མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་དེབ་དེ་གཉིས་དཔར་བསྐྲུན་གནང་རོགས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

གལ་སྲིད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དཔར་སྐྲུན་བྱ་མི་ཐུབ་ཚེ་ལྷག་བསམ་གྱིས་ཕྱུག་པའི་ཚོགས་པ་དང་མི་སྒེར་གང་རུང་གིས་ངའི་དེབ་དེ་གཉིས་དཔར་སྐྲུན་བྱ་རོགས་ཞེས་རྩོམ་པ་པོ་བྱ་མདོ་རིན་བཟང་ལགས་ཀྱིས་རེ་འབོད་ཞུས་ཡོད།

སྔར་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ཡར་སྔོན་དུ་མདོ་སྨད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་གཞོན་སྐྱེས་རྩོམ་པ་པོ་བྱ་མདོ་རིན་བཟང་ལགས་ཀྱིས་རང་ཉིད་བོད་རིགས་རྩོམ་པ་པོ་ཞིག་ཡིན་པའི་འགན་བླངས་ནས་བོད་ཁུལ་གྱི་ས་ཆ་གང་སར་ཕྱིན་ཏེ་རིག་གནས་གསར་བརྗེ་སྐབས་ཀྱི་རྒན་རབས་པ་ཁག་ཅིག་ལ་འདས་པའི་དཀའ་སྡུག་གི་འཚོ་བའི་སྐོར་ལ་བཅར་འདྲི་དང་ད་ལྟའི་དངོས་ཡོད་འཚོ་བར་རྒྱུས་ལོན་བྱས་པའི་རྩོམ་ཡིག་གང་མང་ཞིག་དེབ་ཀྱི་གཟུགས་སུ་བཀོད་དེ་བྲིས་པའི་༼ངའི་ཕ་ཡུལ་དང་ཞི་བའི་བཅིངས་འགྲོལ༽ ཅེས་པ་དང་༼དབུ་ཕར་སྐོར་གྱི་དོགས་འཕྲོས༽ ཞེས་པའི་དེབ་ཕྲེང་གཉིས་པར་སྐྲུན་བྱས་ཡོད་ཀྱང་། དེབ་དེ་གཉིས་རང་གི་གྲོགས་པོ་ཚོར་ལེགས་སྐྱེས་ཀྱི་ཚུལ་དུ་འབུལ་རྒྱུའི་གོ་སྐབས་ཙམ་ལས་དངོས་སུ་སྤྱི་ཚོགས་སྟེང་འགྲེམས་སྤེལ་གྱི་གོ་སྐབས་མ་བྱུང་བར། རྒྱ་གཞུང་གིས་དེབ་དེ་གཉིས་ཀྱི་ནང་ཆབ་སྲིད་དང་འབྲེལ་བའི་སྐོར་བྲིས་ཡོད་པར་ངོས་འཛིན་གྱིས་འགྲེམས་སྤེལ་བྱེད་དུ་བཅུག་མེད་པ་དང་། དེབ་དེར་རྐྱེན་བྱས་ཏེ་རྫོང་དང་ཞང་རིམ་པའི་ཉེན་རྟོག་པས་ཁོང་བཀག་ཉར་དང་འདྲི་གཅོད་ཐེངས་མང་བྱས་ཡོད་པ་མ་ཟད། ༢༠༠༦ ལོའི་ཟླ་ ༧ པའི་ཚེས་ ༡༩ ཉིན་ཁོང་འབྲས་སྤུངས་ནས་ཕྱིར་རང་ཡུལ་ཏུ་ལོག་པའི་ལམ་བར་དུ་འཛིན་བཟུང་བཀག་ཉར་བྱས་ཏེ། ཕྱིར་སློབ་གཉེར་གནང་སའི་དགོན་པར་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་དང་།  ཕྱིས་སུ་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་པའི་སྐབས་ཏེ། ༢༠༠༩ ལོའི་ཟླ་ ༨ པའི་ནང་ཡང་བསྐྱར་འཛིན་བཟུང་གིས་ཁོང་ལ་སྡུག་སྦྱོང་མནར་གཅོད་བཏང་མཐར་ཕྱིར་ནང་མིར་རྩིས་སྤྲོད་བྱས་ཡོད་འདུག་ལ། སྐབས་དེར་རྒྱ་ནག་གི་ཉེན་རྟོག་མི་སྣས་མནར་གཅོད་ཚད་མེད་བཏང་མཐར་ཁོང་གི་ཀླད་པར་སྐྱོན་ཤོར་ཏེ་དྲན་ཤེས་ཡོངས་སུ་ཉམས་པ་དང་ཟ་འཐུང་འགྲོ་འདུག་སོགས་ལའང་དཀའ་ངལ་ཡོད་པའི་གནས་སུ་བསྐྱལ་ཡོད་པ་རེད། 

ཁོང་གིས་དེབ་དེ་གཉིས་བྲིས་ཚར་རྗེས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་འཇིགས་མེད་ལགས་དང་འབྲེལ་བ་བྱུང་སྟེ། ཕན་ཚུན་མོས་མཐུན་ཐོག་ཁོང་གི་དེབ་དེ་གཉིས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དཔར་སྐྲུན་འགྲེམས་སྤེལ་བྱ་རྒྱུ་ཁས་ལེན་བྱས་ཡོད་འདུག་ལ། ཁོང་དང་སྐུ་ཞབས་སྒྲོལ་མ་སྐྱབས་རྣམ་གཉིས་ཀྱི་དེབ་བཅས་ལ་འཇར་མན་རྩོམ་པ་པོ་མཐུན་ཚོགས་དང་ཁེ་ན་ཌའི་རྩོམ་པ་པོ་མཐུན་ཚོགས་གཉིས་ཀྱི་མ་དངུལ་འགྲོ་གྲོན་གཏོང་རྒྱུ་ཡིན་པའི་ཁག་ཐེག་བྱས་ཡོད་པའི་གནས་ཚུལ་སོགས་རྩོམ་པོ་པོས་ཀྱང་ཤེས་རྟོགས་བྱུང་ཡོད་པ་རེད། དེ་ལྟ་ནའང་།   མི་ལོ་  ༢ ལྷག་འགྲོ་བཞིན་པའི་ད་ལྟའི་དུས་འདིར་ཡང་ཁོང་གི་དེབ་དེ་གཉིས་བཙན་བྱོལ་སྤྱི་ཚོགས་ཀྱི་ཀློག་པ་པོའི་སྤྱན་ལམ་དུ་སླེབས་རྒྱུ་མ་བྱུང་བ་དང་། གྲགས་འགུལ་ཅི་ཡང་མ་བྱུང་སྟབས། ཉེ་ཆར་རྩོམ་པོ་པོོས་བོད་ནས་ཁ་པར་བརྒྱུད་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དཀའ་ཐུབ་ཚེ་རིང་ལགས་ལ་རེ་སྐུལ་གྱིས་སྐད་བསྐུར་ཡོད་པ་དང་། རྩོམ་པ་པོས་བསྐུར་བའི་སྐད་ཀྱི་ནང་དུ།  ངས་ཧ་ཅང་གཉན་འཕྲང་གི་དུས་སྐབས་སུ་བོད་ཁམས་མྱུལ་ཏེ་གནས་ཚུལ་གང་མང་ལ་ཉམས་ཞིབ་དང་རྒྱུས་ལོན་བྱས་ཏེ་དེབ་དེ་བྲིས་པ་ཡིན་ལ། དེབ་དེའི་ནང་མི་མང་པོ་ཞིག་ལ་བཅར་འདྲི་བྱས་ཏེ་བོད་མིའི་བདེ་སྡུག་མངོན་པར་མཚོན་ཡོད།  དེབ་འདིར་ཆབ་སྲིད་ཀྱི་ནག་ཉེས་ཕོག་པའི་དབང་གིས་ད་ལྟའི་ཆར་ཡང་ང་རང་གང་སར་ཡིབ་ནས་འགྲོ་དགོས་པ་དང་གཏན་སྡོད་ཀྱི་གནས་ངེས་ཅན་ཞིག་མེད་པར་ཆགས་ཡོད།  ཡིན་ནའང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ང་ལ་ཁས་ལེན་བྱས་པའི་ལས་དོན་ཅི་ཡང་འགྲུབ་མེད་སྟབས། ང་རང་ཧ་ཅང་བློ་ཕམ་སྐྱེས་ཡོད། ཅེས་དང་། རང་དབང་ལུང་པའི་ནང་དེབ་དེ་གཉིས་དཔར་སྐྲུན་བྱེད་པར་དཀའ་ངལ་ཅི་ཞིག་བྱུང་ཡོད་མེད་དང་། ད་ལྟའི་བར་ལྷག་དགོས་དོན་སོགས་གསལ་བོར་འགྲེལ་བཤད་དང་བརྡ་ལན་ཞིག་སྤྲོད་རྒྱུའི་རེ་བ་ཡོད་ཅེས་བརྗོད་ཡོད་པ་མ་ཟད། གལ་སྲིད། དེབ་དེ་གཉིས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དཔར་བསྐྲུན་བྱ་མི་ཐུབ་ཚེ་ལྷག་བསམ་གྱིས་ཕྱུག་པའི་ཚོགས་པ་དང་མི་སྒེར་གང་རུང་གིས་ངའི་དེབ་དེ་གཉིས་དཔར་སྐྲུན་འགྲེམས་སྤེལ་བྱ་རོགས་ཞེས་རེ་སྐུལ་གནང་ཡོད་པ་རེད།
 
གོང་གསལ་གྱི་གནས་ཚུལ་འདིའི་ཐད་འདི་གའི་གསར་འགོད་པས་རྩོམ་པ་པོ་ལྷ་ཆབ་སྦྱིན་པ་ལགས་སུ་ཞིབ་ཕྲའི་གནས་ཚུལ་བཀའ་འདྲི་ཞུས་པར། ཁོང་གིས།  ༢༠༠༧ ལོའི་ནང་རྩོམ་པ་པོ་རིན་ཆེན་བཟང་པོ་ལགས་ཀྱིས་རྩོམ་ཡིག་ ༡༧ ལྷག་རྒྱ་གཞུང་གིས་མེར་བསྲེགས་བཏང་ཡོད་པའི་གནས་ཚུལ་ཞིག་སྤྱི་ཚོགས་མེ་ལོང་སྟེང་སྤེལ་བ་དང་དབྱིན་ཡིག་གི་སྟེང་ནས་ཀྱང་ཕྱི་རྒྱལ་ལ་གནས་ཚུལ་མཁོ་གཏོང་བྱས་པར། འཇར་མན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དང་བླངས་ཀྱིས་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་དང་རིན་ཆེན་བཟང་པོ་ལགས་རྣམ་གཉིས་ཀྱི་དེབ་ལ་རོགས་སྐྱོར་བྱ་རྒྱུའི་མོས་མཐུན་བྱུང་སྟེ། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་འཇིགས་མེད་ལ་ཧིན་སྒོར་ཁྲི་ ༤ ལྷག་བཏང་ཡོད་པའི་གནས་ཚུལ་ཞིག་གོ་ཐོས་བྱུང་ལ། རྗེས་སུ་མ་དངུལ་དེ་རྩོམ་པ་པོ་རིན་ཆེན་བཟང་པོ་ལགས་སུ་འབྱོར་ཡོད་པའི་འབྱོར་ཡིག་ཅིག་ཕྱིར་ངྷ་སར་འབྱོར་ཡོད་ཚུལ་བརྗོད་པ་ལས་གཞན་པའི་གནས་ཚུལ་དེ་དག་ང་ལ་གསལ་ཆ་མེད་ཅེས་བརྗོད་བྱུང་ལ། རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཐོག་མར་དེབ་ཚུར་ལེན་མཁན་དང་འབྲེལ་བ་བྱ་མཁན་ཚང་མ་འཇིགས་མེད་ལ་གསལ་ཆ་ཡོད་པ་དང་། དེབ་དེ་དཔར་སྐྲུན་མ་བྱས་པའི་རྒྱུ་རྐྱེན་གཙོ་བོ་དེ། ཁོང་གི་དེབ་དེ་བོད་ནང་དུ་པར་སྐྲུན་བྱས་ཟིན་པ་མ་ཟད། དེབ་ཁག་ཅིག་ང་ཚོའི་བཙན་བྱོལ་ཏུའང་འབྱོར་ཡོད་པའི་གནས་ཚུལ་སོགས་ཐོས་འཕྲལ་བཙན་བྱོལ་ནང་དཔར་སྐྲུན་མ་བྱས་པ་ཞིག་རེད་ཅེས་བརྗོད་བྱུང།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༡ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 56

  1. གངས་དཀར་རྒྱལ་སྲས says:
    ལོ་ 17 སྔོན།

    ངའི་ཁ་པར་ཨང་གྲངས་༩༨༠༥༨༧༥༦༤༢འདིཡིན།་འབྲེལ་ཡོད་ལྷན་རྒྱས་ནས་དོན་དག་ཡོད་ན་འདི་ལ་འབྲེལ་བ་བྱོས།

    Reply
  2. ཨ་ཆགས་ཚེ་རྡོར།་ says:
    ལོ་ 17 སྔོན།

    རྔ་བ་བསོད་ནམས་རྒྱ་མཚོག་ལགས།དེང་ཐོག་ཕྲན་ནས་སྐུ་ཉིད་ལ་དགོངས་དག་ཞུ་རྒྱུ་དང་སྦྲགས་ཉིད་ནས་གནས་ཚུལ་འདིའི་སྔའི་ཕྱིའི་བརྒྱུད་རིམ་གསལ་བཤད་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན།
    ད་དུང་ཨ་འཇིགས་དང་ཨ་མཆོག་ལྷ་མོ།་ནམ་ལྷ་སོགས་ཀྱིས་གནས་ཚུལ་གྱི་བྱུང་རིམ་ཁ་གསལ་བཟོ་རྒྱུ་དུས་ལ་བབས་འདུག་སྙམ།

    Reply
  3. ཨ་ཆགས་ཚེ་རྡོར།་ says:
    ལོ་ 17 སྔོན།

    གངས་དཀར་རྒྱལ་སྲས།་ངས་རྩོམ་པ་པོའི་མཐུན་ཚོགས་དང་འབྲེལ་བའི་མཆན་བུ་འགའ་བཏབ་པ་སྤྱི་དོན་དྭངས་བླང་གིས་བཤད་པ་ལས།མིསྒེར་རེ་ཟུང་ལ་དགའ་མིན་རྒྱུ་མཚན་དུ་བྱས་ནས་བཤད་མེད་པ་སྐུ་ཉིད་ཀྱིས་གསུངས་པ་ལྟར།་རུམ་ལ་བཅུག་རྒྱུའི་བྲོ་དང་སེམས་ལ་ཉར་རྒྱུའི་ཚིག་ཡིན།
    རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐོར་ལ་ལབ་གླེང་མང་པོ་ཞིག་བྱུང་བཞིན་པ་འདི་སྒྲིག་འཛུགས་མ་འགྲིག་པ་ཞིག་མིན་པར་རྒྱུན་ལས་ཁ་ཆེ་ལག་རིང་རེ་ཟུང་གིས་བྱས་ཉེས་ལ་སྤྱི་ཚོགས་ཐོག་ཐེར་འདོན་བྱེད་བཞིན་པ་ཡིན་ན།་སྐུ་ཉིད་འཛིན་སྐྱོང་དྲུང་ཆེ་ཡིན་པས།་རྒྱུན་ལས་སྔ་མ་དག་གི་སྐབས་ཀྱི་ལས་ཁུངས་ཡིག་ཚགས་དང་གློག་ཡིག་སོགས་ཞིབ་ཀློག་ཅིག་བྱོས་དང།་སྐུ་ཉིད་རྣལ་ལམ་ལས་བཞེངས་ཐུབ་ངེས།
    སྐུ་ཉིད་དགོངས་འགལ་མི་བཞེས་པ་ཞུ།

    Reply
  4. བྱམས་པ་ཆོས་དགའ། says:
    ལོ་ 17 སྔོན།

    གངས་དཀར་རྒྱལ་སྲས་ལགས། ཁྱེད་ག་རེ་བྱས་ཀྱང་ཀུན་ཐར་ལགས་ཀྱི་རྔ་མ་དེ་བསུབ་རྒྱུ་ཁག་པོ་རེད་འདོད། གངས་ལགས་ཞེ་ན་ང་ལྟ་བུ་ལ་ཆགས་བཞག་ན་ཀུན་ཐར་ཤེས་ཀྱི་མེད་ཡིན་ནའང་གོ་མྱོང་ཡོད། ཁོང་བོད་མི་རིགས་ལ་ཞབས་འདེགས་ཞུ་མཁན་ཞིག་ལས་ཞབས་འདྲེན་པ་ཞིག་ཡིན་པ་ནམ་ཡང་ངོས་འཛིན་མ་མྱོང་། ཡིན་ནའང་འབྲེལ་འདྲེས་དང་། རྒྱུ་ཡོད་ཀྱི་མི་མང་པོས་བཤད་པ་ལྟར་ད་སྐབས་དོགས་པ་ཙམ་ཟ་ནས་བསྡད་ཡོད། གསལ་བཤད་བྱེད་མཁན་གུས་པར་ཕན་ཐོགས་པ་འདུག་ལ་སྤྱི་ཚོགས་ནང་དུ་དེ་བས་ཀྱང་ཕན་ཐོགས་ཡོད་རྒྱུ་རེད་འདོད། གངས་དཀར་རྒྱལ་སྲས་ཁྱེད་ཀྱིས་དོག་པ་རྣམ་རྟོག་འདྲ་མང་པོ་གསུངས་ཤག ཚེ་རྡོར་ལགས་ཀྱིས་གསུངས་པ་ལ་རྒྱུ་མཚན་འདུག ང་ཚོ་བོད་པའི་སྤྱི་ཚོགས་ལ་ཤ་ཚ་ཡོད་མཁན་ཞིག་དང། བོད་མི་རིགས་ཀྱི་ཟུང་ཁྲག་རྒྱུ་མཁན་ཞིག་ཡིན་ཚེ། གཞུང་སྒེར་གང་ཞིག་སྐྱོན་ཆ་ཡོད་པ་རྣམས་ཐེར་འདོན་བྱེད་དགོས་ཀྱི་རེད། དགའ་བསུ་ཡོད། འདི་གང་ཟག་བྱེ་བྲག་པ་ལ་དམའ་འབེབས་མ་རེད་ལ་དེ་བས་མེད་པ་ལ་ཡོད་པས་སྒྲོ་འདོགས་དང་ཡོད་པ་ལ་མེད་པས་སྐུར་འདེབས་སོགས་ཀྱི་ངོས་འཛིན་བྱས་ན་མི་འགྲིགས།
    གནས་ཚུལ་ཡ་མཚན་ཞིག་ལ་ཀུན་ཐར་ལགས་ཁང་པ་སྦུལ་ཊིང་དང་། མོ་ཊ་ཉོས་ནས་བཞུགས་ཡོད་རེད་ཡིན་ནའང་ཚོགས་པ་ལ་དངུལ་ཡོད་མ་རེད་ཟེར་བ་སོགས་ཐོས་རྒྱུ་འདུག་ཏ།

    Reply
  5. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 17 སྔོན།

    བསོད་ནམས་རྒྱ་མཚོས་གསལ་བཤད་ཡག་པོ་གནང་འདུག་པ་མ་ཟད་ཨ་ཆགས་ཚེ་རྡོར་ལགས་ཀྱིས་ཀྱང་ནོར་བ་ལ་དགོངས་དག་ཞུ་དགོས་རེད་འདོད།
    བསོད་ནམས་རྒྱ་མཚོ་ནང་བཞིན་ཨ་མཆོག་ལྷ་མོ་དང་གསར་བུ་གནམ་ལྷ་སོགས་ཀྱིས་ཀྱང་གསལ་བཤད་བྱས་ན་ཡག་པོ་ཡོད་རེད་དྲན། དེའི་རྗེས་ལ་འཛིན་སྐྱོང་དྲུང་ཆེ་ནས་ཀྱང་
    སྤྱི་ཚོགས་སྟེང་ལ་འཛིན་སྐྱོང་གི་སྔ་ཕྱིའི་གླེང་རྙོག་དག་གཙང་མ་བཟོ་དགོས་རྒྱུ་གལ་ཆེ། མཐའ་མ་དེ་ལ་ད་ཡོད་རྒྱུན་ལས་རྣམས་གཙོས་བའི་རྒྱུན་ལས་ཟུར་བ་དང་ཚོགས་མི་རྙིང་པ་རྣམས་ཀྱིས་མ་སྐུལ་དྭངས་བླངས་ཀྱི་སྒོ་ནས་མ་འདས་སྤྲུལ་སྐུ་ཀུན་ཐར་དོན་གྲུབ་ཀྱི་བྱས་ཉེས་ཆ་ཚང་ལ་ཞིབ་འཇུག་ཡག་པོ་གནང་དགོས་བ་མ་ཟད་ཀུན་བྷ་རྒྱུན་ལས་ཀྱི་ཁོངས་ནས་ཕྱིར་འབུད་གཏོང་དགོས་ལ་སླད་ཕྱིན་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ངོས་ནས་ནང་འཚོང་རིགས་ཐམས་ཅད་མཚམས་འཇོག་བྱས་ཏེ་མ་འོངས་བའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འདི་ཕྱོགས་གང་ཅིའི་ཐད་ནས་གཞན་གྱིས་གདེང་འཇོག་བྱེད་ས་དང་མིག་དཔེ་བལྟ་ས་ཞིག་བཟོ་དགོས་རེད་།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    བདག་གི་སློབ་གྲོགས་རྔ་བ་བསོད་ནམས་རྒྱ་མཚོས་ཁ་བརྡ་དྲ་ཏོག་དུ་ལན་བཞག་འདུག་པ་འདིར་བཀོད་ཡོད།
    http://www.khabdha.org/?p=5328
    ༡༽ རྔ་བ་བསོད་ནམས་རྒྱ་མཚོ་ནས།
    སྤྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༣ གི་ཆུ་ཚོད་ ༡ སྐར་མ་ ༣༨
    དྲ་གྲོགས་སུ་སྤེལ་ཐུབ་ཀྱི་ཡོད་ན་ངའི་རེ་བ་ཆུང་ཆུང་འདི་སྒྲུབས་རོགས་གནང།་་་་་་་་ངའི་བསམ་འཆར་འདི་དུས་བབས་དྲ་རྒྱའི་ཐོག་《ངའི་དེབ་གཉིས་དཔར་བསྐྲུན་གནང་རོགསཱྀ》ཞེས་པའི་ཐད་དུ་འགོད་རོགས།
    ང་ལ་དུས་བབས་དྲ་རྒྱའི་ཐོག་འཛུལ་ཞུགས་བྱེད་པའི་ཐུབ་བཀའ་འཁྲོལ་མེད་པས་ཡིན།

    ང་རྔ་བ་བསོད་ནམས་རྒྱ་མཚོ་ཡིན།་་དུས་བབས་དྲ་རྒྱའི་ཐོག་ངའི་དེབ་གཉིས་དཔར་བསྐྲུན་གནང་རོགས་ཞེས་པའི་སྐོར་ལ་ཨ་ཆགས་ཚེ་རྡོར་ལགས་ཀྱིས་བསམ་འཆར་མང་ཞིག་བྲིས་འདུག་་་་་་ང་ལ་སྤྱིར་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་བྱེད་ཁག་གིས་བྱ་བ་ཅི་ཞིག་སྒྲུབ་ཀྱིན་ཡོད་མེད་གསལ་ཆ་མེད་པས་བཤད་ཐབས་བྲལ།་་་་་་་་སྐབས་འདིར་ཨ་ཆགས་ཚེ་རྡོར་ལགས་འདི་ལྟར་་་་་༼ཕྱི་ལོ་༢༠༠༧་ལོར་ཨ་རིའི་གླིང་ཁོངས་ཁཱོ་ལོང་པེ་ཡ་རྒྱལ་ཁབ་ཏུ་ཤེས་རིག་ལས་ཁུངས་ཀྱི་རིགས་གཅིག་རྐང་འཛིན་གྲས་རྔ་བ་བསོད་ནམས་རྒྱ་མཚོ་ལྐོག་དངུལ་གསང་ལེན་གྱིས་ཚོགས་འདུར་བཏང་ཡོད།་༽ཅེས་བཀོད་འདུག
    འདི་ལ་ངས་གསལ་བཤད་ཅུང་ཙམ་ཞིག་བྱེད་དགོས་ནི་རེད།
    ང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མིའི་ཁུངས་སུ་ཞུགས་ཡོད་པས་སྐབས་དེར་ངས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་གཞིར་གཞག་ང་ཁཱོ་ལམ་བྷབྷབྷེ་ཡ་རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་འདུར་ཞུགས་ཌྷཌྷའདོད་ཡོད་པའི་སྙན་ཞུ་ཞིག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་ཁུངས་སུ་སྤྲད་པ་ཡིན།
    རྗེས་སུ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་ཁུངས་ནས་ང་ལ་ཁྱེད་རང་ཚོགས་འདུར་ཞུགས་རྒྱུ་ང་ཚོས་མོས་མཐུན་བྱས་པ་ཡིན་ཟེར་སོང།་་་་འོན་ཀྱང་ང་ཚོར་འགྲིག་གཞི་ཞིག་ཡོད་པ་རེད་དེ་ནི་ཁྱེད་རང་ཚོགས་འདུར་མ་སོང་སྔོན་དུ་འདི་ག་ལས་ཁུངས་སུ་ཧིན་སྒོར་གཅིག་འབུམ་གཏའ་མར་བཞག་དགོས་ནི་རེད་རྗེས་སུ་ཁྱེད་རང་ཕྱིར་འདིར་སླེབས་སྐབས་ཁྱེད་རང་ལ་ཕྱིར་སྤྲོད་རྒྱུ་རེད་ཟེར་སོང།་་་་་་་་་ང་ཕྱིར་ཡོང་རྒྱུ་ཡིན་པས་ངས་རྩོམ་པ་པོའི་ལས་ཁུངས་ཀྱི་འགྲིག་གཞི་ལྟར་འགྲོ་རྒྱུ་དང་ལེན་བྱས་པ་ཡིན།་
    ཡང་དེ་ག་ལས་ཁུངས་ནས་ཚོགས་འདུའི་མཛད་རིམ་དང་འགྲིག་གཞི་སོགས་ཀྱི་ཡིག་ཆ་མང་བོ་ཞིག་ང་སྤྲད་བྱུང།་་་་ཡིག་ཆ་དེ་དག་གི་ནང་གསལ་བ་ལྟར་ཚོགས་འདུ་དེར་ཞུགས་ན་ཐོག་མར་ཡོ་སྒོར་སུམ་བརྒྱས་དེབ་སྐྱེལ་གནང་དགོས་སྐོར་ཁ་གསལ་གྱིས་འགྲེལ་བཤད་ཀྱང་གནང་སོང།
    ཡོ་སྒོར་སུམ་བརྒྱ་དེ་ངས་ཐད་ཀར་ཁཱོ་ལམ་བྷེ་ཡའི་རྩོམ་པ་པོ་མཐུན་ཚོགས་སུ་གཏོང་དགོས་པ་ཞིག་ཡིན་སྟབས་ང་ལ་དངུལ་ཐད་ཀར་ཕྱི་རྒྱལ་དུ་མགྱོགས་གཏོང་ཐུབ་པའི་ཆ་རྐྱེན་མེད་པས་ངས་ཁོང་ཚོར་རེ་བ་ཞུས་ནས་ཁྱེད་ཅག་གིས་ང་ལ་དངུལ་དེ་གཏོང་རོགས་བྱོས་ཞེས་བཤད་པ་ཡིན་ལ་དང་ལེན་བྱས་སོང།
    ངས་ཡོ་སྒོར་སུམ་བརྒྱའི་དོད་ཀྱི་ཧིན་སྒོར་ཁོང་ཚོཌྷའི་ལག་ཏུ་བཞག་ནས་བཏང་རེད།
    དངུལ་དེ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་དབང་བ་ཞིག་རེད་མི་འདུག་ཁཱོ་ལམ་བྷེ་ཡ་རྩོམ་པ་པོ་མཐུན་ཚོགས་ཀྱི་དྲ་རྒྱ་བརྒྱུད་ནས་དེའི་སྐོར་ངས་གསལ་བོ་ཤེས་སོང།
    རྗེས་སུ་ང་ལ་ཁཱཌྷོ་ལམ་བྷེ་ཡ་གཞུང་ཚབ་ནས་ཐོངས་མཆན་ཐོབ་ནའང་ང་དངོས་སུ་འགྲོ་རྒྱུ་བྱུང་མེད།་་་ངས་ཤེས་དུས་ས་ཐག་རིང་དྲག་པས་ལམ་བར་དུ་རྒྱལ་ཁབ་གཞན་གྱི་གནམ་ཐང་སོགས་བརྒྱུད་དགོས་སྟབས་རྒྱལ་ཁབ་དེ་དག་ནས་ཐོངས་མཆན་ཐོབ་དགོས་འདུག།་་་་དེར་བརྟེན་ལས་གཞི་མང་བ་ཞིག་གི་འགོ་བརྩམ་དགོས་པས་རྩོམ་པ་པོའི་མཐུན་ཚོགས་ངོས་ནས་རྒྱབ་སྐྱོར་གང་ཞིག་བྱེད་དགོས་རུང་བྱེད་རྒྱུ་ཡིན་ཟེར་སོང་།་་་་འོན་ཀྱང་ངས་འཚམས་འཇོག་བྱས་པ་ཡིན།
    གང་ལྟར་ངའི་བཤད་འདོད་པ་ནི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་བྱེད་པ་དག་ལ་ངས་ལྐོག་དངུལ་གསང་སྦྱིན་བྱེད་མ་མྱོངས་ཟེར་བ་དེ་ཡིན།
    ཨ་ཆགས་ཚེ་རྡོར་ལགས་ཁྱོད་སུ་ཡིན་ངས་མི་ཤེས་འོན་ཀྱང་ད་ཐེངས་ཁྱེད་ཀྱིས་ངའི་ཐོག་བཤད་པ་དེ་དག་དག་
    མ་རེད་ཞུ་རྒྱུ་ཡིན།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese