛོད་ཀྱང་སྒྲིག་རྒྱུ་ཡིན་ལ། འདི་ནི་སྐུ་ཞབས་ཀརྨ་སྨོན་ལམ་ལགས་ཀྱི་དབྱིན་བོད་ཚིག་མཛོད་དེ་ཡིན། ཁོང་གིས་ཀྱང་འདི་ལ་མོས་མཐུན་གནང་བྱུང་། དེ་ནས་བོད་ཡིག་ནས་དབྱིན་ཡིག་འཚོལ་སའི་ཚིག་མཛོད་ཅིག་ཀྱང་སྒྲིག་རྩིས་ཡིན། འདི་དག་ནི་ཀུ་ཤུ་རྟགས་ཅན་དང་སྒེའུ་ཁུང་རྟགས་ཅན་གྱི་གློག་ཀླད་གཉིས་ཀའི་ནང་དུ་ཡོང་གི་རེད། ཡིན་ཡང་། གློག་ཀླད་ཀྱི་རྩ་བའི་མ་ལག་མི་འདྲ་སྟབས་འཚོལ་སྟངས་དང་སྒྲིག་སྟངས་ལ་ཁྱད་པར་ཅུང་འགྲོ་སྲིད་ཀྱང་ཚིག་མཛོད་ཀྱི་མ་ཟིན་ལ་འགྱུར་བ་འགྲོ་གི་མ་རེད། ལོ་རྗེས་མའི་ལོ་མཇུག་ཙམ་ལ་སྒྲིག་ཚར་རྒྱུའི་རེ་བ་ཡོད། ད་ལྟའི་ཆར་ལས་རོགས་གཉིས་ཀྱིས་ཞུ་དག་བྱེད་བཞིན་ཡོད་ལ། ད་དུང་ཡིག་རྩ་ལེགས་མཁན་རེ་ཟུང་ལ་སྐྱབས་བཅོལ་དགོས་བསམ་བསྡད་ཡོད། ཡིན་ཡང་། དྲ་ཐོག་གི་ཚིག་མཛོད་ཅིག་བཟོ་རྩིས་ཡོད། དེ་བཟོས་པ་ཡིན་ན་མི་སུ་ཞིག་དྲ་ཁང་གང་ཞིག་ཏུ་གློག་ཀླད་གང་གི་སྔོན་དུ་བསྡད་ཀྱང་། དྲ་ཚིགས་དེ་ཡོད་པའི་རྗེས་ལ་བོད་ཡིག་ཚིག་མཛོད་མེད་པའི་དཀའ་ངལ་དེ་འཕྲད་གི་མ་རེད་ཟེར།

ངེད་གཉིས་ཀྱིས་ཚིག་མཛོད་ཀྱི་སྐོར་བཤད་པའི་བརྒྱུད་རམ་ཁྲོད་ཁོང་གིས་ཚིག་མཛོད་ཀྱི་ལས་འཆར་འདི་ལ་ལས་འཆར་སྔ་ཕྱི་གཉིས་གླེང་བྱུང་བས། ངས་ལས་འཆར་རྗེས་མ་དེ་གང་འདྲ་ཡིན་མིན་ཡང་ཤེས་འདོད་བྱུང་ལ། དེར་ཁོང་གིས། ད་ཐེངས་ཀྱི་ཚིག་མཛོད་འདི་ནི་སྤྱིར་བཏང་གི་བེད་སྤྱོད་ཙམ་ལ་དམིགས་པ་ཡིན། སྤྱིར་བཏང་དེང་སྐབས་བོད་ལ་དེབ་གཟུགས་སུ་ཡོད་པའི་དག་ཡིག་དང་ཚིག་མཛོད་ཆེན་པོ་ ༡༧ ལྷག་ཅིག་འདུག དེར་བརྟེན་རྗེས་མ་ག་ལེར་བྱས་ནས་འདི་དག་ཐམས་ཅད་ཕྱོགས་གཅིག་ཏུ་སྒྲིག་སྟེ་ཚིག་མཛོད་ཆེན་པོ་ཞིག་བཟོ་དགོས་པ་མིན་འགྲོ་སྙམ། དེ་བྱུང་ན་མ་མཐར་ཡང་མིང་ཚིག་དང་ཚིག་འགྲེལ་འབུམ་བཞི་ལྔ་ཙམ་ཡོད་སྲིད་པ་རེད། དུང་དཀར་ཚིག་མཛོད་ལྟ་བུའི་རིགས་ཀྱང་ནང་དུ་འཇུག་ཐུབ་པ་ཡིན་ན་ཡག་པོ་ཡོང་གི་རེད་ཟེར། དེ་མིན་ནང་ཆོས་ཐད་ནས་བཤད་ན་ས་དགེ་བཀའ་རྙིང་བོན་དང་བཅས་པའི་ཆོས་ཚིག་མང་པོ་ཞིག་ཕྱོགས་གཅིག་དུ་བཟོ་ན་འདོད། དེའི་རིགས་དཀོན་པོ་རེད། དེ་བཞིན་ཐ་སྙད་གསར་བའི་སྐོར་ལ་བོད་ཕྱི་ནང་གཉིས་ནས་བཟོས་པ་ཡོངས་རྫོགས་གཞི་གཅིག་གི་ཐོག་ཏུ་སྤུངས་ཐུབ་ན་ཕན་ཐོགས་ཆེན་པོ་རེད། བོད་ཕྱི་ནང་གཉིས་གཅིག་གྱུར་དགོས་རྒྱུ་གལ་ཆེན་རེད་ཟེར།

སྐབས་འདིར་ང་ཚོས་རང་བཞིན་གྱིས་དྲ་ངོས་ན་སྐད་ཡིག་སྣ་ཚོགས་ཀྱི་ནང་དུ་འབེལ་འབེལ་ལྷུག་ལྷུག་ཏུ་ཡོད་པའི་ཝེ་ཀེ་རིག་མཛོད་དང་གྷོ་གྷལ་གྱི་ཡིག་བསྒྱུར་སོགས་ཀྱང་རང་བཞིན་གྱིས་དྲན་ཡོང་སྟབས། གྲྭ་སྨོན་ལམ་གྱིས་མི་དྲན་པ་ག་ལ་སྲིད། ཁོང་གིས་བཤད་དོན། དག་ཡིག་འདི་དག་འཐུས་ཚང་ཞིག་བཟོས་ཚར་བའི་རྗེས་ལ་ང་ཚོ་ཡིག་བསྒྱུར་གྱི་ཕྱོགས་ལ་ཐག་ཉེ་རུ་ཕྱིན་པ་རེད། དབྱིན་ཡིག་དང་བོད་ཡིག་གཉིས་ཕན་ཚུན་གོ་ཐུབ་པ་ཞིག་བསྒྱུར་ཐུབ་པ་ཡིན་ན་དེ་ནས་སྐད་ཡིག་གཞན་གྱི་ནང་དུ་བསྒྱུར་རྒྱུ་ནི་ལས་སླ་བོ་ཆགས་གི་རེད། ངའི་ལས་འཆར་དང་པོ་ནི་ཡི་གེ་འབྲི་ཐུབ་རྒྱུ་དེ་དང་། དེ་ནས་སྐད་གདངས་ལ་ཉན་ཐུབ་པ། དེའི་རྗེས་ནས་ཚིག་མཛོད། དེ་ནས་བརྡ་སྤྲོད། དེའི་རྗེས་ནས་ཡིག་བསྒྱུར་བཅས་ཡིན། འདི་དག་རེ་རེ་ལ་གོམ་པ་རེ་རེ་བཞིན་སྤོས་ནས་འགྲོ་གིན་ཡོད་ཟེར།

འདི་ལྟའི་ལས་གཞི་ཆེན་པོ་ཞིག་མི་སྒེར་བ་ཞིག་གིས་མི་ལྕོགས་པ་ནི་སུས་ཀྱང་ཤེས་ཐུབ་པ་ཞིག་རེད་ལ། གྲྭ་སྨོན་ལམ་ལགས་ཀྱིས་ཀྱང་དེ་ལྟར་བརྗོད་ཀྱིན་འདུག ཁོང་ལྟར་ན། ལོ་གཅིག་གི་རིང་ཁོང་ཕྱི་རྒྱལ་ལ་དབྱིན་ཡིག་སྦྱོང་གི་འགྲོ་རྒྱུ་ཡིན་ཞིང་། འདི་ཡང་སྐད་ཡིག་ཁོ་ན་ཡིན་ཏེ། སྐད་ཡིག་མ་ཤེས་ཚེ་དཀའ་ངལ་རེད་ཟེར། སློབ་སྦྱོང་དེ་ཚར་རྗེས་ཕྱིར་ཡོང་སྟེ་ཆེད་དུ་གློག་ཀླད་དང་མཉེན་ཆས་ཀྱི་རིགས་ལ་ཚོགས་པ་ཞིག་༸གོང་ས་མཆོག་གི་བཀའ་དགོངས་བཞིན་འཛུགས་རྒྱུའི་རེ་བ་རྒྱག་གིན་འདུག་ལ། ཁོང་གིས། དེང་རབས་ཀྱི་འཕྲུལ་ཆས་དང་ཐོན་དངོས་གསར་པ། བརྡ་འཕྲིན་བརྒྱུད་ལམ་འདི་དག་ལ་བོད་པ་རང་གིས་བོད་ཡིག་གི་ལམ་ནས་རྐང་འཛུགས་ཐུབ་རྒྱུ་ནི་གལ་ཆེ་ཤོས་དེ་ཡིན་ལ། དེ་མ་ཐུབ་ཚེ་དུས་རབས་གསར་པའི་བོད་གསར་པ་ཞིག་ལ་མདུན་ལམ་ཁག་པོ་རེད། གང་ལྟར་མ་འོངས་པར་བོད་པ་རང་ངོས་ནས་གློག་ཀླད་ལས་རིགས་རང་མགོ་ཐོན་པ་ཞིག་ཡོང་བར་འབད་རྩིས་ཡོད་ཟེར།

ད་དུང་ཞུ་དགོས་པ་ཞིག་ལ། གྲྭ་སྨོན་ལམ་ལགས་ལ་ལས་འཆར་སྙིང་རྗེ་བོ་གཞན་ཞིག་འདུག་ལ། དེ་ནི་བྱིས་པའི་རྩེད་མཚར་གློག་བརྙན་ Cartoon གྱི་སྐོར་རེད། ཁྱེད་ཚོས་ཊོམ་དང་གྷེ་རེ་གཉིས་ནམ་རྒྱུན་བརྙན་འཕྲིན་ནང་ནས་མཐོང་མྱོང་བ་ལྟར། ཉེ་ཆར་ཁོང་ཉི་ཧོང་ལ་ཕེབས་རྗེས་འདིའི་ཕྱོགས་ལའང་འབྲེལ་བྱུང་འདུག་ཅིང་། ཁོང་གིས་བོད་པའི་བྱིས་པ་ཚོར་རྗེས་མ་བོད་སྐད་ཀྱི་ལམ་ནས་འདི་ལྟའི་རྩེད་མཚར་ གློག་བརྙན་བཟོ་རྒྱུའི་རྨི་ལམ་ཞིག་སྙིང་རྗེ་བོ་ཞིག་ཀྱང་ང་ལ་བཤད་བྱུང་། ང་ཚོས་མངོན་འགྱུར་བྱུང་དང་འབྱུང་བཞིན་པའི་ཁོང་གི་རྨི་ལམ་འདི་དག་གི་མཐའ་རྒྱ་ མྱུལ་བཞིན་མ་འོངས་པའི་བོད་ཀྱི་བརྡ་འཕྲིན་དུས་རབས་ཀྱི་མདུན་ལྗོངས་དེ་འཚོལ་ཆོག
 
རྩོམ་སྒྲིག་པས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 40

  1. Sopa Lhatse says:
    ལོ་ 15 སྔོན།

    གྲྭ་སྨོན་ལམ་ནི་འདོད་ཆུང་མཆོག་ཤེས་ཀྱི་གྲྭ་སྙེམས་ཆུང་ཞིག་ཡིན་པ་མ་གཏོགས་ད་ཟོད་བཙན་བྱོན་ནང་རྒྱུ་སྟོབས་ཆེ་ཤེས་ཞིག་ཆགས་ཡོད་པ་འདོན་མི་བཟའ། ཁྱེད་ཀྱི་འཆི་ལ་ཉེ་བའི་རིགས་གཞུང་ཞིག་སྐྱོབས་རྒྱུ་སེམས་བསྐྱེད་ལ་རྗེས་སུ་ཡིད་རང་དང་ལས་དོན་ལེགས་སྒྲུབ་ཡོང་བའི་བཀྲིས་ཁ་གཡང་སྒྲོགས༎

    Reply
  2. ཨ་རུ་ར། says:
    ལོ་ 15 སྔོན།

    བློ་བཟང་ཚེ་རིང་ལགས། ཁྱེད་རང་གིས་བློ་བཟང་སྨོན་ལམ་ལ་ཕྱག་རོགས་གནང་ན་མི་ལེགས་སམ།

    Reply
  3. བློ་བཟང་། says:
    ལོ་ 15 སྔོན།

    བློ་བཟང་ཚེ་རིང༌།
    (ཁ་སྔོན་ངེད་རང་ནས་བོད་ནང་ནས་གསར་ཐོན་ཚིག་མཛཽད་དེ་ཉོས་ནས་བེད་སྤྱོད་བྱ་བསམ་སྟེ། མིང་ཚིག་ཁག་ཅིག་བཙལ་ནས་དེ་དག་གི་འགྲེལ་བཤད་བཀླགས་པ་ཡིན། དེའི་ནང་ཡིག་ནོར་འདུག དེ་ནས་དགའ་སྣང་དེ་ཡང་ཆུང་དུ་ཕྱིན་སོང་།)
    བོད་དུ་བཟོས་པའི་ཚིག་མཛོད་དེར་མི་དག་པ་འགའ་དཔེ་མཚོན་ཙམ་འགོད་རྒྱུ་རེག་གམ། ཡོད་ན་དེར་བཟོས་པའི་དག་ཡིག་གསར་བསྒྲིགས་ལས་བྲིས།

    Reply
  4. བློ་བཟང་། says:
    ལོ་ 15 སྔོན།

    བོད་དུ་བཟོས་པའི་བློ་བཟང་ཚིག་མཛོད་དུ་ཡོད་པའི་ཚིག་མཛོད་ནི་དུར་དཀར་ཚིག་མཛོད། དག་ཡིག་གསར་སྒྲིགས། བོད་རྒྱ་ཚིག་མཛོད་ཆེན་མོ། རྒྱ་བོད་ཚིག་མཛོད་ཆེན་མོ། དབྱིན་བོད་ཚིག་མཛོད་སོགས་ཚིག་མཛོད་༣༤་ཡོད། ལོ་རྒྱུས། དགོན་པ་ངོ་སྤྲོད། ལེགས་བཤད། གཏན་དཔེ། བརྡ་སྤྲོད། གསོ་རིག་སོགས་མང །
    སྐད་ཆ་དྲང་མོ་བཤད་ན་རྗེས་ལུས་ཀྱི་སྤྱི་ཚོགས་བོད་པ་ཚོར་གཞི་ནས་གློག་རྡུལ་ཚིག་མཛོད་བེད་སྤྱོད་བྱེད་རྒྱུ་བྱུང་བ་རེད། དེང་སང་གློག་ཀླད་རིག་པ་ས་ཁྱབ་རྡོ་ཁྱབ་དུ་འགྲོ་སྐབས་ད་དུང་ང་ཚོས་ལག་པས་ལག་པ་སྐྱོར་ནས་བསྡད་ཡོད་པ་རེད། སྤྱི་ཚོགས་ཀྱི་འཕེལ་འགྱུར་ཧ་ཅང་མགྱོགས་པས་རྒྱལ་ཁབ གཞན་པ་ཚོས་རང་སྐད་དུ་གློག་ཀླད་རིགས་ལོ་རེར་གསར་བ་དང་ཇེ་རྒྱས་སུ་བཏང་ཡོད། ང་ཚོའི་ལག་པ་ད་དུང་སྟོང་བ་ཡིན། འདི་ཅི་ཕྱིར་ཡིན་ནམ། ང་ཚོའི་སྙིང་རྗེ་ཆེ་བས་སེམས་ཅན་དོན་ལ་གཞོལ་བས་འདི་མ་མཐོང་བ་ཡིན་ནམ།
    ཉེ་ཆར་ན་གཞོན་གང་མང་ཞིག་གིས་བོད་ཡིག་བེད་སྤྱོད་མེད་པའི་སྐད་ཆ་བཤད་བཞིན་ཡོད། དེ་ཅི་ཡིན་ནམ།

    Reply
  5. བློ་བཟང་། says:
    ལོ་ 15 སྔོན།

    http://www.louzang.com ལ་ལྟོས་དང་གསལ་བོར་ཤེས།

    Reply
  6. བློ་བཟང་། says:
    ལོ་ 15 སྔོན།

    སྤྲེལ་ལད་མ་ཁྲེལ། མི་རིགས་ལ་ཕན་ཐོགས་འདོད་ན་གློག་ཀླད་དུ་འཇུག་རྒྱུའི་བོད་ཡིག་ལྷུ་ལག་བཟོ་དང་བུ་ཡིན། དེ་མིན་གཞན་གྱིས་བཟོས་ཟིན་པ་ཞིག་གི་ལད་མོ་བྱས་ནས་རང་ཉིད་ཀྱི་བྱས་རྗེས་སུ་མངོན་པ་དེ་སྤྱི་འགོ་རུལ་ཞིག་གྲིབ་མ་ལས་ཅི་ཡང་བྱེད་ཐུབ་མེད།

    Reply
  7. བློ་བཟང་། says:
    ལོ་ 15 སྔོན།

    ཚིག་མཛོད་འདི་ནང་དུ་ཚིག་མཛོད་ཧ་ཅང་མང་།

    Reply
  8. བློ་བཟང་། says:
    ལོ་ 15 སྔོན།

    གློག་རྡུལ་ཚིག་མཛོད་ཆེན་མོ།
    ཁྱབ་བསྒྲཊ་དུས་ཚོད།:2009-03-14 17:39:31 ཡོང་ཁུངས། ངེད་དྲ་ཚིགས་ནས་བཟོས།

    འཛམ་གླིང་སྟེང་ཆེས་ཐོག་མར་ཐོན་པའི་Luozangབོད་རྒྱ་དབྱིན་གློག་རྡུལ་ཚིག་མཛོད་ཆེན་མོ། ད་ལྟ་རྒྱལ་ནང་གི་ས་ཕྱོགས་གང་སར་ཁྱབ་བརྡལ་གཏོང་ཆེད་རྒྱལ་ཡོངས་ལ་ཚོང་བསྡུའི་བརྡ་ཁྱབ་སྤེལ་བ་ཡིན། གང་མགྱོགས་ངང་ཚོང་ལས་སྤེལ་མཁན་ལྷན་རྒྱས་ནས་ངེད་ཀུང་སིར་འབྲེལ་བ་གནང་ཏེ་བྲིན་ཚོང་ཆེ་བའི་ཐོན་རྫས་འདི་མངགས་ཉོ་བྱེད་པར་དགའ་བསུ་ཞུ། །

    ཚོང་བསྡུའི་ཁ་པར། 13908912996 13908916160
    ཡིག་ཟམ། E-mail:Luozang6666@yahoo.cn Luozang@Luozang.com

    Reply
  9. བློ་བཟང་། says:
    ལོ་ 15 སྔོན།

    བློ་བཟང་སྨོན་ལམ་ལགས། ཁྱེད་ཀྱིས་འདི་ལྟར་དྲན་པ་དེ་ཧ་ཅང་བཟང་། ཡིན་ན་ཡང་གློག་རྡུལ་ཚིག་མཛོད་ཆེན་མོ་ནི་བོད་དུ་བཟོས་ཟིནཔས་ཁྱེད་ཀྱིས་དེར་སེམས་ཁྲེལ་མི་དགོས།

    Reply
  10. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    ནོར་བཅོས། ་་་་་་་་་་་་ཉི་མ་དང་པོ་ནས་ཚད་མཐོ་ཤོས་ཤིག་བཟོ་ཁག་པོ་རེད་ལ།

    Reply
  11. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    “བློ་བཟང་ཚེ་རིང༌།
    ༢༠༠༩/༡༡/༣༠ ཉིན་འདོན་སྤེལ་བྱས། དཔེར་ན། གོང་གི་ཚིག་འགྲེལ་ནང་། 2 རོ་དྲུག་གི་ཡ་གྱལ་ཏེ་དོམ་མཁྲིས་ལྟ་བུའི་རྫས་གང་ཁར་རེག་པའི་ཚེ་ཁ་ཡི་དྲི་སྦྱང་ཞིང་ཡི་ག་མེད་པར་གྱུར་པའི་བྲོ་བ་ཞིག…ཞེས་བཀོད་འདུག་པ་འདི་ལྟ་བུ་ཡིན་ན་གོ་ཐུབ་ཀྱི་མི་འདུག གང་ལ་ཟེར་ན། མི་གོ་རྒྱུ་དེ་༼གྱུར༽འདིས་བྱས་འདུག་པ་ལྟ་བུ་རེད། ཚོག་མཛོད་ནི་དག་ཆ་གང་ཞིག་དང་གོ་དོན་གང་ཞིག་གི་ཁུངས་སྐྱེལ་ས་མཐར་ཐུག་དེ་ཆགས་པ་ཞིག་དགོས་སྟབས། གཟབ་ནན་གནང་དགོས་པ་གལ་ཆེ།”
    བསམ་ཚུལ་འདི་ཧ་ཅང་གལ་ཆེན་པོ་མ་རེད། དང་པོ་གང་ཐུབ་ཐུབ་ཙམ་གྱི་དག་པོ་ཞིག་བཟོས། དེ་ནས་ཕྱོགས་མང་པོ་ནས་ཉམས་མྱོང་བསགས་ཏེ་ཞུ་དག་དང་ཡར་རྒྱུས་གཏོང་དགོས་པ་ལས། ཉི་མ་དང་པོ་ནས་ཚད་ཤོས་ཤིག་བཟོ་ཁག་པོ་རེད་ལ། དེ་འདྲ་བཟོ་མ་ཐུབ་ནའང་སྐྱོན་ཆེན་པོ་མ་རེད། དང་པོ་མེད་པ་ནས་ཡོད་པའམ་ས་བོན་ཙམ་བཟོས། དེ་ནས་ཕྱི་རབས་པ་ཚོས་ཡར་རྒྱས་གཏོང་ཆོག་གི་རེད། བོད་མི་ཚོར་སྐྱོན་ཞིག་ཡོད་པ་ནི་མི་ཞིག་གི་ནོར་འཁྲུལ་ཞིག་མཐོང་བ་དང་། ལམ་བཟང་རང་ལངས་ནས་ལག་པ་དང་ཁ་འདར་ནས་ཕ་རོལ་བོ་དེ་ལ་གང་ནག་ནག་གི་སྐད་ཆ་ངན་པ་དང་རྩུབ་པོ་ཁོ་ན་བཤད་ནས་དགག་པ་བརྒྱབ་ཏེ་བརྒྱག་རེས་སློང་གི་འདུག དེ་ལས་ལུགས་དང་མཐུན་པ་དང་གཉིས་ཕན་གྱི་ལམ་ནས་སྐྱོན་འདོན་སྟངས་ཞིག་ཡོད་པ་མ་རེད་དམ།
    བོད་པ་ཚོས་མི་ཞིག་གི་ནོར་འཁྲུལ་དང་ཞན་ཆ་མཐོང་བ་དང་ལམ་སང་ངར་ལངས་ནས་ཁ་དང་ལག་པ་འདར་ནས་སྐད་ཆ་ངན་པ་རྐྱང་ལས་བཤད་མི་ཤེས་པ་འདི་བཅོས་དགོས་ཀྱི་འདུག ནོར་འཁྲུལ་གྱི་ཐོག་ནས་སློབ་སྦྱོང་ལེན་དགོས་པ་རེད། ནོར་འཁྲུལ་མཐོང་ཚད་ནག་ཉེས་སུ་བརྩི་མཁན་ནི་ནོར་འཁྲུལ་རེད།
    འདི་ཡང་དང་པོ་དག་ཤོས་ཅིག་མ་བྱུང་ཡང་མི་སྐྱོན། ཐ་ན་གློག་སྐད་ནང་བོད་ཡིག་ཚིག་མཛོད་འཇོག་སྟངས་ཀྱི་རིག་པ་དེ་ཤེས་ནའང་ཧ་ཅང་མང་པོ་རེད། ཡང་ན་གློག་ནང་ཚིག་མཛོད་འཇུག་རོགས་བྱེད་མཁན་གྱི་མཁས་དབང་མི་སྒེར་དང་ཚོགས་པ་ཁག་བར་འབྲེལ་བ་ཙམ་བཟོ་ཐུབ་ནའང་ཆེས་མང་པོ་རེད། དེའི་ཕྱིར་ལས་ཀ་གང་ཞིག་བསྒྲུབ་ནའང་ནོར་འཁྲུལ་ཤོར་རྒྱུར་ཞེད་མི་རུང་།

    Reply
  12. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    སྨོན་ལམ་ལགས་ཐུགས་རྗེ་ཆེ། ཁྱེད་ནི་ལོ་རྒྱུས་ཀྱིས་བརྗེད་མི་སྲིད། མི་རིགས་
    ཀྱི་རིགས་གནས་ལ་ལག་རྗེས་ཆེ་བས།

    Reply
  13. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    སྐུ་ཞབས་བློ་བཟང་སྨོན་ལམ་ལགས་སྐུ་ཁམས་བཟང་།ཁྱེད་ཀྱིས་སྔོན་ཡང་ང་ཚོ་ལ་ཕན་ཆེ་བའི་ཕྱག་ལས་མང་ཙམ་གནང་ཡོད་ལ་།ད་ལྟ་ཡང་ཚིག་མཛོད་སོགས་དྲ་ལམ་དུ་གཞག་རྩིས་ཡོད་པ་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ།ང་ལ་ཤེས་ཡོན་མེད་པའི་སྐུ་ཞབས་ཁྱེད་ལ་ཕྱག་རོགས་བྱེད་ཐུབ་མ་སོང་།ཡིན་ནའང་ངས་སྙིང་ཐག་པ་ནས་སྐུ་ཞབས་ཁྱེད་སྐུ་ཚེ་རིང་ཞིང་ཐུགས་དགོངས་ཐབས་ཅད་མྱུར་དུ་འགྲབ་པའི་སྨོན་ལམ་ཡོད།

    Reply
  14. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དེང་རབས་ཀྱི་འགྲོས་དང་བརྟེན་ནས་བོད་མི་རིགས་ལ་ཕུང་བསམ་ཡོད་པའི་མི་བུ་ཁྱེད་བོད་གཞུང་ཤེས་རིག་བཀའ་བློན་ཡིན་ན་ག་འདྲ་ཡག་པོ།
    ཤེས་རིག་ལས་ཁུངས་ཀྱིས་ཨ་ཁུ་སྨོན་ལམ་ལ་རྒྱབ་སྐྱོབ་དང་མཉམ་འབྲེལ་ཐོག་ལས་ཀ་བྱེད་ན་དེ་ལས་ཀྱང་ཡག་པོ་ཡོང་གི་རེད་དྲན་གྱིན་འདུག
    སྨོན་ལམ་ཁྱེད་ཀྱི་ཀམ་པུང་དྲའི་བོད་ཡིག་ཡང་བེད་སྤྱོད་ཡག་པོ་འདུག་ཐུགས་རྗེ་ཆེ་ཞུ།

    ཡིན་ཡང་ཐ་སྙད་གསར་པའི་སྐོར་ལ་ཐུགས་བཟབ་གནང་དགོས་པ་ཞིག་རེད་དྲན་གྱིན་འདུག་

    དཔེ་ན་་་་་་་་་་་་་་་་་་་་་moden tibetan dictionary་་་་་་་་་་་་་་་་་་་་་་་་་་་་་་་་་སྨོན་ལམ་ཐུན་མོང་སྐད་གདངས།

    orange་་་་་་་་་་་་་་རྒྱ་སིལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཚ་ལུ་མ།
    cauliflower་་་་མེ་ཚལ་དཀར་པོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མེ་ཏོག་པད་ཚལ།
    pcanat་་་་་་་་་་་་་བ་དམ། ས་སྟར་ཀ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བྷ་དམ།
    དོན་གཅིག་ལ་ཐ་སྙད་མི་འདྲ་བ་བཟོ་ཟིན་པ་རྣམས་དང་མ་འོང་བཟོ་བཞིན་པ་རྣམས་ཀྱང་དོན་གཅིག་ལ་ཐ་སྙད་མི་འདྲ་བ་མང་བརྡ་སྦྱར་ན་ཡག་པོ་མ་རེད་དྲན་གྱིན་འདུག་

    Reply
  15. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ཀྱི་མཛད་འཕྲིན་གོང་འཕེལ་དང༌། མཛད་འཆར་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply
  16. གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    སྒེའུ་ཁུང་ XP ནང་དུ་དྲྭ་ཐོག་གླེང་མོལ་གནང་དུས་བོད་ཡིག་ཚུར་འཆར་བ་ལས། ཕར་བྲིས་ས་རག་གི་མི་འདུག་པར་གདོང་ལན་ག་འདྲ་བྱེད་དགོས་སམ། ང་རང་མ་ཚད་གྲོགས་པོ་མང་པོ་ཞིག་ལ་དཀའ་ངལ་དེ་ག་རང་ཕྲད་ཀྱི་འདུག

    Reply
  17. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཁ་བརྡ་དྲ་ཐོག་ནས་ངའི་མིང་གིས་མཆན་བུ་འདོགས་མཁན་ཞིག་ཀྱང་རྙེད་སོང་། འདི་ཐེངས་མ་གཉིས་པ་དེ་ཡིན། བྱ་སྤྱོད་འདི་རིགས་ཡག་པོ་མི་འདུག ད་གྲོགས་ཚོས་དེ་འདྲ་མ་གནང་རོགས་ཞུ།

    Reply
  18. ཕུན་ཚོགས། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། ཉོན་ཨ།

    ཟ་ལེ་རྒྱལ་ཟེར་བ་ནི་ནི་སུ་གང་གིའང་བདག་བཟུང་བྱེད་དགོས་པ་ཞིག་མ་རེད། མི་སྐོར་ཞིག་གི་བྱ་སྤྱོད་སྟོན་བྱེད་ཐ་སྙད་ཅིག་ཡིན་སྟབས། འདི་ནི་སུ་ཞིག་གིས་བེད་སྤྱོད་གཏོང་བསམ་ན་དེས་བཏང་ན་འགྲིག་པ་ཞིག་རེད། འདི་ལྟར་ཟ་ལེ་རྒྱལ་ཟེར་མཁན་མང་པོ་ཡོང་གི་རེད། དེ་ནི་འགོག་དགོས་པ་ཞིག་མ་རེད། ང་ཡིན་ཁྱོད་མིན་ཟེར་དགོས་པ་ཞིག་ཀྱང་མ་རེད། ང་ཚོའི་སྨྱུག་མིང་གི་གནས་སྟངས་འདིའི་ནང་ནས། ཟ་ལེ་རྒྱལ་ནི་གཅིག་མ་གཏོགས་བཅུ་བྱུང་བ་ཡིན་ནའང་ཁྱད་པར་ཅི་ཡང་མེད། ཟ་ལེ་རྒྱལ་ཟེར་བ་གཉིས་བྱུང་ཡོད་པ་འདི་གཉིས་བསྡུར་ན། ཟ་ལེ་རྒྱལ་གསར་ཐོན་འདིས་ཡི་གེ་དག་མོ་རེ་བྲིས་ནས་ཡོང་འདུག དེ་ནི་ང་ཚོར་དགོས་རྒྱུ་དེ་རེད། དྲ་གྲོགས་ཚོ། ཕར་བལྟས་ཚོད་ལ། ཡིག་ནོར་མང་པོ་འབྲི་མཁན་གྱི་གསར་ལེ་རྒྱལ་དེ་ཟ་ལེ་རྒྱལ་རྙིང་བ་དེ་རེད། ཟ་ལེ་རྒྱལ་གསར་བ་འདི་དེ་རིང་གཞི་ནས་སླེབས་མ་ཐག་རེད། ཧ་ལམ་ཡིག་ནོར་འབྲི་མི་དགོསཔའི་གནས་ཚད་ཡོད་པ་ཞིག་ཡིན་པ་འདྲ། ད་ཡོད་ཟ་ལེ་རྒྱལ་གཉིས་ལ་འདི་འདྲའི་ཁྱད་པར་ཡོད་པའི་ངོས་འཛིན་བྱས་པ་ཡིན་ན། དེས་འགྲིག་གི་རེད།

    Reply
  19. གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    དེང་དུས་བོད་ཀྱི་དཔའ་བོ་བློ་བཟང་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ། ཁྱོད་རང་སྐུ་ཚེ་ཡུན་རིང་དུ་བརྟན་པའི་སྨོན་ལམ་འདེབས། དངོས་གནས་འདི་འདྲ་གཏམ་བཟང་ཞིག་གོ་དུས་ང་རང་དགའ་དྲག་སྟེ་མིག་ཆུ་ཡང་ཤོར་སོང་། བོད་པ་ལ་ཁྱོད་རང་འདྲ་བ་ད་དུང་ཁ་ཤས་ཡོད་ན་ཀྱེ་མ་རུང་། ཁྱོད་ནི་བོད་ཀྱི་རིག་རྩལ་མཁན་ཐོག་མ་དེ་འདོད། ཐུགས་རྗེ་ལན་བརྒྱ་ཆེ་ཞུས་ཀྱི་ཡོད།

    Reply
  20. རྭ་ལོ། says:
    ལོ་ 15 སྔོན།

    ཟ་ལེ་རྒྱལ་འདི་དག་ནི་སྤྱིར་ཁ་ལས་མི་དགེ་རུང་། ཁོང་ཚོར་ལ་རྒྱ་དང་བླ་རྐང་ཡོད་རབས་གོ་མྱོང་བས་མིང་བརྩད་དེ་མིག་མི་རྫོད་པའི་རེ་བ་ཡོད།

    Reply
  21. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    ངས་ཀྱང་ཟ་ལེ་རྒྱལ་གྱི་མིང་ཐོག་ནས་མཆན་པུ་འདེབས་མཁན་འདི་ཅུང་ཙམ་མིན་ན་ནོར་སོང་། ད་ནི་རྡ་སའི་ཟ་ལེ་རྒྱལ་ཟེར་ནས་མཆན་པུ་འབྲི་དུས་སུ་མིང་བཅོས་པ་ཡིན་ན་ཡག་པོ་འདུག

    སྐབས་དོན་གྱི་གླེང་གཞི་ནི། ཨ་ཁུ་སྨོན་ལམ་ལགས་ཀྱི་བྱ་བ་རླབས་ཆེན་འདི་ལ་ལམ་ལྷོང་ཡོང་བར་གང་ན་སུ་ཡོད་མཁན་བོད་རིགས་མཁས་པ་དང་ཉམ་མྱོང་རྒན་པོ་དག་གིས་རོགས་རམ་བྱེད་རྒྱུར་འབོད་སྐུལ་ཡོད་ལ། ཨ་ཁུ་སྨོན་ལམ་ལགས་ཀྱི་སེམས་ཤུགས་དང་ལྷག་བསམ་དེར་སེམས་ཁོང་རུས་པའི་གཏིང་ནས་གུས་བརྩི་དང་དགའ་ཞེན་ཆེན་པོ་ཡོད།

    Reply
  22. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    ཟ་ལེ་རྒྱལ་ཟེར་བའི་དྲ་གྲོགས་ཤིག་གིས་ངའི་མིང་ཐོག་ནས་མཆན་འབྲི་བཞིན་འདུག་པས་རབ་ཡིན་ན་དེ་འདྲ་མ་བྱེད་རོགས། ཁྱོད་རང་རྡ་སའི་ཟ་ལེ་རྒྱལ་ཡིན་ན་མཆན་འདོག་སྐབས་དེ་དོན་གསལ་བཤད་བྱེད་རོགས།

    Reply
  23. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    བློ་བཟང་ཚེ་རིང་ལགས། གཞི་འཛིན་ས་དག་ཡིག་གསར་སྒྲིག་དང་བོད་རྒྱ་ཚིག་མཛོད་ཆེན་མོ་གཉིས་ཡིན་པར་བཤད་སོང་། འདི་གཉིས་ཀའི་ནང་ནས་དག་ཆ་གང་འོས་བདམས་ནས་སྒྲིག་རྒྱུ་ལས་གང་ཡོད་ཆ་ཚང་འགོད་ཀྱིན་མེད་པ་འདྲ། གང་ལྟར། ད་ལྟའི་ཆར་ཞུ་དག་གི་རིམ་པ་ཡིན་སྟབས་ཤ་གཟུགས་ཟ་རྐྱང་གནང་གིན་མེད་པ་མངོན་གསལ་རེད།
    འདི་དག་གི་སྐོར་ནི་ཨ་ཁུ་སྨོན་ལམ་ཁོང་ཉིད་ལ་སྐད་ཆ་དྲིས་ན་སྟབས་བདེ་བ་ཆགས་གི་རེད། གནས་སྐབས་འདི་ཙམ་ཡིན།

    Reply
  24. བློ་བཟང་ཚེ་རིང༌། says:
    ལོ་ 15 སྔོན།

    ང་རང་ལ་མཚོན་ན། ད་ལྟ་གཞི་ནས་འདི་འདྲ་ཞིག་བསྒྲིགས་བཞིན་པའི་སྐབས་འདིར། རང་ཉིད་ཀྱི་ངོས་ཐད་ནས་དྭང་བླང་གིས་ཞབས་ཞུ་ཞུ་འདོད་བྱུང་། དེ་རིང་སང་ཉིན་བྱས་ནས་སྐུ་ཞབས་སྨོན་ལམ་ལ་དྭང་བླང་གི་རོགས་པ་ཞུ་འདོད་བྱུང་། ད་ནི་ཡིན་དཱ། ཡི་གེ་དག་མོ་རེ་ཤེས་མཁན་ཚང་མས། ད་རེས་མཉམ་རུབ་ཀྱི་ནུས་པ་ཞིག་གིས་སྐུ་ཞབས་སྨོན་ལམ་ལགས་ཀྱི་ཕྱག་ལས་དང་དམིགས་ཡུལ་ལ་རྒྱབ་སྐྱོར་བྱེད་དགོས་པ་གལ་ཆེ་བར་མཐོང་།

    Reply
  25. བློ་བཟང་ཚེ་རིང༌། says:
    ལོ་ 15 སྔོན།

    རེད་ལགས། མི་ནག་ཚང་ལ་འདྲི་རྒྱུ་ཞིག་ཡོད། བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དག་ཡིག་གསར་བསྒྲིགས་གཉིས་ཇི་མ་ཇི་བཞིན་གློག་ཀླད་ནང་བཅུག་འདུག་གམ། དེ་གཉིས་ཀྱི་ནང་ན་ཡོད་པའི་འགྲེལ་བཤད་དང་དག་ནོར་དེ་ཚོ་བཅོས་ནས་བཅུག་འདུག་གམ། བོད་རྒྱ་ཚིག་མཛོད་དང་དག་ཡིག་གསར་བསྒྲིགས་གཉིས་ཀའི་ནང་ན་ནོར་འཁྲུལ་ཡོད་པ་རེད། དག་ཆའི་ཐད་ནའང་ནོར་འཁྲུལ་ཡོད་པ་རེད། དེ་གཉིས་ཀྱི་གང་ཡིན་ཡང་། ཤ་གཟུགས་ཟ་རྐྱང་མིན་སྟབས། དེ་ཚོར་གང་འདྲ་གནང་འདུག་གམ།

    Reply
  26. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    གོང་དུ་དྲ་གྲོགས་ཤིག་ནས་དག་མོ་ཞིག་ཡོང་དགོས་ཀྱི་འདུག་ཟེར་བ་འདི་གནད་འགག་གི་སྐད་ཆ་རེད། དེ་ནས་ཚིག་མཛོད་སྒྲིག་དུས་སྣ་འཛོམས་པོ་དང་སྤུས་དག་པོ་ཞིག་ཡོང་དགོས་ཀྱི་ཡོད་རེད། དེ་ལྟར་ཡོང་བ་ལ་མཉམ་རུབ་དང་མཉམ་ལས་ཟེར་བ་དེ་ཡང་ཧ་ཅང་ནས་གལ་ཆེ། བློ་བཟང་སྨོན་ལམ་གྱི་ཕྱག་ལས་འདིར་བོད་རིགས་ཤེས་ལྡན་པ་མང་པོས་ཕྱག་རོགས་གནང་དགོས་རྒྱུ་ཧ་ཅང་ནས་གལ་ཆེ་གི་ ལྷག་པར་དུ་ཚིག་མཛོད་བསྒྲིགས་མྱོང་མཁན་དང་ཚིག་མཛོད་ཀྱི་ཕྱག་ལས་གནང་མཁན་དེ་ཚོས་རོགས་རམ་དགོས་སར་རོགས་རམ་ངེས་པར་དུ་གནང་དགོས་བ་རེད།
    ལོ་རྒྱུས་བསྒྲིགས་ཡ་ཟེར་བ་འདྲ་བོ་དང་ཚིག་མཛོད་བསྒྲིག་ཡ་ཟེར་བ་འདི་ཚོའི་རིགས། མི་སྒེར་གཅིག་ཇི་ཙམ་གྱིས་རྣམ་དཔྱོད་རྒོད་པོ་དང་འཇོན་པོ་ཡོད་ན་ཡང་། མཉམ་རུབ་བྱེད་རྒྱུ་ཧ་ཅང་གལ་གནད་ཆེན་པོ་འདུག དེར་བརྟེན། བོད་རིགས་ཤེས་ལྡན་པ་ཚོས་མ་སྐུལ་དྭང་བླངས་ཀྱིས་བློ་བཟང་སྨོན་ལམ་ལ་ཕྱོགས་ཡོངས་ནས་རོགས་འདེགས་གནང་རོགས།

    Reply
  27. དཀོན་མཆོག says:
    ལོ་ 15 སྔོན།

    ཆ་འཕྲིན་སྐོར་གླེང་མོལ་གནང་བཞིན་པ་རེད་འདུག་བསམ་བྱུང་། ཡིན་ནའང་གྲོགས་པོ་ཟ་ལེ་རྒྱལ་གྱིས་བོད་གཞུང་ཟློ་སྒར་གླེང་དགོས་པའི་རྒྱུ་གང་ཡིན་ནམ།
    བོད་གཞཱུང་ཟློས་གར་སྐོར་བསམ་ཚུལ་ལེགས་པོ་ཞིག་བྲིས་ནས་དུས་བབ་བསམ་ཚུལ་ལེ་ཚན་ནང་
    སྤེལ་རོགས་བྱེད་ན་དེ་ནས་ང་ཚོས་དེའི་སྐོར་གླེང་ཆོག་གི་རེད་དུ་སྙམ།

    Reply
  28. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    ང་ནི་རྡ་སའི་ཟ་ལེ་རྒྱལ་ཡིན།

    Reply
  29. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    བཙན་བྱོལ་ནང་གི་བོད་གཞུང་ཟློས་གར་ཟེར་བ་འདི་ཚོས་གོང་གི་ཚིག་འདི་འདྲ་ཞིག་ད་ག་ག་བ་བོད་གཞུང་གི་ཟློས་གར་གྱི་མིང་བྱང་ཡོད་དུས་མ་མཐར་ཡང་ཆོལ་ཁ་གསུམ་གྱི་གཞས་སྣ་རེ་ངེས་པར་དུ་ཚང་དགོས་ཀྱང་འདིས་ནི་དབུས་གཙང་གི་གཞས་སྣ་ལས་ཁམས་དང་ཨ་མདོའི་གཞས་ཤིག་ནམ་ཡང་འཁྲམ་མྱོང་མེད། ལྷག་པར་དུ་ཨ་མདོའི་གཞས་ཤིག་དེ་བས་འཁྲབ་མྱོང་མེད་པ་འདི་རིགས་མུ་མཐུད་བྱུང་ན་ཆོལ་གསུམ་རྡོག་རྩ་གཅིག་བསྒྲིལ་ཟེར་བ་ནམ་ཡང་ཡོང་མི་སྲིད།

    གཞས་ཚིག་གཟིགས་དང་འདིའི་སྐོར་གཟིགས་འདོད་ན་བསྟན་པ་ཡར་འཕེལ་གྱི་ཟིན་བྲིས་ནང་མཆན་མང་པོ་སྤེལ་འདུག

    Reply
  30. རྭ་ལོ། says:
    ལོ་ 15 སྔོན།

    ཟ་ལེ་རྒྱལ་འདི་ཧྥ་རན་སི་ན་ཡོད་པའི་ཟ་ལེ་རྒྱལ་དེ་མིན་པ་འདྲ། གལ་སྲིད་མིན་ཚེ་དེ་དོན་གསལ་བཤད་ཅིག་གནང་རོགས།

    Reply
  31. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    གོང་གི་འདི་ནི་ཞུ་དག་བྱས་མེད་པའི་ཚིག་མཛོད་ཀྱི་མ་དཔེ་རེད། མ་དག་པ་དེའང་དག་ཡིག་གསར་སྒྲིག་དང་བོད་རྒྱ་ཚིག་མཛོད་ཆེན་མོ་གཉིས་རེད། འདི་ལ་ཞུ་དག་བྱེད་བཞིན་པའི་སྒང་རེད།

    Reply
  32. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    བཙན་བྱོལ་ནང་གི་བོད་གཞུང་ཟློས་གར་ཟེར་བ་འདི་ཚོས་གོང་གི་ཚིག་འདི་འདྲ་ཞིག་ད་ག་ག་བ་བོད་གཞུང་གི་ཟློས་གར་གྱི་མིང་བྱང་ཡོད་དུས་མ་མཐར་ཡང་ཆོལ་ཁ་གསུམ་གྱི་གཞས་སྣ་རེ་ངེས་པར་དུ་ཚང་དགོས་ཀྱང་འདིས་ནི་དབུས་གཙང་གི་གཞས་སྣ་ལས་ཁམས་དང་ཨ་མདོའི་གཞས་ཤིག་ནམ་ཡང་འཁྲམ་མྱོང་མེད། ལྷག་པར་དུ་ཨ་མདོའི་གཞས་ཤིག་དེ་བས་འཁྲབ་མྱོང་མེད་པ་འདི་རིགས་མུ་མཐུད་བྱུང་ན་ཆོལ་གསུམ་རྡོག་རྩ་གཅིག་བསྒྲིལ་ཟེར་བ་ནམ་ཡང་ཡོང་མི་སྲིད།

    གཞས་ཚིག་གཟིགས་དང་འདིའི་སྐོར་གཟིགས་འདོད་ན་བསྟན་པ་ཡར་འཕེལ་གྱི་ཟིན་བྲིས་ནང་མཆན་མང་པོ་སྤེལ་འདུག

    Reply
  33. བློ་བཟང་ཚེ་རིང༌། says:
    ལོ་ 15 སྔོན།

    དཔེར་ན། གོང་གི་ཚིག་འགྲེལ་ནང་། 2 རོ་དྲུག་གི་ཡ་གྱལ་ཏེ་དོམ་མཁྲིས་ལྟ་བུའི་རྫས་གང་ཁར་རེག་པའི་ཚེ་ཁ་ཡི་དྲི་སྦྱང་ཞིང་ཡི་ག་མེད་པར་གྱུར་པའི་བྲོ་བ་ཞིག…ཞེས་བཀོད་འདུག་པ་འདི་ལྟ་བུ་ཡིན་ན་གོ་ཐུབ་ཀྱི་མི་འདུག གང་ལ་ཟེར་ན། མི་གོ་རྒྱུ་དེ་༼གྱུར༽འདིས་བྱས་འདུག་པ་ལྟ་བུ་རེད། ཚོག་མཛོད་ནི་དག་ཆ་གང་ཞིག་དང་གོ་དོན་གང་ཞིག་གི་ཁུངས་སྐྱེལ་ས་མཐར་ཐུག་དེ་ཆགས་པ་ཞིག་དགོས་སྟབས། གཟབ་ནན་གནང་དགོས་པ་གལ་ཆེ།

    Reply
  34. བློ་བཟང་ཚེ་རིང༌། says:
    ལོ་ 15 སྔོན།

    གློག་ཀླད་ཚིག་མཛོད་ནི་དགོས་ངེས་ཅན་རེད། ཡིན་ནའང་། ཁ་སྔོན་ངེད་རང་ནས་བོད་ནང་ནས་གསར་ཐོན་ཚིག་མཛཽད་དེ་ཉོས་ནས་བེད་སྤྱོད་བྱ་བསམ་སྟེ། མིང་ཚིག་ཁག་ཅིག་བཙལ་ནས་དེ་དག་གི་འགྲེལ་བཤད་བཀླགས་པ་ཡིན། དེའི་ནང་ཡིག་ནོར་འདུག དེ་ནས་དགའ་སྣང་དེ་ཡང་ཆུང་དུ་ཕྱིན་སོང་། ད་ལྟ་ང་ཚོའི་སྐུ་ཞབས་སྨོན་ལམ་ལགས་ནས་གློག་ཀླད་ཚིག་མཛཽད་བཟོ་བཞིན་པ་འདིས་དགའ་སྣང་གསར་པ་ཞིག་སླེབས་པར་བྱས་སོང་། ཚིག་མཛོད་དག་མོ་ཞིག་བཟོ་རོགས་ཞེས་སྙིང་ཁོང་རུས་པའི་གཏིང་ནས་ཞུ་འདོད་བྱུང། སྐུ་ཚབས་སྨོན་ལམ་ལགས་ནས་སུ་ཞིག་ལ་ཞུས་དག་གི་སྐྱབས་འཇུག་ཞུས་ནའང་འདྲ། དེ་ཚོ་ཚང་མས་ནན་ཏན་ཞིག་གནང་རོགས།

    Reply
  35. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    བོད་ཡིག་འབྲི་མཁན་དང་ཀློག་མཁན་ཚང་མས་རྗེས་ཕྱོགས་དག་ཆའི་ཕྱོགས་ལ་ཡིད་ཚིམས་པ་ཞིག་སྦྱོང་རོགས།

    ཉིན་རྟག་པར་བོད་ཡིག་འབྲི་བ་དང་བོད་ཡིག་ཀློག་མཁན་ཚོས་ཉིན་རྟག་པར་ཚིག་མཛོད་ལས་མིང་ཚིག་དག་མོ་དག་འཁྱེར་ཡོང་རྒྱུ་གལ་ཆེན་པོ་རེད།

    ངའི་བསམ་པར། དྲ་ངོས་ཀྱི་ཚིག་མཛོད་དེའི་ཟུར་ཞིག་ཏུ་ཚིག་གསར་རེ་སྣོན་ཐུབ་པ་ཞིག་བཟོས་ན་ལེགས་པར་འདོད།

    ཡང་ན། ཚིག་གསར་རེ་ལ་མི་ཚང་མས་འདོད་པ་ཡོད་མེད་ཀྱི་བསམ་ཤོག་འཕེན་ས་ཡོད་ནའང་འགྲིག་པར་འདོད།

    དེ་བཞིན། ལོ་རེའི་ནང་གི་ཚིག་གསར། words of the year…. ཞེས་པའི་ལེ་ཚན་ཞིག་ཡོད་ནའང་འཐུས། གང་ལྟར་དྲ་རྒྱ་འདི་བོད་ཀྱི་ཚིག་མཛོད་ཀྱི་དྲ་ངོས་ཤིག་ལ་བསྒྱུར་ན་ཤིན་ཏུ་ལེགས་པར་འདོད།

    Reply
  36. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    བཙན་བྱོལ་ནང་གི་བོད་གཞུང་ཟློས་གར་ཟེར་བ་འདི་ཚོས་གོང་གི་ཚིག་འདི་འདྲ་ཞིག་ད་ག་ག་བ་བོད་གཞུང་གི་ཟློས་གར་གྱི་མིང་བྱང་ཡོད་དུས་མ་མཐར་ཡང་ཆོལ་ཁ་གསུམ་གྱི་གཞས་སྣ་རེ་ངེས་པར་དུ་ཚང་དགོས་ཀྱང་འདིས་ནི་དབུས་གཙང་གི་གཞས་སྣ་ལས་ཁམས་དང་ཨ་མདོའི་གཞས་ཤིག་ནམ་ཡང་འཁྲམ་མྱོང་མེད། ལྷག་པར་དུ་ཨ་མདོའི་གཞས་ཤིག་དེ་བས་འཁྲབ་མྱོང་མེད་པ་འདི་རིགས་མུ་མཐུད་བྱུང་ན་ཆོལ་གསུམ་རྡོག་རྩ་གཅིག་བསྒྲིལ་ཟེར་བ་ནམ་ཡང་ཡོང་མི་སྲིད།

    གཞས་ཚིག་གཟིགས་དང་འདིའི་སྐོར་གཟིགས་འདོད་ན་བསྟན་པ་ཡར་འཕེལ་གྱི་ཟིན་བྲིས་ནང་མཆན་མང་པོ་སྤེལ་འདུག

    Reply
  37. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཀུ་ཤུ་རྟགས་ཅན་གྱི་ཚིག་མཛོད་འདི་ལ་ཁྱད་ཆོས་ཤིག་ཡོད་པ་ནི།

    དཔེར་ན། ཁ་བ། ལྟ་བུ་ཡིན་ན། 1. ཐ་མི་དད་པ། དྲི་མ་འཐུལ་བ།…མེ་ཏོག་གི་དྲི་བསུང་རྒྱང་རིང་དུ་ཁ་བ།… 2. … 1 གངས།…ཁ་བ་སིབ་སིབ་འབབ་པ།…རྡོ་ཚན་གྱི་སྟེང་དུ་ཁ་བ་བབ་པ།…མིང་གི་རྣམ་གྲངས་ལ་གངས་དང༌། ཆར་སྐུ། མཆོད་བྱ་བཅས་སོ། 2 རོ་དྲུག་གི་ཡ་གྱལ་ཏེ་དོམ་མཁྲིས་ལྟ་བུའི་རྫས་གང་ཁར་རེག་པའི་ཚེ་ཁ་ཡི་དྲི་སྦྱང་ཞིང་ཡི་ག་མེད་པར་གྱུར་པའི་བྲོ་བ་ཞིག…

    ཞེས་འབྱུང་ལ། གོང་གི་འགྲེལ་འདི་དག་གི་ནང་ན་ཚིག་མི་གོ་བ་འདྲ་ཡོད་ན། ཐད་ཀར་དེའི་སྟེང་བསྣུན་ན་དེའི་ཚིག་འགྲེལ་ཡང་ཐད་ཀར་དུ་འཁྱེར་ཡོང་གི་རེད།

    Reply
  38. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    བོད་ཀྱི་སྐད་ཡིག་གི་བཀོལ་སྤྱོད་དེ་ྐློག་དེབ་དང་མདུན་ཅོག་གི་སྒང་ན་མ་གཏོགས་མེད་པའི་དུས་ཚོད་ཞིག་ལ། གོ་ལ་གཅིག་གྱུར་གྱི་དྲ་རྒྱའི་ཁྲོམ་རའི་ཐོག་བོད་ཀྱི་སྐད་ཡིག་ལ་བཀོལ་སྤྱོད་ཀྱི་མདུན་ལམ་གསར་བ་ཞིག་རེག་བཞིན་པ་འདི་ཡང་ཤིན་ཏུ་ནས་དགའ་འོས་བ་ཞིག་རེད།

    Reply
  39. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    བཀུར་འོས་བློ་བཟང་སྨོན་ལམ་ལགས་ཀྱི་རྨི་ལམ་འདི་དག་ལེགས་འགྲུབ་ཡོང་བའི་རེ་བ་དང་སྨོན་འདུན་ཡོད་ལ་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་བ་ཞིག་ཡོང་རྒྱུའི་རེ་བ་ལྷག་ཏུ་ལྕི།
    བོད་རིགས་ཚོས་འདི་ལྟར་སོ་སོའི་ཕུགས་འདུན་གྱི་རྗེས་སུ་བསྙེག་སྟེ་ཕྱོགས་གང་ས་ནས་སྤྱི་ཚོགས་ཀྱི་སྟོང་ཆ་ཁག་བསྐོང་ཐབས་ལ་འབད་དགོས་ཀྱི་འདུག
    ལྷག་པར་དུ་ཕྱི་སྡོད་བོད་རིགས་ཆེད་ལས་བ་དང་རིགས་གཅིག་རྐང་འཛིན་པ་ཚོས་ཀྱང་མཉམ་རུབ་ཀྱི་ལམ་ནས་རང་གི་སྤྱི་ཚོགས་ཀྱི་དགོས་མཁོ་བསྐོང་ཐབས་ལ་ད་ལྟ་ནས་ལས་གཞི་རྩོམ་དགོས་ཀྱི་འདུག འཆར་གཞི་བསྒྲིག་དགོས་ཀྱི་འདུག འབད་བརྩོན་གནང་དགོས་ཀྱི་འདུག ཨ་ཁུ་བློ་བཟང་སྨོན་ལམ་ལགས་ལ་བསྐྱར་དུ་བཀའ་དྲིན་ཆེ་ཞུ་བཞིན་ཡོད།

    Reply
  40. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    དེང་རབས་དང་མཐུན་པའི་བོད་ཀྱི་སྐད་ཡིག་ལ་བཀའ་དྲིན་ཆེ་བ་བློ་བཟང་སྨོན་ལམ་ལགས་ཐུགས་རྗེ་ཆེ། ལོ་རྗེས་མ་ངས་ཀུ་ཤུ་རྟགས་ཅན་གྱི་རྩིས་འཁོར་ཞིག་ཉོ་ཁོ་ཐག་ཡིན། གང་ལགས་ཞུས་ན་བོད་ཡིག་གི་བཀོལ་སྤྱོད་བྱ་ཆོག་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese