མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱིས་པ་ཚོར་བོད་སྐད་དང་བོད་ཡིག་སློབས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་ཕྱིར་ཨོ་སི་ཊི་ལི་ཡའི་ནང་ཕེབས་ཏེ་ཕྱི་ཚེས་ ༩ ཉིན་རྒྱལ་སྤྱིའི་ཆོས་ལུགས་མཐུན་ཚོགས་ཀྱི་མཇུག་སྡོམ་མཛད་སྒོའི་སྟེང་གསུང་བཤད་གནང་རྒྱུ་ཡིན་འདུག

ཕྱི་ཚེས་ ༤ ཉིན་༧གོང་ས་མཆོག་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ནས་ནིའུ་ཛི་ལན་ཌིའི་ནང་ཆིབས་བསྒྱུར་གྱིས་ཉིན་གསུམ་རིང་མཛད་འཕྲིན་བསྐྱངས་ཡོད་པ་དང་། མཛད་འཕྲིན་གྱི་ཉིན་མཐའ་མའི་ཉིན་དེར་༧གོང་ས་མཆོག་གིས་ནིའུ་ཛི་ལན་ཌིར་ཡོད་པའི་བཙན་བྱོལ་བོད་མི་ ༡༥༠ ལྷག་ལ་མཇལ་ཁ་གནང་སྟེ་བཀའ་སློབ་གནང་ཡོད་འདུག་ལ། ༧གོང་ས་མཆོག་གིས། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཚོས་བོད་ནང་གི་བོད་མི་ཚོའི་སྐུ་ཚབ་མཚོན་ཐུབ་པའི་ནུས་པ་འདོན་དགོས་ལ། བོད་ནང་གི་བོད་མི་ཚོའི་དཀའ་སྡུག་ལ་སེམས་ཁུར་བྱ་དགོས་པ་རེད། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བཙན་བྱོལ་བོད་མི་ཚོས་རང་གི་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་ཙམ་དུ་མ་ཟད། ལྷག་པར་ཕ་མ་དེ་དག་གིས་རང་གི་བུ་ཕྲུག་རྣམས་ལ་བོད་ནང་གི་ད་ལྟའི་གནས་སྟངས་དང་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་སྐོར་གྱི་སློབ་གསོ་སྤྲོད་དགོས་པ་དང་། དེང་དུས་ཀྱི་ཤེས་ཡོན་ཁོ་ན་མིན་པར་བོད་སྐད་དང་བོད་ཡིག་སློབ་སྦྱོང་སྤྲོད་དགོས་ཞེས་དེར་ཡོད་བཙན་བྱོལ་བོད་མི་ཚོར་བཀའ་སློབ་གནང་ཡོད་པ་མ་ཟད། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་སྐོར་གྱི་གསུང་ཆོས་གནང་ཡོད་འདུག་ལ། རྒྱ་རིགས་དད་ལྡན་པ་ ༢༠ ལ་མཇལ་འཕྲད་ཀྱིས་ཆོས་ལུགས་དང་འབྲེལ་བའི་དྲི་བ་དྲིས་ལན་དང་བཀའ་སློབ་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་ཉིན་གསུམ་རིང་གི་ནིའུ་ཛི་ལན་ཌིའི་མཛད་འཆར་ཡོངས་སུ་གྲུབ་སྟེ་ཕྱི་ཚེས་ ༧ གྱི་ཞོགས་པར་ཕྱིར་ཨོ་སི་ཊོ་ལི་ཡར་ཆིབས་བསྒྱུར་བསྐྱངས་ཤིང་། ཚོགས་པ་ཁག་གི་གནད་ཡོད་མི་སྣ་དང་བརྙན་འཕྲིན་བརྒྱུད་ལམ་ཁག་ཅིག་གི་བཅར་འདྲི་དང་ལེན་གྱིས་མཛད་འཆར་སྐྱོང་བཞིན་ཡོད་ལ།  ཆོས་ལུགས་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་ཀྱིས་ཆོས་ལུགས་ཕན་ཚུན་ལ་མཐུན་སྒྲིལ་བྱ་དགོས་པའི་སྐོར་ལ་བཀའ་སློབ་གནང་ཡོད་པ་རེད།

དེ་རིང་༧གོང་ས་མཆོག་ཨོ་སི་ཊི་ལི་ཡའི་མངའ་སྡེ་ཊ་སུ་མ་ནི་ཡ་ Tasmania ཡི་གྲོང་ཁྱེར་ཧོར་བྷོར་ཊིའི་ Hobart ནང་ཡོད་པའི་སློབ་ཆེན་ཞིག་གི་མི་ལོ་ ༢༠ འཁོར་བའི་མཛད་སྒོའི་སྟེང་ཆིབས་བསྒྱུར་གནང་སྟེ་གཏམ་བཤད་གནང་རྒྱུ་ཡིན་པ་དང་། སང་ཉིན་ནས་༧གོང་ས་མཆོག་གྲོང་ཁྱེར་མེལ་བྷོན་ནང་གི་སྐབས་ལྔ་བའི་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་གདན་ཞུ་གནང་བ་བཞིན་དེར་ཕེབས་ཏེ་མཇུག་སྡོམ་གསུང་བཤད་གནང་རྒྱུ་ཡིན་འདུག

ཐེངས་འདིའི་ཚོགས་ཆེན་སྟེང་རྒྱལ་ཁབ་ ༨༠ ལྷག་གི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་གཙོས་ཁྱོན་མི་ ༨༠༠༠ ལྷག་འདུ་འཛོམས་བྱུང་སྟེ། གནམ་གཤིས་འགྱུར་ལྡོག་དང་གདོད་མའི་མི་རིགས་ཀྱི་ཐོབ་ཐང་། དེ་བཞིན་ཆོས་ལུགས་བར་གྱི་འབྲེལ་ལམ་སོགས་ཀྱི་བརྗོད་གཞིའི་ཐོག་སྐོང་ཚོགས་གནང་བ་ཞིག་ཡིན་འདུག་ལ།  ཕྱི་ཚེས་ ༡༠ ཉིན་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༥ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 7

  1. Dhonling Bhu says:
    ལོ་ 17 སྔོན།

    ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་བོད་རིགས་ཤེས་ལྡན་པ་རྣམས་དང། ལྷག་པར་ཕ་མ་རྣམས་ལ་དམིགས་བསལ་གྱི་རེ་བ་ཉག་གཅིག་ནི། གོང་དུ་༸གོང་ས་མཆོག་གིས་བཀའ་སློབ་ཇི་འདྲ་ཕེབས་པ་དེ་བཞིན་གནང་ཐུབ་པ་བྱ་རྒྱུ་དང། ལྷག་པར་རང་ཉིད་ཀྱི་བུ་ཕྲུག་རྣམས་ཀྱི་འདུན་ལམ་འདི་བཞིན་འཕྲོ་བརླག་མི་འགྲོ་ཕྱིར་། ནུས་པ་གང་ཡོད་ཀྱིས་མི་རིགས་གཅིག་དང་རྒྱལ་ཁབ་གཅིག་ལ་ཕན་ཐོགས་པ་ཞིག་བཟོ་མ་ཐུབ་ནའང། རང་ཁ་རང་གི་གསོ་ཐུབ་མཁན་ཞིག་དང་བོད་མི་རིགས་ཀྱི་མཚན་ཤས་ལ་དོ་ཕོག་མི་གཏོང་མཁན་ཞིག་ཅི་ནས་ཀྱང་བཟོ་ཐུབ་པ་བྱ་རྒྱུ་དེ་ཡིན།

    Reply
  2. zampa karpo says:
    ལོ་ 17 སྔོན།

    P-wôh-ºhÅ-ÁÛ-ÅôP-ÅôP-z¼-z=-ÁÛÅ-zhï-¾ïGÅ-ŸÝüü

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བདེན་གི་དངོས་་ནས་བདེན་གི ང་ལ་ཡང་དེ་འདྲའི་བསམ་ཚུལ་ཐེངས་མང་ཤར་མྱོང་ཡོད་ཀྱང་། དོ་སྣང་བྱེད་མཁན་དག་ནི་རྒྱུན་དུ་དོ་སྣང་ཡོད་པ་དེ་ཡིན་པར་གླེང་ཆོག་པ་ཡིན། དེ་མིན་འུ་ཅག་གིས་ནང་དུ་ཁྲིམས་ལྟ་བུ་ཞིག་དང་། བོད་མིས་བོད་ཡིག་མི་སློབ་པ་དང་བོད་མིས་བོད་སྐད་མི་བཤད་པ་དེར་བསླབ་བྱ་རྒྱག་དགོས་བྱུང་བ་ཡིན་ན། ད་ནི་དངོས་ནས་མི་རིགས་ཤིག་འཇིགས་གྲབས་ཡོད་པ་དེར་མི་རིགས་དེས་སེམས་འཁུར་གྱི་འདང་གི་མེད་པ་བསྟན་པ་རེད།

    Reply
  4. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    མི་བདེན་རྒྱུ་ཅི་ཡོད། ངས་གསར་འགྱུར་ལྟ་ཀློག་བྱེད་མཁན་གྱི་གྲངས་ཚད་བསྡུར་གྱི་ཡོད་མ་གཏོགས་མཆན་འགོད་མཁན་ཡོད་མེད་རྩོད་ཀྱི་མེད།

    ཨ་རི་དང་རྒྱ་ནག་ལྟ་བུར་མཚོར་ན་དྲ་རྒྱའི་སྟེང་གསར་འགྱུར་གལ་ཆེན་ཞིག་ཐོན་ཚེ་ཆ་སྙོམས་སྐར་མ་རེར་ཀློག་མཁན་མི་གྲངས་ཉེར་ལྔ་རེ་ཡོང་གི་ཡོད། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་སྐར་མ་རེར་མི་གྲངས་གསུམ་ལས་མེད། མི་གསུམ་པོ་དེ་ཡང་ཆ་སྙོམས་ཀྱི་གྲངས་ཚད་མ་ཡིན་པ་ལོས་ཤེས།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    དཔེར་ན་གཤམ་གྱི་རྩོམ་ཡིག་དང་མཆན་བུ་འདི་ཚོས་ཤེས་ནུས།

    ༧ཏཱ་ལའི་བླ་མའི་དྲ་ཚིགས་སྟེང་ད་དུང་བོད་ཡིག་མེད་ཟེར།
    ༢༠༠༩/༡༢/༠༤ བསམ་འཆར། (༣༦)

    མཛངས་མ་བསྟན་འཛིན་ཆོས་འཛོམས་ཀྱི་འབོད་སྐུལ།
    ༢༠༠༩/༡༢/༠༡ བསམ་འཆར། (༣༢)

    ངའི་དེབ་དེ་གཉིས་དཔར་བསྐྲུན་གནང་རོགས།
    ༢༠༠༩/༡༢/༠༥ བསམ་འཆར། (༣༨)

    བོདད་ཀྱི་བུད་མེད་ཚོར་ཐོབ་ཐང་འདུག་གམ།
    ༢༠༠༩/༡༡/༢༦ བསམ་འཆར། (༢༧)

    ཁོང་གི་རྨི་ལམ་གྱི་མཐའ་རྒྱ་སྙེག་པ།
    ༢༠༠༩/༡༡/༣༠ བསམ་འཆར། (༣༡)

    འདི་ཚོའི་ནང་དུ་མི་སྒེར་རྐྱང་དང་ཡང་ན་མི་རེ་གཉིས་ཀྱིས་སྒེར་རྩོད་བྱས་དང་བྱེད་པ་རེད།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཁྱེད་ཀྱིས་བཤད་པ་བདེན་ནམ་སྙམ། དྲ་ཐོག་འདིར་མཆན་བུ་འགོད་པ་དང་ལྟ་ཀློག་བྱེད་ས་མང་ཤོས་དེ་དཀྲོགས་གཏམ་གྱི་རང་བཞིན་དང་མི་སྒེར་དང་ཚོགས་པ་གང་ཞིག་ལ་ཁ་རྡུང་གཏོང་པའི་སྐོར་ཞིག་ཡིན་དགོས་པ་རེད། འདི་ང་རང་གི་ཟིན་བྲིས་ཐར་ཐོར་ནང་གི་མཆན་བུ་མང་ཤོས་དེ་ཡང་འདི་འདྲའི་སྐོར་ལ་བྲིས་པའི་རྩོལ་འཆལ་དེ་ཚོས་ཟིན་འདུག་པས་ཤེས་ནུས། ཁ་ཕྱོགས་འདི་ནད་ཡམས་ཤིག་དང་ཨ་ན་མ་ན་རེད་ཡ།

    Reply
  7. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    ༸གོང་ས་མཆོག་གི་མཛད་འཕྲིན་ཁ་གསལ་བཀོད་པའི་གསར་འགྱུར་འདི་སྤེལ་ནས་སྐར་མ་ 40 ཙམ་ཕྱིན་སོང་ནས་ཀློག་མཁན་ཁྱན་བསྡོམས་སྐུ་མགྲོན་ 13 མ་གཏོགས་ཕེབས་མ་སོང༌། ཁ་སྔོན་༸གོང་ས་མཆོག་གི་གསུང་འཕྲིན་དྲ་ཐོག་ནས་བོད་ཕྱི་ནང་གཉིས་སུ་མཐོང་ཐུབ་ཀྱི་མི་འདུག་ཞེས་ཚ་ཚ་འུར་འུར་གྱིས་གསུང་སྐད་སྐྱོན་སོང༌། བོད་ནང་དུ་ལྟ་ཀློག་ཐུབ་ཀྱི་ཡོད་མེད་ཆ་མ་མཆིས་ཀྱང་བཙན་བྱོལ་ནང་དུ་སྐར་མ་40 རིང་ཀློག་མཁན་ 13 ལས་མེད་པ་ནི་རྒྱལ་སྤྱིའི་བསྡོམས་ཚིག་ལྟར་ན་ཧ་ཅང་ཉུང་ཉུང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese