མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙུན་མ་དབྱངས་སྐྱིད་སྒྲོལ་མ་བཀྲོངས་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་མནར་གཅོད་ཚད་ལས་བརྒལ་བ་བཏང་མཐར་དཀར་མཛེས་ཧྲེ་ཧོར་ལམ་གྲགས་བཙུན་དགོན་གྱི་ཨ་ནེ་དབྱངས་སྐྱིད་སྒྲོལ་མ་འདས་གྲོངས་སུ་ཕྱིན་འདུག

དེ་རིང་ཞོགས་པར་རྒྱུད་སྨད་གྲྭ་ཚང་གི་གྲྭ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་འདི་གར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ད་ལོ་རང་ལོ་ ༣༣ ཡིན་ཞིང་ཁམས་དཀར་མཛེས་ཏྲེ་ཧོར་རོལ་ཚ་ཞང་ཧོར་མེ་གྲོང་ཚོའི་ཕ་དགེ་འདུན་དར་རྒྱས་དང་མ་པདྨ་མཁའ་འགྲོ་གཉིས་ཀྱི་བུ་མོ་བཙུན་མ་དབྱངས་སྐྱིད་སྒྲོལ་མ་ལགས་ཀྱིས། སྔར་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་བྱས་པ་དང་མཉམ་དུ་བོད་རང་བཙན་དང་འབྲེལ་བའི་ཡིག་ཆ་གཏོར་བའི་སྐབས་རྒྱ་དམག་ ༥༠ ལྷག་གིས་ཁོ་མོར་མེ་མདའ་དང་གློག་རྒྱུགས་སོགས་ལག་ཆ་འདྲ་མིན་གྱིས་ཉེས་རྡུང་བཏང་རྗེས་བཙོན་འཇུག་བྱས་ཡོད་པ་དང་། ཉིན་དེའི་ཆུ་ཚོད་ ༧ པ་ཡས་མས་སུ་ཉེན་རྟོག་པ་ཁག་ཅིག་ཁོ་མོའི་གཟིམ་ཤག་ཏུ་འཛུལ་ཏེ་༧གོང་ས་མཆོག་གི་སྐུ་པར་འཕྲོག་ཡོད་པ་མ་ཟད། ཁོ་མོའི་ནང་མིར་བཙུན་མ་དབྱངས་སྐྱིད་སྒྲོལ་མ་ལགས་ནི་མི་རིགས་ཁ་བྲལ་དང་རྒྱལ་ཁབ་ལ་གཏོར་བཤིག་གཏོང་མཁན་ཡིན་པས་འཛིན་བཟུང་བཙོན་འཇུག་བྱས་ཡོད་ཚུལ་བརྗོད་ཡོད་པ་དང་།   འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༥ ཉིན་ཉེན་རྟོག་པ་དེ་དག་སླར་ཡང་ཁོང་གི་ཁྱིམ་དུ་ཡོང་སྟེ། སྤུན་མཆེད་ཚངས་དབྱངས་རྒྱ་མཚོ་འཕྲད་དུ་དཀར་མཛེས་རྫོང་སྲིད་གཞུང་དུ་ཡོང་དགོས་པའི་བཙན་བཀའ་བཏང་བ་སོགས་ནང་མི་སྤུན་མཆེད་སོགས་ཀྱིས་ཀྱང་དཀའ་སྡུག་ཚད་མེད་མྱངས་དགོས་བྱུང་ཡོད་འདུག

༢༠༠༩ ལོའི་ཟླ་ ༨ པའི་ཚེས་ ༢༤ ཉིན་ཁོ་མོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་རྩིས་སྤྲོད་བྱས་ཏེ་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཞིག་འབྱོར་ཡོད་ལ།  ཟླ་འདིའི་ཚེས་ ༥ ཉིན་གྱི་མཚན་མོའི་ཆུ་ཚོད་ ༢ པའི་ཐོག་ཁོ་མོ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཅེས་ཀར་གྱར་སྨན་ཁང་ཞེས་པའི་ནང་འདས་གྲོངས་སུ་ཕྱིན་ཡོད་པ་རེད།  

ཁོ་མོ་རང་ལོ་ ༡༧ གྱི་སྟེང་དཀར་མཛེས་ལམ་གྲགས་བཙུན་དགོན་དུ་འཛུལ་ཏེ་དགེ་ཚུལ་གྱི་སྡོམ་པ་བླངས་ཏེ། ལོ་ ༩ རིང་བཙུན་དགོན་དེའི་ནང་སློབ་གཉེར་གནང་ཡོད་པ་མ་ཟད། བསྙེན་མཚམས་ལོ་ ༧ གྱི་རིང་ལ་མ་ཎི་དང་ཡིག་བརྒྱ་མཎྜལ་བཛྲ་གུ་རུ་འབུམ་ཕྲག་ཁ་ཤས་བསགས་ཡོད་འདུག་ལ། ནཱ་རོ་མཁའ་སྤྱོད་མའི་ལས་རུང་སོགས་༧གོང་ས་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་པ་དང་བོད་བསྟན་སྲིད་ཀྱི་དོན་དུ་ཞབས་བརྟན་གསོལ་འདེབས་ནམ་ཞག་རྒྱུན་དུ་སྒྲུབ་མཁན་ཞིག་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༣ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡༩ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 11

  1. konchok dhondup says:
    ལོ་ 17 སྔོན།

    གོང་གི་བཙུན་མ་དབྱངས་སྐྱིད་སྒྲོལ་མའི་དགོན་པའི་མིང་ལ། ལམ་གྲགས་དགོན་ཞེས་བྲིས་འདུག་པ། དེར་ནོར་བཅོས་བྱེད་ནས་ལམ་བྲག་ཞེས་འབྲི་རོགས།

    Reply
  2. ཨ་མཆོག་ཚངས་ཐིག says:
    ལོ་ 17 སྔོན།

    ཡུན་རིང་མུན་པར་བསྡད་པའི་མཇུག་འབྲས་སུ། །སྤུན་ཟླའི་ཤ་ཁྲག་དགྲ་བོའི་རྩེད་མོར་ཤོར། །ཨ་ཧོ་ངུ་འབོད་དབྱིངས་སུ་བསྒྲགས་ན་ཡང་། །ལོ་ཟླ་ཞག་གིས་མནར་གཅོད་ཇེ་ཆེར་གྱུར། །

    Reply
  3. འོས་ལངས། says:
    ལོ་ 17 སྔོན།

    དྲ་གྲོགས་བོད། ཤ་ཁྲག་རུས་གསུམ་ལགས།

    གོང་གི་རྒྱལ་བའི་གསུང་དེ་འདི་འདྲ་ཞིག་མིན་ནམ་བསམ།
    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འབྲོག་ཁྱི་ལགས། མ་འགྲིག་ས་གང་ནས་བྱས་ཡོད་ན་དེ་ལ་འཛུབ་མོ་རེ་བཙུགས་དེ་ལམ་སྟོན་བྱེད་རོགས་ཞུ། དེ་མིན་གཞན་གྱི་གསུངས་བྱིན་ཅན་ཟེར་དུས། ༧གོང་ས་མཆོག་གི་ཚིག་བཅད་དེར་གསུངས་ཀྱི་ཡོད་ན་ནི། དེ་ནི་ཡོངས་གྲགས་ཀྱི་བོད་མི་ཀུན་གྱིས་ཤེས་པ་ཞིག་ཡིན་དུས། ངས་འགྲེལ་བཤད་མ་ཞུས་ཀྱང་སྐུ་ཉིད་ཀྱིས་མཁྱེན་གསལ་རེད་ལགས། དེ་མིན། ཡིག་ནོར་འདྲ་ཤོར་ཡོད་ན་སྐུ་ཉིད་ཀྱིས་ལམ་སྟོན་གནང་རོགས་ཞུ། ངས་རང་གི་ངག་ཐོག་ནས་བྲིས་པ་ཡིན་དུས། ནོར་ཡོད་སྲིད་པ་རེད། ནོར་བ་ཡོད་ན་དགོངས་དག་ཞུ།

    Reply
  5. འབྲོག་ཁྱི། says:
    ལོ་ 17 སྔོན།

    ༄། ཡ་ཤ་ཁྲག་རུས་གསུམ་ལགས་་་་་་་་་་་་ཡང་ན་རང་གི་རྣམ་
    དཔྱོད་ཀྱི་རྩལ་ཐོན་ནས་རང་རྩོམ་ཞིག་ཕྲིས།དེ་མིན་ན་གཞན་གྱི་གསུངས་བྱིན་ཅན་དེ་དག་གཙང་དག་ངང་བཞགས་ན་མི་ལེགས་སམ།

    Reply
  6. བྱམས་རྒྱལ། says:
    ལོ་ 17 སྔོན།

    la chepalle ལགས། ཁྱེད་ metro la chapelle ཡིན་ནམ། Windows vista ནང་ལ་ བོད་ཡིག་ཡིག་གཟུགས་ཡོད་ཡོད་པ་རེད་ལགས། ཡང་མིན་ན་ང་གཉིས་ཇ་གཅིག་འཐུང་ཞོར་སྐད་ཆ་གཤད་ཆོག་།

    Reply
  7. la chepalle says:
    ལོ་ 17 སྔོན།

    A great sad to know about the death of our patriot Ani Yangkyi Dolma lak. Many great prayers for her bereaved soul and may her soul remain peace in the heaven. And we wont felt discourage instead encouraged to get our fatherland back from red chinese regime.Sorry to write in english as i havent got tibetan font install here.OM MA NE PEDME HUM

    Reply
  8. ནད་པ says:
    ལོ་ 17 སྔོན།

    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །
    ༸ གོང་ས་སྐྱབས་མགོན་ཆེན་པོའི་གསུང་། ཨོ་མ་ཎི་པདྨེ་ཧུཾ།

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཚེ་འདིའི་མགོན་པོ་རང་ལས་གཞན་དུ་མེད།།
    ཚེ་སྲོག་སྲུང་རྒྱུའི་འགན་ཞིག་མ་བརྩམས་ན།།
    ཉེས་མེད་བོད་མི་མང་བོའི་ཚེ་སྲོག་དེ།།
    རྒྱ་ངན་སྲིད་གཞུང་འདི་ཡིས་རྩིས་མེད་རེད།།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    རྒྱ་དམར་གཞུང་འདི་བོད་མིའི་གཤིན་རྗེ་འདྲ།།
    ཚེ་དང་བར་ཆད་ནམ་གཏོང་ཆ་མ་འཚལ།།
    དགེ་བསྒྲུབས་གྲངས་གསོག་ཕྱི་མར་ཕན་སྙམ་ཅི།།
    མི་ཚེ་འདི་ལ་མགོན་དཔུང་མེད་འདི་སྐྱོ།།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོང་སྤྱོད་ཡོངས་བཏང་དེ།།
    བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེ་སྐྱོང་བར་མཛོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese