མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྱི་ནང་གི་སྒྱུ་རྩལ་བ་རྣམས་ལ་འཚམས་འདྲི་ཞུ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ད་ཡོད་ཀྱི་ཡར་རྒྱས་ལ་ཆོག་ཤེས་བྱས་ནས་མི་འདུག་པར་བློ་སེམས་གཅིག་སྒྲིལ་གྱིས་མུ་མཐུད་ཡར་རྒྱས་ཡོང་ཐབས་དང་། དུས་རབས་ཀྱི་རྗེས་སུ་མཐུན་པའི་ལེགས་ཆ་ལེན་འོས་པ་དག་བླངས་ཏེ་བོད་ཀྱི་བདེན་དོན་འཐབ་རྩོད་འདི་དྲིལ་བསྒྲགས་ཀྱི་བྱེད་སྒོའི་ནང་གདོང་ལེན་གྱི་ནུས་པ་སྔར་ལྷག་འདོན་སྤེལ་བྱེད་གལ་ཡིད་ལ་འཇགས་དགོས་ཞེས་་༧གོང་ས་མཆོག་གིས་ཟློས་གར་ཚོགས་པ་བཙུགས་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་ལ་དམིགས་བསལ་གསུང་འཕྲིན་དུ་བསྩལ་ཡོད།

ཕྱི་ཚེས་ ༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ བའི་སྟེང་བོད་གཞུང་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་མི་ལོ་ཧྲིལ་བོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་གནང་ཡོད་ལ།  དེར་སྐུ་མགྲོན་གཙོ་བོ་བོད་གཞུང་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་གཙོས། བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ།  ངྷ་ས་ས་གནས་འཐུས་ཚོགས་དང་ས་གནས་མགོ་འཛིན། ཚོགས་སྡེ་ཁག་གི་འགན་འཛིན་དང་རྒྱུན་ལས་རྣམ་པ། ཕྱོགས་མཐའི་ལྷན་ཚོགས་ཁག་དང་ཟློས་གར་ཚོགས་པའི་ཚོགས་མི་ཟུར་བ། དེ་བཞིན་ངྷ་སྟེང་དང་ངྷ་ཤོད་སློབ་གྲྭའི་སློབ་མ་དང་ས་གནས་མི་དམངས་བཅས་མི་གྲངས་ ༡༠༠༠ བརྒལ་བ་འདུ་འཛོམས་ཐོག ༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་ཟློས་གར་སྤྱི་ཁྱབ་འགན་འཛིན་ལགས་ནས་མཎྜལ་འདེགས་འབུལ་གནང་བ་དང་། གྲུབ་ཐོབ་ཐང་སྟོང་རྒྱལ་བོའི་སྐུ་བརྙན་གདན་ཞུ་གནང་སྟེ་མཛད་སྒོ་དངོས་སུ་ཚུགས་ཡོད།

སྐབས་དེར། བོད་གཞུང་ཟློས་གར་ཚོགས་པའི་འགན་འཛིན་ཕ་ཟུར་དབང་ཕྱུག་ལགས་ཀྱིས་ཟློས་གར་ཚོགས་པའི་འདས་པའི་མི་ལོ་ ༥༠ ཡི་ལས་སྡོམ་ངོ་སྤྲོད་དང་འབྲེལ་༧གོང་ས་མཆོག་གིས་ཐེངས་འདིའི་དུས་དྲན་ལ་དམིགས་བསལ་དུ་བསྩལ་བའི་གསུང་འཕྲིན་སྒྲོག་སྦྱོང་གནང་སོང་ལ། ༧གོང་ས་མཆོག་གི་གསུང་འཕྲིན་ནང་དུ། རང་རེ་བཙན་བྱོལ་བ་རྣམས་ཀྱིས་བོད་ཀྱི་རྩ་ཆེ་བའི་རིག་གཞུང་སྲུང་སྐྱོབ་དང་། བསྟན་སྲིད་རང་དབང་སླར་གསོའི་འགན་འཁྲི་ཆེན་པོ་ཕྲག་པར་ཁུར་ནས་རྒྱ་གར་རང་དབང་ལུང་པའི་ནང་ལས་གཞི་མང་པོ་ཞིག་གསར་དུ་བརྩམས་པའི་ནང་ནས་ཟློས་གར་ཚོགས་པ་འདི་འཛུགས་སྔ་ཤོས་ཀྱི་གྲས་ཤིག་ཡིན། མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་ངོ་བོ་མཚོན་བྱེད་རིག་གཞུང་འབུད་དོད་ཡོད་པ་ཟློས་གར་ལས་གོ་རྟོགས་ཀྱི་ནུས་པ་ཆེན་པོ་ལྡན་ཡོད་པ་ལྟར། ད་ཕན་ཟློས་གར་ཚོགས་པའི་མི་རབས་རྒན་གཞོན་རིམ་པས་ལྷག་བསམ་སྙིང་རུས་ཆེན་པོས་དཀའ་ངལ་ལ་གདོང་ལེན་གྱིས་སྒྱུ་རྩལ་གྱི་འཐབ་ས་བརྟན་པོར་བཟུང་ནས་བཙན་བྱོལ་གྱི་སྤྱི་ཚོགས་ཙམ་མ་ཡིན་པར་ཕྱི་རྒྱལ་གྱི་ཡུལ་ལུང་མང་པོར་འཁྲབ་སྟོན་དུ་བསྐྱོད་དེ་རྣམ་ཐར་གླུ་གཞས་མ་ཟད། ཆོས་གོས་སོགས་ཁྱད་ཆོས་འབུར་དུ་ཐོན་པའི་མི་རིགས་ཀྱི་གཟུགས་བརྙན་དང་། བོད་ཀྱི་བདེན་དོན་ངོ་སྤྲོད་བྱེད་ཐུབ་པ་བྱུང་ཡོད། ད་ལམ་ང་ཚོ་བཙན་བྱོལ་ལ་འབྱོར་ནས་མི་ལོ་ལྔ་བཅུ་དང་། ཟློས་གར་ཚོགས་པ་བཙུགས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་ཚིགས་གཉིས་འཛོམས་ལ་དྲན་གསོའི་བྱེད་སྒོ་གཟབ་རྒྱས་སྤེལ་བ་འདིའི་ཐོག་ཟློས་གར་ཚོགས་པའི་འགོ་ལས་ཚོགས་མི་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། ལྷག་པར་མི་རབས་རྒན་པ་འདས་གསོན་རྣམས་ལ་རྗེས་འཛིན་གྱི་སྨོན་ལམ་ཡོད། ཟློས་གར་ལ་རྣམ་གྲངས་མང་པོ་ཡོད་པ་སྔོན་དུས་བོད་ནང་གར་པ་དང་། ནང་མའི་སྐྱིད་སྡུག ལྷ་མོའི་ཚོགས་པ་སོགས་ཁག་སོ་སོར་ཡོད་ཀྱང་། དེང་སྐབས་ཟློས་གར་ཚོགས་པས་གཅིག་ལྕོགས་ཀྱིས་འཁྲབ་སྟོན་དང་། རྒྱུན་འཛིན་པ་གསོ་སྐྱོང་བྱས་པ་སོགས་གང་ཅིའི་ཐད་ཡར་རྒྱས་ཀྱི་ལམ་དུ་ཞུགས་པར་བསྔགས་བརྗོད་ཡོད། ལྷག་པར་བོད་ཀྱི་ལྷ་མོའི་སྒྱུ་རྩལ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་གསར་གཏོད་མཛད་པའི་མི་རིགས་ཀྱི་རང་བཞིན་དང་། སྒྱུ་རྩལ་གྱི་ཚད་མཐོའི་རང་བཞིན་ལྡན་པའི་ཁྱད་ནོར་ཞིག་ཡིན་པས་རྒྱུད་འཛིན་ཡག་པོ་བྱེད་དགོས། ངོས་ནས་གོ་སྐབས་འདི་དང་བསྟུན་ཏེ་བོད་ཕྱི་ནང་དུ་གནས་པའི་གཞས་སྣ་སྒྱུ་རྩལ་གླུ་པ་སོགས་བོད་མིའི་རྣམ་པ་དང་སྙིང་སྟོབས་འདོན་བསྐུལ་བྱེད་པའི་བོད་མི་སྤུན་ཟླ་ཡོངས་ལ་མཛའ་བརྩེའི་མཚམས་འདྲི་བྱ་རྒྱུ་ཡིན། ཅེས་དང་། ཡང་༧གོང་ས་མཆོག་གིས། ཟློས་གར་ཚོགས་པའི་འགོ་ལས་ཚོགས་མི་བཅས་ནས་ད་ཡོད་ཀྱི་ཡར་རྒྱས་ལ་ཆོག་ཤེས་མིན་པར་བློ་སེམས་གཅིག་བསྒྲིལ་གྱིས་མུ་མཐུད་ཡར་རྒྱས་ཡོང་ཐབས་དང་། དུས་རབས་འཕེལ་རྒྱས་ཀྱི་རྗེས་སུ་མཐུན་པའི་ལེགས་ཆ་ལེན་འོས་བླངས་ཏེ་བོད་ཀྱི་བདེན་དོན་འཐབ་རྩོད་དྲིལ་བསྒྲགས་བྱེད་སྒོའི་ནང་གདོང་ལེན་གྱི་ནུས་པ་སྔར་ལྷག་འདོན་སྤེལ་བྱེད་གལ་ཡིད་ལ་འཇགས་དགོས། ཞེས་བཀའ་སློབ་གནང་ཡོད། 

༧གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱོང་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་ཟློས་གར་ཚོགས་པའི་ནང་མི་ཚེ་ཧྲིལ་བོར་ལས་ཁུར་དང་ལེན་བྱས་པའི་རྒན་རབས་པ་ཁག་ཅིག་ལ་གཟེངས་རྟགས་ཕུལ་སོང་ལ། དེ་བཞིན། བོད་གཞུང་ཟློས་གར་དང་ཚོགས་མི་ཟུར་པ། དེ་བཞིན་ཕྱོགས་མཐའ་ནས་ཕེབས་པའི་ལྷ་མོ་ཚོགས་པ་མཉམ་རུབ་ཐོག་གཟུགས་ཀྱི་ཉི་མའི་རྣམ་ཐར་གཟིགས་འབུལ་གནང་བ་དང་། མཐའ་མར། སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག་གིས་གསུངས་དོན།  བོད་གཞུང་ཟློས་གར་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁྱབ་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད་འཁྲབ་སྟོན་གྱི་ལམ་ནས་བརྒྱུད་སྤྲོད་བྱ་རྒྱུ་གནད་འགག་ཏུ་མཐོང་སྟེ་གསར་འཛུགས་གནང་བ་ཞིག་རེད་ལ། འདས་པའི་ལོ་ལྔ་བཅུའི་ནང་བོད་གཞུང་ཟློས་གར་ནང་གི་མཐུན་རྐྱེན་ཚང་བའི་ཐོག་ཕྱིའི་འཛུགས་སྐྲུན་སོགས་ང་ཚོའི་མཐོང་ཆོས་སུ་ཡོད་པའི་སྒྱུ་རྩལ་སློབ་སྦྱོང་གི་བསྟི་གནས་ཤིག་ཆགས་ཡོད་པ་དང་། ལོ་དེ་དག་ཏུ་སྒྲིག་སྲོལ་དང་མཐུན་རྐྱེན་ཡར་རྒྱས་ཕྱིན་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་སྤྱི་དང་སློབ་གྲྭ་ཁག་གི་སྒྱུ་རྩལ་འཁྲབ་སྟོན། དེ་བཞིན་བོད་ཀྱི་རིག་གཞུང་འདི་ཉིད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ངོ་སྤྲོད་དང་གོ་རྟོགས་སྤེལ་བའི་ཐད་ནས་བོད་དོན་ཁྱབ་བསྒྲགས་ལ་ནུས་པ་ཆེན་པོ་ཐོན་ཡོད་པ་ཞིག་ལ་ང་ཚོས་ངོས་འཛིན་ཞུ་གིན་ཡོད་ལ། བཀའ་ཤག་གི་ངོས་ནས་ཐུགས་རྗེ་ཞུ་རྒྱུ་ཡིན་ཅེས་དང་། ཡང་ཁོང་གིས། མ་འོངས་པར་བོད་གཞུང་ཟློས་གར་གྱི་ངོས་ནས་འདས་པའི་མི་ལོ་ ༥༠ ཡི་གྲུབ་འབྲས་ལ་འདོད་ཆུང་ཆོག་ཤེས་མེད་པའི་ཐོག  ཡར་རྒྱས་གཏོང་དགོས་པའི་གནད་དང་ལེགས་སྤེལ་ཉེན་འགོག་གི་ལས་འཆར་སྔར་ལས་ལྷག་པ་གནང་རྒྱུ་གལ་ཆེན་པོ་རེད། ཟློས་གར་སྒྱུ་རྩལ་དེ་ད་ལྟའི་སྤྱི་ཚོགས་ལ་ཆ་མཚོན་ན་སྤྱི་ཚོགས་ཤིག་གི་བསམ་བློའི་གནས་བབ་བཟང་ཕྱོགས་སུ་འགྱུར་བའི་ཐད་ལ་གལ་ཆེན་ཡིན་པ་མ་ཟད།  ལྷག་པར་ང་ཚོ་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་དེ་ལས་ལྷག་པའི་གལ་ཆེན་ཆགས་ཡོད་སྟབས། འཁྲབ་སྟོན་པ་ཚོ་ཡིན་ནའང་འཕྲལ་སེལ་ཙམ་དུ་ངོས་འཛིན་མི་བྱ་བར་འཁྲབ་སྟོན་བྱེད་པ་དེ་མི་རིགས་ཤིག་གི་རིག་གཞུང་རྒྱུད་འཛིན་གྱི་ལས་འགན་ཞིག་ཡིན་པའི་བསམ་བློ་དང་འགན་ཡོད་པའི་ཐོག་འཁྲབ་སྟོན་གནང་རྒྱུ་གལ་ཆེན་པོ་རེད་ཅེས་གསུང་བྱུང།

ཐེངས་འདིའི་བོད་གཞུང་ཟློས་གར་ཚོགས་པའི་མི་ལོ་ ༥༠ དུས་དྲན་དེ་ཉིན་གྲངས་གསུམ་རིང་འཚོགས་འཆར་ཡོད་པ་དང་། ཉིན་དང་པོའི་མཛད་སྒོའི་སྟེང་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་ཕྱོགས་ཡོང་སྐུ་མགྲོན་དང་ལྟད་མོ་བ་རྣམས་ལ་གཟུགས་ཀྱི་ཉི་མའི་རྣམ་ཐར་གཟིགས་འབུལ་ཞུས་སོང་ལ།  བོད་གཞུང་ཟློས་གར་ཚོགས་པའི་འདས་པའི་མི་ལོ་ལྔ་བཅུའི་བཞུད་ལམ་དང་འབྲེལ་བའི་རི་མོ་འགྲེམ་སྟོན་དང་ཟློས་གར་རང་ནས་ཕབ་བསྐྲུན་དང་འཁྲབ་སྟོན་བྱས་པའི་དབྱར་སྐྱིད་དང་རྣམ་ཐར། གཞས་སོགས་ཀྱི་འོད་སྡེར་མང་པོ་འགྲེམས་སྤེལ་བྱས་ཡོད་འདུག་ལ། ཉིན་གྲངས་གཉིས་པ་དང་གསུམ་པའི་རིང་ཟློས་གར་ཚོགས་པའི་གཞས་སྣ་གང་མང་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

སྐར་མ ༣༠ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢

མཆན། 11

  1. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    དྲ་གྲོགས་ཟ་ལེ་རྒྱ་ལ་མཐོང་ཐོས་ཞིག་བཤད་ན་འདི་འདྲ་ཞིག་རེད། བོད་གཞུང་ཟློས་གར་ཁང་གིས་མདོ་དབུས་ཁམས་ཀྱི་གཞས་སྣ་འཁྲབ་དང་འཁྲབ་བཞིན་པ་རེད། ཐ་ན་ཆོས་རྒྱལ་ཁྲི་སྲུང་ལྡེའུ་བཙན་གྱི་རྣམ་ཐར་ཞིག་འཁྲབ་པ་བརྙན་སྡེར་བཟོས་ཟིན་པ་དེའི་ནང་དུ་ཡང། སྐབས་དེའི་མཁན་ཆེན་གདན་ཞུ་དང་སློབ་དཔོན་པད་མ་གདན་ཞུ། བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་པའི་དགའ་སྟོན་མཛད་སྒོ་སོགས་ཀྱི་སྐབས་སུ་འཁྲབ་པའི་གཞས་སྣ་དེ་ཡང་བོད་ཆོལ་ཁ་གསུམ་གྱི་གཞས་སྣ་འཁྲབ་ཡོད་ཀི འདི་ཚོ་མདང་དགོང་ངས་དངོས་སུ་མཐོང་བྱུང་།
    ཡང་ཨ་མདོའི་ཨ་ཁུ་པད་མ་དང་། གྲེ་སང་རོད་སོགས་ཨམ་གཞས་དང་། ཨ་ལ་སེ་སོགས་ཨ་མདོའི་ཞབས་བྲོ་གང་མང་སྐུའི་འཁྲུངས་སྐར་དང་ཞི་བདེའི་གཟེངས་རྟགས་སོགས་བོད་ཀྱི་དུས་ཆེན་ཁག་གི་མཛད་སྒོའི་སྐབས་སུ་ལན་གཅིག་མིན་པར་མཐོང་ཞིང་ཐོས་མྱོང་།

    Reply
  2. ཟ་ལེ་རྒྱལ། says:
    ལོ་ 17 སྔོན།

    བོད་གཞུང་ཟློས་གར་འདིས་སྟོད་གཞས་མ་གཏོགས་གླུ་གཞས་གཞན་མི་གཏོང་ན་བོད་གཞུང་གི་མིང་ཁུར་ན་འགྲིག་གི་ཨེ་ཡོད། དྲྭ་གྲོགས་ཚོ་འདིའི་སྐོར་ཐུགས་སྣང་ཞིག་གནང་དང༌། ཁྱོད་ཚོས་ད་བར་དུ་ཟློས་གར་འདིས་ཁམས་དང་ཨ་མདོའི་གཞས་བཏང་བ་མཐོང་ཐོས་བྱུང་ངམ། གལ་སྲིད་བྱུང་ན་གསུང་རོགས་ཞུ།

    Reply
  3. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    ཟློས་གར་ཚོགས་པ་ཡོད་པ་ཙམ་གྱི་བློ་ཡིད་མི་ཚིམ་སྟེ་མི་བཞུགས་པར། ད་དུང་འདི་ལས་ལྷག་པ་ཞིག་ཡར་རྒྱས་ཡོང་བའི་སྨོན་ལམ་ཡོད།

    Reply
  4. ཟ་ལེ་རྒྱལ། says:
    ལོ་ 17 སྔོན།

    བོད་གཞུང་ཟློས་གར་འདིས་སྟོད་གཞས་མ་གཏོགས་གླུ་གཞས་གཞན་མི་གཏོང་ན་བོད་གཞུང་གི་མིང་ཁུར་ན་འགྲིག་གི་ཨེ་ཡོད། དྲྭ་གྲོགས་ཚོ་འདིའི་སྐོར་ཐུགས་སྣང་ཞིག་གནང་དང༌། ཁྱོད་ཚོས་ད་བར་དུ་ཟློས་གར་འདིས་ཁམས་དང་ཨ་མདོའི་གཞས་བཏང་བ་མཐོང་ཐོས་བྱུང་ངམ། གལ་སྲིད་བྱུང་ན་གསུང་རོགས་ཞུ།

    Reply
  5. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    གངས་ཁ་བ་ཅན་གྱི་ཁ་ལས་རླུང་རྟ་དར་ཞིང་རིག་གཞུང་གསེར་གྱི་ཉི་མ་འཛམ་གླིང་གི་ཁྱོན་ཀུན་ལ་ཁྱབས་པར་སེམས་ཁཱུངས་རིག་པའི་སྟེང་ནས་སྨོན་མདུན་ཞུ་བ་དང་ལྷན་དུ། ༧་་གོང་ས་ལྷ་མའི་རྣམ་འདྲེན་སྐུ་ཚེ་བསྟན་ཅིང་མཛན་འཕྲིན་རྒྱས་པའི་བཀྲ་ཤིས་སྨོན་མདུན་ཞུ།

    Reply
  6. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    བོད་གངས་ཅན་རྒུད་པའི་དུས་འདིར།།
    བོད་རང་དབང་སླར་གསོའི་ཕྱིར་དུ།།
    བོད་རྒན་དར་གཞོན་གསུམ་ཡོངས་ཀྱིས།།
    བོད་མངའ་ཐང་དར་བར་བརྩོན་དགོས།།

    བོད་གཞུང་ཟློས་གར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།།

    Reply
  7. བཀྲ་ཤིས་དོན་གྲུབ། says:
    ལོ་ 17 སྔོན།

    དངོས་གནས་འདིའི་བཤད་པ་ལྟར་འཐུས་སྒོ་ཚང་བ་ཞིག་མ་རེད། འོན་ཏང་བོད་གཞུང་ཟློས་གར་པས་མ་འཇོན་པས་འཐུས་སྒོ་མ་ཚང་བ་ཞིག་ཏུ་་
    གྱུར་བ་ཡང་མིན་ཚོད་རེ། གཙོ་བོ་བསམ་བློ་གཉིས་འཛིན་གྱིས་དོན་མ་འགྲུབ་པ་
    རེད་འདོད། དེས་ན་ཟོླས་གར་ཚོགས་པའི་གོང་འོག་ཚང་མས་བློ་རྩེ་གཅིག་ཏུ་་
    བསྒྲུམས་ཀྱི་གནའ་དེང་ཟུང་འབྲེལ་གྱི་ལམ་བུ་ལ་བསྙེགས་ནས་ལག་རྗེ་རེ་འཇོག་
    ཐུབ་པའི་ཐབས་ལ་འབོད།

    Reply
  8. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    གང་ལྟར་བོད་ཕྱི་ནང་གཉིས་ཀ་ཞིག་བསྡུར་ན་ང་ཚོ་བཙན་བྱོལ་བ་ཚོ་གང་བྱེད་རང་དབང་ཡིན་པ་ལས་དོན་དངོས་སུ་རང་འགོ་ཐོན་པ་ཙམ་ལས་བོད་སྤྱི་ལ་མཁོ་བའི་རིག་གཞུང་ཁྱད་པར་ཅན་འདི་བསྐྱར་བཟློས་ལད་བཟློས་ཙམ་ལས་གཞན་གང་ཡང་འཇོན་གྱི་མེད་ཚོད་རེད། བོད་གཞུང་ཟློས་གར་མཚོན་ན་རིག་གཅིག་རྐང་འཛིན་གྱི་ཚོགས་པ་ཞིག་ཡིན་པས་སྔོན་ཐོན་གྱི་སྒོ་ནས་འགྱུར་བ་དེ་ཙམ་སོང་ན་འགྲིག་མོད། དེ་ལས་ཟློག་ཏེ་གཞས་གདངས་དང་གཞས་ཚིག་སོགས་ཕྱོགས་གང་ཐད་ནས་བལྟོས་ན་ཞན་ཆ་མང་བོ་ཡོད། འདི་ནི་ཚང་མས་ཤེས་དགོས་བ་ཞིག་རེད་ལ་ཤེས་ཀྱང་ཡོད་ཚོད་རེད། ཁོང་ཚོ་རང་ཉིད་མི་འཇོན་པ་ལ་ད་དུང་བོད་ནང་གི་གཞས་བ་གཞས་མ་དེ་དག་གིས་བླངས་བའི་དབྱངས་ནི་རྒྱ་མིའི་དབྱངས་དང་ཚིག་གི་ཡོང་སྟངས་སོགས་རྒྱ་མའི་ཚིག་གི་ལྷད་ཡོད་ཚུལ་སོགས་མི་འདོད་པའི་སྐད་ཆ་མང་པོཞིག་་ང་ཚོའི་རྣ་ལམ་དུ་བཤད་མྱོང་བས་ན་་་མ་འོངས་་བར་ཁྱོད་ཚོས་གསར་རྩོམ་གྱི་རང་བཞིན་ལྡན་པའི་བོད་ཀྱི་གཞས་དང་ཞབས་བྲོ་རེ་རྒྱ་ཆེ་བའི་མང་ཚོགས་ཀྱི་མིག་མདུན་དུ་འབུལ་རྒྱུ་ནི་ངའི་རེ་བ་དང་པོ་དེ་ཡིན།

    Reply
  9. བྱང་ཆུ་མིག says:
    ལོ་ 17 སྔོན།

    བསམ་ཚུལ་མང་པོ་ཞིག་ཡོད་ཀྱང་དུས་ཚོད་ཀྱི་དབང་གིས་འབྲི་ཁོམ་མི་འདུག སྒྱུ་རྩལ་བ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  10. བྱང་ཆུ་མིག says:
    ལོ་ 17 སྔོན།

    བསམ་ཚུལ་མང་པོ་ཞིག་ཡོད་ཀྱང་དུས་ཚོད་ཀྱི་དབང་གིས་འབྲི་ཁོམ་མི་འདུག སྒྱུ་རྩལ་བ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  11. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    བོད་ནང་གི་སྒྱུ་རྩལ་བ་དེ་ཚོས་མེ་མདའི་སོ་ཁ་ནས་ལ་རྒྱའི་གླུ་དབྱངས་གདངས་སུ་གྱེར་བཞིན་པ་དེ་ཚོར་༸གོང་ས་མཆོག་གིས་མཚམས་འདྲི་གནང་བ་མཁྱེན་ཐུབ་བམ། གལ་སྲིད་ད་ལན་གྱི་མཚམས་འདྲི་འདི་གཞིས་བཞུགས་གཞས་པ་གྲགས་ཅན་དེ་ཚོར་འཕྲོད་ཐབས་རེ་གནང་རོགས་ཞེས་དྲྭ གྲོགས་ཚོར་འབོད་སྐུལ་ཞུ་བཞིན་ཡོད། ཁོང་ཚོར་སེམས་ཤུགས་འཕར་རྒྱུར་སྐུལ་ལྕག་ངེས་པར་དུ་ཐེབས་པར་གདོན་མི་ཟ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese