མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་ཉིན་གཉིས་པའི་མཛད་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཁོང་གི་ཉིན་གཉིས་རིང་གི་གསུང་ཆོས་མགོ་བཙུགས་འདུག་ལ། ཉིན་གུང་ཙམ་ལ་ཁོང་གིས་བོད་རིགས་ ༥༠༠ ལྷག་དང་སོག་པོ་ ༡༠༠ ལྷག་ལ་དམིགས་བསལ་བཀའ་སློབ་གནང་ཡོད་པ་རེད།

ཞོགས་པ་སྔ་མོར་གསུང་ཆོས་མགོ་མ་བཙུགས་པའི་གོང་དུ་སེ་ཊི་ནེའི་ས་གནས་མི་རིགས་ཀྱིས་ཁོང་ཚོའི་སྲོལ་རྒྱུན་ལྟར་གཞས་སྣ་གཟིགས་འབུལ་ཞུས་ཡོད་པ་རེད།

དེ་རིང་གི་གསུང་ཆོས་ནི་བྱང་ཆུབ་སེམས་འགྲེལ་ཡིན་པ་དང་། དེར་ཆོས་ཞུ་བ་ ༥༠༠༠ ལྷག་ཡོད་ཅིང་། དེའི་ཁྲོད་ཐའེ་ལན་ཌི་དང་ཝེ་ཐུ་ནམ། བོད་པ། སོག་པོ། རྒྱ་རིགས་བཅས་ནང་བའི་མི་རིགས་ཁག་འདུས་ཡོད་འདུག

གསུང་ཆོས་ཀྱི་དབུ་འཛུགས་སྐབས་༧གོང་ས་མཆོག་གིས་འཛམ་གླིང་གི་ཆོས་ལུགས་ཁག་ཚང་མས་ནང་སེམས་ཀྱི་ཞི་བའི་ཐོག་ནུས་ཤུགས་འདོན་རྒྱུ་ནི་གལ་ཆེན་པོ་ཡིན་པ་དང་། ཆོས་ལུགས་སོ་སོའི་ལྟ་གྲུབ་མི་གཅིག་ནའང་། ཆོས་ལུགས་ཚང་མས་བྱམས་སྙིང་རྗེ་དང་བཟོད་པའི་ཕྱོགས་ཀྱི་བརྡ་ལན་དེ་འཁྱེར་ཡོད་པ་རེད་ཅེས་དང་། བདེ་སྐྱིད་ཀྱི་མི་ཚེ་ཞིག་དང་ཞི་བདེའི་སྤྱི་ཚོགས་ཤིག་དགོས་ན་ང་ཚོ་ཚང་མས་སོ་སོའི་བསམ་བློ་ལ་སྦྱོང་བརྡར་སྤྲོད་དང་ནང་སེམས་ཀྱི་འཇིག་རྟེན་ལ་སྔར་ལས་ལྷག་པའི་མང་བ་ལྟ་དགོས་སྐོར་གསུངས་ཡོད་འདུག

ཉིན་གུང་གི་གསོལ་ཚིགས་སྐབས་སུ་ཁོང་གིས་གསུང་ཆོས་ཞུ་བར་ཡོང་མཁན་བོད་པ་ ༥༠༠ ལྷག་དང་། སོག་པོ་ ༡༠༠ ལྷག་ལ་མཇལ་ཁ་གནང་བ་དང་ཆབས་ཅིག དུས་ཚོད་ཕྱེད་ཀའི་རིང་ལ་ཁོང་ཚོར་ཤེས་ཡོན་སློབ་གསོའི་ཐོག་ལ་ཤུགས་རྒྱག་རྒྱུ་གལ་ཆེ་ལ། བྱིས་པ་མང་པོ་མཐོ་རིམ་སློབ་གྲྭ་ཁག་ལ་བཏང་སྟེ་སྤྱི་ཚོགས་ལ་ཕན་ཐོགས་པའི་ལག་རྩལ་བ་དང་ཆེད་ལས་མི་སྣ་གང་མང་མང་གསོ་སྐྱོང་བྱ་དགོས་སྐོར་གསུངས་ཡོད་པ་རེད།

ཉིན་རྒྱབ་ཀྱི་གསུང་ཆོས་གྲོལ་སྐབས་༧གོང་ས་མཆོག་གིས་གསུང་ཆོས་ཞུ་མཁན་ཚང་མར་ས་བོན་ཤོག་ཁུག་རེ་གནང་ཡོད་པ་དང་། ཁོང་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་མི་ལོ་ ༢༠ འཁོར་བའི་དུས་དྲན་གྱི་ཆེད་དུ། ཐེངས་འདིའི་ཨོ་སི་ཊོ་ལི་ཡའི་ཆིབས་སྒྱུར་སྐབས་༧གོང་ས་མཆོག་གིས་ཁོང་ཉིད་དང་མཇལ་འཕྲད་བྱུང་མཁན་ཚང་མར་ས་བོན་འདི་གནང་རྒྱུ་ཡིན་འདུག་ལ། ས་བོན་དེ་ནི་ཨོ་སི་ཊོ་ལི་ཡའི་འབྲུ་རིགས་ཤིག་ཡིན་པ་དང་། ཨོ་སི་ཊོ་ལི་ཡའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་གི་སློབ་སྟོན་ལྟར་༧གོང་ས་མཆོག་ཆིབས་སྒྱུར་གནང་སའི་ས་གནས་ཁག་གི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ཕུལ་བ་ཡིན་འདུག

སང་ཉིན་མུ་མཐུད་ནས་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་གནང་རྒྱུ་དང་། དེ་གར་གནས་སྡོད་རྒྱ་རིགས་དང་ཝེ་ཐུ་ནམ་གྱི་མི་དམངས་ལ་མཇལ་ཁ་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཆུ་ཚོད་ ༢ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

མཆན། 5

  1. ནད་པ says:
    ལོ་ 17 སྔོན།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་གྱུར་ཅིག །

    Reply
  2. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    གནས་ཁམས་གསུམ་འདྲེན་པའི་བླ་མ།།
    མགོན་འཛམ་གླིང་ཞི་བདེའི་དེད་དཔོན།།
    བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད།།
    ལྷ་ཕྱག་ན་པདྨོ་ཁྱེད་མཁྱེན།།

    སྐྱབས་རྒྱལ་བ་རྒྱ་མཚོའི་ངོ་བོ།།
    ལྷ་འཕགས་མཆོག་ཐུགས་རྗེའི་གཏེར་ཆེན།།
    འབངས་དད་དམ་གཙང་མའི་ཞིང་སར།།
    བྱིན་འཐིབས་སེ་དངོས་གྲུབ་སྩོལ་ཅིག།

    སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ།།
    གྲོགས་མཐུ་ལྡན་ཆོས་སྐྱོང་སྲུང་མས།།
    མགོན་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོའི།།
    ཐུགས་བཞེད་དོན་འགྲུབ་པའི་གྲོགས་མཛོད།།

    ལྷ་དཀར་ཕྱོགས་དབུ་འཕངས་བསྟོད་ཅིང།།
    བདུད་ནག་ཕྱོགས་རྩད་ནས་འཇོམས་པའི།།
    མགོན་རྒྱལ་དབང་པདྨ་ཀ་རས།།
    བདུད་རྒྱལ་འགོངས་སྡེ་བཅས་ཆོམས་ཤིག།

    Reply
  3. བསེ་རུ། says:
    ལོ་ 17 སྔོན།

    ༸གོང་ས་མཆོག་གི་མཛད་འཕྲིན་སྐོར་བཀོད་ཡོང་དུས་དེ་དང་ལྷན་དུ་ཁོང་གི་གསུང་ཚིག་བྱིན་རླབས་ཅན་ཁག་ཀྱང་དྲ་གྲོགས་ཚོས་ཞོར་དུ་བཀླག་རྒྱུ་བྱུང་ན་དེ་ཡང་རང་སེམས་གསོ་བའི་སྨན་མཆོག་ཅིག་ཏུ་མི་འགྱུར་རམ།།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    དེང་སང་དྲ་གྲོགས་མང་པོ་ཞིག་གིས་༸གོང་ས་མཆོག་གི་ཆིབས་བསྒྱུར་གང་ཞིག་སྐོར་བཀོད་ཡོང་དུས། མགོན་པོ་གང་གི་གསུང་ཚིག་དམ་དུམ་རེ་འགོད་པར་གོམས་ལོབས་སུ་སོང་འདུག་གཱ ཧཧཧཧ
    ཁྱོད་ལ་གསེག་དྲིས་མ་མིན་ནོ།།

    Reply
  5. བསེ་རུ། says:
    ལོ་ 17 སྔོན།

    ཨོ་སི་ཊོ་ལི་ཡའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་གི་སློབ་སྟོན་ལྟར་༧གོང་ས་མཆོག་ཆིབས་སྒྱུར་གནང་སའི་ས་གནས་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་འདི་ལྟའི་ས་བོན་འབུལ་དོན་ནི་འཛམ་གླིང་འདི་ཉིད་ལྗང་མདོག་ལྡན་པའི་གླིང་ཆེན་ཞིག་དུ་བསྐྲུན་རྒྱུའི་མངོན་འདོད་དང་། ཕུགས་རེ་ཉག་ཅིག་རེད་སྙམ།

    ༸གོང་ས་མཆོག་གི་གསུང་ལས་དྲངས།

    སེམས་ལྡན་ཚེ་འདིའི་སྐྱེས་མའི་དྲིན་དྲན་ནས།།

    དྲིན་གཟོར་བརྩོན་པ་ཡ་རབས་ངང་ཚུལ་བཞིན།།

    ཉེ་འཁོན་མེད་པར་ཀུན་སྙོམས་མ་མ་སྟེ།།

    ས་གཞི་འདི་ཡང་གཅེས་ཤིང་སྐྱོང་བའི་ཡུལ།།

    རང་བཞིན་དྭངས་གཙང་འབྱུང་བ་བཞི་ཡི་ཁམས།།

    དོན་མེད་ཆུད་གཟོན་སྦགས་བཙོག་རྙོགས་བསླད་སོགས།།

    སྐྱེ་འགྲོའི་བདེ་སྐྱིད་གཞི་མ་བརླག་བགྱིད་པའི།།

    བྱ་བ་སྤངས་ནས་ཀུན་ཕན་ལས་ལ་གཞོལ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese