མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་སྒེའུ་ཁུང་།

བོད་ཀྱི་དུས་བབ།
༢༠༠༩/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

༼དམར་ཤོག་དཔོན་པོར་ཉེས་ཁྲིམས་ཕོགས་པ།༽
སི་པན་གྱི་ཁྲིམས་ཁང་གིས་ཚོགས་སྡེ་རྩ་གཏོར་གྱི་ཉེས་བ་དང་གདུག་རྩུབ་ཀྱི་ཉེས་པ་བསགས་པ་བཅས་ཀྱི་ཐོག་ནས། རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་དང་། དམར་ཤོག་དཔོན་རིགས་ལོ་ཀན། པའོ་ཞིས་ལེ། ཅ་ཆིན་ལིན། ཝུ་ཀོན་ཀྲིན་བཅས་མི་ ༥ ཡིས་ཆོས་འཁོར་རྩ་རླུང་ཚོགས་པ་རྩ་གཏོར་དང་ཆོས་འཁོར་སྒོམ་སྒྲུབ་པ་རྣམས་ལ་གདུག་རྩུབ་དྲག་གནོན་བྱས་ཡོད་པར་བརྟེན། ཕྱི་ཟླ་ ༡༡ པའི་ཚེས་ ༢༥ ཉིན་ཁྲིམས་ཁང་གིས་གོང་གི་རྒྱ་ནག་དཔོན་རིགས་ ༥ ཉེས་གཏུགས་བྱས་པའི་ཉེས་དོན་བདེན་པ་དཔང་འཕེར་བྱུང་བའི་གསལ་བསྒྲགས་སྤེལ་ཏེ། མ་མཐར་ཡང་ལོ་ ༢༠ ཡི་ཉེས་ཁྲིམས་བཙོན་འཇུག་དང་གནོད་སྐྱོན་ཕོགས་མཁན་དག་ལ་ཀུན་གསབ་སྤྲོད་དགོས་པའི་བཅད་ཁྲ་བཏང་ཡོད་པ་དང་།  གོང་གི་ཉེས་ཅན་པ་དག་གིས་བདུན་ཕྲག་ ༤ ནས་ ༦ གི་ནང་ཚུད་དུ་ལྡོག་གཏུགས་བྱས་ཆོག་ལ། གལ་སྲིད་ལྡོག་གཏུགས་ཅི་ཡང་མ་ཞུས་ཚེ། ཁྲིམས་ཁང་གིས་རྒྱལ་སྤྱིའི་སྟེང་འཛིན་བཟུང་བཀའ་རྒྱ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།

༢༠༠༢ ལོ་ནས་ད་ལྟའི་བར་ཆོས་འཁོར་རྩ་རླུང་ཚོགས་པས་རྒྱལ་སྤྱིའི་སྟེང་རྣམ་པ་འདྲ་མིན་ཐོག་ཞུ་གཏུགས་ ༥༠ ལྷག་བྱས་ཡོད་པ་དང་། ཉེ་སྔོན་རྒྱལ་ཁབ་ ༣༠ ལྷག་གི་ཁྲིམས་རྩོད་པ་ ༧༠ བརྒལ་བ་ ༼ཅང་ཙེ་མིན་གཏུགས་བཤེར་རྒྱལ་སྤྱིའི་ཁྲིམས་རྩོད་པའི་ཚོགས་སྡེ༽ཞེས་པའི་ནང་ཞུགས་ཏེ་ཆོས་འཁོར་རྩ་རླུང་ཚོགས་པའི་གཏུགས་བཤེར་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད། ལྷག་པར་དུ་ཅང་ཙེ་མིན་གཏུགས་བཤེར་ཁྲིམས་དོན་དེ་རྒྱལ་ཁབ་ ༡༥ ནང་དུ་ཁྲིམས་རྩོད་ཞུ་གཏུགས་དང་དམངས་ཁྲོད་གཏུགས་བཤེར་གཉིས་ཀྱི་སྒོ་ནས་བྱ་འགུལ་སྤེལ་ཏེ་རྒྱལ་སྤྱིའི་སྟེང་དོ་སྣང་ཤུགས་ཆེན་བྱུང་ཡོད་པ་རེད། ཧོང་ཀོང་མཐུན་ཚོགས་ཀྱི་ཚོགས་གཙོ་ཟི་ཐའོ་ཧྭ་ཡིས་དེའི་ཐད་བརྗོད་དོན། ༼ཅང་ཙེ་མིན་གཙོས་དམར་ཤོག་སྲིད་གཞུང་གི་དཔོན་རིགས་ཚོས་ཁྲིམས་རར་ལྡོག་གཏུགས་ཀྱིས་དག་འབུལ་བྱེད་མི་ཐུབ་པ་ང་ལ་གདེང་ཚོད་ཡོད། དེའི་རྒྱུ་མཚན་ནི། ཁོ་ཚོས་རྒྱལ་སྤྱི་ལ་གདོང་གཏད་དེ་དཔྱད་གླེང་བྱེད་ནུས་ཀྱིན་མེད་པ་རེད། དེ་ཡིས་ཁོ་ཚོར་བདེན་པ་ཐེར་འདོན་གྱི་བློ་ཁོག་དང་གནས་ལུགས་ཀྱིས་སྟོང་བ་མཚོན་ཡོད། ༽ཅེས་བརྗོད་ཡོད་འདུག 

༼དམངས་གཙོ་དོན་གཉེར་བ་ཧོང་ཅི་ལ་ཁྲིམས་ཐག་བཅད་པ།༽
ཟི་ཁྲོན་ས་ཡོམ་རྗེས་རྐྱེན་འདས་སུ་སོང་བའི་བུ་ཕྲུག་གི་ཕ་མར་རྒྱབ་རོགས་བྱས་ཏེ། སློབ་གྲྭ་དག་གི་འཛུགས་སྐྲུན་རྒྱུ་སྤུས་ཞན་པའི་རྐྱེན་གྱིས་སློབ་ཁྲིད་ཐོག་ཁང་བཤིག་རལ་དུ་སོང་བའི་རྒྱུ་རྐྱེན་དཔྱད་ཞིབ་པ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཧོང་ཆི་ལགས་ལ། ཕྱི་ཚེས་ ༢༣ ཉིན་རྒྱ་ནག་ཁྲིན་ཏུའུ་ཝུ་ཧུ་ས་གནས་ཁྲིམས་ཁང་གིས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག  ཁྲིམས་ཁང་གིས་ཁོ་རང་ལ་ཁྲིམས་ཐག་བཅད་པའི་རྒྱུ་རྐྱེན་གཙོ་བོ་ནི། ཁོང་གིས་སྒྲུབ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དྲ་བའི་སྟེང་རྒྱ་ནག་གི་ཞུ་གཏུགས་སྲིད་ཇུས་སྐོར་ཀྱི་གནད་དོན་གླེང་བའི་རྩོམ་ཡིག་བཏོན་ཡོད་པའི་རྐྱེན་གྱིས་ཡིན་ལུགས་བརྗོད་ཡོད་འདུག དེ་མིན་ཧོང་ཆི་ལ་བཙོན་བཀག་དུས་སྐབས་རིང་མནར་གཅོད་ཚད་མེད་བཏང་སྟེ་དེང་སྐབས་ཁོང་གི་ཀླད་པའི་ནང་རྒྱུན་དུ་ཟུག་གཟེར་གཏོང་བ་དང་མིག་ཤེས་ཀྱང་ཉམས་ཡོད་ལ། ཤ་ལྤགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གིས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་ཧོང་ཆི་ལགས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། ཨ་རིའི་གྲོས་ཚོགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་མང་མོས་འོས་འདེམས་བརྒྱུད་དེ་འོས་གྲངས་ ༤༢༦ ཐོབ་པར་བརྟེན་ནས་ཧོང་ཆི་དང་ཐན་ཙོ་རན་གཉིས་གློད་གྲོལ་ཡོང་བར་རྒྱ་ནག་གཞུང་ལ་གནོན་ཤུགས་གཏོང་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད། ཐན་ཙོ་རན་ལ་ཁྲིན་ཏུའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཕྱི་ཟླ་ ༨ པའི་ཚེས་ ༡༢ ཉིན་ཁྲིམས་བཤེར་བྱས་ཟིན་ཡོད་ནའང་། ད་ལྟའི་ཆར་ད་དུང་ཁྲིམས་ཐག་བཅད་མེད་པ་རེད། གཞན་ཡང་། རྒྱ་ནག་ཧྲང་ཧེ་ཡི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་མ་ཀྲིན་ཧོ་ཁྲིམས་མཐུན་འགྲོ་ལུགས་ལྟར་ཉི་ཧོང་ལ་་ཡོང་རྗེས། རྒྱ་ནག་གཞུང་གིས་ཕྱིར་རྒྱ་ནག་ལ་ལོག་ཏུ་བཅུག་མེད་པ་རེད། ཁོད་གིས་ཕྱིར་ལོག་ཐབས་སུ་ཐེངས་བརྒྱད་ལ་འབད་བརྩོན་བྱས་མོད་དོན་འབྲས་མ་བྱུང་བར་བརྟེན་རང་ཉིད་ཀྱི་ཐོངས་མཆན་གཙབ་རལ་དུ་བཏང་རྗེས། ཕྱི་ཟླ་ ༡༡ པའི་ཟླ་སྨད་ནས་བཟུང་ཉི་ཧོང་ཏུང་ཅིན་ཁྲིན་ཐེན་གནམ་ཐང་དུ་ངོ་རྒོལ་བསྒྲགས་གཏམ་འཕྱར་དེ་ངོ་རྒོལ་བྱེད་རྒྱུའི་མགོ་བརྩམས་ཏེ་ད་ལྟའི་བར་བདུན་ཕྲག་གསུམ་ལྷག་འདས་ཡོད་འདུག

༼འཇར་མན་གྱིས་རྒྱ་ནག་གི་གསང་མྱུལ་བར་ཞིབ་བཤེར།༽
འཇར་མན་ཉེན་རྟོག་པས་གཟའ་མིག་དམར་ཉིན་མུ་ནི་ཁུ་གྲོང་ཁྱེར་དུ་གནས་སྡོད་རྒྱ་རིགས་བཞི་ལ་ས་གནས་དེ་གར་སྐྱབས་བཅོལ་དུ་སྡོད་མཁན་ཤིན་ཅང་མི་རིགས་ཀྱི་གནས་སྟངས་སྐོར་རྒྱ་ནག་ལ་གསང་བའི་ཐོག་ནས་སྤྲོད་མཁན་གྱི་གསང་མྱུལ་བའི་དོགས་གཞིའི་འོག་ཁོ་ཚོའི་སྡོད་ཁང་དུ་ཞིབ་བཤེར་བྱས་ཡོད་འདུག དེ་བཞིན་ལོ་གཉིས་ཀྱི་སྔོན་དུ་ས་གནས་དེ་གའི་རྒྱ་ནག་གི་དོན་གཅོད་པ་ཅིས་ཝའོ་མིན་གྱིས་ཀྱང་གསང་མྱུལ་བའི་རྩ་འཛུགས་གཉེར་བར་བརྟེན་འཇར་མིན་ནས་ཕྱིར་འབུད་བཏང་ཡོད་པ་རེད། ཡིན་ནའང་། ཁོའི་ལག་གཡོག་པ་དག་གིས་མུ་མཐུད་ནས་ས་གནས་དེ་གའི་རྒྱ་ནག་དོན་གཅོད་ཁང་དང་ལྐོག་འབྲེལ་གྱིས་གསང་མྱུལ་གྱི་ལས་ཀ་གཉེར་བཞིན་པར་བརྟེན། འཇར་མིན་གྱིས་ཁོ་ཚོའི་ལག་འོག་གི་གསང་མྱུལ་བ་ཐེར་འདོན་གྱིས་རྒྱ་ནག་གཞུང་ལ་ཉེན་བརྡ་བཏང་ཡོད་འདུག མུ་ནི་ཁུ་རུ་ཤིན་ཅང་མི་རིགས་ཀྱི་བཙན་བྱོལ་བ་ ༥༠༠ ལྷག་ཡོད་པ་དང་། འཛམ་གླིང་སྟེང་ཤིན་ཅང་མི་རིགས་ཀྱི་ཐོབ་ཐང་འཐབ་རྩོད་དོན་གཉེར་བ་ཆེས་མང་ཤོས་དང་། འཛམ་གླིང་ཤིན་ཅང་མི་རིགས་མཐུན་ཚོགས་ཀྱི་རྩ་འཛུགས་ལྟེ་བ་གནས་སའང་ཡིན་འདུག  ད་ལོའི་ཤིན་ཅང་དོན་རྐྱེན་སྐབས་རྒྱ་ནག་གཞུང་གིས་མི་ ༡༩༧ རྐྱེན་འདས་བྱུང་ཡོད་པར་བརྗོད་ཡོད་ལ། ཤིན་ཅང་བཙན་བྱོལ་མཐུན་ཚོགས་ཀྱིས་ཉུང་མཐར་ཡང་མི་ ༤༠༠ ལྷག་རྐྱེན་ལམ་དུ་བཏང་ཚུལ་བརྗོད་ཡོད།

༼སོལ་ཁུང་གས་གཏོར་གྱིས་མི་ ༡༠༧ གྱི་ཚེ་སྲོག་འཕྲོག་པ།༽
ཕྱི་ཚེས་ ༢༡ ཉིན་རྒྱ་ནག་ཧེ་ལུང་ཅང་ཞིན་ཞིན་རྡོ་སོལ་གཏེར་ཁུང་དུ་གས་གཏོར་དོན་རྐྱེན་བྱུང་སྟེ་བཟོ་བ་ ༡༠༧ རྐྱེན་ལམ་དུ་བཅུག་ཡོད་པ་རེད། ཐེངས་འདིའི་དོན་རྐྱེན་དེ་ནི་རྒྱ་ནག་རྒྱལ་ཡོངས་སུ་ལོ་བཞིའི་རིང་ཆེས་ཚབས་ཆེ་བའི་སོ་ཁུང་གས་གཏོར་གྱི་དོན་རྐྱེན་ཆགས་ཡོད་པ་དང་། རྒྱ་གཞུང་གིས་དོན་རྐྱེན་དེ་ཞི་འཇགས་ཐག་གཅོད་ཡོང་ཆེད་དུ་རྐྱེན་འདས་སུ་སོང་བའི་བཟོ་བ་རྣམས་ལ་དུར་མཆོད་གུན་གསབ་ཆེད་རྒྱ་སྒོར་ ༡༠ དང་། ནང་མིར་ཟླ་རེར་རྒྱ་སྒོར་ ༥༠༠ ནས་ ༧༠༠ བར་གྱི་གུན་གསབ་ཟླ་ཕོག་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་ནའང་། ཕྱི་ཚེས་ ༢༣ ཉིན་བར་ཆིངས་ཡིག་དེར་ངེས་ལེན་ས་རྟགས་འགོད་མཁན་གྱི་ཁྱིམ་མི་ ༤༨ མ་གཏོགས་བྱུང་མི་འདུག ༢༠༠༣ ལོ་ནས་ད་ལྟའི་བར་རྒྱ་ནག་རྒྱལ་ཡོངས་སུ་རྡོ་སོལ་གཏེར་ཁུངས་གས་གཏོར་གྱི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་སོང་བའི་བཟོ་བ་ ༡༦༢༡ ལྷག་ལ་བུད་ཡོད་པ་རེད།

༼སྨྱོ་ནད་ཀྱིས་ཁེངས་པའི་རྒྱ་ནག་གི་སྤྱི་ཚོགས།༽
ཉེ་ལམ་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་དུ་འཚོགས་པའི་རྒྱ་ནག་པའི་སེམས་ཁམས་བདེ་ཐང་གོང་འཕེལ་སྐོར་གྱི་དཔྱད་གླེང་ཚོགས་འདུའི་ཐོག་གནས་ཚུལ་སྤེལ་དོན། རྒྱ་ནག་ཏུ་སེམས་ཁམས་བདེ་ཐང་མིན་པའི་མི་དུང་ཕྱུར་ ༡.༧ ཡོད་པ་དང་། དེའི་ཁྲོད་སེམས་ཁམས་སྨྱོ་ནད་ཀྱི་སྨན་བཅོས་བྱ་དགོས་པའི་མི་ ༡༦༠༠༠ ལྷག་ཡོད་སྐོར་བརྗོད་འདུག
དེའི་ཁྲོད་ཀྱི་གསུམ་ཆའི་གཅིག་གི་ནད་གཞི་ཧ་ཅང་ཛ་དྲག་གི་གནས་སྟངས་སུ་སླེབས་ཏེ་བྱ་བ་ཤོར་བ་དང་རང་འཚོའི་ནུས་པ་མེད་པར་གྱུར་ཡོད་འདུག  རྒྱལ་སྤྱིའི་རྒྱ་ནག་པའི་སེམས་ཁམས་བདེ་ཐང་མཐུན་ཚོགས་ཀྱི་ཚོགས་གཙོ་འམ། ཨ་རིའི་ཞིན་ཧྥུ་སེམས་ཁམས་རིག་པའི་སློབ་གྲྭ་ཆེན་མོའི་སློབ་གཙོ་སུང་ཀྲུ་ཡན་གྱིས། དེང་སྐབས་རྒྱ་ནག་དཔལ་འབྱོར་འགྲན་རྩོད་ཀྱི་སྐས་རིམ་ཤིག་ཏུ་སླེབས་པ་དང་བསྟུན་ནས་འཚོ་བ་དང་། སློབ་སྦྱོང་། བྱ་བ་སོགས་གང་ཅིའི་ཐད་གནོན་ཤུགས་ཆེ་རུ་ཕྱིན་པར་བརྟེན།  རྒྱ་ནག་གི་གཞོན་སྐྱེས་ཚོའི་སེམས་ཁམས་བདེ་ཐང་མིན་པའི་གནས་སྟངས་སྔར་ལས་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། གཞོན་སྐྱེས་མང་ཆེ་བས་ཨ་རག་འཐུང་བ་དང་དུད་ནག་འཐེན་པ། ཐ་ན་རང་སྲོག་གཅོད་པའི་གནས་སྟངས་ཀྱང་མང་དུ་འགྲོ་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། དེ་བཞིན། རྒྱ་ནག་གཞུང་གི་སྡོམ་རྩིས་ལྟར་ན་ལོ་རྗེས་མར་རྒྱ་ནག་ཏུ་ལས་འཚོལ་འགྲན་རྩོད་ཁྲོད་ཞུགས་མཁན་གྱི་སློབ་ཆེན་མཐར་ཕྱིན་སློབ་མ་ཁྲི་ ༦༣༠ ལྷག་ལ་འབུད་རྒྱུ་ཡིན་པ་དང་།  ༢༠༡༠ ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི་གྲངས་འབོར་གྱིས་རྒྱལ་ནང་ཟིན་ཐོ་བརྒལ་བའི་ལས་དོན་དེར་རྒྱ་ནག་སློབ་སྒྲུབ་ཁང་གིས་བློ་འཚབ་དང་། མ་འོངས་པར་རྒྱ་ནག་གི་ལས་ཞུགས་ཁྲོམ་རས་དཀའ་གནད་ཅན་གྱི་འཐབ་བརྩོད་ཅིག་ལ་གདོང་གཏོད་པར་གྲ་སྒྲིག་དགོས་པའི་ཉེན་བརྡ་ཡང་བཏང་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་སྔ་ས་ནས་སློབ་ཆེན་མཐར་ཕྱིན་སློབ་མ་རྣམས་ལ་མཐའ་འཁོབ་ས་ཁུལ་དུ་ལས་ཀ་སྒྲུབ་ཏུ་འགྲོ་རྒྱུར་སྐུལ་འདེད་ཀྱི་བྱ་འགུལ་སྤེལ་བཞིན་པ་རེད། 

༼སྙིགས་སྲེག་གློག་འདོན་གྱི་ལས་གཞིར་ངོ་རྒོལ།༽
ཕྱི་ཚེས་ ༢༢ ཉིན་རྒྱ་ནག་ཀུང་ཀྲུག་ཏུ་གད་སྙིགས་མེར་སྲེག་གློག་འདོན་ལག་རྩལ་ལས་གཞི་གཏན་འབེབས་ཀྱི་མཛད་སྒོ་བསྡུས་ཏེ་ལས་གཞི་དེར་མིང་རྟགས་བཀོད་ཡོད་པ་དང་། ཕྱི་ཚེས་ ༢༣ ཉིན་མི་མང་སྟོང་ཕྲག་ ༢ བརྒལ་བ་ས་གནས་གྲོང་ཁྱེར་སྲིད་གཞུང་དང་གྲོང་ཁྱེར་འཛུགས་བསྐྲུན་དོ་དམ་ལྷན་ཁང་གི་སྒོ་འགྲམ་དུ་འདུ་འཛོམས་ཀྱིས་གད་སྙིགས་མེར་སྲེག་གློག་འདོན་བྱས་ཏེ་གྲོང་ཁྱེར་མཁའ་རླུང་བཙོག་པོར་བསྒྱུར་རྒྱུར་ངོ་རྒོལ་བྱས་ཡོད་པ་དང་། ཅང་སུའུ་དང་ཝུའུ་ཧན་གྲོང་ཁྱེར་བཅས་སུའང་མི་མང་གིས་སྲང་ལམ་ཁག་ཏུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག

༼༤༡༥ རྐྱེན་འདས་མི་དམངས་ལ་རྗེས་དྲན་མྱ་ངན་ཞུས་པ།༽
ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་ནག་ཡུན་ནན་ཞིང་ཆེན་གྱི་ནེ་ཁུང་མེ་འཁོར་ལྕགས་ལམ་གྱི་ཉེ་འགྲམ་དུ་ ༤༡༥ རྐྱེན་འདས་མི་དམངས་རྣམས་ལ་རྗེས་དྲན་མྱ་ངན་ཞུ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། བྱ་འགུལ་དེར་ས་གནས་མང་ཚོགས་དང་རྩོམ་པ་པོ་ ༤༠ ལྷག་མཉམ་ཞུགས་བྱས་ཡོད་པ་རེད། ༤༡༥ ཡི་མཚོན་དོན་ནི་རྒྱ་ནག་གཡོན་ལྷུང་དམར་ཤོག་དབང་སྒྱུར་བའི་རིག་གནས་གསར་བརྗེ་ཞེས་པའི་ལས་འགུལ་སྤེལ་ཏེ་རྒྱལ་ཡོངས་སུ་ངལ་རྩོལ་བསྒྱུར་བཀོལ་བཙོན་ར་གསར་འཛུགས་བྱེད་སྐབས་ཟི་ཁྲོན་ནས་ཡུན་ནན་བར་གྱི་ནེ་ཁུང་ལྕགས་ལམ་གསར་བསྐྲུན་གྱི་ལས་མགོ་བཙུགས་པའི་ཉིན་མོ་སྟེ། ཕྱི་ལོ་ ༡༩༥༨ ཟླ་ ༤ པའི་ཚེས་ ༡༥ ཉིན་ཡིན་ལ། ཟི་ཁྲོན་ནེ་ཅང་ནས་ཡུན་ནན་ཁུང་མིན་བར་གྱི་ལྷོ་ནུབ་ལྕགས་ལམ་ལོ་ལྔའི་ནང་བྲེལ་མྱུར་གསར་འཛུགས་བྱས་པའི་བརྒྱུད་རིམ་ཁྲོད་ངལ་བསྒྱུར་བཙོན་པ་ ༨༠༠༠ ལྷག་གི་ཚེ་སྲོག་འཕྲོག་ཡོད་པ་རེད།

༼རྒྱ་ནག་གི་རྡོ་ཐལ་པང་ལེབ་ཀྱིས་དུག་རླངས་གཏོང་བ།༽
ཕྱི་ཚེས་ ༢༣ ཉིན་ཨ་རིའི་འཛད་སྤྱོད་ཐོན་དངོས་བདེ་འཇགས་མཐུན་ཚོགས་ཀྱིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་རྡོ་ཐལ་པང་ལེབ་ཀྱིས་དུག་རླངས་ཕྱིར་གཏོང་བྱས་ཏེ་ཁང་ཁྱིམ་གྱི་མཁའ་དབུགས་བཙོག་པར་བསྒྱུར་བཞིན་པ་ར་སྤྲོད་བྱུང་ཡོད་སྐོར་བརྗོད་འདུག ཨ་རིའི་འཛད་སྤྱོད་ཐོན་དངོས་བདེ་འཇགས་མཐུན་ཚོགས་ཀྱིས་རྒྱ་ནག་གི་རྡོ་ཐལ་པང་ལེབས་སྤྱད་ཡོད་པའི་ཁང་ཁྱིམ་དུ་སྡོད་པའི་ཁྱིམ་ཚང་ ༤༡ དང་། རྒྱ་ནག་གི་རྡོ་ཐལ་པང་ལེབ་བཀོལ་སྤྱོད་བྱས་མེད་པའི་ཁྲོམ་གཤར་ ༡༠ ལྷག་གི་ཁྱིམ་ཚང་གི་ནང་མིའི་བདེ་ཐང་ལ་ཞིབ་འཇུག་བརྟག་དཔྱད་བརྒྱུད། རྒྱ་ནག་གི་རྡོ་ཐལ་པང་ལེབ་སྤྱད་ཡོད་པའི་སྡོད་ཁང་ནང་དུ་དབྱང་གཉིས་ཐཱན་འགྱུར་གྱི་བཙོག་རླུང་ཁྱབ་ཡོད་པར་བརྡར་ཤ་བཅད་ཡོད་པ་དང་། ཚོགས་པའི་ངོས་ནས་ཨ་རིའི་རྒྱལ་ཚོགས་དང་སྲིད་གཞུང་གཉིས་མཉམ་འབྲེལ་ཐོག་བཙོག་རླུང་གི་རྐྱེན་གྱིས་བདེ་ཐང་ལ་གནོད་སྐྱོད་ཕོག་པའི་ཁྱིམ་ཚང་ལ་གུན་གསབ་ཇི་ལྟར་སྤྲོད་རྒྱུའི་ཐག་གཅོད་ཡོང་རྒྱུར་རེ་སྐུལ་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༢༠ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣

མཆན། 1

  1. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    ཟི་ཁྲོན་ནས་ཡུན་ནན་བར་གྱི་ནེ་ཁུང་ལྕགས་ལམ་གསར་བསྐྲུན་གྱི་ལས་མགོ་བཙུགས་པའི་ཉིན་མོ་སྟེ། ཕྱི་ལོ་ ༡༩༥༨ ཟླ་ ༤ པའི་ཚེས་ ༡༥ ཉིན་ཡིན་ལ། ཟི་ཁྲོན་ནེ་ཅང་ནས་ཡུན་ནན་ཁུང་མིན་བར་གྱི་ལྷོ་ནུབ་ལྕགས་ལམ་ལོ་ལྔའི་ནང་བྲེལ་མྱུར་གསར་འཛུགས་བྱས་པའི་བརྒྱུད་རིམ་ཁྲོད་ངལ་བསྒྱུར་བཙོན་པ་ ༨༠༠༠ ལྷག་གི་ཚེ་སྲོག་འཕྲོག་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese