མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲོལ་མ་སློབ་གསོ་རོཊ་སྐྱོར།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་མཚོ་སྔོན་སྒྲོལ་མ་སློབ་གསོ་རོགས་སྐྱོར་ཚོགས་པས་མཚོ་སྔོན་ས་ཁུལ་གྱི་སློབ་གྲྭ་ཆེ་ཁག་གི་སློབ་མ་ཉམ་ཐག་ ༢༡ ཙམ་ལ་རྒྱ་སྒོར་ ༨༠༠ རེ་སློབ་ཡོན་རོགས་རམ་གནང་རྒྱུའི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུ་དེའི་སྟེང་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་འགན་འཛིན་གཞོན་པ་རྒྱ་ཡེ་བཀྲ་བྷོ་དང་། མཚོ་སྔོན་སློབ་གྲྭ་ཆེན་མོའི་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་བན་དེ་ཚེ་རིང་། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་རྡོ་རྗེ་ཚེ་རིང་སོགས་གནད་ཡོད་མི་སྣ་མང་པོ་ཕེབས་ཡོད་འདུག་ལ། ཚོགས་ཐོག་ནས་སྒྲོལ་མ་སློབ་གསོ་རོགས་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་དང་སློབ་གྲྭ་ཁག་གི་སྐུ་ཚབ། དེ་བཞིན་འབྲེལ་ཡོད་ལས་ཁུངས་ཁག་གི་མི་སྣ་དང་ཐེངས་འདིར་རོགས་སྐྱོར་ཐོབ་པའི་སློབ་མ་བཅས་ནས་འབྱུང་འགྱུར་བོད་ཀྱི་སློབ་གསོ་ཇི་ལྟར་འཕེལ་རྒྱས་སུ་གཏོང་ཕྱོགས་དང་། ཚོགས་པ་འདིའི་མ་འོངས་པའི་ལས་དོན་བྱེད་ཕྱོགས། དེ་བཞིན་ཧ་ཅང་ཛ་དྲག་གཉན་འཕྲང་འོག་གནས་པའི་མཚོ་སྔོན་མཚོ་ཤར་ས་ཁུལ་གྱི་བོད་སྐད་དང་བོད་ཡིག་གི་གནས་བབ་མྱུར་སྐྱོབ་བཅས་ལ་བགྲོ་གླེང་གོ་བསྡུར་གནང་ཡོད། ཅེས་མཚོ་སྔོན་བོད་སྐད་རླུང་འཕྲིན་ནས་བསྒྲགས་ཡོད། 

 

གཞན། སློབ་ཆེན་སློབ་མ་ཚོས་གསེར་ལས་དཀོན་པའི་དབྱར་གནང་དང་དགུན་གནང་གི་དུས་ཚོད་བེད་སྤྱོད་གཏོང་ཕྱོགས་དང་། སློབ་ཆེན་ཐོན་རྗེས་བོད་མི་རིགས་ཀྱི་སློབ་གསོའི་ལས་དོན་ཐད་ཇི་ལྟར་བྱས་རྗེས་འཇོག་རྒྱུ་སོགས་ཀྱི་ཐད། མིག་རྒྱང་རིང་ཞིང་དོན་སྙིང་ལྡན་པའི་བསམ་གཞིག་དང་གྲོས་བསྡུར་བྱས་ཡོད་འདུག ད་དུང་ཉིན་དེའི་ཚོགས་ཐོག་ནས་སྒྲོལ་མ་སློབ་གསོ་རོགས་སྐྱོར་ཚོགས་པའི་འདས་པའི་ལོ་གཅིག་རིང་གི་ལས་བསྡོམས་དང་། འབྱུང་འགྱུར་ ༢༠༡༠ ལོའི་ལས་འཆར་སྐོར་སྙན་སྒྲོན་ཞུས་པར་ཚོགས་ཞུགས་པ་ཡོངས་ནས་ཧ་ཅང་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་བསམ་པ་བསྟན་ཡོད་འདུག

 

མཚོ་སྔོན་སྒྲོལ་མ་སློབ་གསོ་རོགས་སྐྱོར་ཚོགས་པ་ནི། མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་སློབ་གསོ་སྡེ་ཁག་ནས་བགྲེས་ཡོལ་དུ་ཕེབས་པའི་བོད་རིགས་ལས་བྱེད་རྒན་པ་མཁའ་འགྲོ་རྒྱལ་གཙོས་པའི་ཟི་ལིང་གྲོང་ཁྱེར་གྱི་བོད་རིགས་ཤེས་ལྡན་པ་སྐོར་ཞིག་གི་སྣེ་ཁྲིད་འོག མཚོ་སྔོན་ཞིང་ཆེན་ནས་དེབ་སྐྱེལ་ཆོག་མཆན་ཐོབ་པའི་ཁྲིམས་མཐུན་གྱི་ཚོགས་པ་ཞིག་གི་ངོ་བོར་གྲུབ་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ཟླ་ ༡ ཚེས་ ༡ ཉིན་ཚོགས་པ་དངོས་སུ་སྒོ་འབྱེད་བྱས་ཏེ། ད་བར་བོད་རིགས་མཐོ་རིམ་སློབ་མ་ ༤༢ ཙམ་ལ་རོགས་དངུལ་སྤྲད་ཡོད་པ་མ་ཟད། སློབ་གྲྭའི་དབྱར་གནང་དང་དགུན་གནང་གི་གོ་སྐབས་དང་བསྟུན་ཏེ། སློབ་ཆེན་སློབ་མ་གོ་སྒྲིག་གིས་མཚོ་ཤར་ས་ཁུལ་གྱི་བོད་སྡེ་ཁག་ཏུ་བསྐྱོད་དེ་བོད་ཡིག་བོད་སྐད་ཀྱི་སློབ་ཁྲིད་དང་། འཚོ་བའི་རྒྱུན་ཤེས་དང་ཀུན་སྤྱོད། བསམ་བློའི་སློབ་གསོའི་གནས་ཚད་ཡར་རྒྱས་ཐད་ལས་དོན་བསྒྲུབས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༡༨ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

མཆན། 10

  1. བསེ་རུ། says:
    ལོ་ 16 སྔོན།

    ཕྱི་རྒྱལ་ཁག་ཏུ་བཞུགས་པའི་བོད་རིགས་འབྱོར་ལྡན་ཚོས་བཙན་བྱོལ་གྱི་ནང་དུ་འདི་ལྟའི་ལས་འགུལ་སྤེལ་ན་ཅི་འདྲའི་དགོས་མཁོ་ཅན་ཞིག་མ་ཡིན་ནམ།
    ཡིན་ན་ཡང་༌༌

    Reply
  2. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཨ་རོགས་བློ་བཟང་ཚེ་རིང་ལགས། ང་ད་ལྟ་དྲ་ངོས་ན་ཡོད།

    Reply
  3. བློ་བཟང་ཚེ་རིང༌། says:
    ལོ་ 16 སྔོན།

    མི་ཉག་ལགས། ད་ལྟ་དྲ་ངོས་ན་ཡོད་དམ།

    Reply
  4. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་ལགས་ཀྱིས་སྐད་ཆ་དེར་དགོད་རེ་ཤོར་རྒྱུ་ཡོད་པ་མ་ཟད་རྒྱབ་ལྗོངས་ན་གནད་འགག་ཅན་གྱི་གོ་རྒྱུ་ཅིག་ཀྱང་འདུག་སྙམ། སྐབས་རེ་མི་ལོ་༥༠་སོང་ཚར་བའི་ཡུལ་གྱར་བའི་འཚོ་བར་བསྐྱལ་ཟིན་པ་རྣམས་དང་ད་ལྟའང་ང་ཚོར་ཅི་ཡང་ཐོབ་མེད་པའི་སྐྱོ་སྣང་གིས་ཚོར་སྣང་རེ་རེས་ང་ཚོ་ལག་ཆད་ཁ་སྟོང་ཤ་སྟག་དང་ཁྱད་པར་ཅི་ཡོད་ན་སྙམ་པའི་གོ་རྒྱུ་ཞིག་འདུག

    Reply
  5. བྱམས་རྒྱལ། says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་ལགས་ཀྱི་སྐད་ཆ་དེར་དགོད་གཅིག་ཤོར་བྱུང་།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    གང་ཡང་མེད་ལགས། དེའི་ཐད་དུ་དགོངས་དག་ཞུ། ང་ནི་ལག་ཆད་ཁ་སྟོང་ཞིག་ཡིན་ལགས།

    Reply
  7. ཨ་ཆགས་ཚེ་རྡོར།་ says:
    ལོ་ 16 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས།ནམ་རྒྱུན་གཞན་སྨད་ར་ཁོ་ན་གནང་ན་ཡག་པོ་མ་རེད།་དངོས་གནས་རེད་བོད་གཞིས་ལུས་མི་མང་གིས་ཕྱག་ལས་གནང་ཕྱོགས་རླབས་ཆེན་རེད།སྐུ་ཉིད་ནས་བོད་གཞིས་ལ་མཐུན་འགྱུར་རོགས་རམ་ག་ཚོད་ཅིག་གནང་ཐུབ་ཡོད་ན།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་རྒྱ་ཆེ་གཞིས་ལུས་མི་མང་གིས་བྱེད་སྟངས་དེ་དག་ནི་དངོས་ནས་བྱེས་ཀྱི་བོད་མི་དག་གིས་སློབ་དགོས་ཀྱི་འདུག་ལ། གང་ཅིའི་ཐད་ནས་རོགས་རམ་བྱེད་ཐུབ་ས་འདྲ་ཡོད་ན་བྱེད་དགོས་ཀྱི་འདུག

    Reply
  9. ཨ་ཆགས་ཚེ་རྡོར།་ says:
    ལོ་ 16 སྔོན།

    ནོར་བཅོས།གངས་རིའི་འབྱུང་འགྱུར་ལ་རྒྱང་བལྟ་

    Reply
  10. ཨ་ཆགས་ཚེ་རྡོར།་ says:
    ལོ་ 16 སྔོན།

    མི་རིགས་ཤིག་རྨོངས་གཉིད་ལས་བསླངས་དགོས་ན།་ཤེས་ཡོན་གྱི་རྨང་གཞི་ངེས་ཅན་ཞིག་ངེས་པར་འཇོག་དགོས་པ་གདོན་མི་ཟ་ན།
    གཞིས་སྡོད་བོད་རིགས་རྒན་རབས་པ་དག་གི་སྐུ་དྲིན་ལ་འཁྱག་རོམ་ལྟ་བུའི་དམར་གཞུང་གི་སྲིད་བྱུས་འོག་བོད་མི་རིགས་ཀྱི་ལས་དབང་ལ་དྲོལ་ཁོལ་དང་གངས་རིའི་འབྱུང་འགྱུར་རྒྱང་ཐུབ་པའི་སྒྲོན་མེ་སྦར་བཞིན་འདུག།སེམས་གཏིང་ནས་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese