མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནེའུ་ཛི་ལན་ཌིར་ཕེབས་པ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནིའུ་ཛི་ལན་ཌིའི་ནང་ཆིབས་བསྒྱུར་བསྐྱངས་ཏེ་དེར་བོད་མི་རྣམས་དང་ནེའུ་ཛི་ལན་ཌིའི་ས་གནས་མི་དམངས་མཇལ་འཕྲད་གནང་ཡོད་པ་རེད།

ཕྱི་ཚེས་ ༣ ཉིན་༧གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་རྒྱལ་ས་སེ་ཊི་ནེ་རུ་ཉིན་གསུམ་གྱི་སྔོན་དུ་འོས་འདེམས་བྱུང་བའི་ཨོ་སི་ཊོ་ལི་ཡའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ཊོ་ནེ་ཨབ་བྷོ་ཊི་ Tony Abbott མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཁོང་རྣམ་གཉིས་མཉམ་འབྲེལ་གྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་དང་། ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཊོ་ནེ་ཨབ་བྷོ་ཊིམཆོག་གིས་འགྲོ་བ་མིའི་ནང་སེམས་ཀྱི་ཞི་བདེ་འཚོལ་ཐབས་དང་རྒྱ་དཀར་ནག་གཉིས་ཀྱི་གནད་དོན། དེ་བཞིན་ཨོ་སི་ཊོ་ལི་ཡ་དང་བོད་མི་རིགས་ཀྱི་འབྲེལ་ལམ་སོགས་ཀྱི་ཐད་གསུང་བཤད་གནང་ཡོད་པ་དང།  ༸གོང་ས་མཆོག་གིས།  ཨོ་སི་ཊོ་ལི་ཡའི་གཞུང་གིས་བཙན་བྱོལ་བོད་མི་ཚོར་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ཕྱོགས་འགལ་ཚོགས་པའི་ངོས་ནས་ཀྱང་མ་འོངས་པར་སྐྱབས་བཅོལ་བོད་མི་ཚོར་མུ་མཐུད་རོགས་སྐྱོར་གནང་དགོས་པ་དང་། དེ་བཞིན་དུ་ཨོ་སི་ཊོ་ལི་ཡ་གཙོས་པའི་དམངས་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་འདྲ་མིན་ཡོད་པ་དེར་བརྩི་འཇོག་བྱས་ཏེ་སྤྱི་སྒེར་གཉིས་ནས་སའི་གོ་ལའི་ཚ་དྲོད་རྒྱས་པའི་དཀའ་ངལ་ཐད་ཐུགས་འགན་བཞེས་དགོས་པའི་བཀའ་སློབ་གནང་ཡོད་པ་རེད།  ཕྱི་ཚེས་ ༤ ཉིན་༧གོང་ས་མཆོག་གིས་ཉིན་བཞིའི་རིང་གི་རྒྱལ་ས་སེ་ཊི་ནེ་ཡི་མཛད་འཕྲིན་ཡོངས་སུ་གྲུབ་སྟེ། ཞོགས་པ་དེར་ཨོ་སི་ཊོ་ལི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ནིའུ་ཛི་ལན་ཌིའི་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་།  ཡུལ་དེའི་ནང་༧གོང་ས་མཆོག་གིས་ཉིན་གསུམ་རིང་དེར་ཡོད་བོད་རིགས་ཚོ་དང་ནེའུ་ཛི་ལན་ཌིའི་མི་དམངས་ལ་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་གནང་རྒྱུ་དང་འབྲེལ་མི་དམངས་ལ་གསུང་བཤད་གནང་རྒྱུ་རེད།
༧གོང་ས་མཆོག་ལ་ཐེངས་འདིར་ནིའུ་ཛི་ལན་ཌིའི་སྲིད་བློན་དང་མཇལ་འཕྲད་གནང་རྒྱུའི་མཛད་རིམ་མེད་ཀྱང་། ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་རྒྱུ་རེད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 11

  1. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    བྱམས་རྒྱལ་ལགས། སྤུན་ཟླ་ཞིག་གི་ལ་རྒྱ་བཟུང་ནས་སྐྱོན་བརྗོད་བྱས་དགའ་བསུ་ཡོད། ངས་མ་བརྟགས་མ་དཔྱད་པར་ཁ་ནས་གང་ཐོན་བརྗོད་མཁན་ལ་བརྡ་སྤྲད་པ་ཙམ་ལས་ཁོང་ལ་འཁོན་པ་འཛིན་དགོས་དོན་རྩ་བ་ནས་མེད། འོན་ཀྱང་ངས་སྔར་བྱས་ལ་འགྱོད་པ་སྐྱེས་ཏེ་སེམས་སྡུག་བྱུང༌། ཚང་མར་དགོངས་སེལ་ཞུ།

    Reply
  2. བྱམས་རྒྱལ། says:
    ལོ་ 16 སྔོན།

    མཚོ་ཚང་བཀྲིས་ལགས། མི་ཉག་སྐལ་བཟང་དང་ཁྱེད་གཉིས་ལ་རྩོད་གཞི་ཞིག་ཡོད་ས་རེད་ངས་མི ་ཤེས་ འོན་ཀྱང་རྩོད་སློང་མཁན་དེ་ཁྱེད་རེད་། ད་ཁྱེད་གཉིས་མཚམས་འཇོག་རོགས། རྩ་བས་ངས་ཁྱེད་ཀྱི་ཤེས་ཡོན་ལ་བརྩི་སྐུར་ཡོད་མཁན་ཞིག་ཡིན་ ཁྱེད་ཀྱི་མཆན་ཀློག་ཡ་དགའ་པོ་ཡོད་།
    བསེ་རུ་ནི་ ལྷག་བསམ་ཆེ་ཞིང་བསམ་ཚུལ་ དྲང་པོ་དང་། གཞན་ལ་དོན་མེད་ཚིག་མཚོན་མི་འདེབས་པ་ ལྷག་པར་དང་བླངས་དག་བཅོས་བྱེད་མཁན་ཞིག་ཡིན་པས་ང་ཁོང་ལ་གུས་ཤོས་དེ་ཡིན་བསམ་པ་ཡོད་། ད་ཐེངས་ཁྱེད་ཀྱིས་ཁོང་ལ་༼དགོས་པའི་དགྲ་ལ་ཡ་ལན་མེད་པར་མི་དགོས་ནང་ཁུལ་བཅོམ་དཀྲུགས་བྱེད་པ་ནི་ངོ་མ་སྙིང་རེ་རྗེ༽ཞེས་གསུངས་འདུག་པས་ང་འདྲོགས་སོང་། དྲ་རྒྱ་དེ་ནང་བོད་ཡིག་དགོས་པ་དྲ་གྲོགས་ཚང་མས་ཁ་གཅིག་གྲགས་རེད་འདུག་བ། ཁོང་གཉིས་ཀས་བགྲོ་གླེང་ཡག་པོ་གནང་གི་འདུག་བ།
    གུས་པས་ནོར་འཁྲུལ་བཟོས་འདུག་ན་བཟོད་དུ་གསོལ།

    Reply
  3. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    རེད། རེད། ཆུང་དུས་རང་ཁྱིམ་དཀྲུགས་ གཞོན་དུས་བཟའ་ཚང་དཀྲུགས་ རྒས་དུས་་སྤྱི་ཚོགས་དཀྲུགས། ཁྱོད་ལ་དཀྲུགས་རྒྱུ་མེད་ན་འཚོ་མི་ཐུབ་པ་ཨེ་རེད།་ དངོས་གནས་ཡ་ང་ཡག་འདྲ་ཞིག་འདུག

    Reply
  4. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཨ་རོགས་མཚོ་ཚང་བཀྲ་མ་ཤིས་པ་ལགས། བཤད་མྱོང་བ་ནི་གངས་ཅན་བླ་མའི་ལག་པ་གཡས་པ་ལྟ་བུ་ཁོལ་ཚེ་ཚུལ་ཁྲིམས་སོགས་ཀྱིས་དངོས་ཡོད་ཀྱི་ལོ་རྒྱུས་ཕྲན་བུ་བཤད་མྱོང་། ཁྱེད་རང་ལ་ཕོག་ཡོད་པ་འདྲ། ད་ཡིན་ན་བཤད་ས་དང་ཕོག་ས་ནོར་མི་འདུག མདའ་འཕེན་ན་འབེན་ལ་ཕོག་དགོས། ཚིག་བཤད་ན་གནད་ལ་འཁེལ་དགོས།

    Reply
  5. ཨ་ཆགས་ཚེ་རྡོར།་ says:
    ལོ་ 16 སྔོན།

    དྲ་གྲོགས་བསེ་རུ་གསུངས་པ་དངོས་བདེན་རེད།སྐུ་སྒེར་ཡིག་ཚང་གི་སྒོ་ཕྱེས་བསྡད་ཡོད་པའི་དགོངས་འཆར་གནང་རྒྱུ་གང་ཡོད་ཡིག་ཐོག་ཕབ་སྟེ་སྐུ་ཡིག་ཏུ་ཕུལ་ཐུབ་ན་གཞུང་མང་གཉིས་སྨན་ངེས།གཞན་དོན་སྐུ་སྒེར་ཞབས་འབྲངས་པ་ཚང་མར་གཤེ་བསྡད་ན་སོ་སོའི་ཁ་ན་ཡ་ལས་ཐོབ་བྱ་གང་ཡང་མེད་སྙམ།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ། དེ་རིང་ངས་བསྐྱར་དུ་༧གོང་ས་མཆོག་གི་ལོ་ངོ་དུ་མའི་གོང་དུ་གསུངས་པའི་བཀའ་སློབ་ཞིག་འདིར་དྲངས་ཆོག

    སྐབས་རེར་ང་རང་སེམས་པ་སྐྱོ་ཡི་འདུག ངའི་བསམ་བློ་ཤེས་དགོས་མཁན་དེ་ཚོ་བོད་པ་ཆགས་བསྡད་ཡོད་པ་རེད། མི་དགོས་མཁན་ཟེར་ན་འདྲ། དེ་ནི་ཕྱི་གླིང་བ་དེ་ཚོ་ཆགས་བསྡད་ཡོད་པ་རེད། ནམ་ཞིག་ང་མེད་ཉིན། ངས་ག་རེ་བསམ་པ་དང་ལོ་རྒྱུས་གང་ཡིན་སོགས་ཤེས་དགོས་བྱུང་ན། བོད་རང་གི་བྲིས་པའི་ལོ་རྒྱུས་ནང་དུ་ཡོད་རྒྱུ་མ་རེད། དབྱིན་ཡིག་གི་དཔེ་དེབ་དག་གི་ཁྲོད་ནས་བཙལ་དགོས་བྱུང་ས་རེད་ཅེས་གསུངས་པའི་བཀའ་སློབ་འདི་ནི། མགོ་ནས་༧གོང་ས་མཆོག་གི་མཚན་ཐོག་གི་དྲ་རྒྱ་སྒོ་འབྱེད་ཕྱེ་མཁན་གྱི་དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་ཀྱང་བཀའ་སློབ་འདི་མ་གསན་པ་ཞིག་ག་ལ་ཡིན་སྲིད། དངོས་ནས་༧གོང་ས་མཆོག་སྐུ་སྒེར་གྱི་མཛད་པ་འཕྲིན་ལས་གང་ཞིག་གནང་བའི་ཉིན་རེའི་མཛད་རིམ་ཁག་ཀྱང་ཤེས་དགོས་མཁན་དེ་ནི་བོད་རྒྱ་ཆེ་སེར་སྐྱ་མི་མང་ཆགས་ཡོད་དུས། བོད་ཕྱི་ནང་ལ་དབྱེ་བ་མེད་པར་འཛམ་གླིང་ཡུལ་གྲྭ་གང་སར་སྤུན་ཟླ་ཡོངས་ཀྱིས་རང་སྐད་ཐོག་ནས་ཀློག་རྒྱུ་ཡོད་པ་ཞིག་དངོས་ནས་ལོས་འདོད། རེད་དེ། སྐད་ཆ་དྲང་མོར་བཤད་ན་སྙིང་ལ་འཕོག་འགྲོ་བའི་གོང་གི་མི་ཆེན་དང་འོག་གི་ཞབས་འགྲེང་བ་དེ་ཚོ་བསམ་ནས་འདི་ཙམ་གྱིས་རེ་ཞིག་བཞག་པ་ཡིན།

    Reply
  7. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    མི་ཉག་སྐལ་བཟང་ཁྱོད་ཐོག་མར་དྲ་ཐོག་འདིར་སླེབས་པ་ནས་བཟུང་ཁ་ཆག་སྣ་རལ་སོང་རྐྱང་རྐྱང་བཤད་སོང༌། ད་རེས་ཁྱོད་ལ་འཇུས་ས་ཤིག་རག་པ་ལྟར་ལུང་པ་ཀུ་ཅོས་བཀང་དོན་ཅི། འོན་ཀྱང་བློ་ཕམ་པ་ཞིག་ལ་༸གོང་ས་མཆོག་གི་དྲ་རྒྱ་བོད་ཡིག་ནང་ངེས་པར་དུ་ཐོན་གྱི་རེད་ལ་དེ་ཡང་མི་འགྱངས་པར་ཐོན་ངེས་ཡིན། དེ་དུས་ཁྱོད་ཀྱི་བསམ་དོན་མ་གྲུབ་པ་རེད། ཁྱོད་ལ་དཀྲུགས་སའི་གཞི་མེད་སོང་བ་མ་ཡིན་ནམ།

    བསེ་རུ། སྐུ་སྒེར་ཡིག་ཚང་ལ་ཕེབས་དང་གཟིམ་སྒོ་ཕྱེས་ཕྱེས་པ་རེད་འདུག དགོས་པའི་དགྲ་ལ་ཡ་ལན་མེད་པར་མི་དགོས་ནང་ཁུལ་བཅོམ་དཀྲུགས་བྱེད་པ་ནི་ངོ་མ་སྙིང་རེ་རྗེ།

    Reply
  8. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    གྲོགས་བསེ་རུ་ལགས། ང་ཚོས་དྲ་ཐོག་ན་དེའི་སྐོར་ཡང་ནས་བསྐྱར་དུ་གླེང་དགོས་པ་གལ་ཆེ་བ་དང་། བོད་ཀྱི་དུས་བབས་དང་བོད་ཀྱི་བང་ཆེན་སོགས་སུ་བགྲོ་གླེང་སོགས་བརྡ་ལན་སྤྲོད་དགོས་པ་ནི་རྩ་བའི་གནད་འགག་རེད། ང་ཚོས་སྐུ་སྒེར་ཡིག་ཚང་ངོ་མར་གནས་ལུགས་གསལ་འགྲེལ་ཞུ་ཐུབ་ན་ཡང་སྐུ་ངོ་ཁ་བདེ་ཚོས་དེ་ལས་ཀྱང་རྒྱུ་མཚན་ལྟར་སྣང་མང་བའི་གནས་ལུགས་གསལ་བཤད་ཀྱིས་ང་ཚོའི་རེ་བ་ཆུ་ནང་རྡོ་གཡུག་པ་དང་གཅིག་པ་རེད་བསམ་གྱིན་འདུག སྐད་ཆ་མང་པོ་དང་རྒྱབ་ལྗོངས་རྫིག་པོ་དགོས་མཁོ་མེད། བོད་པར་བོད་ཡིག་ཡོད་དགོས་པ་དང་བོད་པས་བོད་ཡིག་སྤྱོད་དགོས་པའི་གནད་འགག་དེ་ཡིན། བོད་ཀྱི་ཆེད་དུ་ཡིན་ན་བོད་ཡིག་ངེས་པར་དུ་ཡོད་དགོས་པ་དང་། བོད་ཀྱི་ཆེད་དུ་མིན་ན་ཚོང་རྫས་ལྟ་བུའི་དྲ་རྒྱ་འདི་དག་བེད་མེད་དུ་འཇོག་རོགས།

    Reply
  9. བསེ་རུ། says:
    ལོ་ 16 སྔོན།

    མི་ཉག་སྐལ་བཟང་ལགས། ང་ཚོས་ག་ལེར་སྐུ་སྒེར་ཡིག་ཚང་གི་དྲ་རྒྱ་དེ་བོད་ཡིག་གི་ཐོག་ཏུ་ཡོད་པ་ཞིག་འོང་རྒྱུར་དྲ་ཐོག་ཙམ་མ་ཡིན་པར་ཡིག་ཚང་ངོ་མར་གནས་ལུགས་གསལ་འགྲེལ་ཞུས་ནས་སྙན་ཞུ་རེ་ཕུལ་ཏེ། ང་ཚོ་བོད་ཡིག་ལ་དགའ་ཞིང་བོད་ཡིག་ལ་གདུང་བའི་དྲ་གྲོགས་ཚོ་ཙམ་མ་ཟད། རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱི་རེ་འདོད་དེ་འགྲུབ་ཐབས་ལ་འབད་དགོས་འདུག་སྙམ།།

    Reply
  10. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཨ་ཆགས་ཚེ་རྡོར་ལགས། ཁྱེད་ཀྱིས་གསུངས་པ་ལྟར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཚོའི་དབུ་ཁྲིད་ཚོས་བློ་ཁོག་ཆུང་དུ་འགྲོ་བཞིན་པ་དང་། མཁྱེན་གསལ་ལྟར་སྒུ་སྒེར་ཡིག་ཚང་གི་ལས་བྱེད་ཚོས་ཀྱང་བློ་ཁོག་ཆུང་དུ་འགྲོ་བཞིན་པའི་ཚོར་སྣང་བྱུང་། སྐུ་སྒེར་ཡིག་ཚང་གི་དྲ་རྒྱའི་སྟེང་དུ་བོད་ཡིག་མཐོང་རྒྱུ་མེད་པས་ཀྱང་གསལ་པོ་རེད། བོད་མི་མང་པོ་ཞིག་གིས་བློ་ཕམ་བྱས་དང་བྱེད་བཞིན་པ་རེད། བོད་ཡིག་ལ་འདི་འདྲའི་རིན་ཐང་མེད་པ་ཅི་ཡིན་ནམ། བོད་པར་བོད་ཡིག་མི་དགོས་པའི་དུས་ལ་བབས་ཡོད་པ་འདྲ།

    Reply
  11. ཨ་ཆགས་ཚེ་རྡོར།་ says:
    ལོ་ 16 སྔོན།

    ཨ་རིའི་སྲིད་འཛིན་བྷོས་ཤི་ལྟ་བུའི་དཔའ་སྤོབས་གཉིས་ལྡན་གྱི་དབུ་ཁྲིད་ཅིག་འཛམ་གླིང་འདིར་མ་མཆིས་ཚེ།ཆབ་སྲིད་ཀྱི་ཟློས་གར་འོག་ན་བདེན་པའི་འོད་སྣང་ཉིན་རེ་ལས་ཆུང་དུ་འགྲོ་བཞིན་ཡོད།
    ཉེ་ཆར་སྲིད་འཛིན་ཨོ་བྷ་མ་གོང་ས་མཆོག་དང་མཇལ་འཕྲད་མ་གནང་སྟབས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཚོའི་དབུ་ཁྲིད་ཚོས་བློ་ཁོག་ཆུང་དུ་འགྲོ་བཞིན་འདུག
    ཨོ་སི་ཊ་ལེ་ཡའི་སྲིད་འཛིན་ཡང་གོང་ས་མཆོག་ལ་རྒྱ་ནག་གི་གནོན་ཤུགས་འོག་མི་མངོན་པའི་དབྱིངས་སུ་གཤེགས་འདུག
    དོན་འདིས་ང་ཚོར་བདེན་པར་རེ་བཅོལ་ཁོ་ནས་མི་འགྲིག་པར་བོད་མི་རང་སྟེང་ནས་རྒྱལ་སྤྱིའི་སྲིད་སྟེགས་ཐོག་གོ་ལའི་ཆབ་སྲིད་དང་དཔལ་འབྱོར་གྱི་འགྱུར་འགྲོས་མཐུན་པའི་སྲིད་བྱུས་ཤིག་འདང་དགོས་པ་བསྟན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese